JKCL-KABUM-10-THA-008

From Khyentse Lineage - A Tsadra Foundation Project
Revision as of 09:42, 10 January 2022 by Mort (talk | contribs)

Wylie title JKCL-KABUM-10-THA-008.pdf
Location chos kyi blo gros bka' 'bum
Volume 10, Text 8, Pages (Folios 1a to )
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. '. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 10: . Bir, H.P.: Khyentse Labrang, 2012.
Genre

1 Texts in this Section (sde tshan or chos tshan)

[edit]
རྨད་དུ་བྱུང་བའི་སློབ་དཔོན་ཆེན་པོ་དགེ་བསྙེན་ཟླ་བའི་ཞབས་ཀྱི་སྒྲུབ་ཐབས་ཡེ་ཤེས་རང་གསལ་བཞུགས། ཨ། ཆོས་ཀུན་མི་དམིགས་སྟོང་པའི་ངང་། །པད་དཀར་ཟླ་བའི་གདན་གྱི་སྟེང་། །ཧྲཱིཿདཀར་ཡོངས་སུ་གྱུར་པ་ལས། །རྨད་དུ་བྱུང་བའི་སློབ་དཔོན་ཆེ། །ཙནྡྲ་གོ་མི་ཟླ་བའི་ཞལ། །ཤིན་ཏུ་མཛེས་ཤིང་གཞོན་ཚུལ་ལྡན། །ན་བཟའ་དཀར་པོ་འདུང་མ་དམར། །དབུ་སྐྲ་ཟུར་ཕུད་བཅིངས་པ་ཡི། །ལྷག་མ་ལྕང་ལོ་རྒྱབ་ཏུ་བསྙིལ། །ཕྱག་གཡས་ཀླུ་ཤིང་སྟེང་རལ་གྲི། ཆོས་འཆད་གཡོན་ཨུཏྤ་སྟེང་ནོར་བུ། མཉམ་བཞག །གླེགས་བམ་བསྣམས་ཤིང་དབུ་གཙུག་ཏུ། །འཕགས་པ་སེམས་ཉིད་ངལ་བསོ་བཞུགས། །པད་དཀར་ཟླ་བ་རྒྱས་པའི་སྟེང་། །ཞབས་གཉིས་ཕྱེད་ཀྲུང་སྟབས་ཀྱིས་འགྱིང་། །གནས་གསུམ་ཡི་གེ་འབྲུ་གསུམ་ལས། །འོད་འཕྲོས་ཡེ་ཤེས་པ་སྤྱན་དྲངས། །དམ་ཡེ་གཉིས་སུ་མེད་པར་གྱུར། །སྤྱན་རས་གཟིགས་དངོས་མི་ཡི་གཟུགས། །སངས་རྒྱས་བསྟན་པ་གསལ་མཛད་ཅིང་། །འགྲན་ཟླ་ཀུན་བྲལ་བླ་མ་རྗེར། །སྒོ་གསུམ་གུས་པས་ཕྱག་འཚལ་ལོ། །ལུས་དང་ལོངས་སྤྱོད་དགེ་ཚོགས་རྣམས། །ཀུན་ཏུ་བཟང་པོའི་མཆོད་པས་མཆོད། །ཚེ་རབས་ཐོག་མེད་ནས་བསགས་པའི། །སྡིག་ལྟུང་སྐྱེ་མེད་ངང་དུ་བཤགས། །འཕགས་དང་སོ་སྐྱེས་བསགས་པ་ཡི། །ལེགས་བྱས་དགེ་བར་རྗེས་ཡི་རང་། །ཟབ་དང་རྒྱ་ཆེའི་ཆོས་འཁོར་ལོ། །རྟག་པ་རྒྱུན་དུ་བསྐོར་བར་བསྐུལ། །མྱ་ངན་འདའ་བར་བཞེད་པ་རྣམས། །བསྐལ་པ་ཇི་སྲིད་བཞུགས་གསོལ་འདེབས། །ཟག་བཅས་ཟག་མེད་དགེ་ཚོགས་ཀུན། །ནམ་མཁའི་མཐའ་མཉམ་འགྲོ་ལ་བསྔོ། །དགེ་བས་བྱང་ཆུབ་ཆེན་པོ་ཡི། །གོ་འཕང་དམ་པ་ཐོབ་གྱུར་ཅིག །ཀུན་བཟང་རྣམ་རོལ་མཆོད་པའི་སྤྲིན་རྒྱ་མཚོ། མཎྜལ་གཅིག་ཏུ་ལེགས་པར་བཟླུམས་བྱས་ཏེ། །དཔལ་ལྡན་བླ་མའི་ཞབས་ལ་དམིགས་ཏེ་འབུལ། །རྨད་བྱུང་ཚོགས་གཉིས་ཡོངས་སུ་རྫོགས་པར་ཤོག །ཨ་ཧོ་ངོ་མཚར་རྨད་དུ་བྱུང་། །དྲི་མེད་ཟླ་བ་རྒྱས་པའི་ཞལ། །འཕགས་པའི་སྐུ་ཉིད་དགེ་བསྙེན་གཟུགས། །ཟླ་བའི་ཞབས་ལ་ཕྱག་འཚལ་བསྟོད། །འཇིག་རྟེན་ཀུན་གྱི་མིག་གཅིག་པུ། །མཁྱེན་དང་བརྩེ་བའི་ཡེ་ཤེས་གཏེར། །རྒྱལ་སྲས་རིགས་གསུམ་སེམས་དཔའ་དང་། །དབྱེར་མེད་ཆེན་པོར་ཕྱག་འཚལ་བསྟོད། །གང་གིས་ཁྱོད་ལ་གསོལ་བཏབ་པས། །དེ་ལ་དེ་མ་ཐག་བྱིན་རློབས། །དངོས་གྲུབ་འདོད་དགུ་སྩོལ་མཛད་པ། །བླ་མ་མཆོག་ལ་ཕྱག་འཚལ་ལོ། །དེ་ལྟར་ཕྱག་འཚལ་བསྟོད་པའི་མཐུས། །ཟླ་བའི་ཞབས་ཀྱིས་རྗེས་བཟུང་ནས། །མཁྱེན་གཉིས་ཡེ་ཤེས་རྒྱས་པ་དང་། །གྲུབ་པ་མཆོག་གི་དངོས་གྲུབ་སྩོལ། །ཐུགས་དབུས་པད་དཀར་ཟེ་འབྲུའི་དབུས། །ཟླ་སྟེང་ཧྲཱིཿདྷཱིཿདཀར་འཚེར་འབར། །རྡོ་རྗེའི་སྔགས་ཀྱི་རང་སྒྲ་འཕྲོས། །སྣོད་བཅུད་དག་མཉམ་ཆེན་པོར་རྫོགས། །ཨོཾ་ཨཱཪྻ་ལོ་ཀི་ཤྭ་ར་མཉྫུ་ཤྲཱི་མུྃ་ཧྲཱིཿཨ་ར་པ་ཙ་ན་དྷཱིཿཝ་ཀྱེ་དཾ་ན་མཿཔྲཛྙཱ་ཛྙཱ་ན་སརྦ་སིདྡྷི་ཕ་ལ་ཧཱུྃ་སྭཱ་ཧཱ། ཞེས་པའི་གསང་སྔགས་བཅུད་དྲིལ་འདི། །འབུམ་ཕྲག་བཅུ་བདུན་སུམ་བཟླས་པ། །ཞལ་མཐོང་གསུང་ཐོས་རིག་རྩལ་འབར། །དབང་པོའི་སྐལ་བ་དང་འཚམས་པའི། །དངོས་གྲུབ་རྣམ་གཉིས་ཐོབ་པར་འགྱུར། །ས་མ་ཡ། ཅེས་པའང་མེ་སྤྲེལ་སྨིན་ཟླའི་ཚེས་གསུམ་ལ་འབྲས་ལྗོངས་ནས་རྒྱ་གར་ཆོས་འབྱུང་ནང་ཙནྡྲ་གཽ་མིའི་རྣམ་ཐར་མཇལ་བ་ན་མོས་གུས་ཀྱི་ཟིལ་ལས་ཉམས་ཀྱི་སྣང་བར་ར་རིར་འཆར་བ་དང་རང་རིག་ཀློང་ནས་ཐོལ་བྱུང་བྲི་འདོད་བྱུང་བ་ལྟར་དེ་འཕྲལ་ཡི་གེར་བཏབ་བ་འདིས་ཀྱང་དངོས་གྲུབ་རྣམ་གཉིས་ཡིད་བཞིན་དུ་འཇོ་བའི་རྒྱུར་གྱུར་ཅིག། །། ཧྲཱི་དྷཱིཿཧྲཱི་དྷཱིཿ
[edit]

