DKR-KABUM-05-CA-036

From Khyentse Lineage - A Tsadra Foundation Project
Revision as of 09:57, 11 November 2022 by Mort (talk | contribs)

DKR-KABUM-05-CA-036

Wylie title ' DKR-KABUM-05-CA-036.pdf
Location dil mgo mkhyen brtse bka' 'bum
Volume 5, Text 36, Pages (Folios 1a to )
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Citation Khyentse, Dilgo. '. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 5: . Delhi: Shechen Publications, 1994.
Genre Sadhanas - Evocation Ritual - sgrub thabs
[edit]
༄༅། རྟ་ཞལ་ཡིད་བཞིན་རྒྱ་ཅན་ལས། བཅོམ་ལྡན་འདས་སྨན་གྱི་བླ་མའི་བྱིན་རླབས་སྒྲུབ་ཐབས་དང་བཅས་པ་དུག་གསུམ་རྒྱུ་འབྲས་ནད་སེལ་བདུད་རྩིའི་བུམ་པ་བཞུགས།།


༄༅། །རྨད་བྱུང་སྨོན་ལམ་རིན་ཐང་གིས་ལྕི་བའི། །མཚན་མཆོག་ནོར་བུའི་འོད་ཀྱིས་རེག་མ་ཐག །དུག་གསུམ་གདུང་སེལ་བླ་མ་སྨན་གྱི་ལྷར། །བཏུད་ནས་དེ་སྒྲུབ་བྱིན་རླབས་བཅས་གསལ་བྱ། །གཙང་མའི་གནས་སུ་སྟེགས་བུ་ཁེབས་ཀྱིས་བཀབ་པའི་སྟེང༌། །རྡུལ་ཚོན་ནམ་རས་བྲིས་ཀྱི་པདྨ་འདབ་མ་བཞི་པའི་ལྟེ་བར་མཉྫིའི་སྟེང་བདུད་རྩིས་གང་བའི་བུམ་པ་བཅུད་ལྡན་སྨན་སྣ་ཚོགས་བཏབ་པའི་མགུལ་ཆིངས་ཁ་རྒྱན་གྱི་གསེབ་ཏུ་སྨན་ལྷའི་ཙཀླི་བཙུགས། །ཤར་གྱི་འདབ་མར་མཐིང་ཤུན་ལ་གསེར་གྱིས་བྲིས་པའི་གཟུངས་སྔགས། ལྷོར་ཧཱུྃ་ཡིག་སྔོན་པོ། ནུབ་ཏུ་ལྷུང་བཟེད་བདུད་རྩིས་བཀང་བ། བྱང་དུ་ཨ་རུ་ར། མཐའ་བསྐོར་དུ་ཆུ་གཉིས་སྔོན་དུ་འགྲོ་བའི་ཉེར་སྤྱོད། གཏོར་ཟླུམ་དཀར་པོ་གསུམ། ཁྲུས་བུམ། རོལ་མོ་སོགས་རྫས་དང་ཡོ་བྱད་རྣམས་འདུ་བྱས་ལ། རང་ཉིད་སྐད་ཅིག་གིས་དཔལ་རྟ་མགྲིན་དུ་གསལ་བས་བགེགས་གཏོར། རྃ་ཡྃ་ཁྃ། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿས་བྱིན་གྱིས་བརླབས། ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་སོགས་གྲཱྀཧྣ་ཨི་དཾ་བ་ལིཾ་ཏ་ཁཱ་ཧི། ལན་གསུམ། ཧཱུྃ། བདེ་ཆེན་ཡེ་ཤེས་རང་སྣང་དཀྱིལ་འཁོར་དུ། །སྣང་སྲིད་རྣམ་དག་ཡེ་ཤེས་ལྷ་ཡི་ཚོགས། །ཀུན་བཟང་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང༌། །རིག་རྩལ་རྣམ་དག་ཐབས་ཤེས་གཡུང་དྲུང་ལྷ། །འདི་ལ་ལོག་པར་ལྟ་བའི་དགྲ་དང་བགེགས། །བདུད་སྡེ་དཔུང་བཅས་ཐམས་ཅད་ཕྱིར་དེངས་ཤིག །ཨོཾ་སུཾ་བྷ་ནི་སོགས། ཧཱུྃ། བདག་ཉིད་དཔལ་ཆེན་ཁྲག་འཐུང་ཐུགས་ཀ་ནས། །དྲག་པོའི་བྱིན་རླབས་མཚོན་ཆའི་འོད་ཟེར་འཕྲོས། །མཚོན་ཆའི་གུར་ཆེན་ཡེ་ཤེས་མེ་དཔུང་འབར། །ཕྱོགས་མཚམས་སྟེང་འོག་ཀུན་ཏུ་ཁྱབ་པར་སྲུངས། །ཨོཾ་བཛྲ་ཙཀྲ་ཡཀྵ་ཀརྨ་ཀཱི་ལ་ཡ་ཛྭ་ལ་རཾ། བཛྲ་རཀྵས་ཁྲོ་མཚོན་མེ་དཔུང་གི་སྲུང་འཁོར་བསྒོམས། སྐྱབས་འགྲོ་དང་སེམས་བསྐྱེད་ནི། བདག་དང་ཁམས་གསུམ་སེམས་ཅན་རྣམས། །ལོག་པའི་ལམ་ལས་ལྡོག་ནས་ཀྱང༌། །དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །ཉོན་མོངས་དབང་གྱུར་སྡུག་བསྔལ་ལས། །ཐར་བར་བྱ་ཕྱིར་སེམས་བསྐྱེད་དོ། །བྱིན་འབེབས་ནི། བཻཌཱུར་སྣང་བའི་ཞིང་ཁམས་ནས། །བཅོམ་ལྡན་སྨན་གྱི་བླ་མ་དང༌། །སྨན་བླ་དྲང་སྲོང་རིག་འཛིན་གྱིས། །དབང་བསྐུར་བྱིན་ཆེན་འདིར་ཕོབ་ཅིག །ས་མ་ཡ་ཨ་བེ་ཤ་ཡ་ཨ་ཨཿ ཞེས་བྱིན་དབབ། མཆོད་པ་བྱིན་རླབས་ནི། རྣམ་དག་ཆོས་དབྱིངས་ངང་ཉིད་ལས། །རང་བྱུང་མཆོད་པའི་ཕུང་པོ་ནི། །ཀུན་བཟང་མཆོད་པའི་སྤྲིན་ལྟ་བུས། །དཔག་ཡས་ནམ་མཁའ་གང་བར་གྱུར། །ཨོཾ་ཨ་ཧ་ར་ཨ་ཧ་ར་སརྦ་བིདྱ་དྷཱ་ར་པུ་ཛི་ཏེ་ཨཱཿཧཱུྃ། རྃ་ཡྃ་ཁྃ་གིས་གཏོར་མ་བྱིན་གྱིས་བརླབ། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་པཾ་ལས་པདྨ་དང་ཨཱཿལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རང་གི་རྣམ་པར་ཤེས་པའི་ངོ་བོ་ཨ་རུ་ར་རྣམ་པར་རྒྱལ་བའི་ལྟེ་བ་ལ་ཡིག་གེ་ཧཱུྃ་སྔོན་པོས་མཚན་པ་དེ་ལས་འོད་ཟེར་འཕྲོས། སེམས་ཅན་རྣམས་ཀྱི་སྡིག་སྒྲིབ་དང་བཞི་བརྒྱ་རྩ་བཞིའི་ནད་ཐམས་ཅད་སྦྱངས། ཚུར་འདུས་ཡོངས་སུ་གྱུར་པ་ལས། སྟོན་པ་བཅོམ་ལྡན་འདས་སྨན་གྱི་བླ་བཻཌཱུརྻ་འོད་ཀྱི་རྒྱལ་པོ་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་མཆོག་སྦྱིན་གྱི་ཕྱག་རྒྱས་ཨ་རུ་རའི་སྡོང་པོ་ཡལ་ག་ལོ་འདབ་དང་བཅས་པ་འཛིན་ཅིང༌། གཡོན་མཉམ་བཞག་གི་སྟེང་ན་ལྷུང་བཟེད་བདུད་རྩིས་གང་བ་བསྣམས་པ། ཆོས་གོས་དམར་པོ་སོགས་སྤྲུལ་སྐུའི་ཆ་ལུགས་ཅན། མཚན་དང་དཔེ་བྱད་ཀྱིས་སྤྲས་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། དེའི་འཁོར་དུ་ལྷ་དང་དྲང་སྲོང་རིག་པ་འཛིན་པའི་ཚོགས་ཀྱིས་བསྐོར་བའི་གཙོ་འཁོར་རྣམས་ཀྱི