JKCL-KABUM-09-TA-004

From Khyentse Lineage - A Tsadra Foundation Project
Revision as of 17:09, 17 November 2021 by WikiBot2015 (talk | contribs) (Created page with "{{Khyentse Metadata |classification=Tibetan Publications |subclass=Tibetan Texts |collectiontitle=chos kyi blo gros bka' 'bum |collectiontitletib=ཆོས་ཀྱི་བ...")
(diff) ← Older revision | Latest revision (diff) | Newer revision → (diff)

JKCL-KABUM-09-TA-004

Wylie title JKCL-KABUM-09-TA-004.pdf
Location chos kyi blo gros bka' 'bum
Volume Expression error: Unrecognized word "ta"., Text 4, Pages (Folios to )
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation
Genre "TA" is not a number.

1 Texts in this Section (sde tshan or chos tshan)

"TA" is not a number.

[edit]
༄༅། །ཌོམྦྷི་ཧེ་རུ་ཀའི་རྡོ་རྗེའི་དོ་ཧ་སེམས་ཀྱི་བཞག་ཐབས་ཀྱི་མཆན་ཉུང་ངུ་བཞུགས་སོ། ། གྲུབ་ཆེན་རང་ཉིད་མཆོག་དངོས་གྲུབ་པའི་ལྷག༷་པའི༷་ལྷ༷་ལ༷་ཕྱག༷་འཚ༷ལ་ལོ། །ན༷་མོ༷་གུ༷་རུ༷་བྷྱ༷ཿནི་བླ་མ་ལ་ཕྱག་འཚལ་ལོ། །ཟག་པ་མེད་པའི་ཆོས༷་ཐམས་ཅད་ཀྱི༷་གནས་ལུགས་མཆོག་ཏུ་མི་འགྱུར་བའི་བ༷དེ་བ༷་ཆེན༷་པོའི༷་ཡེ་ཤེས་དེ་བླ་མའི་དྲིན་གྱིས་མངོན་སུམ་དུ་ཉམས་སུ་མྱོང་བའི་མན༷་ངག༷་ངོ༷་བོ༷་གསུམ༷། དམ༷་ཚིག༷་བཞི༷། གོལ༷་ས༷་གསུམ༷། བཞག༷་ཐབ༷ས་བཞི༷འོ༷། །དེ་ལ་དང་པོ་ངོ༷་བོ༷་གསུམ༷་ནི། བིཪྺ་པས། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །སངས་རྒྱས་གཞན་དུ་བསྟན་པ་མེད། །སངས་རྒྱས་རྣམས་ཀྱི་ཡེ་ཤེས་སྐུ། །གཞན་དུ་བཙལ་བས་རྙེད་མ་ཡིན། །ཞེས་པ་ལྟར་འགྱུར་མེད་རང་རིག་རང་བྱུང་བདེ་ཆེན་གྱི་ཡེ་ཤེས་རྒྱུ་རྐྱེན་གྱིས་ལོགས་ནས་རྩོལ༷་སྒྲུབ༷་མེད༷་པ༷། ༡༽ཇི་སྐད་དུ། རང་བཞིན་དག་ནི་བཅོས་མིན་དང་། །གཞན་ལ་ལྟོས་པ་མེད་པའོ། །ཞེས་པ་ལྟར་དངོས་པོ་རྣམས་ཀྱི་རང་བཞིན་བཅོས་པ་མིན་ལ། ཁྱད་པར་དྲི་མེད་སེམས་ཀྱི་གཤིས་ལུགས་འདི་རང་བཞིན་ལྷུག་པར་བཞག་པ་ལས་བཅོས་པས་མི་རྟོགས