DKR-KABUM-11-DA-009

From Khyentse Lineage - A Tsadra Foundation Project
Revision as of 13:58, 1 December 2022 by Mort (talk | contribs)

DKR-KABUM-11-DA-009

དག་སྣང་ཆོས་སྐོར་ལས། སྐྱེས་བུ་གེ་སར་དགྲ་ལྷའི་རྒྱལ་པོའི་གསང་མདོས་དམ་ཅན་དགྱེས་སྐོང་རྩ་བ།
Wylie title dag snang chos skor las/ skyes bu ge sar dgra lha'i rgyal po'i gsang mdos dam can dgyes skong rtsa ba DKR-KABUM-11-DA-009.pdf
Location dil mgo mkhyen brtse bka' 'bum
Volume 11, Text 9, Pages 43-45 (Folios 1a to 3b6)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Citation Khyentse, Dilgo. Dag snang chos skor las skyes bu ge sar dgra lha'i rgyal po'i gsang mdos dam can dgyes skong rtsa ba. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 11: 43-45. Delhi: Shechen Publications, 1994.
Genre Thread-cross Ceremonies - mdos chog
Deity ge sar
Colophon

ཞེས་པ་འདི་ཡང་དག་སྣང་དུ་བྱུང་བའི་གེ་སར་གཡང་མདོས་ཀྱི་སྐོར་ཚོའོ། བདག་འདྲ་ལྷ་རིགས་བདེ་ཆེན་ཡེ་ཤེས་རོལ་པས་སོ། །མངྒ་ལཾ།

zhes pa 'di yang dag snang du byung ba'i ge sar g.yang mdos kyi skor tsho'o/_bdag 'dra lha rigs bde chen ye shes rol pas so/__/mang+ga laM/

