JKCL-KABUM-03-GA-022

From Khyentse Lineage - A Tsadra Foundation Project
Revision as of 09:20, 1 December 2021 by Mort (talk | contribs)

མཁན་སློབ་ཆོས་གསུམ་རིགས་ལྡན་དྲག་པོ་བཅས་ཀྱི་གསོལ་འདེབས།
Wylie title mkhan slob chos gsum rigs ldan drag po bcas kyi gsol 'debs JKCL-KABUM-03-GA-022.pdf
Location chos kyi blo gros bka' 'bum
Volume 3, Text 22, Pages 75-83 (Folios 1a1 to 5a4)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. mkhan slob chos gsum rigs ldan drag po bcas kyi gsol 'debs. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 3: 75-83. Bir, H.P.: Khyentse Labrang, 2012.
Genre Supplications - gsol 'debs
Deity mkhan slob chos gsum
Colophon

།ཅེས་མཁན་སློབ་ཆོས་གསུམ་རིགས་ལྡན་དྲག་པོ་བཅས་ཀྱི་གསོལ་འདེབས་འདི་ལྟར་དགོས་ཞེས་རྫོགས་ཆེན་མགོན་བླ་པདྨ་བདུད་འདུལ་གྱིས་ལྔ་བརྒྱའི་གཙུག་རྒྱན་བི་མ་ལའི་རྣམ་རོལ་རྫོགས་ཆེན་དྲུག་པ་རིན་པོ་ཆེ་བརྒྱུད་ཅིང་། མགོན་པོ་མཆོག་དེས་ཀྱང་བཀའ་ཡིས་ནན་དུ་བསྐུལ་བར་མཛད་པ་བཞིན་འཇམ་དབྱངས་བློ་གྲོས་རྒྱ་མཚོའམ། ཆོས་ཀྱི་བློ་གྲོས་པས་གང་ཤར་བྲིས་པ་འདིས་ཀྱང་བསྟན་འགྲོར་ཕན་པ་རྒྱ་ཆེན་པོ་འབྱུང་བར་བླ་མ་རྒྱལ་བ་སྲས་བཅས་ཀྱིས་བྱིན་གྱིས་བརླབ་ཏུ་གསོལ། སརྦ་ཛ་ག་ཏཾ། མངྒ་ལཾ།།

/ces mkhan slob chos gsum rigs ldan drag po bcas kyi gsol 'debs 'di ltar dgos zhes rdzogs chen mgon bla pad+ma bdud 'dul gyis lnga brgya'i gtsug rgyan bi ma la'i rnam rol rdzogs chen drug pa rin po che brgyud cing /__mgon po mchog des kyang bka' yis nan du bskul bar mdzad pa bzhin 'jam dbyangs blo gros rgya mtsho'am/__chos kyi blo gros pas gang shar bris pa 'dis kyang bstan 'gror phan pa rgya chen po 'byung bar bla ma rgyal ba sras bcas kyis byin gyis brlab tu gsol/__sarba dza ga taM/__mang+ga laM//

1 Texts in this Section (sde tshan or chos tshan)

[edit]
༄༅། །མཁན་སློབ་ཆོས་གསུམ་རིགས་ལྡན་དྲག་པོ་བཅས་ཀྱི་གསོལ་འདེབས་བཞུགས་སོ། ། སློབ་དཔོན་གསོལ་འདེབས་བསམ་དོན་རེ་སྐོང་ཞེས་བྱ་བ་བཞུགས་སོ། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔རང་བཞིན་ཆོས་སྐུ་འོད་གསལ་ཀློང་ཡངས་ཆེ། །མ་འགགས་ལྷུན་གྲུབ་ལོངས་སྤྱོད་རྫོགས་པའི་སྐུ། །ཐུགས་རྗེ་རིག་རྩལ་སྤྲུལ་སྐུ་པདྨ་འབྱུང་། །མཚོ་སྐྱེས་རྡོ་རྗེའི་ཞབས་ལ་གསོལ་བ་འདེབས། །ཐོད་ཕྲེང་རིགས་ལྔ་མཚན་མཆོག་བརྒྱ་རྩ་སོགས