JKCL-KABUM-12-NA-056

From Khyentse Lineage - A Tsadra Foundation Project
Revision as of 18:12, 17 November 2021 by WikiBot2015 (talk | contribs) (Created page with "{{Khyentse Metadata |classification=Tibetan Publications |subclass=Tibetan Texts |collectiontitle=chos kyi blo gros bka' 'bum |collectiontitletib=ཆོས་ཀྱི་བ...")
(diff) ← Older revision | Latest revision (diff) | Newer revision → (diff)

Wylie title JKCL-KABUM-12-NA-056.pdf
Location chos kyi blo gros bka' 'bum
Volume Expression error: Unrecognized word "na"., Text 56, Pages (Folios to )
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation
Genre "NA" is not a number.

1 Texts in this Section (sde tshan or chos tshan)

"NA" is not a number.

[edit]
ཕྱག་འཚལ་བའི་ཕན་ཡོན་ཕུང་པོ་གསུམ་པའི་མདོ་ལས་འབྱུང་བ་སྨོན་ལམ་དུ་བྱ་བ་ནི། དཔལ་ལྡན་རྩ་བརྒྱུད་བླ་མའི་ཚོགས་རྣམས་དང་། །དུས་གསུམ་གཤེགས་ཤིང་བཞུགས་པའི་སངས་རྒྱས་དང་། །ལུང་དང་རྟོགས་པའི་དམ་ཆོས་རིན་ཆེན་མཛོད། །བྱང་སེམས་ཉན་རང་འཕགས་ཚོགས་དགེ་འདུན་ལ། །སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ལོ། །བདག་གཞན་མཁའ་ཁྱབ་སེམས་ཅན་ཐམས་ཅད་ཀྱི། །ལུས་འདི་ཞིང་རྡུལ་མཉམ་པར་རབ་སྤྲུལ་ནས། །ཡན་ལག་ལྔ་པོ་ས་ལ་གཏུགས་པའི་ཕྱག །རབ་ཏུ་བཏུད་དེ་རྟག་པར་ཕྱག་འཚལ་ལོ། །པུས་གཡས་ལྷ་ང་ས་ལ་འཛུགས་པ་ཡི། །འགྲོ་རྣམས་གཡས་ཕྱོགས་ལམ་ལ་གནས་གྱུར་ཅིག །པུས་གཡོན་འཛུགས་པས་གཡོན་ཕྱོགས་ལམ་གནས་ཀྱི། །སེམས་ཅན་འཕགས་ལམ་ཡང་དག་གནས་གྱུར༴ །ལག་གཡས་སར་འཛུགས་དེ་བཞིན་གཤེགས་པ་རྣམས། །བྱང་ཆུབ་སྙིང་པོར་གཤེགས་པའི་དགེ་བའི་ཆོས། །ཡོངས་སུ་རྫོགས་པའི་སྐུ་མཆོག་སྐྱིལ་ཀྲུང་བཞུགས། །ཕྱག་གཡས་སར་བསྣུན་བདུད་བཏུལ་བྱང་ཆུབ་བརྙེས། །དེ་བཞིན་བདག་གཞན་སེམས་ཅན་ཐམས་ཅད་ཀྱི། །བདུད་ཀྱིས་རྒོལ་བ་ཐམས་ཅད་ཆོམ་གྱུར་ཅིག །བྱང་ཆུབ་སྙིང་པོར་འདུག་ཅིང་ས་ཆེན་ལ། །བསྣུན་ནས་སངས་རྒྱས་ཡེ་ཤེས་ཐོབ་གྱུར༴ །ལག་གཡོན་སར་འཛུགས་བྱིས་པའི་ཆོས་ལ་གནས། །གཡོན་ཕྱོགས་འཛིན་ལ་གདུལ་དཀའི་སེམས་ཅན་རྣམས། །བསྡུ་བའི་དངོས་པོ་རྣམ་པ་བཞི་དག་གི །།ཤིན་ཏུ་སྡུད་ཅིང་བྱང་ཆུབ་བཀྲི༴ །གདོང་དང་དཔྲལ་བ་ས་ལ་གཏུགས་པ་ན། །བདག་གཞན་ང་རྒྱལ་མ་མཆིས་དགེ་བ་འདིས། །བླ་མར་རིམ་གྲོ་བགྱིད་པ་སྙེད་པ་དང་། །སྤྱི་གཙུག་བལྟར་མི་མཐོང་བ་ཐོབ་གྱུར་ཅིག །དགེ་བའི་ཆོས་ཀྱི་འཕགས་པ་ཉིད༴ །ཡན་ལག་ལྔས་བཏུད་ཕྱག་འཚལ་དགེ་བ་འདིས། །སེམས་ཅན་སྒྲིབ་པ་རྣམ་ལྔ་སེལ༴ །དབང་པོ་ལྔ་རྣམས་ཡོངས་སུ་རྫོགས༴ །འདོད་པའི་ཡོན་ཏན་ལྔ་ཡོངས་ཤེས༴ །མངོན་ཤེས་ལྔ་རྣམས་ཉམས་མེད་ཐོབ༴ །མིག་ལྔ་ཡོངས་སུ་དག་པ་ཐོབ༴ །འགྲོ་བ་རྒྱུད་ལྔར་སྐྱེས་ལས་འཕགས༴ །ཚུལ་ཁྲིམས་ཏིང་འཛིན་ཁྱད་པར་འཕགས༴ །ཤེས་རབ་རྣམ་གྲོལ་ཁྱད་དུ་འཕགས་པ་དང་། །རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ལ། །ཁྱད་པར་འཕགས་པ་ཉིད་དུ་བདག༴ །ཡན་ལག་ལྔ་པོ་ཡོངས་སུ་དག༴ །སྒྲིབ་པ་ལྔ་པོ་རྣམས་དང་བྲལ་བ་དང་། །སྟོབས་ལྔ་དག་ལ་ཡོངས་སུ་གནས་པ་དང་། །དེ་བཞིན་གཤེགས་པ་ཡིད་ལ་བྱེད་པ་དང་། །ཚེ་རབ་ཀུན་ཏུ་འབྲལ་བར་མ་གྱུར་ཅིག །ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང་། །རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་འདེབས། །དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། །ཐམས་ཅད་རྫོགས་པའི་བྱང་ཆུབ་ཐོབ་ཕྱིར་བསྔོའོ། །བསོད་ནམས་འདི་ཡིས༴ སོགས་སྨོན་ལམ་ཅི་ཤེས་བྱའོ། །ཅེས་པའང་ཆོས་ཀྱི་བློ་གྲོས་པས་ངག་འདོན་དུ་བྲིས་པའོ།། །།
[edit]