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། དེ་ལས་འོད་ཟེར་འཕྲོས་པས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་སེམས་དཔའི་ཚོགས་ཨོཾ་བཛྲ་ས་མ་ཡ་ཛཿས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿས་གཉིས་སུ་མེད་པར་ཐིམ་པར་བསམ། སླར་ཡང་འོད་འཕྲོས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མ་ཡ་ཛཿས་སྤྱན་དྲངས། ཉེར་སྤྱོད་ལྔས་མཆོད། ཁྱེད་རྣམས་ཀྱིས་བདག་ལ་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། དེ་རྣམས་ཀྱིས། ཇི་ལྟར་བལྟམས་པ་སོགས་ཀྱིས་དབང་བསྐུར། སྐུ་གང༌། དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དབུ་བརྒྱན་པར་བསམ། མཆོད་པ་ནི། ལྷ་དང་ཀླུ་དང་གནོད་སྦྱིན་མི་རྣམས་དང༌། །ཕྱོགས་བཅུའི་བྱང་ཆུབ་སེམས་དཔའི་མཆོད་པ་རྣམས། །ཡོན་ཏན་ཆེན་པོ་འཇིག་རྟེན་གཙོ་ལ་འབུལ། །མཆོག་གི་མཆོད་པ་འདི་དག་བཞེས་སུ་གསོལ། ཨོཾ་ཨ་ཧཱ་ར་ཨ་ཧཱ་ར་སརྦ་བཱིདྱ་དྷཱ་ར་པཱུ་ཛེ་ཏེ་ཨརྒྷཾནས་ཤཔྟ་ཨཱཿཧཱུྃ། གཏོར་མ་འབུལ་བ་ནི། ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་བྷྲཱུཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་ཨཱཿཧཱུྃ་འོད་དུ་ཞུ་བ་ལས་བྱུང་བའི་ལྷའི་ཞལ་ཟས་རོ་བརྒྱ་དང་ལྡན་པའི་གཏོར་མ་ཟག་པ་མེད་པ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཟེར་མ་ལས་འདོད་པའི་ཡོན་ཏན་རབ་འབྱམས་ཀྱི་སྤྲིན་ཕུང་འཕྲོ་བ་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་ཆེན་པོའི་རང་བཞིན་དུ་གྱུར། ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབ། ཏདྱ་ཐཱ། ཨོཾ་བྷཻ་ཥ་ཛྱེ་བྷཻ་ཥ་ཛྱེ། མ་ཧཱ་བྷཻ་ཥ་ཛྱེ། བྷཻ་ཥ་ཛྱེ་རཱ་ཛ་སཱ་མུདྒ་ཏེ་སྭཱ་ཧཱ། ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི། ལན་གསུམ་གྱིས་སྨན་གྱི་བླ་མ་དང༌། ཨོཾ་བྷཻ་ཥ་ཛྱེ་རྀ་ཥི་ལོ་ཀ་པ་ལ་ས་པ་རི་ཝཱ་ར་ཨ་ཀཱ་རོ་སོགས་ཀྱིས་སྨན་གྱི་དྲང་སྲོང་སྤྱི་དང༌། བཛྲ་ཌཱ་ཀི་ནཱི་ཕཻཾ། རཏྣ། པདྨ། ཀརྨ། ས་མ་ཡ། བི་ཤྭ་སརྦ་ལོ་ཀ་ཌཱ་ཀི་ནཱི། ཕཻཾ་གྱི་མཐར་ཨི་དཾ་བ་ལིཾ་སོགས་ཀྱིས་མཁའ་འགྲོ་སྤྱི་ལ་འབུལ། བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་ཨ་ཀཱ་རོ་སོགས་ཀྱིས་གཞི་བདག་སྤྱི་ལ་འབུལ། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་ཀྱིས་འདོད་དོན་གསོལ། བསྟོད་པ་ནི། ཐུགས་རྗེ་ཀུན་ལ་སྙོམས་པའི་བཅོམ་ལྡན་འདས། །མཚན་ཙམ་ཐོས་པས་ངན་འགྲོའི་སྡུག་བསྔལ་སེལ། །དུག་གསུམ་ནད་སེལ་སངས་རྒྱས་སྨན་གྱི་བླ། །བཻཌཱུརྻ་ཡི་ལྷ་ལ་ཕྱག་འཚལ་བསྟོད། །ཐུགས་ཀའི་སྔགས་ཕྲེང་འོད་ཟེར་སྤྲོ་བསྡུ་དང་བཅས་ལ། ཨོཾ་ན་མོ་བྷ་ག་ཝ་ཏེ། བྷེ་ཥ་ཛྱེ་གུ་རུ་བཻཌཱུརྻ་པྲ་བྷ་རཱ་ཛ་ཡ། ཏ་ཐཱ་ག་ཏ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་བྷཻ་ཥ་ཛྱེ་བྷཻ་ཥ་ཛྱེ། མ་ཧཱ་བྷཻ་ཥ་ཛྱེ། བྷཻ་ཥ་ཛྱེ། རཱ་ཛ་སཱ་མུདྒ་ཏེ་སྭཱ་ཧཱ། ཞེས་སྙིང་པོ་དང་ཉེ་བསྙེན་བཟླ། ཡིག་གེ་བརྒྱ་པ་ལན་གསུམ་གྱིས་བྱིན་རླབས་བརྟན་པར་བྱ། མདུན་བསྐྱེད་ལ་དམིགས་ཏེ། སྭ་བྷཱ་ཝས་སྦྱང༌། བྷཱུཾ་ལས་རིན་པོ་ཆེའི་བུམ་པ་ཡངས་ཤིང་རྒྱ་ཆེ་བ་ལྟོ་བ་ལྡིར་བ། ཞབས་ཞུམ་པ། མགྲིན་པ་ཕྲ་བ། ཁ་གཡེལ་བ། མཆུ་འཕྱང་བ། ལྷ་རྫས་ཀྱིས་མགུལ་པ་དཀྲིས་པ། དཔག་བསམ་ཤིང་གིས་ཁ་བརྒྱན་པ། ནང་ཆུ་དང་བཅུད་སྣ་ཚོགས་ཀྱིས་གང་བ་དེའི་དབུས་སུ་པཾ་ལས་པདྨ། ཞེས་པ་ནས་མཆོད་བསྟོད་བཟླས་པའི་བར་གོང་བཞིན་བྱེད། དབང་གིས་སློབ་མ་རྗེས་སུ་བཟུང་ན། སྒོ་དྲུང་དུ་ཁྲུས་བྱས། བགེགས་གཏོར་བཏང༌། སྲུང་འཁོར་བསྒོམ། སྟན་ལ་འཁོད་དེ་སེམས་བསྐྱེད་གསལ་གདབ་རྗེས། ལོ་རྒྱུས་ནི། སྟོན་པ་ཐུགས་རྗེ་ཅན་ལ་འཕགས་པ་འཇམ་དཔལ་གཞོན་ནུ་གྱུར་པས་དུས་སྙིགས་མའི་སེམས་ཅན་བསོད་ནམས་དང་སྐལ་པ་དམན་ཞིང་སྡུག་བསྔལ་ཅན་ལ་ཐབས་ཇི་ལྟར་བགྱི་ཞེས་གསོལ་བ་བཏབ་པ་ལ་ཆེད་དུ་དགོངས་ནས་སྔོན་གྱི་སྨོན་ལམ་ཁྱད་པར་ཅན་གྱི་འབྲས་བུ་མངོན་དུ་མཛད་ནས་མི་མཇེད་ཞིང་གི་ཤར་ཕྱོགས་བལྟ་ན་སྡུག་གི་ཞིང་ཁམས་སུ་སྐུ་འཚོ་ཞིང་བཞུགས་ལ་ཆོས་ཀྱང་སྟོན་བཞིན་པའི་བཅོམ་ལྡན་འདས་སྨན་གྱི་བླ་མ་བཻཌཱུརྻ་འོད་ཀྱི་རྒྱལ་པོའི་མཚན་ནས་བརྗོད་ཅིང་ཕྱག་མཆོད་གསོལ་བ་བཏབ་པའི་ཕན་ཡོན་རྒྱས་པར་གསུངས་པ་ལྟར། སྔ་འགྱུར་བཀའ་མ་སྨན་གྱི་མདོ་སྡེ་བརྒྱད་བརྒྱ་པའི་དགོངས་པ་མཁན་ཆེན་བོ་དྷི་ས་ཏྭས་ཆོས་རྒྱལ་ཁྲི་སྲོང་ལ་གནང་བ་སྨན་ལྷ་ཞེ་བདུན་མའི་དབང་དང་རྗེས་གནང་སོགས་གསར་རྙིང་ཀུན་གྱི་ཕྱག་བཞེས་མཛད་བཞིན་པ་དང༌། གཏེར་གྱི་ཕྱོགས་སུའང་སྒྲུབ་ཐབས་རྗེས་གནང་དུ་མ་བྱོན་པ་ལྟར་འདིར་ཡང་ཀུན་གཟིགས་ལྔ་པ་རིན་པོ་ཆེའི་དག་སྣང་རྒྱ་ཅན་གྱི་