་པས་མ༷་བཅོས༷་པ༷། ༢༽བླ་མའི་དྲིན་གྱིས་ངོ་སྤྲོད་ཐོབ་ཅིང་བྱུང༷་ཚོར༷་ཐམ༷ས་ཅད༷་རང༷་གི༷་སེམ༷ས་ཀྱི་རང་མདངས་སུ༷་ཤེས་པས་དབྱིངས་ལས་བྱུང་ཞིང་དབྱིངས་ཀྱི་རོལ་པར་ཤེས༷་པ༷འོ༷། ༣༽། གཉིས་པ་ད༷མ་ཚིག༷་བཞི༷་ནི༷། ཁམས་གསུམ་གྱི་ཉོན༷་མོང༷ས་པ་རྣམས་སྤང༷་དུ༷་མེད༷་དེ༷་དུག་ལྔ་ཡེ་ཤེས་ལྔའི་ངོ་བོ་ཡིན་ཅིང་། དེ་ཡང་རང༷་གི༷་སེམ༷ས་དག་མ་དག་གི་ཁྱད་པར་ལས་གདོད་ནས་དག་པའི་གཤིས་ལུགས་ལ་ཉོན་མོངས་པ་གྲུབ་པ་མེད་ཅིང་ཡེ་ཤེས་ཡིན༷་པའི༷་ཕྱིར༷་རོ༷། ༡༽། ཉོན་མོངས་པ་སྤངས་པའི་གཉེན༷་པོ༷་ལོགས་ནས་བརྟེན༷་དུ༷་མེད༷་དེ༷་སྤང་བྱ་སྤོང་བྱེད་ཀྱི་སེམ༷ས་གཉིས༷་སུ༷་གྲུབ་པ་མེད༷་ཅིང་སྣང་སེམ༷ས་གཉིས༷་སུ༷་གྲུབ་པ་མེད༷་ཅིང་སྣང་སེམས་གཉིས་མེད་ཀྱི་ཡེ་ཤེས་འབའ་ཞིག་ལས་མ་འདས་པའི༷་ཕྱིར༷། ༢༽ཆོས་ཐམས་ཅད་ཀྱི་གནས་ལུགས་ངོ་བོ་སྟོང་པ་དེ༷་ཁོ༷་ན༷་ཉིད༷་བསྒོམ་བྱ་སྒོམ་བྱེད་ལས་འདས་ཤིང་བློ་ཡིས་བསྒོམ༷ས་སུ༷་མེད༷་དེ༷། །སེམ༷ས་ལ་ངོ་བོ་ངོས༷་བཟུ༷ང་དང་མཚན་མར་འཛིན་པའི་རྒྱུ་རྡུལ་ཙམ་མེད༷་པའི༷་ཕྱིར༷་རོ། ༣༽། འབྲ༷ས་བུ༷་སྨོན་པ་མེད་པས་འབྲས་བུ་ལ༷་རེ༷་བ༷་མེད༷་དེ༷། བྱང་ཆུབ་སེམ༷ས་ཀྱི་གཤིས་ལུགས་དེ་རྟོག༷ས་པ༷་ཉིད༷་སང༷ས་རྒྱས༷་ཡི༷ན་པའི༷་ཕྱིར༷་རོ། ༤༽དེ་ལས་འདས་ན་དམ་ཚིག་ལས་འདས་པའོ། །གསུམ་པ་གོལ༷་ས༷་གསུམ༷་ནི༷། རང་སེམས་སང༷ས་རྒྱས༷་ཡིན་པར་མ་རྟོགས་པར་སངས་རྒྱས་གཞན་དུ་བཙལ་བ་ལ༷་རེ༷་ན༷་གོ༷ལ་ས༷། ༡༽འཁོ༷ར་བ༷་ལ༷་ཞེན་ཅིང་ཆགས་པས་འཁོར་བའི་མཚན་ཉིད་ལ་ཡོངས་སུ་རྟོག༷་ཅིང་དཔྱོད་དེ་བདག་ཏུ་འཛིན་ན༷་གོ༷ལ་ས༷། ༢༽འཁྲུལ་པའི་སེམས་ཀྱིས་བསྐྱེད་པའི་དངོ༷ས་པོར༷་སྣང༷་བ་འདི་ལ༷་ཞེན༷་ཅིང་ཆགས་ན༷་གོལ༷་ས༷། ༣༽བཞི་པ་བཞ༷ག་ཐབ༷ས་བཞི༷་ནི༷། བཏུང་བའི་ཆུ༷་ལ་སོགས་གྲུང་དུ་རེ་ནས་ཐུག་རེག་མང་ན་རྙོགས་ཤིང་དེ་དག་སྤངས་ཏེ་མ༷་རྙོག༷ས་ན༷་དྭང༷ས་པ༷་བཞི༷ན་སྒོ་གསུམ་རང་བབས་སུ་འཇོག་པ་ནི་གནད་དོ། །དེས་ན་སྒོ་གསུམ་གྱི་ནང་ནས་ཀྱང་སེམས་གཙོ་ཆེ་བས་སེམ༷ས་ལ་རྟོག་པས་བཟོ་མ༷་བཅོ༷ས་པ༷་རིག་པ་གསལ་དྭངས་རང་བབས་སུ་ལྷུག༷་པར༷་བཞ༷ག༡༽། བར༷་སྣང༷་ལ༷་བྱ་འཕུར་ན་བྱ་ལ༷མ་ཀྱི་རྗེས༷་མེད༷་པ༷་བཞིན༷་སེམས་ཀྱི་དམིགས་པའི་གཏད་སོ་ཅན་གྱི་ཤེས༷་པ༷་སྟེ་རྟོག་པ་ཇི་ཙམ་འཕྲོ་ཡང་རང་ཡལ་རྗེས་མེད་དུ་གཏན༷་པ༷་རྩེ་གཅིག་དམིགས་པ་ཅན་ཕྱི་ནང་བར་གསུམ་གང་ལའང་གཏད་སོ་མེད༷་པར༷་དཔེ་ནམ་མཁའ་ལྟ་བུའི་དབྱིངས་དེར་བཞ༷ག༢༽། དཔེར་ན་ཉི༷་མ༷་སྤྲིན༷་གྱིས༷་མ༷་སྒྲིབ༷་པ༷་ན་འོད་དང་འོད་ཟེར་འབར་བ་བཞིན༷་ཚོག༷ས་དྲུག༷་གི་སྣང་བ་རང་གསལ་དུ་འཆར་ཡང་དགག་སྒྲུབ་བྲལ་བ་ཡུལ༷་སྣང་སྟོང་གཟུགས་སོགས་ལ༷་དབང་པོ་སྒོ་ལྔ་ལྷུག༷་པར༷་བཞ༷ག་པས་ཡུལ་སྣང་གིས་མི་འཆིང་ཞིང་སྣང་རྐྱེན་ཐམས་ཅད་ཡེ་ཤེས་ཀྱི་གྲོགས་སུ་འགྱུར་རོ། །དེ་ལྟར་འགྱུར་བའི་རྒྱུ་མཚན་ནི་རིག་པའི་གཤིས་ལུགས་ལ་གོམས་པ་བརྟན་པས་རྟོག་ཚོགས་ཐམས་ཅད་ཤར་ཙམ་ཉིད་ནས་གྲོལ་བས་དམི༷གས་པ༷་མེད༷་པར༷་ཆོས་ཉིད་གཤིས་ཀྱི་རང༷་ལུགས༷་ལ༷་འབོལ་ལེ་ཤིག་གེར་བཞ༷ག༣༽། དེ་ལྟར་མཚན་མེད་ཀྱི་རྣལ་འབྱོར་བསྒོམ་པ་ཆུ༷་བོ༷་རྟག༷་ཏུ་བབ༷ས་པ༷་བཞི༷ན་ཐུན་དང་ཐུན་མཚམས་ཀྱི་དུས༷་དང༷་སྤྱོད༷་ལམ༷་རྣམ་བཞི་ཐམ༷ས་ཅད༷་དུ༷་མ༷་ཡེང༷ས་ཤིང་འཛིན་པ་མེད་པར༷་བཞ༷ག་གོ༷། ༤༽། སློབ༷་དཔོ༷ན་རིན༷་པོ༷་ཆེ༷་ཌོ༷མྦྷི༷་པཱ་ད་ཞེས་པ་གཡུང་པོའི་ཞབས་ཡིན་ལ། ཧེ༷་རུ༷་ཀ༷་ནི། ཧེ་ནི་སྙིང་རྗེ་ཆེན་པོ་ཉིད། རུ་ནི་ཚོགས་དང་བྲལ་བ་སྟེ། ཀ་ནི་གང་དུའང་མི་གནས་པའོ། །ཞེས་སོགས་རྒྱུད་ཀྱི་ལུང་སྔ་འགྱུར་ལོ་པཎ་གྱི་འགྱུར་ལྟར་ན། རུ་རུ་དྷི་ན་སྟེ་ཁྲག་ལ་འཇུག་པས་གཡུང་པོ་ཁྲག་འཐུང་ཞེས་པར་འགྱུར་བའི༷་མཚན་ཡོངས་སུ་གྲགས་པ་དེ་ཉིད་ཀྱི་ཐུག༷ས་ཀྱི༷་བཅུད་ཕྱུང་བའི་མན༷་ངག༷་གི༷་ཡི༷་གེ༷་ཞེས༷་བྱ༷་བ༷འོ༷། །དེ་ལྟར་ཤིན་ཏུ་སྤྲོས་མེད་སེམས་ཀྱི་གནས་ལུགས་ལ་འཇོག་ཐབས་ཀྱི་མན་ངག་ཁྱད་པར་ཅན་འདི་ལྟ་བུའི་བཞག་ཐབས་དང་ལྡན་ན་ཁམས་གསུམ་དང་། ཉན་རང་གི་གོལ་ས་ལས་འདས་ཤིང་མཐའ་གཉིས་ལ་མི་གནས་པའི་འགྱུར་མེད་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་སྐུ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་ཐོབ་པ་ནི་ཡང་དག་པའི་ངེས་པའོ། །ཞེས་པའང་༧སྐྱབས་མགོན་བདག་ཆེན་རིན་པོ་ཆེ་ངག་དབང་ཀུན་དགའ་བསོད་ནམས་ཀྱིས་བཀའ་སྩལ་ཕེབས་པ་ན་༧ཆོས་ཀྱི་བློ་གྲོས་པས་མཆན་ཉུང་ངུར་བཏབ་པ་དགེའོ། །སརྦ་དཱ་ཀ་ལྱཱ་ཎཾ་བྷ་ཝནྟུ།། །།
[edit]

