JKW-KABAB-07-JA-026

From Khyentse Lineage - A Tsadra Foundation Project
Revision as of 13:44, 27 April 2021 by Mort (talk | contribs)

JKW-KABAB-07-JA-026

ཞང་བློན་སྡེ་དགུའི་གཏོར་བསྔོས།
Wylie title zhang blon sde dgu'i gtor bsngos JKW-KABAB-07-JA-026.pdf
Location mkhyen brtse'i bka' babs
Volume 7, Text 26, Pages 769-770 (Folios 1a1 to 1b5)
Author དཀོན་མཆོག་འཕྲིན་ལས་བཟང་པོ་
Less details More details
Tertön ཟུར་མཁར་མཉམ་ཉིད་རྡོ་རྗེ་ (zur mkhar mnyam nyid rdo rje)
Citation Drikung Chetsang, 2nd. zhang blon sde dgu'i gtor bsngos. In Rdzong sar 'jam dbyangs mkhyen brtse'i dbang po'i bka' babs, Vol. 7: 769-770. Dkar mdzes bod rigs rang skyong khul sde dge rdzong: Rdzong sar khams bye'i slob gling, 2013.
Genre Torma-offering Rituals - gtor chog
Cycle སྨན་བླ་ལོངས་སྐུ་གཙོ་འཁོར་ལྔ་ (sman bla longs sku gtso 'khor lnga)
Karchag page JKW-KABAB-Volume-07-JA-Karchag
RTZ In the Rinchen Terdzö: https://rtz.tsadra.org/index.php/Terdzo-HA-013
Colophon

ཞེས་པའང་གསོ་བ་རིག་པའི་གནས་སོགས་བློ་གྲོས་ཀྱི་ལང་ཚོ་དར་དྲག་པ། བླའི་སྨན་པ་དཀོན་མཆོག་གཞན་ཕན་གྱི་ཉེར་འཁོར། འབྲི་གུང་པ་དཀོན་མཆོག་ཕྲིན་ལས་བཟང་པོས་སྦྱར་བ་དགེ།།

zhes pa'ang gso ba rig pa'i gnas sogs blo gros kyi lang tsho dar drag pa/__bla'i sman pa dkon mchog gzhan phan gyi nyer 'khor/__'bri gung pa dkon mchog phrin las bzang pos sbyar ba dge

