JKCL-KABUM-12-NA-034

From Khyentse Lineage - A Tsadra Foundation Project
Revision as of 17:12, 17 November 2021 by WikiBot2015 (talk | contribs) (Created page with "{{Khyentse Metadata |classification=Tibetan Publications |subclass=Tibetan Texts |collectiontitle=chos kyi blo gros bka' 'bum |collectiontitletib=ཆོས་ཀྱི་བ...")
(diff) ← Older revision | Latest revision (diff) | Newer revision → (diff)

Wylie title JKCL-KABUM-12-NA-034.pdf
Location chos kyi blo gros bka' 'bum
Volume Expression error: Unrecognized word "na"., Text 34, Pages (Folios to )
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation
Genre "NA" is not a number.

1 Texts in this Section (sde tshan or chos tshan)

"NA" is not a number.

[edit]
༄༅། །པུཎྱཛྙཱནབིམུཀྟབཱིཛཀཾབོདྷིརྒརྦྷཛལཀྵཎཾཤུབྷཻཿཤཱནྟཾབྷབནཙཱུཌབིཤྲམཾསཾཤཱསནྱགཏིཾརབིརྫཡེཏྲ། །

༄༅། །རྣམ་གྲོལ་བསོད་ནམས་ཡེ་ཤེས་ས་བོན་ནི། །བྱང་ཆུབ་སྙིང་པོར་འཁྲུངས་པའི་དགེ་མཚན་གྱིས། །སྲིད་དང་ཞི་བའི་གཙུག་ན་ངལ་འཚོ་བ། །ཡོངས་རྫོགས་བསྟན་འགྲོའི་ཉི་མ་རྒྱལ་གྱུར་ཅིག །

