JKCL-KABUM-12-NA-007

From Khyentse Lineage - A Tsadra Foundation Project
Revision as of 17:45, 18 January 2022 by Mort (talk | contribs)

Wylie title JKCL-KABUM-12-NA-007.pdf
Location chos kyi blo gros bka' 'bum
Volume 12, Text 7, Pages (Folios 1a to )
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. '. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 12: . Bir, H.P.: Khyentse Labrang, 2012.
Genre

1 Texts in this Section (sde tshan or chos tshan)

[edit]
དཔལ་ལྡན་འཇམ་དཔལ་རྡོ་རྗེའི་ཡེ་ཤེས་ནི། །སྲིད་འདི་རྗེས་སུ་ཆགས་པའི་སྒྱུ་ཐབས་ཅན། །སྒྲུབ་བརྒྱུད་བསྟན་པའི་གཙུག་གི་འོད་འབར་བ། །མདོ་ཁམས་བརྒྱད་པའི་༧ཞབས་ཀྱི་པདྨོའི་དྲུང་། །དད་གུས་སོར་བཅུའི་གོང་བུ་ཟླུམ་པོར་བཅིངས། །བརྗོད་དོན་ཙ་ཀོ་ར་པའི་མགྲིན་གླུ་ལས། །ཉེར་དྲངས་དབྱངས་སྙན་འགྱུར་ཁུགས་ཉམས་རྒྱས་སྒེག །དམ་པའི་སྙན་གཤོགས་ཨུཏྤལ་བཞད་པར་གསོལ། ༡ །ཐོག་མའི་དུས་རིང་བྱང་ཆུབ་མཆོག་ཐུགས་བསྐྱེད། །རྒྱལ་བའི་སྲས་ཀྱི་དམ་བཅའི་གོ་ཆ་བགོས། །སྨོན་ལམ་རྒྱ་མཚོའི་རླུང་ཤུགས་ཀྱིས་བསྐྱོད་པས། །ཞིང་འདིར་སྐྱེས་རབ་ཕྲེང་བ་ཚར་དུ་དངར། ༢ །ཁྱད་པར་ལྔ་བརྒྱ་ཐ་མའི་འགྲོ་བ་ནི། །ཤིན་ཏུ་བསྲུངས་དཀའ་འདུལ་བྱེད་དཔའ་བོ་ཆེ། །ལག་ན་རྡོ་རྗེའི་མཐུ་སྟོབས་རབ་བརྙེད་པ། །དམ་པ་དོན་བརྒྱུད་ཉི་མ་དེང་འདིར་འཆར། ༣ །སྒྲུབ་བརྒྱུད་བསྟན་པའི་གདེངས་ཅན་རོལ་པའི་མཚོར། །དཔལ་ལྡན་སྤྲིན་སྒྲའི་རྔ་གསང་ཆེར་སྒྲོགས་པས། །འཛིན་མའི་ཁྱོན་ཀུན་མཁས་གྲུབ་ཚོགས་ཀྱིས་ཁེངས། །ཐུབ་བསྟན་མཛེས་པའི་རྒྱན་དུ་ཨེ་མ་ཧོཿ༤། བཤད་སྒྲུབ་ལས་གསུམ་བྲེལ་བས་དུས་འདའ་ཞིང་། །བྱང་ཆུབ་སེམས་ཀྱི་ཐུགས་རྒྱུད་རབ་གཏམས་པ། །གཞན་ཕན་ཕྲིན་ལས་རྒྱ་མཚོའི་གོས་ཅན་གྱི། །འདྲེན་མཆོག་ཆོས་ཀྱི་རྒྱལ་པོ་རྒྱལ་གྱུར་ཅིག༥། ཅེས་ཤིས་པའི་ཚིག་གི་དྲངས་ཏེ། དེང་། སྐྱེ་རྒུའི་འདྲེན་པ་དམ་པ་མཆོག་ཉིད་ཕྱོགས་འདིར་ཞབས་པད་གསེར་གྱི་འཁོར་ལོ་ཆེད་དུ་བསྒྱུར་བ་དང་ཆབ་ཅིག །ངོས་ཅག་ལ་སྔར་འདྲིས་ལྟ་བུའི་ཐུགས་བརྩེས་གཟིགས་པས་ཁྱབ་པའི་མཚན་དཔེའི་དགྱེས་འཛུམ་གྲོལ་ཏེ་གནང་སྐྱེས་རྒྱ་ཆེན་སྩལ་བ་དང་། ཆོས་ཀྱི་བདུད་རྩི་བཞེས་ཤིང་། རིང་འཚོའི་རྡོ་རྗེའི་སྲོག་ཏུ་སྒྲུབ་པའི་འཆི་མེད་ཚེ་ཡི་དབང་བསྐུར་སྩལ་བ་སོགས་བཀའ་དྲིན་ཆེན་པོས་བསྐྱངས་པའི་ལེགས་སོའི་མཎྜལ་མཚོན་བྱེད། བཀྲ་ཤིས་པའི་ལྷ་རྫས་དྲི་བྲལ། གསང་གསུམ་གཞན་དུ་མི་འགྱུར་བ་བཞུགས་མཚོན་སྐུ་གསུང་ཐུགས་རྡོ་རྗེའི་སྣང་བརྙན། དཀར་ཡོལ་བཀྲ་ཤིས་རྟགས་བརྒྱད་ཆ་གཅིག་བཅས་དངོས་འབྱོར་པད་སྣ་ལྟར་ཕྲ་ཡང་དགྱེས་བརྩེས་བཞེས་གྲུབ་པ་ནས། སླར་ཡང་། སྲིད་གསུམ་དགེ་ལེགས་འོད་སྣང་སྟོང་འཕྲོ་བས། །བསྟན་དང་འགྲོ་བའི་བདེ་སྐྱིད་རྩ་ལག་མཆོག །དཔལ་ལྡན་བླ་མ་མཆོག་གི་སྤྲུལ་པའི་སྐུས། །ཞབས་པད་རྡོ་རྗེའི་ཁྲི་ལ་རྟག་བཞུགས་གསོལ། ༡ །ངེས་དོན་ཆོས་ཀྱི་འཁོར་ལོ་རྟག་པར་བསྐོར། །ཁམས་གསུམ་གཏི་མུག་གཉིད་དུ་ཡུར་བ་རྣམས། །དཀྲོགས་ནས་ཐར་གླིང་སྣང་བར་རབ་འགོད་དེ། །དོན་གཉིས་ལྷུན་གྲུབ་ཆོས་འབྱོར་རྒྱས་པར་མཛོད། ༢ །དབང་སྔོན་མཁའ་དབྱིངས་ངོས་ལ་ཁམས་སྣ་ཚོགས། །སྤྲིན་གྱི་བླ་བྲེ་རྒྱས་པར་བྲེས་པ་དང་། །ཀླུ་རྒྱལ་དགའ་བོ་མཛེས་འཛུམ་རོལ་པ་ལས། །ནོར་བུའི་གྲུ་ཆར་རྟག་ཏུ་འབེབས་གྱུར་ཅིག༣། སརྦ་ད་སུ་ཤྲེ་ཡོ་བྷ་ཝནྟུ།། །། ༈ ཀུན་བཟང་བླ་མའི་རིགས་ཀྱི་མྱུ་གུ་ནི། །རྒྱལ་བའི་སྲས་ཀྱི་རྣམ་ཐར་ཡོངས་རྫོགས་པ། །ཟླ་བྲལ་སྲིད་ཞིའི་ཁམས་ན་ལྷམ་མེ་བ། །འགྲོ་བའི་བླ་མ་མཆོག་གི་༧ཞབས་པདྨོར། །དད་དམ་གཙང་མའི་ས་གཞི་ཡངས་པ་ལ། །ལྷག་བསམ་གསེར་གྱི་ལྗང་བུ་རབ་རྒྱས་ལས། །བྱུང་བའི་མོས་གུས་སྙེ་མའི་འབྲས་བཟང་གིས། །ཅུང་ཟད་སྟོབས་ལ་ཡུད་ཙམ་གཟིགས་པར་རིགས། །ལྷ་ཡི་ལྷར་གྱུར་འདྲེན་པ་ཀུན་གྱི་རྗེ། །མཁས་གྲུབ་ཀླུ་དབང་བྱེ་བས་མངོན་བཏུད་པའི། །གདོད་མའི་མགོན་པོ་འགྲོ་འདུལ་དཔའ་བོ་རྗེས། །གསང་བ་གསུམ་གྱིས་བྱིན་བརླབ་རྒྱལ་བའི་སྲས། །དམ་པའི་རིགས་ཀྱི་ནུས་པ་ཡོངས་སད་པས། །མཁྱེན་དང་བརྩེ་བའི་ལྷ་ལམ་ཡངས་པ་རུ། །ཐུགས་རྗེའི་ཤུགས་ཀྱི་ཤིང་རྟས་དྲང་པ་ཡི། །སྣང་བྱེད་བསྟན་པའི་པད་ཚལ་བཞད་པའི་གཉེན། །རིས་སུ་མ་ཆད་འགྲོ་ཁམས་སྨིན་མཛད་པའི། །གཞན་ཕན་ཕྲིན་ལས་བཟང་པོའི་རོལ་མོ་ནི། །ཕྱོགས་བཅུ་ཀུན་ཏུ་ཁྱབ་པར་སྒྲོགས་པ་འདིས། །འཕགས་མཆོག་ཀུན་ཏུ་བཟང་པོའི་མཆེད་ཟླར་གྱུར། །ལྷར་བཅས་དགའ་བའི་འོད་ཀྱི་སྣང་བ་ཆེ། །ངེས་གསང་སྙིང་པོའི་རྒྱལ་མཚན་ནོར་བུའི་ཏོག །རྡོ་རྗེ་རིན་ཆེན་བླ་ན་མེད་པ་ནི། །སྲིད་དང་ཞི་བའི་མཁའ་ལ་ལྷམ་མེར་གསལ། །དེ་ལྟར་མཆོག་གསང་རྡོ་རྗེ་རྩེ་མོ་ཆེའི། །བསྟན་འཛིན་མཁས་དང་གྲུབ་པའི་དབང་ཕྱུག་གང་། །དུས་རྣམ་ཀུན་ཏུ་རྒྱལ་བར་གྱུར་པ་ཡི། །བཀྲ་ཤིས་མེ་ཏོག་དཀར་པོས་ཁྱབ་གྱུར་ཅིག །ཅེས་ཤིས་པའི་ཚིག་གི་དྲངས་སྟེ། དེང་། རྒྱལ་བའི་སྲས་ཀྱི་ཁྱུ་མཆོག་ཆེན་པོ་གང་ཉིད། རིང་ནས་བརྩེ་བའི་མཛའ་བཤེས་ཆེན་པོར་གྱུར་བཞིན་ད་ལམ་འདི་གར་ཆེད་དུ་ཕྱགས་ཕེབས་ཏེ། ལུགས་གཉིས་ཀྱི་སྐྱེས་ཆེན་པོ་སྩལ་བ་དང་། མཉེས་གཤིན་པའི་གསུང་གི་གླིང་བུ་ལྷུགས་པར་འཇོ་བ་སོགས་བཀའ་དྲིན་ཟླ་མེད་སྩལ་བའི་ལེགས་སྐྱེས་མཎྜལ་དང་གསོལ་ཞབས་ཕྱོགས་སྦྲེལ། བཀྲ་ཤིས་པའི་ལྷ་རེག །སྐུ་གསུང་ཐུགས་རྟེན། ཨ་ཤེ། རྒྱ་གར་ཐེར་མ་མནབ་གཟན་རྒྱུ། སྐུ་ཤམ་རྒྱུ་ཐེར་དྲིལ་ལེགས་པ་དྲུག །སྨད་རྒྱའི་སྟོད་འགགས། ཝ། གཡི། གཟིག་བཅས་ཀྱི་ལྤགས་ཤུན། གསེར་དངུལ་ཕྲ་མའི་ངོ་མཐོང་ཅན་གྱི་གའུ། ད་གོར་བརྒྱད་ཅུ། ཇ་སྒམ་གཅིག །རྟ་ཕོ་གཅིག །གདན་གམ་གྲུམ་སེར་ཁྲའི་ནར་གདན། རས་དཀར། སླར་ཡང་གསོལ་བ། ངེས་དོན་འཆི་མེད་རྟག་པ་དམ་པའི་གཤིས། །ནམ་ཡང་འགྱུར་མེད་རྡོ་རྗེའི་ངོ་བོ་རུ། །གཡོ་མེད་བརྟན་བཞུགས་ངེས་གསང་སྙིང་པོ་ཡི། །བསྟན་པའི་རྒྱལ་མཚན་མི་ནུབ་སྒྲེངས་ཏུ་གསོལ། །བསྐལ་དུས་སྙིགས་མའི་རྒུད་མུན་སྟུག་པོ་ནི། །འཇོམ་བྱེད་འོད་སྣང་བརྒྱ་པའི་དཔའ་བོ་ཆེ། །མཐུ་སྟོབས་ལག་ན་རྡོ་རྗེའི་ངོ་བོར་རྫོགས། །རྡོ་རྗེའི་ཁྲི་ལ་རྟག་པར་བཞུགས་གསོལ་འདེབས། །བདག་ཀྱང་རིང་འཚོའི་དཔལ་ཡོན་རྒྱས་པ་དང་། །ཁྱེད་ཞལ་ཟླ་བ་བདུད་རྩིའི་འཛུམ་གྲོལ་ཏེ། །གསུང་གསང་སྙན་པའི་གླིང་བུ་བསྒྱུར་བཞིན་དུ། །ལྷན་ཅིག་འཚོགས་པའི་རྟེན་འབྲེལ་ཡང་ཡང་ཞུ། །སརྦ་དཱ་ཀ་ལྱཱ་ཎཾ་སུ་ཤྲེ་ཡོ་བྷ་ཝནྟུ།། །།
[edit]

dpal ldan 'jam dpal rdo rje'i ye shes ni/__/srid 'di rjes su chags pa'i sgyu thabs can/__/sgrub brgyud bstan pa'i gtsug gi 'od 'bar ba/__/mdo khams brgyad pa'i 7zhabs kyi pad+mo'i drung /__/dad gus sor bcu'i gong bu zlum por bcings/__/brjod don tsa ko ra pa'i mgrin glu las/__/nyer drangs dbyangs snyan 'gyur khugs nyams rgyas sgeg__/dam pa'i snyan gshogs ut+pal bzhad par gsol/__1_/thog ma'i dus ring byang chub mchog thugs bskyed/__/rgyal ba'i sras kyi dam bca'i go cha bgos/__/smon lam rgya mtsho'i rlung shugs kyis bskyod pas/__/zhing 'dir skyes rab phreng ba tshar du dngar/__2_/khyad par lnga brgya tha ma'i 'gro ba ni/__/shin tu bsrungs dka' 'dul byed dpa' bo che/__/lag na rdo rje'i mthu stobs rab brnyed pa/__/dam pa don brgyud nyi ma deng 'dir 'char/__3_/sgrub brgyud bstan pa'i gdengs can rol pa'i mtshor/__/dpal ldan sprin sgra'i rnga gsang cher sgrogs pas/__/'dzin ma'i khyon kun mkhas grub tshogs kyis khengs/__/thub bstan mdzes pa'i rgyan du e ma hoH4/__bshad sgrub las gsum brel bas dus 'da' zhing /__/byang chub sems kyi thugs rgyud rab gtams pa/__/gzhan phan phrin las rgya mtsho'i gos can gyi/__/'dren mchog chos kyi rgyal po rgyal gyur cig5/__ces shis pa'i tshig gi drangs te/__deng /__skye rgu'i 'dren pa dam pa mchog nyid phyogs 'dir zhabs pad gser gyi 'khor lo ched du bsgyur ba dang chab cig__/ngos cag la sngar 'dris lta bu'i thugs brtses gzigs pas khyab pa'i mtshan dpe'i dgyes 'dzum grol te gnang skyes rgya chen stsal ba dang /__chos kyi bdud rtsi bzhes shing /__ring 'tsho'i rdo rje'i srog tu sgrub pa'i 'chi med tshe yi dbang bskur stsal ba sogs bka' drin chen pos bskyangs pa'i legs so'i maN+Dal mtshon byed/__bkra shis pa'i lha rdzas dri bral/__gsang gsum gzhan du mi 'gyur ba bzhugs mtshon sku gsung thugs rdo rje'i snang brnyan/__dkar yol bkra shis rtags brgyad cha gcig bcas dngos 'byor pad sna ltar phra yang dgyes brtses bzhes grub pa nas/__slar yang /__srid gsum dge legs 'od snang stong 'phro bas/__/bstan dang 'gro ba'i bde skyid rtsa lag mchog__/dpal ldan bla ma mchog gi sprul pa'i skus/__/zhabs pad rdo rje'i khri la rtag bzhugs gsol/__1_/nges don chos kyi 'khor lo rtag par bskor/__/khams gsum gti mug gnyid du yur ba rnams/__/dkrogs nas thar gling snang bar rab 'god de/__/don gnyis lhun grub chos 'byor rgyas par mdzod/__2_/dbang sngon mkha' dbyings ngos la khams sna tshogs/__/sprin gyi bla bre rgyas par bres pa dang /__/klu rgyal dga' bo mdzes 'dzum rol pa las/__/nor bu'i gru char rtag tu 'bebs gyur cig3/__sarba da su shre yo b+ha wan+tu//___//__!__kun bzang bla ma'i rigs kyi myu gu ni/__/rgyal ba'i sras kyi rnam thar yongs rdzogs pa/__/zla bral srid zhi'i khams na lham me ba/__/'gro ba'i bla ma mchog gi 7zhabs pad+mor/__/dad dam gtsang ma'i sa gzhi yangs pa la/__/lhag bsam gser gyi ljang bu rab rgyas las/__/byung ba'i mos gus snye ma'i 'bras bzang gis/__/cung zad stobs la yud tsam gzigs par rigs/__/lha yi lhar gyur 'dren pa kun gyi rje/__/mkhas grub klu dbang bye bas mngon btud pa'i/__/gdod ma'i mgon po 'gro 'dul dpa' bo rjes/__/gsang ba gsum gyis byin brlab rgyal ba'i sras/__/dam pa'i rigs kyi nus pa yongs sad pas/__/mkhyen dang brtse ba'i lha lam yangs pa ru/__/thugs rje'i shugs kyi shing rtas drang pa yi/__/snang