། །གང་འདུལ་ཞི་དང་ཁྲོ་གར་བསམ་མི་ཁྱབ། །ཕྱོགས་དུས་ཀུན་ཁྱབ་གུ་རུ་བདེ་བ་ཆེ། །རྩ་གསུམ་རྒྱ་མཚོའི་སྤྱི་དཔལ་གསོལ་བ་འདེབས། །སྙིགས་དུས་མ་རུངས་དམ་སྲི་འདུལ་བའི་གཤེད། །འཇིགས་རུང་གར་དགུའི་ཉམས་ལྡན་དཔལ་ཆེན་པོ། །པདྨ་དྲག་པོ་མེ་ཡི་ཕྲེང་བ་ཅན། །དྲེགས་པ་སྡེ་བརྒྱད་འདུལ་ལ་གསོལ་བ་འདེབས། །སྐུ་ནི་བདེ་གཤེགས་རྒྱལ་བ་རྒྱ་མཚོའི་སྐུ། །གསུང་གི་ཚངས་དབྱངས་ཞིང་ཁམས་རྒྱ་མཚོར་ཁྱབ། །ཐུགས་ནི་མི་གཡོ་ཀ་དག་གཏིང་གསལ་སྦུབས། །སྐུ་གསུམ་ཀུན་འདུས་བླ་མར་གསོལ་བ་འདེབས། །མཁའ་འགྲོ་ཡོངས་ཀྱི་མིང་པོ་དཔའ་བོ་ཆེ། །རང་རིག་བླ་མ་རྡོ་རྗེ་ཐོད་ཕྲེང་རྩལ། །སྐྱབས་ཀུན་འདུས་པའི་བདག་ཉིད་ཡོངས་ཤེས་པས། །ཉིན་མཚན་མེད་པར་གདུང་བས་གསོལ་འདེབས་ན། །གུ་རུའི་རྡོ་རྗེའི་སྙན་གྱིས་གསན་དུ་གསོལ། །གསོལ་འདེབས་བུ་ལ་མཁྱེན་བརྩེས་རབ་དགོངས་ནས། །རྡོ་རྗེ་གསུམ་གྱིས་བྱིན་ཆེན་དབབ་པ་དང་། །བདུད་དང་དགྲ་བགེགས་འབྱུང་པོའི་འཚེ་དོགས་སོལ། །བར་ཆད་ཀུན་ཞི་བསམ་དོན་ཡིད་བཞིན་འགྲུབ། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །རྒྱལ་བསྟན་དར་རྒྱས་ནད་མུག་མཚོན་འཁྲུགས་ཞི། །འཇིག་རྟེན་ཀུན་ཏུ་དགེ་བའི་བཀྲ་ཤིས་ཤོག ༈ ། མཁན་ཆེན་གསོལ་འདེབས་བྱང་ཆུབ་ལྗོན་ཤིང་ཞེས་བྱ་བ། མགོན་པོ་འཇམ་པའི་དབྱངས་ལ་གུས་པས་ཕྱག་འཚལ་ལོ། །རྒྱལ་རིགས་སཱ་ལ་ལྟ་བུའི་རྒྱུད་འཁྲུངས་ཤིང་། །རིག་པའི་གནས་ལྔ་མཐར་ཕྱིན་འཇམ་དབྱངས་ཀྱི། །ཞབས་ཀྱི་པདྨོའི་ཟེའུ་འབྲུ་སྤྱི་བོས་བསྟེན། །མཁན་ཆེན་བྱང་ཆུབ་སེམས་དཔར་གསོལ་བ་འདེབས། །བསྐལ་མང་གོང་ནས་གཞན་ཕན་ཐུགས་བསྐྱེད་ཀྱི། །རྩ་བ་གསེར་སྦྲམ་ལྟ་བུ་རབ་བརྟན་པས། །རྩོད་དུས་བསྟན་དང་འགྲོ་བའི་གཉེན་གཅིག་པུ། །མཁན་ཆེན་ཞི་བ་འཚོ་ལ་གསོལ་བ་འདེབས། །སངས་རྒྱས་བསྟན་ལ་འཁུ་བའི་མུ་སྟེགས་ཀྱི། །གླང་ཆེན་གཙུག་འགེམ་དབང་པོའི་རྡོ་རྗེ་ལྟར། །སྒྲ་ཚད་དབུ་མའི་རིགས་པས་བཅོམ་མཛད་པའི། །སྨྲ་བའི་སེངྒེ་ཆེན་པོར་གསོལ་བ་འདེབས། །ཆོས་འདུལ་གསེར་གྱི་རི་བོར་རྟེན་བཅས་ཤིང་། །ཟབ་ཅིང་རྒྱ་ཆེའི་མདོ་སྡེའི་དོན་རབ་གསལ། །ཆོས་མངོན་རྒྱ་མཚོའི་སྤྱན་སྟོང་རྣམ་པར་བཀྲ། །མཁན་ཆེན་ལྷ་ཡི་བླ་མར་གསོལ་བ་འདེབས། །ཚུལ་ཁྲིམས་དྲི་ཡིས་ལྷར་བཅས་འགྲོ་རྣམས་དགའ། །ཏིང་འཛིན་ཟབ་མོས་ཟག་མེད་ཡོན་ཏན་སྡུད། །ཤེས་རབ་སྤོབས་པས་ཆོས་ཀྱི་སྒོ་བརྒྱ་འབྱེད། །འཛམ་གླིང་ཐུབ་དབང་གཉིས་པར་གསོལ་བ་འདེབས། །བྱང་ཕྱོགས་གངས་རིའི་ཕྲེང་བས་བསྐོར་བའི་ལྗོངས། །ཤཱཀྱ་སེངྒེའི་བསྟན་པའི་ཤིང་རྟ་འདྲེན། །སྡེ་སྣོད་གསུམ་ལ་ཅི་དགར་ལོངས་སྤྱོད་པའི། །བཀའ་དྲིན་མཉམ་མེད་རྗེ་ལ་གསོལ་བ་འདེབས། །རྒྱལ་བས་ལུང་གིས་བསྟན་པའི་མཁན་པོ་ནི། །བྷོ་དྷི་སཏྭ་ཤཱནྟ་རཀྵི་ཏ། །ཐམས་ཅད་མཁྱེན་དངོས་སྟོན་པའི་རྒྱལ་ཚབ་ཆེར། །དད་མོས་རྩེ་གཅིག་གུས་པས་གསོལ་བ་འདེབས། །ཁ་ཙམ་མ་ཡིན་སྙིང་ནས་གསོལ་འདེབས་ན། །བསྟན་པ་རིན་ཆེན་ཕྱོགས་བཅུར་འཕེལ་བ་དང་། །ཚུལ་ལྡན་འདུས་པ་རྒྱ་མཚོས་ཡོངས་གང་ཞིང་། །སྒོ་གསུམ་རྣམ་པར་དག་པར་བྱིན་གྱིས་རློབས།། །། ༈ ཆོས་རྒྱལ་ཁྲི་སྲོང་ལ་གསོལ་བ་འདེབས་པ་ལྷ་ཡི་རྔ་ཆེན་ཞེས་བྱ་བ། ཨོཾ་སྭ་སྟི། བཀྲ་ཤིས་ཀུན་གྱི་ནང་ནས་མཆོག་གྱུར་པ། །རིན་ཆེན་གསུམ་ཞེས་གྲགས་པའི་རྔ་སྒྲ་དེས། །ཕྱོགས་དུས་ཀུན་ཏུ་བདེ་དགས་ཁྱབ་པ་དང་། །དགེ་ལེགས་ཨུ་དུམ་ཝ་རས་ཤིས་གྱུར་ཅིག །ཤཱཀྱའི་རིགས་མཆོག་ཆོས་རྒྱལ་ལྷ་ཡི་སྲས། །ཐེག་ཆེན་རིགས་སད་འཇམ་དཔལ་གཞོན་ནུའི་སྐུ། །སླར་ཡང་བོད་ཡུལ་བསྟན་འགྲོའི་མགོན་དུ་བྱོན། །ཁྲི་སྲོང་ལྡེའུ་བཙན་ཞབས་ལ་གསོལ་བ་འདེབས། །དཀའ་བ་དུ་མས་ལོ་པཎ་སྤྱན་དྲངས་ཤིང་། །གཙུག་ལག་བཞེངས་ནས་བསྟན་པའི་གཞི་མ་བཙུགས། །དགེ་བཅུའི་ཁྲིམས་བཅས་མདོ་སྔགས་དམ་ཆོས་བསྒྱུར། །ཚངས་པ་ལྷ་ཡི་མེ་ཏོག་གསོལ་བ་འདེབས། །བོད་ཡུལ་མུན་པའི་གླིང་འདི་དཀར་བོར་བསྒྱུར། །ཁྱད་པར་གུ་རུ་པདྨ་འབྱུང་གནས་ལས། །བཀའ་བརྒྱད་ལ་སོགས་གསང་སྔགས་རྒྱ་མཚོ་བརྙེས། །སྣང་སྲིད་དབང་བསྒྱུར་ཆེན་པོར་གསོལ་བ་འདེབས། །མཁྱེན་རབ་འཇམ་དཔལ་དབྱངས་དང་གཉིས་སུ་མེད། །བརྩེ་ཆེན་འཕགས་མཆོག་ཕྱག་ན་པདྨོ་དངོས། །མཐུ་སྟོབས་གསང་བདག་རྡོ་རྗེ་འཛིན་པ་ཆེ། །རིགས་གསུམ་སྤྲུལ་པའི་རྒྱལ་པོར་གསོལ་བ་འདེབས། །གང་གིས་གསང་གསུམ་བྱིན་གྱིས་བརླབས་པའི་སྲས། །ཆོས་རྒྱལ་རིམ་བྱོན་རྣམ་འཕྲུལ་ལྔ་ཕྲག་སོགས། །མཐའ་དབུས་ཀུན་ཏུ་བྱོན་དང་འབྱོན་འགྱུར་རྣམས། །སྤྲོ་དང་བསྡུ་བའི་བྱེད་པོར་གསོལ་བ་འདེབས། །ད་ལྟ་ཆེས་ཆེར་སྙིགས་མའི་དུས་འདིར་ཡང་། །བསྟན་པ་རིན་ཆེན་གནས་པ་ཁྱོད་ཀྱི་དྲིན། །ངེས་པ་ཉིད་ལས་གཞན་དུ་མི་སེམས་པའི། །ཡིད་ཆེས་དད་པས་གསོལ་བ་སྙིང་ནས་འདེབས། །ཐུགས་རྗེ་ཆེན་པོའི་རྩལ་ཤུགས་རབ་སྤྲུགས་ནས། །ནག་ཕྱོགས་བདུད་ཀྱི་སྡེ་ཚོགས་འདུལ་བ་དང་། །མཁན་སློབ་ཆོས་རྒྱལ་གསུམ་གྱི་ཐུགས་བསྐྱེད་རྣམས། །བདག་སོགས་འགྲོ་བས་མྱུར་དུ་འགྲུབ་པར་ཤོག །སྐྱེ་བ་ཀུན་ཏུ་འཇམ་དབྱངས་ཆོས་རྒྱལ་གྱིས། །རྗེས་བཟུང་མཁྱེན་ནུས་བརྩེ་བར་དབང་འབྱོར་ཞིང་། །དོན་གཉིས་ལྷུན་གྲུབ་མཐར་ཐུག་ཁྱེད་ཉིད་དང་། །དབྱེར་མེད་མངོན་བྱང་ཆུབ་པའི་བཀྲ་ཤིས་ཤོག། །། ༈ རིགས་ལྡན་དྲག་པོའི་གསོལ་འདེབས་ཀླ་ཀློ་མཐར་བྱེད་ཅེས་བྱ་བ། ཨོཾ་ཨཱཿཧཱུྃ་ཧོཿ"-དཔལ་ལྡན་སྲིད་ཞི་ཀུན་ཁྱབ་དུས་འཁོར་ལོ། །དབང་ཕྱུག་ཆེན་པོ་ལྷ་ཡི་ལྷར་གྱུར་བ། །འགྱུར་མེད་བདེ་བ་ཆེན་པོའི་རོས་གང་བ། །དང་པོའི་སངས་རྒྱས་བླ་མར་ཕྱག་བགྱིའོ། །ཡང་དག་འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་ཆེ། །ཆོས་རྒྱལ་གྲགས་པའི་གཟུགས་སུ་རབ་བསྒྱུར་ནས། །སླར་ཡང་སྙིགས་མ་རྩོད་པ་རྒྱས་པའི་དུས། །དྲག་པོ་འཁོར་ལོ་ཅན་ལ་གསོལ་བ་འདེབས། །ཛཾ་གླིང་བྱང་ཕྱོགས་ཤམྦྷ་ལ་ཆེན་པོར། །ཀ་ལ་པ་ཡི་ཕོ་བྲང་ཆེན་པོའི་དབུས། །རྡོ་རྗེའི་རིགས་ལྡན་སེངྒེའི་ཁྲིར་བཞུགས་པ། །ཚངས་པ་ལྷ་ཡི་བླ་མར་གསོལ་བ་འདེབས། །རྡོ་རྗེའི་རིགས་མཆོག་བྱེ་བ་ཕྲག་ཁྲིག་ལ། །རྡོ་རྗེ་ཐེག་པའི་ངེས་གསང་ཟབ་མོ་སྟོན། །རྡོ་རྗེའི་གྲོང་དུ་ལེགས་པར་འཁྲིད་མཛད་པ། །རྡོ་རྗེ་ཅན་ཞབས་མཆོག་ལ་གསོལ་བ་འདེབས། །འདོད་དང་སྡང་དང་གཏི་མུག་གིས་སྨྱོས་པའི། །ལྷ་མིན་ཀླ་ཀློའི་སྡེ་ཚོགས་དཔུང་བཅས་ལ། །ཐུགས་རྗེའི་སྟོབས་རྩལ་རྡོ་རྗེའི་ཐོག་ཆེན་བརྒྱ། །འབེབས་མཛད་སྤྲུལ་པའི་རྒྱལ་པོར་གསོལ་བ་འདེབས། །དྲག་པོའི་འཁོར་ལོ་རྩིབས་སྟོང་རྣོ་བ་ནི། །ཛཾ་གླིང་དུམ་བུ་བཅུ་གཉིས་འཁོར་བ་ན། །འཚེ་བ་ཆོས་སུ་སྨྲ་བའི་གྲུབ་མཐའ་རྣམས། །མིང་ཙམ་མེད་པར་མཛད་ལ་གསོལ་བ་འདེབས། །རྫོགས་ལྡན་ཕྱི་མའི་དུས་སྟོན་དར་བ་དང་། །སངས་རྒྱས་བསྟན་པའི་རྒྱལ་མཚན་རབ་འདེབས་ཤིང་། །གཡུལ་རྒྱལ་ལྷ་ཡི་བ་དན་དཀར་པོ་བསྒྲེངས། །ཆོས་ཀྱི་རྒྱལ་རྔ་སྒྲོགས་ལ་གསོལ་བ་འདེབས། །ཕྱི་ནང་གཞན་གསུམ་དབྱེར་མེད་དུས་འཁོར་ལོ། །རང་རིག་འགྱུར་མེད་འོད་གསལ་བདེ་ཆེན་རྫོགས། །རིག་རྩལ་དྲག་པོ་འཁོར་ལོ་ཆེན་པོ་དང་། །འབྲལ་མེད་གཉུག་མའི་ངང་ནས་གསོལ་བ་འདེབས། །དེ་ལྟར་གསོལ་བཏབ་བདེན་པའི་ནུས་མཐུ་ཡིས། །བསོད་ནམས་མ་ཡིན་ལས་ཀྱིས་གྲུབ་པའི་གཟུགས། །ལྷ་མིན་འབྱུང་པོ་སྡོང་ཟླར་བཅས་པ་རྣམས། །རྩྭ་སྦུར་མེ་བཞིན་འཇོམས་པར་བྱིན་གྱིས་རློབས། །འཇིག་རྟེན་པ་རྣམས་ཡང་དག་ལྟ་ལ་དད། །བྱམས་དང་སྙིང་རྗེའི་སེམས་ལྡན་འཐབ་རྩོད་ཞི། །ཕན་ཚུན་ཕ་མ་ལྟ་བུར་ཤེས་པ་ཡི། །བདེ་སྐྱིད་དཔལ་འབྱོར་རྒྱས་པར་མཛད་དུ་གསོལ། །བོད་ཁམས་མཐའ་དབུས་ཀུན་ཏུ་བདེ་བ་དང་། །རིགས་ལྡན་དྲག་པོའི་ཐུགས་རྗེའི་འོད་ཟེར་གྱིས། །རྟག་ཏུ་ཁྱབ་ཅིང་བདག་ཀྱང་ནམ་ཞིག་ན། །དྲག་པོ་འཁོར་ལོས་རྗེས་སུ་འཛིན་པར་ཤོག །གཡུལ་ངོར་ཤི་བའི་སེམས་ཅན་ཚོགས་རྣམས་ཀྱང་། །འཇིགས་སྐྲག་སྡུག་བསྔལ་མ་ལུས་རབ་ཞི་ནས། །རྡོ་རྗེ་ཐེག་པའི་རྟེན་བཟང་རྙེད་པ་དང་། །རིགས་ལྡན་རྒྱལ་པོའི་གདུལ་བྱར་འགྱུར་བར་ཤོག །ཅེས་མཁན་སློབ་ཆོས་གསུམ་རིགས་ལྡན་དྲག་པོ་བཅས་ཀྱི་གསོལ་འདེབས་འདི་ལྟར་དགོས་ཞེས་རྫོགས་ཆེན་མགོན་བླ་པདྨ་བདུད་འདུལ་གྱིས་ལྔ་བརྒྱའི་གཙུག་རྒྱན་བི་མ་ལའི་རྣམ་རོལ་རྫོགས་ཆེན་དྲུག་པ་རིན་པོ་ཆེ་བརྒྱུད་ཅིང་། མགོན་པོ་མཆོག་དེས་ཀྱང་བཀའ་ཡིས་ནན་དུ་བསྐུལ་བར་མཛད་པ་བཞིན་འཇམ་དབྱངས་བློ་གྲོས་རྒྱ་མཚོའམ། ཆོས་ཀྱི་བློ་གྲོས་པས་གང་ཤར་བྲིས་པ་འདིས་ཀྱང་བསྟན་འགྲོར་ཕན་པ་རྒྱ་ཆེན་པོ་འབྱུང་བར་བླ་མ་རྒྱལ་བ་སྲས་བཅས་ཀྱིས་བྱིན་གྱིས་བརླབ་ཏུ་གསོལ། སརྦ་ཛ་ག་ཏཾ། མངྒ་ལཾ།། །།