༄༅། །ཅེས་སྭསྟིའི་དགེ་ལེགས་པུནྜ་རཱི་ཀའི་སིལ་མ་འཐོར་བས་ལམ་ཡངས་པོར་ཕྱེས་ཏེ་དེང་གི་ཆར་ཕྱོགས་དུས་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་བྱམས་པ་ཆེན་པོའི་ཡེ་ཤེས་སྒྱུ་མའི་རྣམ་པར་བཀོད་པ་དགའ་བ་བརྒྱ་ལྡན་འཆི་མེད་ལྷ་ཡི་གཞལ་ཡས་ཁང་ཆེན་པོར་ལྷ་ཡི་བུ་དམ་པ་ཏོག་དཀར་གྱི་རྒྱལ་ཚབས་ས་བཅུའི་དབང་ཕྱུག་མགོན་པོ་མ་ཕམ་པ་ཆེན་པོ་དེ་ཉིད་ཀྱི་རྣམ་རོལ་བྱིས་བློས་དཔག་པར་དཀའ་བ་ཅིར་ཡང་སྣང་ཞིང་ཅིར་ཡང་སྟོན་པ་ལས། བྱེ་བྲག་ཏུ་ཛམ་བུའི་གླིང་བསྐལ་བཟང་སངས་རྒྱས་རྣམས་མངོན་པར་བྱང་ཆུབ་བརྙེས་པའི་ཞིང་ཁྱད་པར་འཕགས་པ་འདིར་མཁས་པ་དང་གྲུབ་པ་དང་རིག་པ་འཛིན་པ་དང་ཆོས་ཀྱི་རྒྱལ་པོ་ལ་སོགས་པ་ཀུན་མཁྱེན་ཐུབ་པའི་བསྟན་པ་རིན་པོ་ཆེ་གསལ་བར་མཛད་པ་མང་དུ་བྱོན་པ་རྣམས་ཀྱི་ཡ་གྱལ། རྒྱལ་དབང་པདྨ་ཀཱ་རས་རྡོ་རྗེའི་ལུང་གིས་བསྟན་པ་ཏཱའི་སི་ཏུ་ཆོས་ཀྱི་མཚན་ཅན་དྲུག་དང་། པདྨའི་མཚན་ཅན་དྲུག་རིམ་པར་འབྱུང་བར་གསུངས་པའི་ནང་ནས་རྩོད་དུས་ཀྱི་ཐམས་ཅད་མཁྱེན་གཟིགས་ཆེན་པོ་འཕགས་ཡུལ་གྱི་ཤིང་རྟ་ཆེན་པོ་རྣམས་དང་མཁྱེན་རྟོགས་རྣམ་དབྱེར་མེད་པ་ཀུན་གཟིགས་མ་ཧཱ་པཎྜི་ཏ་ཆེན་པོ་ཆོས་ཀྱི་འབྱུངས་གནས་ཞེས་མཚན་གྱི་སྙན་པ་ཛམ་གླིང་ཐ་གྲུ་ཀུན་ཏུ་ཁྱབ་པ་དེ་ཉིད་ཀྱི་སྐུ་ཕྲེང་པདྨའི་ལྗགས་ལྡན་གསུམ་པ་བདག་ཅག་རྣམས་ཀྱི་སྐྱབས་མགོན་བཀའ་དྲིན་མཚུངས་ཟླ་མ་མཆིས་པ་དེ་ཉིད་གདུལ་བྱ་རྟག་འཛིན་ཅན་རྣམས་ཞི་བར་བསྐུལ་བའི་དོན་དུ་གཟུགས་སྐུའི་བཀོད་པ་རེ་ཞིག་བསྡུས་པར་གྱུར་ཀྱང་། ས་ལ་གནས་པའི་འཕགས་ཆེན་རྣམས་ནི་སྙིང་རྗེའི་གཞན་དབང་གི་སྟོབས་ཤུགས་བཙན་པས། ངོ་མཚར་མཆོག་གི་སྤྲུལ་པའི་སྐུ་རིན་པོ་ཆེ་མཆོག་གི་མཚན་དཔེའི་པདྨོ་བཞད་དེ་བླ་མ་རྒྱལ་དབང་ཕྱག་ན་པད་དཀར་ངུར་སྨྲིག་འཆང་བའི་གཟུགས་སུ་སྟོན་པ་དུས་གསུམ་ཆགས་ཐོགས་བྲལ་བའི་ཡེ་ཤེས་ཀྱི་སྤྱན་གྱིས་གཟིགས་ཤིང་དཔལ་གྱི་མགུལ་ནས་རྡོ་རྗེའི་ལྗགས་ཀྱི་བཀའ་ལུང་གསལ་ཕེབས་དོན་སྨིན་འཁྲུལ་པའི་ཐེ་ཚོམ་ཐམས་ཅད་དང་བྲལ་བ་རྒྱལ་སྲས་བྱམས་མགོན་གཞོན་ནུར་གྱུར་པ་གང་ཉིད་གནས་དུས་སྟོན་འཁོར་ཕུན་སུམ་ཚོགས་པར་མདོ་ཁམས་བཀའ་བརྒྱུད་ཀྱི་གདན་ས་ཆེན་པོ་ཤར་དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་ལྷུན་པོའི་གཙུག་ལག་ཁང་ཆེན་པོར་རང་རིགས་ཀྱིས་བསྲུངས་བའི་འཇིགས་མེད་གདོང་ལྔས་བཏེགས་པའི་ཆོས་ཀྱི་ཁྲི་ལ་མངའ་གསོལ་བའི་སྐབས་འདིར་སྐྱབས་མགོན་གོང་མའི་བཀའ་འབང་གི་གྲལ་མཐར་འཁོད་པ་གུས་ལྡན་རྫོང་གསར་མཁྱེན་བརྩེའི་སྤྲུལ་མིང་འཛིན་པའང་དད་གུས་སྤྲོ་བ་བསམ་གཏན་གྱི་སེམས་ལས་ཐོབ་པའི་བདེ་བས་ཀྱང་མཚོན་དུ་མེད་པ་གྱུར་པ་དང་ཆབ་ཅིག །ཡིད་སྤྲུལ་ཟག་མེད་ནམ་མཁའ་མཛོད་ཀྱི་ཀུན་ཏུ་བཟང་པོའི་སྨོན་ལམ་གྱི་སྟོབས་ལས་བྱུང་བའི་ཡན་ལག་བདུན་གྱི་མཆོད་སྤྲིན་འབུལ་བས་ཞིང་ཀུན་ཁྱབ་པར་འགེངས་པ་དང་། དངོས་འབྱོར་གྱི་ལེགས་འབུལ་མཎྜལ་མཚོན་བྱེད་ཞིང་ཁམས་རྒྱ་མཚོའི་སྣོད་བཅུད་རི་གླིང་གི་བཀོད་པ་མཚོན་པའི་གསེར་དངུལ་བཀྲ་མའི་མཎྜལ་དར་སྣ་ལྔའི་ཆུན་འཕྱང་གཡོ་བ། མཛེས་སྐུ་ཟླ་ཤེལ་གཞོན་ནུ་འཆི་བདག་གི་བདུད་སྡེའི་གཡུལ་ལས་རྒྱལ་བའི་རྟེན་འབྱུང་དུ་ཙཱི་ནའི་བཟོ་རྙིང་རྒྱ་རྩི་ཅན་གྱི་མགོན་པོ་ཚེ་དཔག་མེད་ཀྱི་སྣང་བརྙན། གསུང་འགགས་མེད་སྐྱེ་ལྔའི་སྒྲ་དབྱངས་ཕྱོགས་བཅུར་སྒྲོགས་མཚོན་འཇམ་དཔལ་སྒྱུ་འཕྲུལ་དྲྭ་བའི་རྒྱུད་ཀྱི་གླེགས་བུ། ཐུགས་རིག་སྟོང་ཐབས་ཤེས་དབྱེར་མེད་ཀྱི་ངོ་བོར་བཞུགས་མཚོན་བཛྲ་གནྜེའི་ཕྱག་རྒྱ། བཟང་གོས་སྨུག་པོ། ཧུ་ཛུས་སེར་པོའི་སྐེ་རགས། བཟང་གོས་མངག་འཐགས་སྨུག་གསེར་སྐུད་ཤིང་ལོ་རིས་ལྟབས་བསྒྲིལ༡། ད་ཕྲུས་དམར་པོའི་གཟན། ད་ཕྲུས་སྨུག་རི་མོ་ཅན་ཁ༦། རྩི་ཕྲུས་ངུར་སེར་ཁ༨། བཟང་གོས་སྔོ་གསེར་ཏྲམ་ཅན་ཁ༡༠། རྒྱ་གར་ཐེར་མ་སྔོ་ནག་གྱོན་འདོངས། ཏང་སྐུད་འཇའ་ཁྲིགས་སྐེ་རག་ཛར་ལྡན། བཟང་གོས་ནེ་ཙོ་ཁའི་གོས་སྦྱར་མ། རྡི་དམར་ཁ་དཀྲིས། འབུ་འདྲ་དཀར་པོ་ཁ༨། ཕྲུག་ཚོས་བུབ༡། རས་སྐུད་འགའ་ཕྲ༡། ཝ། སྤྲེ། གཡི། སྲམ། གཟིག །གུང་བཅས་ཀྱི་ལྤགས་ཤུན། རྟ་ཕོ༡། མཛོ༡། མཛོ་མོ༡། འབྲི༡། ཁལ༡། རིན་གཉིས་གར་བུ་རྟ་རྨིག་མ༡། ཨཾ་བྷན་རྡོ་ཚད༡། མཐའ་རྟེན་རས་དཀར་བཅས་མཚན་བཟང་སོ་གཉིས་གྲངས་ལྡན་བཅས་འབུལ་ལམ་ཞུ་ན་སྐྲ་རྩེས་གཏོར་བའི་ཆུ་ཐིག་གི་ཟེགས་མ་ལྟར་ཕྲ་ཡང་དགྱེས་བརྩེས་སྤྱན་ལམ་དུ་ཡུད་ཙམ་སྨིན་པ་དང་། སླད་ཀྱི་ཆར་ཡང་། ཀ༵རྨ༵་བཀའ་བརྒྱུད་བསྟན་འཛིན་གཙུག་ནོར་མཆོག །སྲིད་ཞིའི་ཕུན༵་སུམ་ཚོག༵ས་པའི་འབྱོར་པ་ལ། དབང་བསྒྱུར་ཆོས་ཀྱི་རྒྱལ་པོ་ཏཱའི་སི་ཏུ། །ཞབས་པད་རྡོ་རྗེའི་ཁྲི་ལ་རྟག་བརྟན་ཤོག །གདོད་ནས་ཡོངས་གྲུབ་ངེས༵་དོན༵་དབུ་མ་ཆེ། །སྨྲ༵་བའི༵་སེ༵ངྒེ༵་ཤེས་རབ་རྒྱལ་མཚན་དང་། །དབྱེར་མེད་ཆོས་ཀྱི་འབྱུང་གནས་གཉིས་པར་གྱུར། །འཆི༵་མེད༵་པ༵དྨ་ཀ༵་རར་འཚོ་བཞེས་གསོལ། །དོན༵་ཡོད་གྲུབ༵་པའི་ཕྲིན༵་ལས༵་ཀུན་ཏུ་ཁྱབ། །འཁོར་ལོ་གསུམ་གྱི་མཛད་བཟང་ཕ་མཐར་བརྡལ། །ཕྱོགས༵་ལས༵་རྣམ༵་པར༵་རྒྱལ༵་པའི༵་སྡེ༵་ཆེན་པོ། །བསྐལ་བརྒྱའི་བར་དུ་གཡོ་མེད་བཞུགས་གསོལ་འདེབས། །བཀྲ་ཤིས་རྫས་མཆོག་བརྒྱད་ཀྱིས་མདུན་ནས་བདར་ཞིང་རང་བྱུང་རྒྱལ་བའི་སྐུ་ལ་རྟག་མཆོག་བརྒྱད། །འབད་མེད་ལྷུན་གྲུབ་ཡིད་ཅན་ཀུན་གྱིས་མཐོང་ན་རབ་དགའ་རིན་ཆེན་བདུན་ལ་དབང་འབྱོར་ཞིང་། །དགེ་ལེགས་བརྒྱ་ཕྲག་དཔལ྄༵་ཡོན་ཀུན་སྤུངས྄༵་བཀྲ་ཤིས་གཡུང་དྲུང་དགའ་བ་འཁྱིལ་པས་མཚན་པ་གང་། །ཆོས་སྲིད་མི་ནུབ་ཡུན་དུ་བརྟན་ཅིང་བཤད་སྒྲུབ་འདུས་ཚོགས་ཐུགས་མཐུན་འཕེལ་རྒྱས་བཀྲ་ཤིས་ཤོག །སརྦ་དཱ་ཀ་ལྱཱ་ཎཾ་སུ་ཤྲི་ཡོ་བྷ་ཝ་ཏུ།། །།
[edit]