byed bstan pa'i pad tshal bzhad pa'i gnyen/__/ris su ma chad 'gro khams smin mdzad pa'i/__/gzhan phan phrin las bzang po'i rol mo ni/__/phyogs bcu kun tu khyab par sgrogs pa 'dis/__/'phags mchog kun tu bzang po'i mched zlar gyur/__/lhar bcas dga' ba'i 'od kyi snang ba che/__/nges gsang snying po'i rgyal mtshan nor bu'i tog__/rdo rje rin chen bla na med pa ni/__/srid dang zhi ba'i mkha' la lham mer gsal/__/de ltar mchog gsang rdo rje rtse mo che'i/__/bstan 'dzin mkhas dang grub pa'i dbang phyug gang /__/dus rnam kun tu rgyal bar gyur pa yi/__/bkra shis me tog dkar pos khyab gyur cig__/ces shis pa'i tshig gi drangs ste/__deng /__rgyal ba'i sras kyi khyu mchog chen po gang nyid/__ring nas brtse ba'i mdza' bshes chen por gyur bzhin da lam 'di gar ched du phyags phebs te/__lugs gnyis kyi skyes chen po stsal ba dang /__mnyes gshin pa'i gsung gi gling bu lhugs par 'jo ba sogs bka' drin zla med stsal ba'i legs skyes maN+Dal dang gsol zhabs phyogs sbrel/__bkra shis pa'i lha reg__/sku gsung thugs rten/__a she/__rgya gar ther ma mnab gzan rgyu/__sku sham rgyu ther dril legs pa drug__/smad rgya'i stod 'gags/__wa/__g.yi/__gzig bcas kyi lpags shun/__gser dngul phra ma'i ngo mthong can gyi ga'u/__da gor brgyad cu/__ja sgam gcig__/rta pho gcig__/gdan gam grum ser khra'i nar gdan/__ras dkar/__slar yang gsol ba/__nges don 'chi med rtag pa dam pa'i gshis/__/nam yang 'gyur med rdo rje'i ngo bo ru/__/g.yo med brtan bzhugs nges gsang snying po yi/__/bstan pa'i rgyal mtshan mi nub sgrengs tu gsol/__/bskal dus snyigs ma'i rgud mun stug po ni/__/'jom byed 'od snang brgya pa'i dpa' bo che/__/mthu stobs lag na rdo rje'i ngo bor rdzogs/__/rdo rje'i khri la rtag par bzhugs gsol 'debs/__/bdag kyang ring 'tsho'i dpal yon rgyas pa dang /__/khyed zhal zla ba bdud rtsi'i 'dzum grol te/__/gsung gsang snyan pa'i gling bu bsgyur bzhin du/__/lhan cig 'tshogs pa'i rten 'brel yang yang zhu/__/sarba dA ka l+yA NaM su shre yo b+ha wan+tu//___//

Footnotes

Other Information