[edit]

@#/____/mkhan slob chos gsum rigs ldan drag po bcas kyi gsol 'debs bzhugs so/____/ slob dpon gsol 'debs bsam don re skong zhes bya ba bzhugs so/____/oM AHhU~M badz+ra gu ru pad+ma sid+d+hi hU~M:rang bzhin chos sku 'od gsal klong yangs che/____/ma 'gags lhun grub longs spyod rdzogs pa'i sku/____/thugs rje rig rtsal sprul sku pad+ma 'byung /____/mtsho skyes rdo rje'i zhabs la gsol ba 'debs/____/thod phreng rigs lnga mtshan mchog brgya rtsa sogs/____/gang 'dul zhi dang khro gar bsam mi khyab/____/phyogs dus kun khyab gu ru bde ba che/____/rtsa gsum rgya mtsho'i spyi dpal gsol ba 'debs/____/snyigs dus ma rungs dam sri 'dul ba'i gshed/____/'jigs rung gar dgu'i nyams ldan dpal chen po/____/pad+ma drag po me yi phreng ba can/____/dregs pa sde brgyad 'dul la gsol ba 'debs/____/sku ni bde gshegs rgyal ba rgya mtsho'i sku/____/gsung gi tshangs dbyangs zhing khams rgya mtshor khyab/____/thugs ni mi g.yo ka dag gting gsal sbubs/____/sku gsum kun 'dus bla mar gsol ba 'debs/____/mkha' 'gro yongs kyi ming po dpa' bo che/____/rang rig bla ma rdo rje thod phreng rtsal/____/skyabs kun 'dus pa'i bdag nyid yongs shes pas/____/nyin mtshan med par gdung bas gsol 'debs na/____/gu ru'i rdo rje'i snyan gyis gsan du gsol/____/gsol 'debs bu la mkhyen brtses rab dgongs nas/____/rdo rje gsum gyis byin chen dbab pa dang /____/bdud dang dgra bgegs 'byung po'i 'tshe dogs sol/____/bar chad kun zhi bsam don yid bzhin 'grub/____/mchog dang thun mong dngos grub stsal du gsol/____/rgyal bstan dar rgyas nad mug mtshon 'khrugs zhi/____/'jig rten kun tu dge ba'i bkra shis shog__!_/__mkhan chen gsol 'debs byang chub ljon shing zhes bya ba/__mgon po 'jam pa'i dbyangs la gus pas phyag 'tshal lo/____/rgyal rigs sA la lta bu'i rgyud 'khrungs shing /____/rig pa'i gnas lnga mthar phyin 'jam dbyangs kyi/____/zhabs kyi pad+mo'i ze'u 'bru spyi bos bsten/____/mkhan chen byang chub sems dpar gsol ba 'debs/____/bskal mang gong nas gzhan phan thugs bskyed kyi/____/rtsa ba gser sbram lta bu rab brtan pas/____/rtsod dus bstan dang 'gro ba'i gnyen gcig pu/____/mkhan chen zhi ba 'tsho la gsol ba 'debs/____/sangs rgyas bstan la 'khu ba'i mu stegs kyi/____/glang chen gtsug 'gem dbang po'i rdo rje ltar/____/sgra tshad dbu ma'i rigs pas bcom mdzad pa'i/____/smra ba'i seng+ge chen por gsol ba 'debs/____/chos 'dul gser gyi ri bor rten bcas shing /____/zab cing rgya che'i mdo sde'i don rab gsal/____/chos mngon rgya mtsho'i spyan stong rnam par bkra/____/mkhan chen lha yi bla mar gsol ba 'debs/____/tshul khrims dri yis lhar bcas 'gro rnams dga'/____/ting 'dzin zab mos zag med yon tan sdud/____/shes rab spobs pas chos kyi sgo brgya 'byed/____/'dzam gling thub dbang gnyis par gsol ba 'debs/____/byang phyogs gangs ri'i phreng bas bskor ba'i ljongs/____/shAkya seng+ge'i bstan pa'i shing rta 'dren/____/sde snod gsum la ci dgar longs spyod pa'i/____/bka' drin mnyam med rje la gsol ba 'debs/____/rgyal bas lung gis bstan pa'i mkhan po ni/____/b+ho d+hi satwa shAn+ta rak+Shi ta/____/thams cad mkhyen dngos ston pa'i rgyal tshab cher/____/dad mos rtse gcig gus pas gsol ba 'debs/____/kha tsam ma yin snying nas gsol 'debs na/____/bstan pa rin chen phyogs bcur 'phel ba dang /____/tshul ldan 'dus pa rgya mtshos yongs gang zhing /____/sgo gsum rnam par dag par byin gyis rlobs//____//____!__chos rgyal khri srong la gsol ba 'debs pa lha yi rnga chen zhes bya ba/__oM swa sti/__bkra shis kun gyi nang nas mchog gyur pa/____/rin chen gsum zhes grags pa'i rnga sgra des/____/phyogs dus kun tu bde dgas khyab pa dang /____/dge legs u dum wa ras shis gyur cig__/shAkya'i rigs mchog chos rgyal lha yi sras/____/theg chen rigs sad 'jam dpal gzhon nu'i sku/____/slar yang bod yul bstan 'gro'i mgon du byon/____/khri srong lde'u btsan zhabs la gsol ba 'debs/____/dka' ba du mas lo paN spyan drangs shing /____/gtsug lag bzhengs nas bstan pa'i gzhi ma btsugs/____/dge bcu'i khrims bcas mdo sngags dam chos bsgyur/____/tshangs pa lha yi me tog gsol ba 'debs/____/bod yul mun pa'i gling 'di dkar bor bsgyur/____/khyad par gu ru pad+ma 'byung gnas