@#/__/Dom+b+hi he ru ka'i rdo rje'i do ha sems kyi bzhag thabs kyi mchan nyung ngu bzhugs so/__/ grub chen rang nyid mchog dngos grub pa'i lhagaX pa'iX lhaX laX phyagaX 'tshaXl lo/__/naX moX guX ruX b+h+yaXHni bla ma la phyag 'tshal lo/__/zag pa med pa'i chosaX thams cad kyiX gnas lugs mchog tu mi 'gyur ba'i baXde baX chenaX po'iX ye shes de bla ma'i drin gyis mngon sum du nyams su myong ba'i mnaX ngagaX ngoX boX gsumaX/__dmaX tshigaX bzhiX/__golaX saX gsumaX/__bzhagaX thabaXs bzhiX'oX/__/de la dang po ngoX boX gsumaX ni/__biR+Wa pas/__sems can rnams ni sangs rgyas nyid/__/sangs rgyas gzhan du bstan pa med/__/sangs rgyas rnams kyi ye shes sku/__/gzhan du btsal bas rnyed ma yin/__/zhes pa ltar 'gyur med rang rig rang byung bde chen gyi ye shes rgyu rkyen gyis logs nas rtsolaX sgrubaX medaX paX/__1)ji skad du/__rang bzhin dag ni bcos min dang /__/gzhan la ltos pa med pa'o/__/zhes pa ltar dngos po rnams kyi rang bzhin bcos pa min la/__khyad par dri med sems kyi gshis lugs 'di rang bzhin lhug par bzhag pa las bcos pas mi rtogs pas maX bcosaX paX/__2)bla ma'i drin gyis ngo sprod thob cing byungaX tshoraX thamaXs cadaX rangaX giX semaXs kyi rang mdangs suX shes pas dbyings las byung zhing dbyings kyi rol par shesaX paX'oX/__3)/__gnyis pa daXm tshigaX bzhiX niX/__khams gsum gyi nyonaX mongaXs pa rnams spangaX duX medaX deX dug lnga ye shes lnga'i ngo bo yin cing /__de yang rangaX giX semaXs dag ma dag gi khyad par las gdod nas dag pa'i gshis lugs la nyon mongs pa grub pa med cing ye shes yinaX pa'iX phyiraX roX/__1)/__nyon mongs pa spangs pa'i gnyenaX poX logs nas brtenaX duX medaX deX spang bya spong byed kyi semaXs gnyisaX suX grub pa medaX cing snang semaXs gnyisaX suX grub pa medaX cing snang sems gnyis med kyi ye shes 'ba' zhig las ma 'das pa'iX phyiraX/__2)chos thams cad kyi gnas lugs ngo bo stong pa deX khoX naX nyidaX bsgom bya sgom byed las 'das shing blo yis bsgomaXs suX medaX deX/__/semaXs la ngo bo ngosaX bzuXng dang mtshan mar 'dzin pa'i rgyu rdul tsam medaX pa'iX phyiraX ro/__3)/__'braXs buX smon pa med pas 'bras bu laX reX baX medaX deX/__byang chub semaXs kyi gshis lugs de rtogaXs paX nyidaX sangaXs rgyasaX yiXn pa'iX phyiraX ro/__4)de las 'das na dam tshig las 'das pa'o/__/gsum pa golaX saX gsumaX niX/__rang sems sangaXs rgyasaX yin par ma rtogs par sangs rgyas gzhan du btsal ba laX reX naX goXl saX/__1)'khoXr baX laX zhen cing chags pas 'khor ba'i mtshan nyid la yongs su rtogaX cing dpyod de bdag tu 'dzin naX goXl saX/__2)'khrul pa'i