བྱེ་བྲག་རྟ་ཞལ་ཡིད་བཞིན་རྒྱ་ཅན་གྱི་ཆོས་སྐོར་ལས་བྱོན་པའི་བཅོམ་ལྡན་འདས་སྨན་གྱི་བླ་མའི་དབང་བསྐུར་བ་སྟེ། དེ་ཡང་སངས་རྒྱས་སྨན་ལྷ་འདིའི་མཚན་བཟུང་བས་འཇིག་རྟེན་གྱི་ཁམས་སྐུ་ཡི་འོད་ཀྱིས་སྣང་བར་འབྱེད་པ་དང༌། དེ་ཐམས་ཅད་ཀྱང་ནོར་བུ་བཻཌཱུརྻའི་མདོག་ཅན་དུ་འགྱུར་བ་དང༌། ལོངས་སྤྱོད་མི་ཟད་པའི་དཔལ་ལ་སྤྱོད་པ་དང༌། ཐམས་ཅད་ཐེག་ཆེན་གྱི་ལམ་ལ་འགོད་པ་དང༌། ཚུལ་ཁྲིམས་མི་ཉམས་པ་དང༌། ལུས་ཀྱི་ཡན་ལག་ཐམས་ཅད་རྫོགས་ཤིང་སྐྱོན་མེད་པ་དང༌། བྱང་ཆུབ་མ་ཐོབ་བར་ནད་གདོན་གྱི་མི་འཚེ་བ་དང༌། བུད་མེད་ཀྱི་ལུས་སུ་མི་འགྱུར་བ་དང༌། ཡང་དག་པའི་ལྟ་བ་བྱང་ཆུབ་ཆེན་པོར་ཞུགས་པ་དང༌། རྒྱལ་པོའི་ཆད་པ་དང༌། བཀྲེས་སྐོམ་དང་དབུལ་ཕོང་ལས་ཐར་པར་གསུངས་པ་སོགས་ཕན་ཡོན་མཐའ་ཡས་པ་དང༌། སྙིགས་མའི་སྐྱབས་གཅིག་ཨོ་རྒྱན་སྨན་བླ་དབྱེར་མེད་དུ་སྒྲུབ་པའི་དབང་བསྐུར་ཞུ་བའི་ཆེད་དུ་མཎྜལ་ཕུལ། གསོལ་བ་གདབ་པ་འདིས་རྗེས་ཟློས་མཛོད། སེམས་ཅན་སྒྱུ་ལུས་འཇིག་པའི་ནད་བྱུང་ཚེ། །མི་ཟད་སྡུག་བསྔལ་ནད་ཀྱིས་ཉེན་པ་ན། །ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས། །ཨོ་རྒྱན་སྨན་གྱི་ལྷ་དང་དབྱེར་མེད་པས། །ཚེ་ཟད་མ་ཡིན་བར་ཆད་ངེས་པར་སེལ། །ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས། །བདག་ལ་དབང་བསྐུར་བྱིན་གྱི་བརླབ་ཏུ་གསོལ། ལན་གསུམ། མདུན་གྱི་ནམ་མཁར་བདེ་གཤེགས་སྨན་གྱི་བླ་མ་ལ་སངས་རྒྱས་བྱང་ཆུབ་སེམས་དཔའ་ཉན་རང་གི་དགེ་འདུན་སོགས་སྐྱབས་ཡུལ་རྒྱ་མཚོའི་སྤྱན་སྔར་རང་གཞན་སེམས་ཅན་ཐམས་ཅད་འདི་ནས་བྱང་ཆུབ་མ་ཐོབ་བར་རྩེ་གཅིག་གུས་པས་སྐྱབས་སུ་མཆི་ཞིང༌། མ་གྱུར་མཁའ་ཁྱབ་ཀྱི་ཡིད་ཅན་ཐམས་ཅད་ཐར་པ་བླ་ན་མེད་པའི་གོ་འཕང་ལ་འགོད་པའི་ཆེད་དུ་བདེ་གཤེགས་སྨན་གྱི་བླ་མའི་རྣམ་ཐར་དང་ཐུགས་བསྐྱེད་ཀྱི་རྗེས་སུ་སློབ་སྙམ་པས། བདག་གཞན་ཁམས་གསུམ་སོགས་ལས་བྱང་ལྟར་ལན་གསུམ་བྱ། དབང་གི་གཞི་འགོད་པའི་ཆེད་དུ་ཡེ་ཤེས་པ་དབབ་པ་ལ་དམིགས་པ་འདི་བཞིན་མཛོད། ཨོཾ་མ་ཧཱ་ཤཱུ་ནྱ་ཏ་སོགས་ཀྱི་སྣོད་བཅུད་ཐ་མལ་གྱི་སྣང་ཆ་མི་དམིགས་པ་སྟོང་པར་སྦྱངས་བའི་ངང་ལས་གནས་ཡུལ་རྣམ་པར་དག་པ་ཤར་ཕྱོགས་བལྟ་ན་སྡུག་གི་ཞིང་གི་བཀོད་པ་ཕུན་སུམ་ཚོགས་པའི་དབུས་སུ་པདྨ་དང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་སློབ་མའི་སེམས་ཉིད་ཧཱུྃ་ཡིག་ཡོངས་སུ་གྱུར་པ་ལས་སྟོན་པ་བཅོམ་ལྡན་འདས་སྨན་གྱི་བླ་བཻཌཱུརྻ་འོད་ཀྱི་རྒྱལ་པོ་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་མཆོག་སྦྱིན་གྱི་ཕྱག་རྒྱས་ཨ་རུའི་སྡོང་པོ་ཡལ་ག་ལོ་འདབ་དང་བཅས་པ་འཛིན་ཅིང༌། གཡོན་མཉམ་བཞག་གི་སྟེང་ན་ལྷུང་བཟེད་བདུད་རྩིས་གང་བ་བསྣམས་པ། ཆོས་གོས་དམར་པོ་སོགས་སྤྲུལ་སྐུའི་ཆ་ལུགས་ཅན། མཚན་དང་དཔེ་བྱད་ཀྱིས་སྤྲས་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། དེ་ལས་འོད་ཟེར་འཕྲོས་པས་སློབ་དཔོན་དང་མདུན་བསྐྱེད་ཀྱི་ལྷ་ཚོགས་རྣམས་ཀྱིས་ཐུགས་རྒྱུད་བསྐུལ་བས་ཕྱོགས་བཅུའི་ཞིང་རབ་འབྱམས་ནས་དེ་བཞིན་གཤེགས་པ་སྲས་དང་བཅས་པ་ཐམས་ཅད་བདེ་གཤེགས་སྨན་གྱི་བླ་མའི་རྣམ་པ་ཁ་ཆར་བུ་ཡུག་འཚུབས་པ་ལྟར་བྱོན་ནས་གཉིས་སུ་མེད་པར་ཐིམ་པར་བསམ་ལ། གདུང་ཤུགས་བསྐྱེད་ཅིང་ཌཱ་དྲིལ་དབྱངས་དང་བཅས་པས། ཧཱུྃ། བཻཌཱུར་སྣང་བའི་ཞིང་ཁམས་ནས། །བཅོམ་ལྡན་སྨན་གྱི་བླ་མ་དང༌། །སྨན་བླ་དྲང་སྲོང་རིག་འཛིན་གྱིས། །དབང་བསྐུར་བྱིན་ཆེན་འདིར་ཕོབ་ཅིག །རྩ་སྔགས་མཐར་ཨ་བེ་ཤ་ཡ་ཨ་ཨཿ བཏགས་པ་ཡང་ཡང་བརྗོད། མཐར་བརྟན་པར་བྱ་བའི་ཕྱིར་རྡོ་རྗེ་སྤྱི་བོར་རྒྱ་གྲམ་དུ་བཞག་ལ། ཏིཥྛ་བཛྲས་བརྟན་པར་བྱ། དེ་ནས་དབང་དངོས་ལ། དང་པོ་བུམ་པའི་དབང་བསྐུར་བ་ལ། ནམ་མཁའ་གང་བའི་དབང་གི་ལྷ་ཚོགས་རྣམས་ཀྱིས་བཀྲ་ཤིས་པའི་རྣམ་པ་དུ་མ་དང་ལྡན་པས་བུམ་པ་ཕྱག་ཏུ་བཟུང་སྟེ་དབང་བསྐུར་བར་མོས་ཤིག །ཇི་ལྟར་བལྟམས་པ་སོགས་མཐར། ཏདྱ་ཐཱ། ཨོཾ་བྷཻ་ཥ་ཛྱེ་བྷཻ་ཥ་ཛྱེ་མ་ཧཱ་བྷཻ་ཥ་ཛྱེ་རཱ་ཛ་ས་མུདྒ་ཏེ་སྭཱ་ཧཱ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་དབང་བསྐུར་བས་བུམ་པའི་ནང་གི་བཅོམ་ལྡན་འདས་ཀྱི་ཕྱག་གི་ཨ་རུ་ར་དང༌། ལྷུང་བཟེད་ལས་བདུད་རྩི་སྨན་གྱི་རྒྱུན་བབས་ཏེ་སྤྱི་བོ་ནས་ཞུགས། ལུས་ཀྱི་ནང་ཐམས་ཅད་གང༌། ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་དང་དེས་བསྐྱེད་པའི་བཞི་བརྒྱ་རྩ་བཞིའི་ནད་སོགས་སྡུག་བསྔལ་ཐམས་ཅད་བྱང་ཞིང་དག །སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐོབ་པར་དམིགས། དེ་ལྟར་བུམ་པའི་དབང་བསྐུར་བས་ཡེ་ཤེས་བདུད་རྩིའི་ཆུས་སྐུ་གང༌། དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དབུ་བརྒྱན་པར་གྱུར། རྗེས་འབྲེལ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དབང་ལྔས་ནུས་པ་བརྟན་པའི་ཕྱིར། བཅོམ་ལྡན་འདས་ཀྱི་སྨིན་མཚམས་ནས་རང་འདྲ་དཔག་ཏུ་མེད་པ་སྨན་གྱི་དྲང་སྲོང་རིག་འཛིན་གྱིས་བསྐོར་བ་བྱོན། སློབ་མའི་སྨིན་མཚམས་སུ་ཐིམ་པས་སྐུའི་བྱིན་བརླབ་ཐོབ་པར་མོས། སྐུ་ཙཀ་དཔྲལ་བར་བཞག་སྟེ། ཐུགས་རྗེས་ཀུན་ལ་སྙོམ་པའི་བཅོམ་ལྡན་འདས། །མཚན་ཙམ་ཐོས་པས་ངན་འགྲོའི་སྡུག་བསྔལ་སེལ། །དུག་གསུམ་ནད་སེལ་སངས་རྒྱས་སྨན་གྱི་བླ། །བཻཌཱུརྻ་དེའི་སྐུ་ཡིས་བྱིན་གྱིས་རློབས། ཏདྱ་ཐཱ། ཨོཾ་བྷཻ་ཥ་ཛྱེ་བྷཻ་ཥ་ཛྱེ་མ་ཧཱ་བྷཻ་ཥ་ཛྱེ་རཱ་ཛ་ས་མུདྒ་ཏེ་སྭཱ་ཧཱ། ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ། ཡང་བཅོམ་ལྡན་འདས་ཀྱི་མགྲིན་པ་ནས་གཟུངས་སྔགས་ཀྱི་ཕྲེང་བ་དཔག་ཏུ་མེད་པ་བྱོན། སློབ་མའི་མགྲིན་པར་ཐིམ་པས་གསུང་གི་བྱིན་རླབས་ཐོབ་པར་མོས་ལ། སྔགས་བྱང་མགྲིན་པར་བཞག་སྟེ། ཐུགས་རྗེའི་ཀུན་ལ་སྙོམས་སོགས། བཻཌཱུརྻ་ཡི་གསུང་གིས་བྱིན་གྱིས་རློབས། གཟུངས་སྔགས་མཐར། ཝཱཀ྄་ཨ་བྷི་ཥིཉྩ་ཨཱཿ བཅོམ་ལྡན་འདས་ཀྱི་ཐུགས་ཀ་ནས་ཧཱུྃ་ཡིག་མཐིང་ག་བྱོན། སློབ་མའི་སྙིང་གར་ཐིམ་པས་ཐུགས་ཀྱི་བྱིན་རླབས་ཐོབ་པར་མོས་ཤིག །ཧཱུྃ་ཡིག་སྙིང་གར་བཞག་སྟེ། ཐུགས་རྗེས་ཀུན་ལ་སྙོམས་སོགས། བཻཌཱུརྻ་དེས་ཐུགས་ཀྱི་དབང་ཐོབ་ཤོག །གཟུངས་མཐར། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ བཅོམ་ལྡན་འདས་ཀྱི་ལྟེ་བ་ནས་བཻཌཱུརྻ་ཡའི་ལྷུང་བཟེད་བདུད་རྩིས་གང་བ་བྱུང༌། སློབ་མའི་ལྟེ་བར་ཐིམ་པས་ཡོན་ཏན་གྱི་བྱིན་རླབས་ཐོབ་པར་མོས་པས། ལྷུང་བཟེད་ལྟེ་བར་བཞག་སྟེ། ཐུགས་རྗེས་ཀུན་ལ་སྙོམས་སོགས། བཻཌཱུརྻ་དེའི་ཡོན་ཏན་དབང་ཐོབ་ཤོག །རྩ་སྔགས། གུ་ཎ་ཨ་བྷི་ཥིཉྩ་སྭཱ། བཅོམ་ལྡན་འདས་ཀྱི་གསང་གནས་ནས་ཨ་རུ་ར་ལོ་མ་དང་བཅས་པ་བྱུང༌། སློབ་མའི་གསང་བར་ཐིམ་པས་ཕྲིན་ལས་ཀྱི་བྱིན་གྱིས་རློབ་པར་མོས་ཤིག །ཨ་རུ་ར་གསང་བར་བཞག་སྟེ། ཐུགས་རྗེས་ཀུན་ལ་སྙོམས་སོགས། བཻཌཱུརྻ་དེས་ཕྲིན་ལས་དབང་ཐོབ་ཤོག །རྩ་སྔགས་མཐར། ཀརྨ་ཨ་བྷི་ཥིཉྩ་ཧཱཿ མཚན་ལེགས་རིན་ཟླ་གསེར་བཟང་མྱ་ངན་མེད། །ཆོས་བློ་མངོན་མཁྱེན་སྨན་བླ་ཤཱཀྱ་ཐུབ། །རྒྱ་ཆེན་སྨོན་ལམ་ཡོངས་སུ་རྫོགས་མཛད་པའི། །བདེ་བར་གཤེགས་པ་བརྒྱད་ཀྱི་བཀྲ་ཤིས་ཤོག །ཚངས་དང་བརྒྱ་བྱིན་རྒྱལ་ཆེན་ཕྱོགས་སྐྱོང་བཅུ། །གནོད་སྦྱིན་སྡེ་དཔོན་བཅུ་གཉིས་གཡོག་དང་བཅས། །ལྷ་མི་སྨན་གྱི་དྲང་སྲོང་རིག་འཛིན་ཚོགས། །བདུད་རྩི་སྨན་གྱི་ལྷ་ཡི་བཀྲ་ཤིས་ཤོག །ཅེས་ཤིས་པ་བརྗོད་ཅིང་མེ་ཏོག་འཐོར། དེ་དག་གིས་བདེ་གཤེགས་སྨན་པའི་རྒྱལ་པོའི་སྐུ་གསུང་ཐུགས་ཀྱི་དབང་བསྐུར་ལེགས་པར་ཐོབ་པ་ཡིན་པས་རྟག་པར་སངས་རྒྱས་དེའི་ཡོན་ཏན་རྗེས་སུ་དྲན་པས་མཚན་ནས་བརྗོད་ཅིང་གཟུགས་སྔགས་བཟླ་བ་དང༌། སྨན་མདོ་རྒྱས་བསྡུས་ཁ་ཏོན་བྱ་བ་སོགས་དམ་ཚིག་རྣམས་ཚུལ་བཞིན་སྲུང་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས། ས་གཞི་སྤོས་ཆུས་སོགས་དང༌། དེང་ནས་བརྩམས་ཏེ་སོགས་དམ་ཚིག་ཁས་བླང༌། མཎྜལ། ལུས་འབུལ། དགེ་བསྔོ་བཅས་བྱས་ལ་སློབ་མ་རྣམས་གྲོལ། སློབ་དཔོན་གྱིས་བུམ་ལྷ་ལ་མཆོད་བསྟོད། ནོངས་བཤགས་བྱས་ལ་ཡེ་ཤེས་པ་བཛྲ་མུས་གཤེགས། དམ་ཚིག་པ་རང་ལ་བསྡུ། དགེ་བསྔོ། ཤིས་བརྗོད་སྤྱི་ལྟར་བྱས་པས་གྲུབ་པའོ། །ཐུགས་བསྐྱེད་འགྱུརྃ་མེདྃ་རིན་ཆེན་དབང་གི་རྒྱལ། །ཕན་བདེའི་འདོད་འཇོའི་དབང་དང་སྒྲུབ་ཐབས་བཅས། །སྔ་འགྱུར་ཐེགྃ་མཆོྃག་བསྟནྃ་པའིྃ་ཕྱག་བཞེས་བཞིན། །རིན་ཆེན་རྒྱལྃ་མཚྃན་བསྒྲེངས་འདིས་མཛེས་པར་ཤོག །རྟ་ཞལ་ཡིད་བཞིན་རྒྱ་ཅན་གྱི་སྨན་བླའི་སྒྲུབ་ཐབས་དང་དབང་གི་ལེའུ་ཚན་ནོ།། །།
[edit]

@#/_rta zhal yid bzhin rgya can las/_bcom ldan 'das sman gyi bla ma'i byin rlabs sgrub thabs dang bcas pa dug gsum rgyu 'bras nad sel bdud rtsi'i bum pa bzhugs//


@#/_/rmad byung smon lam rin thang gis lci ba'i/_/mtshan mchog nor bu'i 'od kyis reg ma thag_/dug gsum gdung sel bla ma sman gyi lhar/_/btud nas de sgrub byin rlabs bcas gsal bya/_/gtsang ma'i gnas su stegs bu khebs kyis bkab pa'i steng*/_/rdul tshon nam ras bris kyi pad+ma 'dab ma bzhi pa'i lte bar many+dzi'i steng bdud rtsis gang ba'i bum pa bcud ldan sman sna tshogs btab pa'i mgul chings kha rgyan gyi gseb tu sman lha'i tsakli btsugs/_/shar gyi 'dab mar mthing shun la gser gyis bris pa'i gzungs sngags/_lhor hU~M