JKCL-KABUM-12-NA-025

From Khyentse Lineage - A Tsadra Foundation Project
Revision as of 17:12, 17 November 2021 by WikiBot2015 (talk | contribs) (Created page with "{{Khyentse Metadata |classification=Tibetan Publications |subclass=Tibetan Texts |collectiontitle=chos kyi blo gros bka' 'bum |collectiontitletib=ཆོས་ཀྱི་བ...")
(diff) ← Older revision | Latest revision (diff) | Newer revision → (diff)

Wylie title JKCL-KABUM-12-NA-025.pdf
Location chos kyi blo gros bka' 'bum
Volume Expression error: Unrecognized word "na"., Text 25, Pages (Folios to )
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation
Genre "NA" is not a number.

1 Texts in this Section (sde tshan or chos tshan)

"NA" is not a number.

[edit]
བསླབ་པ་གསུམ་གྱི་ལུས་སྟོབས་རབ་རྒྱས་ཤིང་། །སྡེ་སྣོད་གསུམ་གྱི་གཡུ་རལ་འབར་བས་མཛེས། །ལུང་རིག་ང་རོ་ཆེས་ཆེར་སྒྲོགས་མཁས་པ། །ཆོས་མཛད་མཁས་དབང་དམ་པ་གང་དེའི་དྲུང་། །ཁྱོད་ཀྱིས་ཐུགས་བརྩེའི་སྤྱན་རས་འཛུམ་པ་ཡི། །ཡང་ཡང་བཙའ་བས་སྙན་ཚིག་ཚངས་སྲས་ཀྱི། །བུ་མོ་དགྱེས་པའི་ཉམས་འགྱུར་ཚིགས་བཅད་ཕྲེང་། །མཆོག་སྤྲུལ་སྨྲ་དབང་བརྒྱུད་ནས་ལྷུག་པར་འབྱོར། །འཇམ་མགོན་བླ་མའི་བསྟན་པ་ཐུགས་དབུས་སུ། །རྡོ་ལ་རི་མོ་བྲིས་པ་ལྟར་གསལ་བའི། །བློ་སྟོབས་བྲུབ་པ་མེད་པར་དམ་བཅས་པ། །དེང་དུས་ཤིན་ཏུ་གསལ་བའི་མཛད་ཕྲིན་བཟང་། །ཛམྦུའི་ཆུ་གསེར་འབར་བའི་ས་གཞི་ལ། །བཻཌཱུ་ཞུན་མས་བྲིས་པའི་བཀྲ་ཤིས་པའི། །དགེ་ལེགས་རྟགས་ཀྱི་སྤྲས་པའི་མཚན་བཟང་གི །རྒྱལ་བ་གཉིས་པའི་བསྟན་པ་གསལ་ལ་སྤྲོ། །འདིར་ཡང་རྒ་བའི་ཆད་པས་ནོན་བཞིན་དུ། །ཟིན་མེད་ཆུ་ཡི་གཉེར་མའི་རྗེས་བསྙེགས་ཏེ། །མི་ཚེའི་ལྷག་མ་ནུབ་རིར་བསྐྱལ་བཞིན་དུ། །ཆོས་མེད་སྙོམས་ལས་གཉིད་ཀྱི་ངང་དུ་ཡུར། མཚམས་གསོལ། སླར་ཡང་། འཆི་མེད་སྲོག་གི་འཚོ་བ་ཡུན་དུ་བརྟན། །ལྷ་དབང་དཔལ་གྱིས་མི་མཚོན་རྟེན་བཟང་ལ། །འཕྲོད་པའི་ཆོ་ག་ལྷོད་པ་མེད་པ་དང་། །འཕགས་པའི་ནོར་བདུན་དཔལ་གྱིས་བརྒྱན་གྱུར་ཅིག །རྣམ་ཀུན་པུ་ལོ་མ་དགྲ་ཡི། །ཉེར་འཚེ་སྲུང་བའི་གུར་ཆེན་པོར། །སྒོ་གསུམ་རྡོ་རྗེར་སྒྲུབ་པ་ཡི། །སྐྱབས་སྨོན་འདོར་མེད་དམ་བཅའ་བགྱིད། །རྗེས་སུ་དགོངས་པའི་གསུང་སྙན་ཀྱང་། །དཔྱིད་ཀྱི་བུ་མོའི་མགྲིན་གླུ་ལྟར། །ཡང་ཡང་སྒྲོགས་པའི་རྟེན་འབྱུང་ནི། །དུས་སུ་འགོགས་མེད་འབྱུང་བར་སྨོན། །ལྷ་མེ་བཅས་མཁྱེན་མིང་པས་ཕུལ།། །།
[edit]

bslab pa gsum gyi lus stobs rab rgyas shing /__/sde snod gsum gyi g.yu ral 'bar bas mdzes/__/lung rig nga ro ches cher sgrogs mkhas pa/__/chos mdzad mkhas dbang dam pa gang de'i drung /__/khyod kyis thugs brtse'i spyan ras 'dzum pa yi/__/yang yang btsa' bas snyan tshig tshangs sras kyi/__/bu mo dgyes pa'i nyams 'gyur tshigs bcad phreng /__/mchog sprul smra dbang brgyud nas lhug par 'byor/__/'jam mgon bla ma'i bstan pa thugs dbus su/__/rdo la ri mo bris pa ltar gsal ba'i/__/blo stobs brub pa med par dam bcas pa/__/deng dus shin tu gsal ba'i mdzad phrin bzang /__/dzam+bu'i chu gser 'bar ba'i sa gzhi la/__/baiDU zhun mas bris pa'i bkra shis pa'i/__/dge legs rtags kyi spras pa'i mtshan bzang gi__/rgyal ba gnyis pa'i bstan pa gsal la spro/__/'dir yang rga ba'i chad pas non bzhin du/__/zin med chu yi gnyer ma'i rjes bsnyegs te/__/mi tshe'i lhag ma nub rir bskyal bzhin du/__/chos med snyoms las gnyid kyi ngang du yur/__mtshams gsol/__slar yang /__'chi med srog gi 'tsho ba yun du brtan/__/lha dbang dpal gyis mi mtshon rten bzang la/__/'phrod pa'i cho ga lhod pa med pa dang /__/'phags pa'i nor bdun dpal gyis brgyan gyur cig__/rnam kun pu lo ma dgra yi/__/nyer 'tshe srung ba'i gur chen por/__/sgo gsum rdo rjer sgrub pa yi/__/skyabs smon 'dor med dam bca' bgyid/__/rjes su dgongs pa'i gsung snyan kyang /__/dpyid kyi bu mo'i mgrin glu ltar/__/yang yang sgrogs pa'i rten 'byung ni/__/dus su 'gogs med 'byung bar smon/__/lha me bcas mkhyen ming pas phul//___//

Footnotes

Other Information