sems kyis bskyed pa'i dngoXs poraX snangaX ba 'di laX zhenaX cing chags naX golaX saX/__3)bzhi pa bzhaXg thabaXs bzhiX niX/__btung ba'i chuX la sogs grung du re nas thug reg mang na rnyogs shing de dag spangs te maX rnyogaXs naX dwangaXs paX bzhiXn sgo gsum rang babs su 'jog pa ni gnad do/__/des na sgo gsum gyi nang nas kyang sems gtso che bas semaXs la rtog pas bzo maX bcoXs paX rig pa gsal dwangs rang babs su lhugaX paraX bzhaXg1)/__b.raX snangaX laX bya 'phur na bya laXm kyi rjesaX medaX paX bzhinaX sems kyi dmigs pa'i gtad so can gyi shesaX paX ste rtog pa ji tsam 'phro yang rang yal rjes med du gtanaX paX rtse gcig dmigs pa can phyi nang bar gsum gang la'ang gtad so medaX paraX dpe nam mkha' lta bu'i dbyings der bzhaXg2)/__dper na nyiX maX sprinaX gyisaX maX sgribaX paX na 'od dang 'od zer 'bar ba bzhinaX tshogaXs drugaX gi snang ba rang gsal du 'char yang dgag sgrub bral ba yulaX snang stong gzugs sogs laX dbang po sgo lnga lhugaX paraX bzhaXg pas yul snang gis mi 'ching zhing snang rkyen thams cad ye shes kyi grogs su 'gyur ro/__/de ltar 'gyur ba'i rgyu mtshan ni rig pa'i gshis lugs la goms pa brtan pas rtog tshogs thams cad shar tsam nyid nas grol bas dmiXgs paX medaX paraX chos nyid gshis kyi rangaX lugasaX laX 'bol le shig ger bzhaXg3)/__de ltar mtshan med kyi rnal 'byor bsgom pa chuX boX rtagaX tu babaXs paX bzhiXn thun dang thun mtshams kyi dusaX dngaX spyodaX lamaX rnam bzhi thamaXs cadaX duX maX yengaXs shing 'dzin pa med paraX bzhaXg goX/__4)/__slobaX dpoXn rinaX poX cheX DoXm+b+hiX pA da zhes pa g.yung po'i zhabs yin la/__heX ruX kaX ni/__he ni snying rje chen po nyid/__ru ni tshogs dang bral ba ste/__ka ni gang du'ang mi gnas pa'o/__/zhes sogs rgyud kyi lung snga 'gyur lo paN gyi 'gyur ltar na/__ru ru d+hi na ste khrag la 'jug pas g.yung po khrag 'thung zhes par 'gyur ba'iX mtshan yongs su grags pa de nyid kyi thugaXs kyiX bcud phyung ba'i mnaX ngagaX giX yiX geX zhesaX byaX baX'oX/__/de ltar shin tu spros med sems kyi gnas lugs la 'jog thabs kyi man ngag khyad par can 'di lta bu'i bzhag thabs dang ldan na khams gsum dang /__nyan rang gi gol sa las 'das shing mtha' gnyis la mi gnas pa'i 'gyur med bde ba chen po'i ye shes kyi sku rnam pa thams cad kyi mchog dang ldan pa thob pa ni yang dag pa'i nges pa'o/__/zhes pa'ang 7skyabs mgon bdag chen rin po che ngag dbang kun dga' bsod nams kyis bka' stsal phebs pa na 7chos kyi blo gros pas mchan nyung ngur btab pa dge'o/__/sarba dA ka l+yA NaM b+ha wan+tu//__//

Footnotes

Other Information