yig sngon po/_nub tu lhung bzed bdud rtsis bkang ba/_byang du a ru ra/_mtha' bskor du chu gnyis sngon du 'gro ba'i nyer spyod/_gtor zlum dkar po gsum/_khrus bum/_rol mo sogs rdzas dang yo byad rnams 'du byas la/_rang nyid skad cig gis dpal rta mgrin du gsal bas bgegs gtor/_ra~M ya~M kha~M/_oM AHhU~M ha ho hrIHsa byin gyis brlabs/_na maHsarba ta thA ga ta b+h+yo bi shwa sogs gr-Ih+na i daM ba liM ta khA hi/_lan gsum/_hU~M/_bde chen ye shes rang snang dkyil 'khor du/_/snang srid rnam dag ye shes lha yi tshogs/_/kun bzang chos kyi dbyings las ma g.yos kyang*/_/rig rtsal rnam dag thabs shes g.yung drung lha/_/'di la log par lta ba'i dgra dang bgegs/_/bdud sde dpung bcas thams cad phyir dengs shig_/oM suM b+ha ni sogs/_hU~M/_bdag nyid dpal chen khrag 'thung thugs ka nas/_/drag po'i byin rlabs mtshon cha'i 'od zer 'phros/_/mtshon cha'i gur chen ye shes me dpung 'bar/_/phyogs mtshams steng 'og kun tu khyab par srungs/_/oM badz+ra tsakra yak+Sha karma kI la ya dz+wa la raM/_badz+ra rak+Shas khro mtshon me dpung gi srung 'khor bsgoms/_skyabs 'gro dang sems bskyed ni/_bdag dang khams gsum sems can rnams/_/log pa'i lam las ldog nas kyang*/_/dkon mchog gsum la skyabs su mchi/_/nyon mongs dbang gyur sdug bsngal las/_/thar bar bya phyir sems bskyed do/__/byin 'bebs ni/_baiDUr snang ba'i zhing khams nas/_/bcom ldan sman gyi bla ma dang*/_/sman bla drang srong rig 'dzin gyis/_/dbang bskur byin chen 'dir phob cig_/sa ma ya a be sha ya a aH_zhes byin dbab/_mchod pa byin rlabs ni/_rnam dag chos dbyings ngang nyid las/_/rang byung mchod pa'i phung po ni/_/kun bzang mchod pa'i sprin lta bus/_/dpag yas nam mkha' gang bar gyur/_/oM a ha ra a ha ra sarba bid+ya d+hA ra pu dzi te AHhU~M/_ra~M ya~M kha~M gis gtor ma byin gyis brlab/_swa b+hA was sbyang*/_stong pa'i ngang las paM las pad+ma dang AHlas zla ba'i dkyil 'khor gyi steng du rang gi rnam par shes pa'i ngo bo a ru ra rnam par rgyal ba'i lte ba la yig ge hU~M sngon pos mtshan pa de las 'od zer 'phros/_sems can rnams kyi sdig sgrib dang bzhi brgya rtsa bzhi'i nad thams cad sbyangs/_tshur 'dus yongs su gyur pa las/_ston pa bcom ldan 'das sman gyi bla baiDUr+Ya 'od kyi rgyal po sku mdog sngon po zhal gcig phyag gnyis pa/_g.yas mchog sbyin gyi phyag rgyas a ru ra'i sdong po yal ga lo 'dab dang bcas pa 'dzin cing*/_g.yon mnyam bzhag gi steng na lhung bzed bdud rtsis gang ba bsnams pa/_chos gos dmar po sogs sprul sku'i cha lugs can/_mtshan dang dpe byad kyis spras pa/_zhabs rdo rje'i skyil krung gis bzhugs pa/_de'i 'khor du lha dang drang srong rig pa 'dzin pa'i tshogs kyis bskor ba'i gtso 'khor rnams kyi dpral bar oM/_mgrin par AH_thugs kar hU~M/_de las 'od zer 'phros pas bsgoms pa dang 'dra ba'i ye shes sems dpa'i tshogs oM badz+ra sa ma ya dzaHsa spyan drangs/_dzaHhU~M baM hoHsa gnyis su med par thim par bsam/_slar yang 'od 'phros dbang gi lha rigs lnga 'khor dang bcas pa oM badz+ra sa ma ya dzaHsa spyan drangs/_nyer spyod lngas mchod/_khyed rnams kyis bdag la dbang bskur du gsol/_zhes gsol ba btab pas/_de rnams kyis/_ji ltar bltams pa sogs kyis dbang bskur/_sku gang*/_dri ma dag_/chu'i lhag ma yar lud pa las mi bskyod pas dbu brgyan par bsam/_mchod pa ni/_lha dang klu dang gnod sbyin mi rnams dang*/_/phyogs bcu'i byang chub sems dpa'i mchod pa rnams/_/yon tan chen po 'jig rten gtso la 'bul/_/mchog gi mchod pa 'di dag bzhes su gsol/_oM a hA ra a hA ra sarba bId+ya d+hA ra pU dze te ar+g+haMnas shap+ta AHhU~M/_gtor ma 'bul ba ni/_a