Notes There are various spellings utilized in this text (gsang mdos, g.yang mdos, and bsang mdos), some of which are likely scribal mistakes.
[edit]
༄༅། དག་སྣང་ཆོས་སྐོར་ལས། སྐྱེས་བུ་གེ་སར་དགྲ་ལྷའི་རྒྱལ་པོའི་གསང་མདོས་དམ་ཅན་དགྱེས་སྐོང་རྩ་བ་བཞུགས། ཡང་དག་དོན་གྱི་ལྷ་ལ་འདུད། །མ་འོངས་ལྔ་བརྒྱ་ཐ་མའི་ཚེ། །སྐྱེ་འགྲོའི་བྱ་སྤྱོད་ངན་པའི་འབྲས། །ནད་ཡམས་འཁྲུགས་རྩོད་སད་སེར་དང༌། །མི་འདོད་སྣ་ཚོགས་འགྱུར་གྱིས་འོངས། །ཁྱད་པར་ནག་ཕྱོགས་དགྲ་འདྲེའི་རིགས། །གངས་ཅན་སེར་སྐྱའི་ཁོང་ཞུགས་ནས། །བསྟན་འཛིན་སྐྱེས་བུའི་ཐུགས་དགོངས་དཀྲུགས། །ཆོས་དང་སྲིད་ཀྱི་ཁྲིམས་ཁ་བཤིག །ནང་ནས་འཁྲུག་ཅིང་ཐ་ལ་གཡབ། །ལྷོ་དང་ནུབ་ནས་ཁྲག་མཚོ་ཁོལ། །ཤར་ཕྱོགས་རང་དོན་རང་མཚོ་འཁོར། །རྒྱ་ནག་ཁྲི་ཡི་ཟུར་ནས་རལ། །ཕས་རྒོལ་མཚོན་རྩེ་གཟེངས་པ་ལ། །བཟློག་ཐབས་དུས་བབས་ཟབ་མོའི་ཆོས། །སྐྱེས་བུ་གེ་སར་དགྲ་ལྷའི་རྒྱལ། །དགྱེས་སྐོང་གསང་མདོས་ཆོ་ག་བསྟན། །གཤོམ་དང་དངོས་གཞི་གཉིས་ལས་ནི། །དང་པོ་བཀྲ་ཤིས་བྱིན་ཆགས་པར། །ས་སྟེགས་དཀར་པོ་གྲུ་བཞིའི་སྟེང༌། །གཡང་རྟེན་ཕྱིང་དཀར་དྲི་མེད་ལ། །འབྲུ་དཀར་ཚོམ་བུ་དགུ་བཀོད་པའི། །ལྟེ་བར་འབྲུ་བཟང་སྣ་ཚོགས་ཀྱི། །ཕྱེ་ལས་གཏོར་མ་རི་རབ་མཚམས། །བང་རིམ་ཆེ་གསུམ་གཟུགས་འགྲོས་བསྐོར། །རི་རབ་རྩེ་མོར་སྐྱེས་བུ་ཆེའི། །སྐུ་གཟུགས་མངོན་རྟོགས་ནང་ཇི་བཞིན། །བྲིས་འབུར་གང་བདེ་བཞུགས་སུ་གསོལ། །རྒྱབ་ཏུ་ནམ་རྒྱང་མདའ་འཕང་སོགས། །རྒྱ་གར་རྨ་བྱའི་སྒྲོ་ཡིས་བརྒྱན། །གདུགས་དང་འཕན་བཟང་རྒྱལ་མཚན་སྤེལ། །མཐའ་བསྐོར་དཀོར་ཆ་སྣ་ཚོགས་དང༌། །ཞིམ་དགུའི་བཟའ་བཅའ་བཏུང་བ་སོགས། །ཅི་འགྲུབ་སྒེར་མཛོ་གེ་སར་དཔོན། །འཁོར་བཅས་མཆོད་གཏོར་སྨན་རཀ་བཅས། །སྒྲུབ་མཆོད་ནང་བཞིན་མདུན་བསྟར་ཏེ། །གཉིས་པ་དངོས་གཞིའི་ལག་ལེན་ནི། །རང་ཉིད་ཡི་དམ་ལས་གཞུང་བསྲང༌། །མཆོད་གཏོར་ནམ་མཁའ་མཛོད་བྱིན་བརླབས། །སྒེར་མཛོ་གེ་སར་གསོལ་མཆོད་བྱེར། །སྐབས་སུ་སྤོས་རོལ་དྲག་ཏུ་བྱེད། །སྐྱེས་བུ་འཁོར་བཅས་མངོན་སུམ་དུ། །བྱོན་པར་བསམ་ནས་བཟླས་པ་བྱ། །སྐྱེས་བུ་དངོས་སུ་ཞལ་སྟོན་ནམ། །ཁོག་ཏུ་བབས་ནས་རྣམ་ཐར་བཅས། །གླུ་ལེན་འོད་འཕྲོ་དྲི་ཞིམ་འཕྲོ། །རང་ཉིད་ཤེས་པ་གཟི་བུན་ནེ། །གླུ་དང་རྩེད་མོ་འདོད་པ་དང༌། །སྐབས་རེ་སྐྱེ་ལ་ཆགས་པ་འབྱུང༌། །དེ་ཚེ་སྐད་སྙན་འགྱུར་ཁུག་པར། །མདའ་དར་གཡབ་ཅིང་རོལ་མོ་འཁྲོལ། བསྭཽ། དགུང་ལ་མཁའ་དབྱིངས་འཇའ་ཚོན་འཁྱིལ་བ་ལས། །རྩ་བརྒྱུད་བླ་མའི་བྱིན་ཆེན་འབེབས། །མེ་ཏོག་གྲུ་ཆར་སི་ལི་ལི། །ཡི་དམ་ཞི་ཁྲོའི་དངོས་གྲུབ་སྟེར། །དྲི་བཟང་སྤོས་དུད་ཐུ་ལུ་ལུ། །མཁའ་འགྲོ་ཆོས་སྐྱོང་ཕྲིན་ལས་སྒྲུབ། །འོད་དང་འོད་ཟེར་ཁྱུགས་སེ་ཁྱུག །བཀྲ་ཤིས་བྱིན་གཡང་ཐིབས་སེ་ཐིབ། །འདི་འདྲའི་གནས་མཆོག་ཁྱད་པར་ཅན། །ཨ་ལ་ལ་སྟེ་ངོ་མཚར་ཆེ། །ཀྱཻ། རི་རབ་གླིང་བཞི་གླིང་ཕྲན་གྱི། །བཀོད་པ་ཡངས་པའི་སྐུ་མཁར་ནི། །གསེར་བཟང་རྒྱ་ཕུབ་ལམས་སེ་ལམ། །ནོར་བུའི་བ་གམ་ཁྲིགས་སེ་ཁྲིག །མེ་ཏོག་སྣ་ཚོགས་འཇའ་ལྟར་བཀྲ། །རྒྱ་མཚོའི་ཆུ་བབ་ཁྱི་ལི་ལི། །འོད་ལྔ་མདངས་གསལ་མེ་རེ་རེ། །འཇའ་ཀློང་འཁྱིལ་བའི་ཕོ་བྲང་ནས། །བཞིན་བཟང་སྐྱེས་བུ་གེ་སར་བཞུགས། །ཕོ་སྐྱེས་དགྲ་ལྷའི་གཙོ་བོ་ཡིན། །མོ་སྨན་ཡིད་ཀྱི་ཆགས་རྟེན་ཏེ། །སེང་ཆེན་འགྲན་གྱི་ཟླ་མེད་བུ། །ཞལ་ནས་འོད་འཕྲོས་གསུང་དབྱངས་སྙན། །དར་གྱི་ཕང་ཕོང་སྐུ་ལ་གསོལ། །རིན་ཆེན་ཁྲི་ལ་ནེ་ལུགས་བཞུགས། །དགྱེས་པའི་འཛུམ་མདངས་མུ་ལུ་ལུ། །བརྩེ་བའི་སྤྱན་མིག་ཧྲིགས་སེ་ཧྲིག །མཛེས་སྟུག་འོད་བཀྲག་འཚེ་རེ་རེ། །དཀར་ཡོལ་འབྲུག་རྒྱབ་བཟང་པོ་རུ། །རྒྱ་ཇ་ཁམ་པ་ཧུབ་ཀྱིས་གསོལ། །རིན་པོ་ཆེ་ཡི་གར་བུ་རུ། །གར་ཆང་ངར་མ་ཕྱུ་རུ་རུ། །འདོད་ཡོན་ལྷ་མོ་འཇོ་སྒེག་མ། །སྣ་ཚོགས་མཆོད་པ་སྤྲོ་བར་བརྩོན། །དྲི་ཞིམ་ངད་པ་ཐུ་ལུ་ལུ། །སྟག་ཤར་མདའ་རྩེད་སྒྲེངས་སེ་སྒྲེང༌། །སྨན་ཆུང་གླུ་སྙན་ཀྱུ་རུ་རུ། །འཁོར་ཚོགས་འདུ་ལོང་ཆི་ལི་ལི། །དཔོན་གཡོན་སྐུ་འཁོར་ལྷན་རྒྱས་པར། །འབྲུ་བཅུད་འདུས་པ་གསང་བའི་མདོས། །ནམ་མཁའ་མཛོད་དུ་ཅི་ཡང་སྤེལ། །ལྷ་ཀླུ་མི་སོགས་སྲིད་པའི་བཅུད། །གཡང་ཞག་འཁྱིལ་བའི་གཏེར་འདི་འབུལ། །ཕྱི་ནང་གསང་རྟེན་དགྱེས་པར་བཞེས། །དབུལ་བའི་སྐུ་མཁར་བདག་གིར་མཛོད། །བཅོལ་བའི་ལས་དང་དངོས་གྲུབ་སྩོལ། །ཞེས་བརྗོད་ཐུགས་དམ་བསྐུལ་བའི་མཐར། གཡང་འགུག་ཡང་ཡང་གཟི་བྱིན་སྐྱེད། །བསྐང་བ་མངའ་གསོལ་ལ་སོགས་པའི། །འཕྲོ་མཐུད་ཕྲིན་ལས་གང་འདོད་པའི། །སྤེལ་ཚིག་དང་བཅས་རིག་པས་བསྒྱུར། །ཤིས་བརྗོད་མེ་ཏོག་འཐོར་བར་བྱ། །འདི་ནི་ཕྱི་རབས་སྒྲུབ་པོ་ལ། །དོན་ཆེན་བཀྲ་ཤིས་བྱེད་པ་དང༌། །ཚོང་དང་ལམ་འཕྲང་བགྲོད་པ་གང༌། །ཁྱད་པར་རྩོད་དང་ཁ་མཆུ་སྡོམ། །གཡུལ་དང་ཤགས་འགྱེད་དཔོན་ལ་ཞུ། །བརྩིགས་དང་གྲོས་སོགས་གང་བྱེད་དང༌། །གལ་ཆེན་བྱ་བ་འགྲུབ་པར་འགྱུར། །ས་མ་ཡཿ ཞེས་པ་འདི་ཡང་དག་སྣང་དུ་བྱུང་བའི་གེ་སར་གཡང་མདོས་ཀྱི་སྐོར་ཚོའོ། བདག་འདྲ་ལྷ་རིགས་བདེ་ཆེན་ཡེ་ཤེས་རོལ་པས་སོ། །མངྒ་ལཾ།
[edit]