las/____/bka' brgyad la sogs gsang sngags rgya mtsho brnyes/____/snang srid dbang bsgyur chen por gsol ba 'debs/____/mkhyen rab 'jam dpal dbyangs dang gnyis su med/____/brtse chen 'phags mchog phyag na pad+mo dngos/____/mthu stobs gsang bdag rdo rje 'dzin pa che/____/rigs gsum sprul pa'i rgyal por gsol ba 'debs/____/gang gis gsang gsum byin gyis brlabs pa'i sras/____/chos rgyal rim byon rnam 'phrul lnga phrag sogs/____/mtha' dbus kun tu byon dang 'byon 'gyur rnams/____/spro dang bsdu ba'i byed por gsol ba 'debs/____/da lta ches cher snyigs ma'i dus 'dir yang /____/bstan pa rin chen gnas pa khyod kyi drin/____/nges pa nyid las gzhan du mi sems pa'i/____/yid ches dad pas gsol ba snying nas 'debs/____/thugs rje chen po'i rtsal shugs rab sprugs nas/____/nag phyogs bdud kyi sde tshogs 'dul ba dang /____/mkhan slob chos rgyal gsum gyi thugs bskyed rnams/____/bdag sogs 'gro bas myur du 'grub par shog__/skye ba kun tu 'jam dbyangs chos rgyal gyis/____/rjes bzung mkhyen nus brtse bar dbang 'byor zhing /____/don gnyis lhun grub mthar thug khyed nyid dang /____/dbyer med mngon byang chub pa'i bkra shis shog/__//__!_rigs ldan drag po'i gsol 'debs kla klo mthar byed ces bya ba/__oM AHhU~M hoH["-]dpal ldan srid zhi kun khyab dus 'khor lo/____/dbang phyug chen po lha yi lhar gyur ba/____/'gyur med bde ba chen po'i ros gang ba/____/dang po'i sangs rgyas bla mar phyag bgyi'o/____/yang dag 'jam dpal sgyu 'phrul drwa ba che/____/chos rgyal grags pa'i gzugs su rab bsgyur nas/____/slar yang snyigs ma rtsod pa rgyas pa'i dus/____/drag po 'khor lo can la gsol ba 'debs/____/dzaM gling byang phyogs sham+b+ha la chen por/____/ka la pa yi pho brang chen po'i dbus/____/rdo rje'i rigs ldan seng+ge'i khrir bzhugs pa/____/tshangs pa lha yi bla mar gsol ba 'debs/____/rdo rje'i rigs mchog bye ba phrag khrig la/____/rdo rje theg pa'i nges gsang zab mo ston/____/rdo rje'i grong du legs par 'khrid mdzad pa/____/rdo rje can zhabs mchog la gsol ba 'debs/____/'dod dang sdang dang gti mug gis smyos pa'i/____/lha min kla klo'i sde