mr-i tas bsang*/_swa b+hA was sbyang*/_stong pa'i ngang las b+h+rUM las rin po che'i snod yangs shing rgya che ba rnams kyi nang du oM AHhU~M 'od du zhu ba las byung ba'i lha'i zhal zas ro brgya dang ldan pa'i gtor ma zag pa med pa ye shes kyi bdud rtsi'i rgya mtsho zer ma las 'dod pa'i yon tan rab 'byams kyi sprin phung 'phro ba kun tu bzang po'i mchod pa'i sprin chen po'i rang bzhin du gyur/_oM AHhU~M gis byin gyis brlab/_tad+ya thA/_oM b+hai Sha dz+ye b+hai Sha dz+ye/_ma hA b+hai Sha dz+ye/_b+hai Sha dz+ye rA dza sA mud+ga te swA hA/_sa pa ri wA ra i daM ba liM ta kha kha khA hi/_lan gsum gyis sman gyi bla ma dang*/_oM b+hai Sha dz+ye r-i Shi lo ka pa la sa pa ri wA ra a kA ro sogs kyis sman gyi drang srong spyi dang*/_badz+ra DA ki nI phaiM/_rat+na/_pad+ma/_karma/_sa ma ya/_bi shwa sarba lo ka DA ki nI/_phaiM gyi mthar i daM ba liM sogs kyis mkha' 'gro spyi la 'bul/_b+hU mi pa ti sa pa ri wA ra a kA ro sogs kyis gzhi bdag spyi la 'bul/_mchod sbyin gtor ma 'di bzhes la/_/sogs kyis 'dod don gsol/_bstod pa ni/_thugs rje kun la snyoms pa'i bcom ldan 'das/_/mtshan tsam thos pas ngan 'gro'i sdug bsngal sel/_/dug gsum nad sel sangs rgyas sman gyi bla/_/baiDUr+Ya yi lha la phyag 'tshal bstod/_/thugs ka'i sngags phreng 'od zer spro bsdu dang bcas la/_oM na mo b+ha ga wa te/_b+he Sha dz+ye gu ru baiDUr+Ya pra b+ha rA dza ya/_ta thA ga ta ya/_ar+ha te samyak+saM bud+d+hA ya/_tad+ya thA/_oM b+hai Sha dz+ye b+hai Sha dz+ye/_ma hA b+hai Sha dz+ye/_b+hai Sha dz+ye/_rA dza sA mud+ga te swA hA/_zhes snying po dang nye bsnyen bzla/_yig ge brgya pa lan gsum gyis byin rlabs brtan par bya/_mdun bskyed la dmigs te/_swa b+hA was sbyang*/_b+hUM las rin po che'i bum pa yangs shing rgya che ba lto ba ldir ba/_zhabs zhum pa/_mgrin pa phra ba/_kha g.yel ba/_mchu 'phyang ba/_lha rdzas kyis mgul pa dkris pa/_dpag bsam shing gis kha brgyan pa/_nang chu dang bcud sna tshogs kyis gang ba de'i dbus su paM las pad+ma/_zhes pa nas mchod bstod bzlas pa'i bar gong bzhin byed/_dbang gis slob ma rjes su bzung na/_sgo drung du khrus byas/_bgegs gtor btang*/_srung 'khor bsgom/_stan la 'khod de sems bskyed gsal gdab rjes/_lo rgyus ni/_ston pa thugs rje can la 'phags pa 'jam dpal gzhon nu gyur pas dus snyigs ma'i sems can bsod nams dang skal pa dman zhing sdug bsngal can la thabs ji ltar bgyi zhes gsol ba btab pa la ched du dgongs nas sngon gyi smon lam khyad par can gyi 'bras bu mngon du mdzad nas mi mjed zhing gi shar phyogs blta na sdug gi zhing khams su sku 'tsho zhing bzhugs la chos kyang ston bzhin pa'i bcom ldan 'das sman gyi bla ma baiDUr+Ya 'od kyi rgyal po'i mtshan nas brjod cing phyag mchod gsol ba btab pa'i phan yon rgyas par gsungs pa ltar/_snga 'gyur bka' ma sman gyi mdo sde brgyad brgya pa'i dgongs pa mkhan chen bo d+hi sa twas chos rgyal khri srong la gnang ba sman lha zhe bdun ma'i dbang dang rjes gnang sogs gsar rnying kun gyi phyag bzhes mdzad bzhin pa dang*/_gter gyi phyogs su'ang sgrub thabs rjes gnang du ma byon pa ltar 'dir yang kun gzigs lnga pa rin po che'i dag snang rgya can gyi bye brag rta zhal yid bzhin rgya can gyi chos skor las byon pa'i bcom ldan 'das sman gyi bla ma'i dbang bskur ba ste/_de yang sangs rgyas sman lha 'di'i mtshan bzung bas 'jig rten gyi khams sku yi 'od kyis snang bar 'byed pa dang*/_de thams cad kyang nor bu baiDUr+Ya'i mdog can du 'gyur ba dang*/_longs spyod mi zad pa'i dpal la spyod pa dang*/_thams cad theg chen gyi lam la 'god pa dang*/_tshul khrims mi nyams pa dang*/_lus kyi yan lag thams cad rdzogs shing skyon med pa dang*/_byang chub ma thob bar nad gdon gyi mi 'tshe ba dang*/_bud med kyi lus su mi 'gyur ba dang*/_yang dag pa'i lta ba byang chub chen por zhugs pa dang*/_rgyal po'i chad pa dang*/_bkres skom dang dbul phong las thar par gsungs pa sogs phan yon mtha' yas pa dang*/_snyigs ma'i skyabs gcig o rgyan sman bla dbyer med du sgrub pa'i dbang bskur zhu ba'i ched du maN+Dal phul/_gsol ba gdab pa 'dis rjes zlos mdzod/_sems can sgyu lus 'jig pa'i nad byung tshe/_/mi zad sdug bsngal nad kyis nyen pa na/_/yid gnyis the tshom med par gsol ba 'debs/_/o rgyan sman gyi lha dang dbyer med pas/_/tshe zad ma yin bar chad nges par sel/_/o rgyan pad+ma 'byung gnas la gsol ba 'debs/_/bdag la dbang bskur byin gyi brlab tu gsol/_lan gsum/_mdun gyi nam mkhar bde gshegs sman gyi bla ma la sangs rgyas byang chub sems dpa' nyan rang gi dge 'dun sogs skyabs yul rgya mtsho'i spyan sngar rang gzhan sems can thams cad 'di nas byang chub ma thob bar rtse gcig gus pas skyabs su mchi zhing*/_ma gyur mkha' khyab kyi yid can thams cad thar pa bla na med pa'i go 'phang la 'god pa'i ched du bde gshegs sman gyi bla ma'i rnam thar dang thugs bskyed kyi rjes su slob snyam pas/_bdag gzhan khams gsum sogs las byang ltar lan gsum bya/_dbang gi gzhi 'god pa'i ched du ye shes pa dbab pa la dmigs pa 'di bzhin mdzod/_oM ma hA shU n+ya ta sogs kyi snod bcud tha mal gyi snang cha mi dmigs pa stong par sbyangs ba'i ngang las gnas yul rnam par dag pa shar phyogs blta na sdug gi zhing gi bkod pa phun sum tshogs pa'i dbus su pad+ma dang zla ba'i dkyil 'khor gyi steng du slob ma'i sems nyid hU~M yig yongs su gyur pa las ston pa bcom ldan 'das sman gyi bla baiDUr+Ya 'od kyi rgyal po sku mdog sngon po zhal gcig phyag gnyis pa/_g.yas mchog sbyin gyi phyag rgyas a ru'i sdong po yal ga lo 'dab dang bcas pa 'dzin cing*/_g.yon mnyam bzhag gi steng na lhung bzed bdud rtsis gang ba bsnams pa/_chos gos dmar po sogs sprul sku'i cha lugs can/_mtshan dang dpe byad kyis spras pa/_zhabs rdo rje'i skyil mo krung gis bzhugs pa'i dpral bar oM/_mgrin par AH_thugs kar hU~M/_de las 'od zer 'phros pas slob dpon dang mdun bskyed kyi lha tshogs rnams kyis thugs rgyud bskul bas phyogs bcu'i zhing rab 'byams nas de bzhin gshegs pa sras dang bcas pa thams cad bde gshegs sman gyi bla ma'i rnam pa kha char bu yug 'tshubs pa ltar byon nas gnyis su med par thim par bsam la/_gdung shugs bskyed cing DA dril dbyangs dang bcas pas/_hU~M/_baiDUr snang ba'i zhing khams nas/_/bcom ldan sman gyi bla ma dang*/_/sman bla drang srong rig 'dzin gyis/_/dbang bskur byin chen 'dir phob cig_/rtsa sngags mthar a be sha ya a aH_btags pa yang yang brjod/_mthar brtan par bya ba'i phyir rdo rje spyi bor rgya gram du bzhag la/_tiSh+Tha badz+ras brtan par bya/_de nas dbang dngos la/_dang po bum pa'i dbang bskur ba la/_nam mkha' gang ba'i dbang gi lha tshogs rnams kyis bkra shis pa'i rnam pa du ma dang ldan pas bum pa phyag tu bzung ste dbang bskur bar mos shig_/ji ltar bltams pa sogs mthar/_tad+ya thA/_oM b+hai Sha dz+ye b+hai Sha dz+ye ma hA b+hai Sha dz+ye rA dza sa mud+ga te swA hA/_oM sarba ta thA ga ta a b+hi She ka te sa ma ya shrI ye hU~M/_zhes dbang bskur bas bum pa'i nang gi bcom ldan 'das kyi phyag gi a ru ra dang*/_lhung bzed las bdud rtsi sman gyi rgyun babs te spyi bo nas zhugs/_lus kyi nang thams cad gang*/_thog med nas bsags pa'i sdig sgrib nyes ltung dang des bskyed pa'i bzhi