JKCL-KABUM-12-NA-004

From Khyentse Lineage - A Tsadra Foundation Project
Revision as of 18:12, 17 November 2021 by WikiBot2015 (talk | contribs) (Created page with "{{Khyentse Metadata |classification=Tibetan Publications |subclass=Tibetan Texts |collectiontitle=chos kyi blo gros bka' 'bum |collectiontitletib=ཆོས་ཀྱི་བ...")
(diff) ← Older revision | Latest revision (diff) | Newer revision → (diff)

Wylie title JKCL-KABUM-12-NA-004.pdf
Location chos kyi blo gros bka' 'bum
Volume Expression error: Unrecognized word "na"., Text 4, Pages (Folios to )
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation
Genre "NA" is not a number.

1 Texts in this Section (sde tshan or chos tshan)

"NA" is not a number.

[edit]
འཇམ་མགོན་མཁྱེན་པའི་འོད་སྟོང་གིས། །རྣམ་པར་མཛེས་པའི་གུ་རུ་རྗེ། །བཀྲ་ཤིས་དཔལ་གྱི་འབྱོར་པ་ཡི། །རབ་གསལ་ཟླ་བའི་༧ཞབས་པདྨོར། །འདིར་གནས་མགོ་སྐྱེས་སྤྲ་བ་ལྟར། །དཀར་བས་ལང་ཚོའི་དཔལ་འཕྲོག་པ། །བླུན་རྨོངས་མུ་ཅོལ་སྨྲ་བ་ཡི། །དད་གུས་ཚིག་གི་ཕྲེང་བ་བསྟར། །དབྱངས་ཅན་མགྲིན་པར་ཞུགས་པའི་དཔལ་ཐོབ་སྟེ། །ཚངས་སྲས་ཏམྦུ་ར་ལ་འགྲན་པ་ཡི། །སྙན་ངག་མཁས་པ་དགའ་བའི་གླིང་བུའི་སྒྲ། །དལ་བ་མེད་པར་སྒྲོགས་པ་མཆོག་ཉིད་ཀྱི། །གསང་གསུམ་རི་དབང་ལྷུན་པོ་བརྟན་བརྗིད་ཅིང་། །མདོ་སྔགས་བཀའ་གཏེར་ཉི་ཟླས་གསལ་བ་བཞིན། །ཛམ་གླིང་བསྟན་འགྲོའི་སྣང་བྱེད་ཆེན་པོ་གང་། །སྙིགས་དུས་རྒུད་པའི་ཤེས་མུན་བཅོམ་པ་ལ། །ཕྱོགས་ལས་རྣམ་པར་རྒྱལ་བའི་རུ་མཚོན་ཆེ། །ཐུགས་བསྐྱེད་དཔུང་པ་བཙན་པོས་སྒྲེང་བ་ཡིས། །ཡིད་སྲུབས་བདག་པོའི་གཡུལ་ལས་རྒྱལ་བཞིན་དུ། །གྲགས་པའི་རྣམ་ཐར་འཛིན་མའི་ཁྱོན་ཀུན་སྙན། །འདིར་གནས་རྒན་བུར་བརྩེ་བའི་སྤྱན་ཟུར་གྱིས། །ཡང་ཡང་བཙའ་བའི་ཐུགས་རྗེའི་ཤུགས་ཀྱིས་དྲངས། །བཀའ་རྟག་ཕྱག་རྒྱའི་རེ་ཁཱ་མ་ཉམས་པ། །ཚངས་གནས་རྒྱན་དངོས་བཀའ་དྲིན་གཞལ་དུ་ལྕི། །འདིར་འཁོད་དགེ་སྦྱོང་གཟུགས་འཆང་བ། །གཉིས་མེད་སེངྒེའི་བརྟུལ་ཞུགས་ལ། །གནས་བཞིན་ནེ་ཙོའི་ཀློག་པ་ལྟར། །མཚམས་རྒྱའི་ཁུལ་དུ་ཞུགས་ཏེ་འཁུམ། །མཚམས་ཞུས། བསོད་ནམས་མ་ཡིན་མཐུས་གྲུབ་པའི། །ལྷ་མིན་རྒྱུ་བ་འདི་དག་ལ། །ཕྱོགས་བཅུའི་ཞིང་དུ་བཞུགས་པ་ཡི། །བསྟན་འཛིན་ཚོགས་དང་ཁྱད་པར་དུ། །རྒྱལ་དབང་པདྨའི་ཕྱག་མཚན་ནི། །ཕུར་བུ་ཐོགས་པའི་རིག་པ་འཛིན། །ལན་བུའི་ཟར་བུ་རིང་འཆང་བ། །ཁྱེད་དང་ཁྱེད་འདྲས་བཟློག་པ་ལས། །ངེད་ཅག་འདོད་སྲེད་ཀྱིས་བཅིངས་བ། །མགོ་རིལ་དག་གིས་ཅི་བྱར་ཡོད། །འོན་ཀྱང་སྙིང་སྟོབས་གོ་ཆ་ནི། །ཤིན་ཏུ་སྲ་བར་བགོ་བཞིན་དུ། །དཔལ་ཆེན་ཁྲོས་པའི་ང་རྒྱལ་ལ། །གནས་ནས་དྲག་པོའི་འཕྲུལ་འཁོར་གྱི། །ཕྲུ་མ་གཞོམ་པར་འདེད་ན་ཡང་། །རེ་དོགས་གཉིས་ཀྱི་སྒེག་མོས་ཁྱེར། །དེ་ལྟ་ན་ཡང་མཆོག་གསུང་གི །དབྱུག་གུས་བསྐུལ་བའི་དེ་མ་ཐག །ལྷ་ཡི་རྔ་སྒྲ་སྒྲོགས་ལ་བྲེལ། །དངོས་ཉམས་བླང་བས་མཐར་ཕྱིན་སྨོན། །སླད་མའི་ཆར་ཡང་། ཁྱེད་ཀྱི་ཞབས་རྟེན་རྡོ་རྗེའི་ཁྲིར། །རི་རྒྱལ་བཞིན་དུ་ལྷམ་མེར་གསལ། །གསུང་དབྱངས་ལྷང་ངེར་སྒྲོགས་བཞིན་དུ། །བརྒྱ་ཕྲག་བར་དུ་བཞུགས་གསོལ་འདེབས། །དུས་ཀྱི་བསྐལ་པས་མི་སྒྲིབ་པར། །མཚན་དཔེའི་དགྱེས་ཞལ་མངོན་གྱུར་ནས། །ཐུན་མོང་ཐུན་མིན་གསང་བ་ལ། །ཅི་དགར་སྤྱོད་པའི་རྟེན་འབྱུང་ཞུ། །དེང་། ངེད་ཐབས་ཤེས་ནས་འཆི་མེད་འཕགས་མས་སྒྲུབ་པའི་ཚེ་རིལ་སྐམ་གཤེར་གཉིས་བཅས་དབོ་ཟླའི་ཚེས་བཟང་པོ་ནས།། །།
[edit]