tshogs dpung bcas la/____/thugs rje'i stobs rtsal rdo rje'i thog chen brgya/____/'bebs mdzad sprul pa'i rgyal por gsol ba 'debs/____/drag po'i 'khor lo rtsibs stong rno ba ni/____/dzaM gling dum bu bcu gnyis 'khor ba na/____/'tshe ba chos su smra ba'i grub mtha' rnams/____/ming tsam med par mdzad la gsol ba 'debs/____/rdzogs ldan phyi ma'i dus ston dar ba dang /____/sangs rgyas bstan pa'i rgyal mtshan rab 'debs shing /____/g.yul rgyal lha yi ba dan dkar po bsgrengs/____/chos kyi rgyal rnga sgrogs la gsol ba 'debs/____/phyi nang gzhan gsum dbyer med dus 'khor lo/____/rang rig 'gyur med 'od gsal bde chen rdzogs/____/rig rtsal drag po 'khor lo chen po dang /____/'bral med gnyug ma'i ngang nas gsol ba 'debs/____/de ltar gsol btab bden pa'i nus mthu yis/____/bsod nams ma yin las kyis grub pa'i gzugs/____/lha min 'byung po sdong zlar bcas pa rnams/____/rtswa sbur me bzhin 'joms par byin gyis rlobs/____/'jig rten pa rnams yang dag lta la dad/____/byams dang snying rje'i sems ldan 'thab rtsod zhi/____/phan tshun pha ma lta bur shes pa yi/____/bde skyid dpal 'byor rgyas par mdzad du gsol/____/bod khams mtha' dbus kun tu bde ba dang /____/rigs ldan drag po'i thugs rje'i 'od zer gyis/____/rtag tu khyab cing bdag kyang nam zhig na/____/drag po 'khor los rjes su 'dzin par shog__/g.yul ngor shi ba'i sems can tshogs rnams kyang /____/'jigs skrag sdug bsngal ma lus rab zhi nas/____/rdo rje theg pa'i rten bzang rnyed pa dang /____/rigs ldan rgyal po'i gdul byar 'gyur bar shog__/ces mkhan slob chos gsum rigs ldan drag po bcas kyi gsol 'debs 'di ltar dgos zhes rdzogs chen mgon bla pad+ma bdud 'dul gyis lnga brgya'i gtsug rgyan bi ma la'i rnam rol rdzogs chen drug pa rin po che brgyud cing /__mgon po mchog des kyang bka' yis nan du bskul bar mdzad pa bzhin 'jam dbyangs blo gros rgya mtsho'am/__chos kyi blo gros pas gang shar bris pa 'dis kyang bstan 'gror phan pa rgya chen po 'byung bar bla ma rgyal ba sras bcas kyis byin gyis brlab tu gsol/__sarba dza ga taM/__mang+ga laM//____//_

Footnotes

Other Information