@#/__/puN+yadz+nyAnabimuk+tabIdzakaMbod+hirgar+b+hadzalak+ShaNaMshub+haiHshAn+taMb+habanatsUDabishramaMsaMshAsan+yagatiMrabirdzayetra/__/ @#/__/rnam grol bsod nams ye shes sa bon ni/__/byang chub snying por 'khrungs pa'i dge mtshan gyis/__/srid dang zhi ba'i gtsug na ngal 'tsho ba/__/yongs rdzogs bstan 'gro'i nyi ma rgyal gyur cig__/

@#/__/ces swasti'i dge legs pun+Da rI ka'i sil ma 'thor bas lam yangs por phyes te deng gi char phyogs dus rgyal ba sras dang bcas pa thams cad kyi byams pa chen po'i ye shes sgyu ma'i rnam par bkod pa dga' ba brgya ldan 'chi med lha yi gzhal yas khang chen por lha yi bu dam pa tog dkar gyi rgyal tshabs sa bcu'i dbang phyug mgon po ma pham pa chen po de nyid kyi rnam rol byis blos dpag par dka' ba cir yang snang zhing cir yang ston pa las/__bye brag tu dzam bu'i gling bskal bzang sangs rgyas rnams mngon par byang chub brnyes pa'i zhing khyad par 'phags pa 'dir mkhas pa dang grub pa dang rig pa 'dzin pa dang chos kyi rgyal po la sogs pa kun mkhyen thub pa'i bstan pa rin po che gsal bar mdzad pa mang du byon pa rnams kyi ya gyal/__rgyal dbang pad+ma kA ras rdo rje'i lung gis bstan pa tA'i si tu chos kyi mtshan can drug dang /__pad+ma'i mtshan can drug rim par 'byung bar gsungs pa'i nang nas rtsod dus kyi thams cad mkhyen gzigs chen po 'phags yul gyi shing rta chen po rnams dang mkhyen rtogs rnam dbyer med pa kun gzigs ma hA paN+Di ta chen po chos kyi 'byungs gnas zhes mtshan gyi snyan pa dzam gling tha gru kun tu khyab pa de nyid kyi sku phreng pad+ma'i ljags ldan gsum pa bdag cag rnams kyi skyabs mgon bka' drin mtshungs zla ma mchis pa de nyid gdul bya rtag 'dzin can rnams zhi bar bskul ba'i don du gzugs sku'i bkod pa re zhig bsdus par gyur kyang /__sa la gnas pa'i 'phags chen rnams ni snying rje'i gzhan dbang gi stobs shugs btsan pas/__ngo mtshar mchog gi sprul pa'i sku rin po che mchog gi mtshan dpe'i pad+mo bzhad de bla ma rgyal dbang phyag na pad dkar ngur smrig 'chang ba'i gzugs su ston pa dus gsum chags thogs bral ba'i ye shes kyi spyan gyis gzigs shing dpal gyi mgul nas rdo rje'i ljags kyi bka' lung gsal phebs don smin 'khrul pa'i the tshom thams cad dang bral ba rgyal sras byams mgon gzhon nur gyur pa gang nyid gnas dus ston 'khor phun sum tshogs par mdo khams bka' brgyud kyi gdan sa chen po shar dpal spungs thub bstan chos 'khor lhun po'i gtsug lag khang chen por rang rigs kyis bsrungs ba'i 'jigs med gdong lngas btegs pa'i chos kyi khri la mnga' gsol ba'i skabs 'dir skyabs mgon gong ma'i bka' 'bang gi gral mthar 'khod pa gus ldan rdzong gsar mkhyen brtse'i sprul ming 'dzin pa'ang dad gus spro ba bsam gtan gyi sems las thob pa'i bde bas kyang mtshon du med pa gyur pa dang chab cig__/yid sprul zag med nam mkha' mdzod kyi kun tu bzang po'i smon lam gyi stobs las byung ba'i yan lag bdun gyi mchod sprin 'bul bas zhing kun khyab par 'gengs pa dang /__dngos 'byor gyi legs 'bul maN+Dal mtshon byed zhing khams rgya mtsho'i snod bcud ri gling gi bkod pa mtshon pa'i gser dngul bkra ma'i maN+Dal dar sna lnga'i chun 'phyang g.yo ba/__mdzes sku zla shel gzhon nu 'chi bdag gi bdud sde'i g.yul las rgyal ba'i rten 'byung du tsI na'i bzo rnying rgya rtsi can gyi mgon po tshe dpag med kyi snang brnyan/__gsung 'gags med skye lnga'i sgra dbyangs phyogs bcur sgrogs mtshon 'jam dpal sgyu 'phrul drwa ba'i rgyud kyi glegs bu/__thugs rig stong thabs shes dbyer med kyi ngo bor bzhugs mtshon badz+ra gan+De'i phyag rgya/__bzang gos smug po/__hu dzus ser po'i ske rags/__bzang gos mngag 'thags smug gser skud shing lo ris ltabs bsgril1/__da phrus dmar po'i gzan/__da phrus smug ri mo can kha6/__rtsi phrus ngur ser kha8/__bzang gos sngo gser tram can kha10/__rgya gar ther ma sngo nag gyon 'dongs/__tang skud 'ja' khrigs ske rag dzar ldan/__bzang gos ne tso kha'i gos sbyar ma/__rdi dmar kha dkris/__'bu 'dra dkar po kha8/__phrug tshos bub1/__ras skud 'ga' phra1/__wa/__spre/__g.yi/__sram/__gzig__/gung bcas kyi lpags shun/__rta pho1/__mdzo1/__mdzo mo1/__'bri1/__khal1/__rin gnyis gar bu rta rmig ma1/__aM b+han rdo tshad1/__mtha' rten ras dkar bcas mtshan bzang so gnyis grangs ldan bcas 'bul lam zhu na skra rtses gtor ba'i chu thig gi zegs ma ltar phra yang dgyes brtses spyan lam du yud tsam smin pa dang /__slad kyi char yang /__ka~Xrma~X bka' brgyud bstan 'dzin gtsug nor mchog__/srid zhi'i phuna~X sum tshoga~Xs pa'i 'byor pa la/__dbang bsgyur chos kyi rgyal po tA'i si tu/__/zhabs pad rdo rje'i khri la rtag brtan shog__/gdod nas yongs grub ngesa~X dona~X dbu ma che/__/smra~X ba'i~X se~Xng+ge~X shes rab rgyal mtshan dang /__/dbyer med chos kyi 'byung gnas gnyis par gyur/__/'chi~X meda~X pa~Xd+ma ka~X rar 'tsho bzhes gsol/__/dona~X yod gruba~X pa'i phrina~X lasa~X kun tu khyab/__/'khor lo gsum gyi mdzad bzang pha mthar brdal/__/phyogasa~X lasa~X rnama~X para~X rgyala~X pa'i~X sde~X chen po/__/bskal brgya'i bar du g.yo med bzhugs gsol 'debs/__/bkra shis rdzas mchog brgyad kyis mdun nas bdar zhing rang byung rgyal ba'i sku la rtag mchog brgyad/__/'bad med lhun grub yid can kun gyis mthong na rab dga' rin chen bdun la dbang 'byor zhing /__/dge legs brgya phrag dpala?~X yon kun spungasa?~X bkra shis g.yung drung dga' ba 'khyil pas mtshan pa gang /__/chos srid mi nub yun du brtan cing bshad sgrub 'dus tshogs thugs mthun 'phel rgyas bkra shis shog__/sarba dA ka l+yA NaM su shri yo b+ha wa tu//___//

Footnotes

Other Information