brgya rtsa bzhi'i nad sogs sdug bsngal thams cad byang zhing dag_/sku gsung thugs kyi byin rlabs thob par dmigs/_de ltar bum pa'i dbang bskur bas ye shes bdud rtsi'i chus sku gang*/_dri ma dag_/chu'i lhag ma yar lud pa las mi bskyod pas dbu brgyan par gyur/_rjes 'brel sku gsung thugs yon tan phrin las kyi dbang lngas nus pa brtan pa'i phyir/_bcom ldan 'das kyi smin mtshams nas rang 'dra dpag tu med pa sman gyi drang srong rig 'dzin gyis bskor ba byon/_slob ma'i smin mtshams su thim pas sku'i byin brlab thob par mos/_sku tsaka dpral bar bzhag ste/_thugs rjes kun la snyom pa'i bcom ldan 'das/_/mtshan tsam thos pas ngan 'gro'i sdug bsngal sel/_/dug gsum nad sel sangs rgyas sman gyi bla/_/baiDUr+Ya de'i sku yis byin gyis rlobs/_tad+ya thA/_oM b+hai Sha dz+ye b+hai Sha dz+ye ma hA b+hai Sha dz+ye rA dza sa mud+ga te swA hA/_kA ya a b+hi Shiny+tsa oM/_yang bcom ldan 'das kyi mgrin pa nas gzungs sngags kyi phreng ba dpag tu med pa byon/_slob ma'i mgrin par thim pas gsung gi byin rlabs thob par mos la/_sngags byang mgrin par bzhag ste/_thugs rje'i kun la snyoms sogs/_baiDUr+Ya yi gsung gis byin gyis rlobs/_gzungs sngags mthar/_wAka? a b+hi Shiny+tsa AH_bcom ldan 'das kyi thugs ka nas hU~M yig mthing ga byon/_slob ma'i snying gar thim pas thugs kyi byin rlabs thob par mos shig_/hU~M yig snying gar bzhag ste/_thugs rjes kun la snyoms sogs/_baiDUr+Ya des thugs kyi dbang thob shog_/gzungs mthar/_tsit+ta a b+hi Shiny+tsa hU~M:_bcom ldan 'das kyi lte ba nas baiDUr+Ya ya'i lhung bzed bdud rtsis gang ba byung*/_slob ma'i lte bar thim pas yon tan gyi byin rlabs thob par mos pas/_lhung bzed lte bar bzhag ste/_thugs rjes kun la snyoms sogs/_baiDUr+Ya de'i yon tan dbang thob shog_/rtsa sngags/_gu Na a b+hi Shiny+tsa swA/_bcom ldan 'das kyi gsang gnas nas a ru ra lo ma dang bcas pa byung*/_slob ma'i gsang bar thim pas phrin las kyi byin gyis rlob par mos shig_/a ru ra gsang bar bzhag ste/_thugs rjes kun la snyoms sogs/_baiDUr+Ya des phrin las dbang thob shog_/rtsa sngags mthar/_karma a b+hi Shiny+tsa hAH_mtshan legs rin zla gser bzang mya ngan med/_/chos blo mngon mkhyen sman bla shAkya thub/_/rgya chen smon lam yongs su rdzogs mdzad pa'i/_/bde bar gshegs pa brgyad kyi bkra shis shog_/tshangs dang brgya byin rgyal chen phyogs skyong bcu/_/gnod sbyin sde dpon bcu gnyis g.yog dang bcas/_/lha mi sman gyi drang srong rig 'dzin tshogs/_/bdud rtsi sman gyi lha yi bkra shis shog_/ces shis pa brjod cing me tog 'thor/_de dag gis bde gshegs sman pa'i rgyal po'i sku gsung thugs kyi dbang bskur legs par thob pa yin pas rtag par sangs rgyas de'i yon tan rjes su dran pas mtshan nas brjod cing gzugs sngags bzla ba dang*/_sman mdo rgyas bsdus kha ton bya ba sogs dam tshig rnams tshul bzhin srung snyam pas 'di'i rjes zlos mdzod/_gtso bos ji ltar sogs/_sa gzhi spos chus sogs dang*/_deng nas brtsams te sogs dam tshig khas blang*/_maN+Dal/_lus 'bul/_dge bsngo bcas byas la slob ma rnams grol/_slob dpon gyis bum lha la mchod bstod/_nongs bshags byas la ye shes pa badz+ra mus gshegs/_dam tshig pa rang la bsdu/_dge bsngo/_shis brjod spyi ltar byas pas grub pa'o/__/thugs bskyed 'gyura~M meda~M rin chen dbang gi rgyal/_/phan bde'i 'dod 'jo'i dbang dang sgrub thabs bcas/_/snga 'gyur thega~M mcho~Mg bstana~M pa'i~M phyag bzhes bzhin/_/rin chen rgyala~M mtsha~Mn bsgrengs 'dis mdzes par shog_/rta zhal yid bzhin rgya can gyi sman bla'i sgrub thabs dang dbang gi le'u tshan no//__//

Footnotes

Other Information