ན་མོ་གུ་རུ། རྩ་གསུམ་འདུས་ཞལ་གུ་རུ་པད་འབྱུང་དང༌། ཞེས་པད་མ་ལས་འབྲེལ་རྩལ་ཡི་གསོལ་འདེབས་སོགས།

From Khyentse Lineage - A Tsadra Foundation Project
JKCL-KABUM-03-GA-023
Wylie title na mo gu ru/ rtsa gsum 'dus zhal gu ru pad 'byung dang/ zhes pad ma las 'brel rtsal yi gsol 'debs sogs JKCL-KABUM-03-GA-023.pdf
Location chos kyi blo gros bka' 'bum
Volume 3, Text 23, Pages 85 (Folios 1a1 to 1a6)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Associated People ངག་དབང་དཔལ་བཟང་ (ngag dbang dpal bzang)
Citation 'jam dbyangs mkhyen brtse chos kyi blo gros. na mo gu ru rtsa gsum 'dus zhal gu ru pad 'byung dang zhes pad ma las 'brel rtsal yi gsol 'debs sogs. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 3: 85. Bir, H.P.: Khyentse Labrang, 2012.
Genre Supplications - gsol 'debs
Lotsawa House Link https://www.lotsawahouse.org/tibetan-masters/jamyang-khyentse-chokyi-lodro/prayer-to-khenpo-ngakchung
Colophon

།ཅེས་པའང་མགོན་པོ་འདི་ཉིད་ལས་གསུང་གི་བདུད་རྩི་ཐོབ་པ་ཆོས་ཀྱི་བློ་གྲོས་པས་གསོལ་བ་བཏབ་པ་དགེ།

ces pa'ang mgon po 'di nyid las gsung gi bdud rtsi thob pa chos kyi blo gros pas gsol ba btab pa dge

1 Texts in this Section (sde tshan or chos tshan)

[edit]
ན་མོ་གུ་རུ། རྩ་གསུམ་འདུས་ཞལ་གུ་རུ་པད་འབྱུང་དང་། །ཀུན་མཁྱེན་རྫོགས་པའི་སངས་རྒྱས་ཀློང་ཆེན་པ། །དབྱེར་མེད་ངག་གི་དབང་ཕྱུག་ལས་འབྲེལ་རྩལ། །འོད་གསལ་རིན་ཆེན་སྙིང་པོར་གསོལ་བ་འདེབས། །རྟག་ཏུ་བདག་ལ་བྱིན་གྱིས་རློབས་པ་དང་། །དམ་ཚིག་ཉམས་ཆགས་ཉེས་པ་ཀུན་བྱང་ཞིང་། །ཐུགས་རྒྱུད་དགོངས་པ་མངོན་སུམ་འཕོས་པ་དང་། །འཇའ་ལུས་རྡོ་རྗེའི་སྐུ་མཆོག་ཐོབ་པར་ཤོག །ཅེས་པའང་མགོན་པོ་འདི་ཉིད་ལས་གསུང་གི་བདུད་རྩི་ཐོབ་པ་ཆོས་ཀྱི་བློ་གྲོས་པས་གསོལ་བ་བཏབ་པ་དགེ། །། ༈ གདོད་ནས་འགྱུར་མེད་བདེ་ཆེན་རྡོ་རྗེའི་ཁམས། །འཕོ་འགྱུར་བྲལ་བའི་ཚེ་དབང་རིག་པ་འཛིན། །གཞན་དབང་དག་པ་ཡོངས་གྲུབ་རྒྱ་མཚོའི་གླིང་། །བཞུགས་མཛད་འཁོར་ལོའི་མགོན་པོར་གསོལ་བ་འདེབས། །འཇམ་དབྱངས་བླ་མས་བྱིན་གྱིས་རླབས་པ་ལས། །ཟབ་རྒྱས་ཆོས་ཚུལ་ནོར་བུའི་མཛོད་འཆང་ཤིང་། །འཕོ་མེད་ཐིག་ལེ་དབུ་མར་རབ་འཆིང་པ། །ཚུལ་ཁྲིམས་མཚན་ལྡན་བླ་མར༴ །ལོ་ཙཱ་ཆེན་པོ་རྣམ་པར་སྣང་མཛད་ཀྱི། །གསང་གསུམ་ཡེ་ཤེས་དྲྭ་བའི་སྒྱུ་འཕྲུལ་གར། །སྙིགས་དུས་འགྲོ་བ་འདུལ་བའི་ཕྲིན་ལས་ཅན། །འཆི་མེད་སྣང་མཛད་རྡོ་རྗེར་གསོལ་བ་འདེབས།། །།

Footnotes

Other Information