[edit]
༄༅། །ཞང་བློན་སྡེ་དགུའི་གཏོར་བསྔོས་བཞུགས་སོ། །ན་མོ་གུ་རུ་བཻ་ཌཱུརྻ་པྲ་བྷ་རཱ་ཛ་ཡ། འདིར་ཚེའི་རིག་བྱེད་པ་གང་ཞིག་ཞང་བློན་སྡེ་དགུའི་གཏོར་བསྔོས་རྒྱུན་ཁྱེར་བྱ་བར་འདོད་ན། ལྕགས་སམ་རཏྣའི་སྣོད་གང་རུང་དུ། འབྲུ་སྨན་གྱི་བཤོས་བུ་ཟུར་གསུམ་གཅིག་ལ་ཆུང་བ་བརྒྱད་ཀྱིས་བསྐོར་བ་མཐའ་མཐེབ་ཀྱུ་དང་བཅས་པ་དཀར་དམར་གྱིས་བརྒྱན་པའི་མདུན་དུ། སྨན་རག་མཆོད་པ་བཤམས། སྐྱབས་སེམས་བྱ། རང་ཉིད་སྐད་ཅིག་གི་དཔའ་བོ་རྟ་མགྲིན་དུ་གསལ་བར་གྱུར། །རང་གི་ཐུགས་ཀའི་འོད་འཕྲེང་མཆོད་རྫས་ལ། །ཕོག་པས་ཉེས་སྐྱོན་སྦྱང་ཏེ་མཆོད་པ་དང༌། །སྨན་རཀ་གཏོར་མ་འདོད་ཡོན་ཟག་མེད་རྫས། །ཡེ་ཤེས་བདུད་རྩིས་སྟོང་ཁམས་གང་བར་གྱུར། ཨོཾ་བཛྲ་ཨརྒྷཾ་ནས་ཤབྡ་པཉྩ་ཨ་མྲྀ་ཏ་མ་ཧཱ་རཀྟ་མ་ཧཱ་བ་ལིཾ་ཏ་ཨོཾ་ཨཱཿཧཱུྃ་ཧྲཱིཿཋ། ལན་གསུམ་བྱ། རང་གི་ཐུགས་འོད་ཕྱོགས་བཅུར་སྤྲོས་པ་ཡི། །སྨན་གྱི་སྲུང་མ་ཞང་བློན་སྡེ་དགུ་དང༌། །སྤྲུལ་པ་ཡང་སྤྲུལ་འཁོར་དང་བཅས་པ་རྣམས། །རང་རང་གནས་ནས་སྤྱན་དྲངས་མདུན་གྱི་མཁར། །སྤྲིན་བཞིན་འཁྲིགས་ནས་དགྱེས་ཤིང་བརྟན་པར་བཞུགས། ཨོཾ་བཛྲ་ཨརྒྷཾ་པཱདྱཾ་ནས་ཤབྡ་པཱུ་ཛ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། །མགྲོན་གྱི་ལྗགས་རྣམས་རྡོ་རྗེའི་སྦུ་གུ་ཅན། །གཏོར་མར་ཟུག་པས་བཅུད་དྲངས་དགྱེས་ཚིམ་གྱུར། ཨོཾ་ཨཱཿཧཱུྃ། ཨོཾ་མ་ཧཱ་ཀཱ་ལ་ཡཀྵ་བཛྲ་ཙིཏྟ། ཨེ་ཀ་ཙ་ཏི་མཾ་མ་མ་རུ་ལུ་མཾ། ཀེ་ཏ་ཀེ་ཏ་རཱ་ཧུ། ཌཱཀྐི་ནི་ཙིཏྟ་རཀྵ། ཡཀྴ་ཙིཏྟ་མ་ཧཱ་རཱུ་ཏྲ། བཛྲ་སཱ་དྷུ་ས་མ་ཡ། ཡཀྵ་རཀྵ་རཱ་ཛ། དུནྟི་ཙིཏྟ་ཀ་ལ་ཏྲི་ཤཾ་རྦད་བྷྱོཿ གིང་ཀ་ར་ཧབ་ཧབ་ས་མ་ཡ་ཛཿཛཿཧྲིཾ་ཧྲིཾ། མ་ཧཱ་བ་ལིཾ་ཏ་ཨ་མྲྀ་ཏ་རཀྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཅེས་གསུམ་མམ་བདུན་ཉེར་གཅིག་སྐབས་བསྟུན་བརྗོད་རྗེས། ཧོཿ ཞང་བློན་འབར་བ་རྡོ་རྗེ་བདུད་འདུལ་དང༌། །སྔགས་སྲུང་རལ་ཅིག་ཁྱབ་འཇུག་རཱ་ཧུ་ལ། །མཁའ་འགྲོ་ལྕེ་སྤྱང་གནོད་སྦྱིན་ཤན་པ་དམར། །རྡོར་ལེགས་སྲིན་པོ་དགྲ་དུར་འཇིགས་བྱེད་ཆེ། །ཤནྟི་རོ་ཟན་སྲོག་བདག་ཧབ་སེར་བཅས། །སྤྲུལ་པ་ཡང་སྤྲུལ་སྨན་གྱི་སྲུང་མའི་ཚོགས། །འཁོར་བཅས་སྨན་རཀ་གཏོར་མ་དགྱེས་རོལ་ལ། །སྨན་གྱི་བླ་མའི་བཀའ་དང་བསྟན་པ་སྲུངས། །རྣལ་འབྱོར་བདག་གི་གནས་སྐབས་མཐར་ཐུག་གི། །འགལ་རྐྱེན་ཀུན་སོལ་ཚེ་དཔལ་འབྱོར་པ་སྤེལ། །འགྲོ་བའི་ཉེས་གསུམ་དུཿཁ་གཞིལ་བ་དང༌། །ལུས་ངག་ཡིད་རྫས་མཐུ་ནུས་ཕུན་ཚོགས་ཤིང༌། །བསམ་པའི་དོན་ཀུན་འབད་མེད་འགྲུབ་པར་མཛོད། ཅེས་དང་ཡིག་བརྒྱ་བརྗོད། བཛྲ་མུས་གཤེགས་སུ་གསོལ། བཀྲ་ཤིས་བསྔོ་སྨོན་བྱའོ། ཞེས་པའང་གསོ་བ་རིག་པའི་གནས་སོགས་བློ་གྲོས་ཀྱི་ལང་ཚོ་དར་དྲག་པ། བླའི་སྨན་པ་དཀོན་མཆོག་གཞན་ཕན་གྱི་ཉེར་འཁོར། འབྲི་གུང་པ་དཀོན་མཆོག་ཕྲིན་ལས་བཟང་པོས་སྦྱར་བ་དགེ།། །།

Footnotes

Other Information