phyag 'tshal ba'i phan yon phung po gsum pa'i mdo las 'byung ba smon lam du bya ba ni/__dpal ldan rtsa brgyud bla ma'i tshogs rnams dang /__/dus gsum gshegs shing bzhugs pa'i sangs rgyas dang /__/lung dang rtogs pa'i dam chos rin chen mdzod/__/byang sems nyan rang 'phags tshogs dge 'dun la/__/sgo gsum gus pa chen pos phyag 'tshal lo/__/bdag gzhan mkha' khyab sems can thams cad kyi/__/lus 'di zhing rdul mnyam par rab sprul nas/__/yan lag lnga po sa la gtugs pa'i phyag__/rab tu btud de rtag par phyag 'tshal lo/__/pus g.yas lha nga sa la 'dzugs pa yi/__/'gro rnams g.yas phyogs lam la gnas gyur cig__/pus g.yon 'dzugs pas g.yon phyogs lam gnas kyi/__/sems can 'phags lam yang dag gnas gyur=____/lag g.yas sar 'dzugs de bzhin gshegs pa rnams/__/byang chub snying por gshegs pa'i dge ba'i chos/__/yongs su rdzogs pa'i sku mchog skyil krung bzhugs/__/phyag g.yas sar bsnun bdud btul byang chub brnyes/__/de bzhin bdag gzhan sems can thams cad kyi/__/bdud kyis rgol ba thams cad chom gyur cig__/byang chub snying por 'dug cing sa chen la/__/bsnun nas sangs rgyas ye shes thob gyur=____/lag g.yon sar 'dzugs byis pa'i chos la gnas/__/g.yon phyogs 'dzin la gdul dka'i sems can rnams/__/bsdu ba'i dngos po rnam pa bzhi dag gi__//shin tu sdud cing byang chub bkri=____/gdong dang dpral ba sa la gtugs pa na/__/bdag gzhan nga rgyal ma mchis dge ba 'dis/__/bla mar rim gro bgyid pa snyed pa dang /__/spyi gtsug bltar mi mthong ba thob gyur cig__/dge ba'i chos kyi 'phags pa nyid=____/yan lag lngas btud phyag 'tshal dge ba 'dis/__/sems can sgrib pa rnam lnga sel=____/dbang po lnga rnams yongs su rdzogs=____/'dod pa'i yon tan lnga yongs shes=____/mngon shes lnga rnams nyams med thob=____/mig lnga yongs su dag pa thob=____/'gro ba rgyud lngar skyes las 'phags=____/tshul khrims ting 'dzin khyad par 'phags=____/shes rab rnam grol khyad du 'phags pa dang /__/rnam par grol ba'i ye shes mthong ba la/__/khyad par 'phags pa nyid du bdag=____/yan lag lnga po yongs su dag=____/sgrib pa lnga po rnams dang bral ba dang /__/stobs lnga dag la yongs su gnas pa dang /__/de bzhin gshegs pa yid la byed pa dang /__/tshe rab kun tu 'bral bar ma gyur cig__/phyag 'tshal ba dang mchod cing bshags pa dang /__/rjes su yi rang bskul zhing gsol ba 'debs/__/dge ba cung zad bdag gis ci bsags pa/__/thams cad rdzogs pa'i byang chub thob phyir bsngo'o/__/bsod nams 'di yis=__sogs smon lam ci shes bya'o/__/ces pa'ang chos kyi blo gros pas ngag 'don du bris pa'o//___//

Footnotes

Other Information