rmad du byung ba'i slob dpon chen po dge bsnyen zla ba'i zhabs kyi sgrub thabs ye shes rang gsal bzhugs/__a/__chos kun mi dmigs stong pa'i ngang /__/pad dkar zla ba'i gdan gyi steng /__/hrIHdkar yongs su gyur pa las/__/rmad du byung ba'i slob dpon che/__/tsan+d+ra go mi zla ba'i zhal/__/shin tu mdzes shing gzhon tshul ldan/__/na bza' dkar po 'dung ma dmar/__/dbu skra zur phud bcings pa yi/__/lhag ma lcang lo rgyab tu bsnyil/__/phyag g.yas klu shing steng ral gri/__chos 'chad g.yon ut+pa steng nor bu/__mnyam bzhag__/glegs bam bsnams shing dbu gtsug tu/__/'phags pa sems nyid ngal bso bzhugs/__/pad dkar zla ba rgyas pa'i steng /__/zhabs gnyis phyed krung stabs kyis 'gying /__/gnas gsum yi ge 'bru gsum las/__/'od 'phros ye shes pa spyan drangs/__/dam ye gnyis su med par gyur/__/spyan ras gzigs dngos mi yi gzugs/__/sangs rgyas bstan pa gsal mdzad cing /__/'gran zla kun bral bla ma rjer/__/sgo gsum gus pas phyag 'tshal lo/__/lus dang longs spyod dge tshogs rnams/__/kun tu bzang po'i mchod pas mchod/__/tshe rabs thog med nas bsags pa'i/__/sdig ltung skye med ngang du bshags/__/'phags dang so skyes bsags pa yi/__/legs byas dge bar rjes yi rang /__/zab dang rgya che'i chos 'khor lo/__/rtag pa rgyun du bskor bar bskul/__/mya ngan 'da' bar bzhed pa rnams/__/bskal pa ji srid bzhugs gsol 'debs/__/zag bcas zag med dge tshogs kun/__/nam mkha'i mtha' mnyam 'gro la bsngo/__/dge bas byang chub chen po yi/__/go 'phang dam pa thob gyur cig__/kun bzang rnam rol mchod pa'i sprin rgya mtsho/__maN+Dal gcig tu legs par bzlums byas te/__/dpal ldan bla ma'i zhabs la dmigs te 'bul/__/rmad byung tshogs gnyis yongs su rdzogs par shog__/a ho ngo mtshar rmad du byung /__/dri med zla ba rgyas pa'i zhal/__/'phags pa'i sku nyid dge bsnyen gzugs/__/zla ba'i zhabs la phyag 'tshal bstod/__/'jig rten kun gyi mig gcig pu/__/mkhyen dang brtse ba'i ye shes gter/__/rgyal sras rigs gsum sems dpa' dang /__/dbyer med chen por phyag 'tshal bstod/__/gang gis khyod la gsol btab pas/__/de la de ma thag byin rlobs/__/dngos grub 'dod dgu stsol mdzad pa/__/bla ma mchog la phyag 'tshal lo/__/de ltar phyag 'tshal bstod pa'i mthus/__/zla ba'i zhabs kyis rjes bzung nas/__/mkhyen gnyis ye shes rgyas pa dang /__/grub pa mchog gi dngos grub stsol/__/thugs dbus pad dkar ze 'bru'i dbus/__/zla steng hrIHd+hIHdkar 'tsher 'bar/__/rdo rje'i sngags kyi rang sgra 'phros/__/snod bcud dag mnyam chen por rdzogs/__/oM AR+Ya lo ki shwa ra many+dzu shrI mu~M hrIHa ra pa tsa na d+hIHwa kye daM na maHpradz+nyA dz+nyA na sarba sid+d+hi pha la hU~M swA hA/__zhes pa'i gsang sngags bcud dril 'di/__/'bum phrag bcu bdun sum bzlas pa/__/zhal mthong gsung thos rig rtsal 'bar/__/dbang po'i skal ba dang 'tshams pa'i/__/dngos grub rnam gnyis thob par 'gyur/__/sa ma ya/__ces pa'ang me sprel smin zla'i tshes gsum la 'bras ljongs nas rgya gar chos 'byung nang tsan+d+ra gau mi'i rnam thar mjal ba na mos gus kyi zil las nyams kyi snang bar ra rir 'char ba dang rang rig klong nas thol byung bri 'dod byung ba ltar de 'phral yi ger btab ba 'dis kyang dngos grub rnam gnyis yid bzhin du 'jo ba'i rgyur gyur cig/___//__hrI d+hIHhrI d+hIH

Footnotes

Other Information