'jam mgon mkhyen pa'i 'od stong gis/__/rnam par mdzes pa'i gu ru rje/__/bkra shis dpal gyi 'byor pa yi/__/rab gsal zla ba'i 7zhabs pad+mor/__/'dir gnas mgo skyes spra ba ltar/__/dkar bas lang tsho'i dpal 'phrog pa/__/blun rmongs mu col smra ba yi/__/dad gus tshig gi phreng ba bstar/__/dbyangs can mgrin par zhugs pa'i dpal thob ste/__/tshangs sras tam+bu ra la 'gran pa yi/__/snyan ngag mkhas pa dga' ba'i gling bu'i sgra/__/dal ba med par sgrogs pa mchog nyid kyi/__/gsang gsum ri dbang lhun po brtan brjid cing /__/mdo sngags bka' gter nyi zlas gsal ba bzhin/__/dzam gling bstan 'gro'i snang byed chen po gang /__/snyigs dus rgud pa'i shes mun bcom pa la/__/phyogs las rnam par rgyal ba'i ru mtshon che/__/thugs bskyed dpung pa btsan pos sgreng ba yis/__/yid srubs bdag po'i g.yul las rgyal bzhin du/__/grags pa'i rnam thar 'dzin ma'i khyon kun snyan/__/'dir gnas rgan bur brtse ba'i spyan zur gyis/__/yang yang btsa' ba'i thugs rje'i shugs kyis drangs/__/bka' rtag phyag rgya'i re khA ma nyams pa/__/tshangs gnas rgyan dngos bka' drin gzhal du lci/__/'dir 'khod dge sbyong gzugs 'chang ba/__/gnyis med seng+ge'i brtul zhugs la/__/gnas bzhin ne tso'i klog pa ltar/__/mtshams rgya'i khul du zhugs te 'khum/__/mtshams zhus/__bsod nams ma yin mthus grub pa'i/__/lha min rgyu ba 'di dag la/__/phyogs bcu'i zhing du bzhugs pa yi/__/bstan 'dzin tshogs dang khyad par du/__/rgyal dbang pad+ma'i phyag mtshan ni/__/phur bu thogs pa'i rig pa 'dzin/__/lan bu'i zar bu ring 'chang ba/__/khyed dang khyed 'dras bzlog pa las/__/nged cag 'dod sred kyis bcings ba/__/mgo ril dag gis ci byar yod/__/'on kyang snying stobs go cha ni/__/shin tu sra bar bgo bzhin du/__/dpal chen khros pa'i nga rgyal la/__/gnas nas drag po'i 'phrul 'khor gyi/__/phru ma gzhom par 'ded na yang /__/re dogs gnyis kyi sgeg mos khyer/__/de lta na yang mchog gsung gi__/dbyug gus bskul ba'i de ma thag__/lha yi rnga sgra sgrogs la brel/__/dngos nyams blang bas mthar phyin smon/__/slad ma'i char yang /__khyed kyi zhabs rten rdo rje'i khrir/__/ri rgyal bzhin du lham mer gsal/__/gsung dbyangs lhang nger sgrogs bzhin du/__/brgya phrag bar du bzhugs gsol 'debs/__/dus kyi bskal pas mi sgrib par/__/mtshan dpe'i dgyes zhal mngon gyur nas/__/thun mong thun min gsang ba la/__/ci dgar spyod pa'i rten 'byung zhu/__/deng /__nged thabs shes nas 'chi med 'phags mas sgrub pa'i tshe ril skam gsher gnyis bcas dbo zla'i tshes bzang po nas//___//

Footnotes

Other Information