@#/_dag snang chos skor las/_skyes bu ge sar dgra lha'i rgyal po'i gsang mdos dam can dgyes skong rtsa ba bzhugs/_yang dag don gyi lha la 'dud/_/ma 'ongs lnga brgya tha ma'i tshe/_/skye 'gro'i bya spyod ngan pa'i 'bras/_/nad yams 'khrugs rtsod sad ser dang*/_/mi 'dod sna tshogs 'gyur gyis 'ongs/_/khyad par nag phyogs dgra 'dre'i rigs/_/gangs can ser skya'i khong zhugs nas/_/bstan 'dzin skyes bu'i thugs dgongs dkrugs/_/chos dang srid kyi khrims kha bshig_/nang nas 'khrug cing tha la g.yab/_/lho dang nub nas khrag mtsho khol/_/shar phyogs rang don rang mtsho 'khor/_/rgya nag khri yi zur nas ral/_/phas rgol mtshon rtse gzengs pa la/_/bzlog thabs dus babs zab mo'i chos/_/skyes bu ge sar dgra lha'i rgyal/_/dgyes skong gsang mdos cho ga bstan/_/gshom dang dngos gzhi gnyis las ni/_/dang po bkra shis byin chags par/_/sa stegs dkar po gru bzhi'i steng*/_/g.yang rten phying dkar dri med la/_/'bru dkar tshom bu dgu bkod pa'i/_/lte bar 'bru bzang sna tshogs kyi/_/phye las gtor ma ri rab mtshams/_/bang rim che gsum gzugs 'gros bskor/_/ri rab rtse mor skyes bu che'i/_/sku gzugs mngon rtogs nang ji bzhin/_/bris 'bur gang bde bzhugs su gsol/_/rgyab tu nam rgyang mda' 'phang sogs/_/rgya gar rma bya'i sgro yis brgyan/_/gdugs dang 'phan bzang rgyal mtshan spel/_/mtha' bskor dkor cha sna tshogs dang*/_/zhim dgu'i bza' bca' btung ba sogs/_/ci 'grub sger mdzo ge sar dpon/_/'khor bcas mchod gtor sman raka bcas/_/sgrub mchod nang bzhin mdun bstar te/_/gnyis pa dngos gzhi'i lag len ni/_/rang nyid yi dam las gzhung bsrang*/_/mchod gtor nam mkha' mdzod byin brlabs/_/sger mdzo ge sar gsol mchod byer/_/skabs su spos rol drag tu byed/_/skyes bu 'khor bcas mngon sum du/_/byon par bsam nas bzlas pa bya/_/skyes bu dngos su zhal ston nam/_/khog tu babs nas rnam thar bcas/_/glu len 'od 'phro dri zhim 'phro/_/rang nyid shes pa gzi bun ne/_/glu dang rtsed mo 'dod pa dang*/_/skabs re skye la chags pa 'byung*/_/de tshe skad snyan 'gyur khug par/_/mda' dar g.yab cing rol mo 'khrol/_bswau/_dgung la mkha' dbyings 'ja' tshon 'khyil ba las/_/rtsa brgyud bla ma'i byin chen 'bebs/_/me tog gru char si li li/_/yi dam zhi khro'i dngos grub ster/_/dri bzang spos dud thu lu lu/_/mkha' 'gro chos skyong phrin las sgrub/_/'od dang 'od zer khyugs se khyug_/bkra shis byin g.yang thibs se thib/_/'di 'dra'i gnas mchog khyad par can/_/a la la ste ngo mtshar che/_/kyai/_ri rab gling bzhi gling phran gyi/_/bkod pa yangs pa'i sku mkhar ni/_/gser bzang rgya phub lams se lam/_/nor bu'i ba gam khrigs se khrig_/me tog sna tshogs 'ja' ltar bkra/_/rgya mtsho'i chu bab khyi li li/_/'od lnga mdangs gsal me re re/_/'ja' klong 'khyil ba'i pho brang nas/_/bzhin bzang skyes bu ge sar bzhugs/_/pho skyes dgra lha'i gtso bo yin/_/mo sman yid kyi chags rten te/_/seng chen 'gran gyi zla med bu/_/zhal nas 'od 'phros gsung dbyangs snyan/_/dar gyi phang phong sku la gsol/_/rin chen khri la ne lugs bzhugs/_/dgyes pa'i 'dzum mdangs mu lu lu/_/brtse ba'i spyan mig hrigs se hrig_/mdzes stug 'od bkrag 'tshe re re/_/dkar yol 'brug rgyab bzang po ru/_/rgya ja kham pa hub kyis gsol/_/rin po che yi gar bu ru/_/gar chang ngar ma phyu ru ru/_/'dod yon lha mo 'jo sgeg ma/_/sna tshogs mchod pa spro bar brtson/_/dri zhim ngad pa thu lu lu/_/stag shar mda' rtsed sgrengs se sgreng*/_/sman chung glu snyan kyu ru ru/_/'khor tshogs 'du long chi li li/_/dpon g.yon sku 'khor lhan rgyas par/_/'bru bcud 'dus pa gsang ba'i mdos/_/nam mkha' mdzod du ci yang spel/_/lha klu mi sogs srid pa'i bcud/_/g.yang zhag 'khyil ba'i gter 'di 'bul/_/phyi nang gsang rten dgyes par bzhes/_/dbul ba'i sku mkhar bdag gir mdzod/_/bcol ba'i las dang dngos grub stsol/_/zhes brjod thugs dam bskul ba'i mthar/_g.yang 'gug yang yang gzi byin skyed/_/bskang ba mnga' gsol la sogs pa'i/_/'phro mthud phrin las gang 'dod pa'i/_/spel tshig dang bcas rig pas bsgyur/_/shis brjod me tog 'thor bar bya/_/'di ni phyi rabs sgrub po la/_/don chen bkra shis byed pa dang*/_/tshong dang lam 'phrang bgrod pa gang*/_/khyad par rtsod dang kha mchu sdom/_/g.yul dang shags 'gyed dpon la zhu/_/brtsigs dang gros sogs gang byed dang*/_/gal chen bya ba 'grub par 'gyur/_/sa ma yaH_zhes pa 'di yang dag snang du byung ba'i ge sar g.yang mdos kyi skor tsho'o/_bdag 'dra lha rigs bde chen ye shes rol pas so/__/mang+ga laM/

Footnotes

Other Information