གཟོད་ནས་ཤིན་ཏུ་ཞི་བའི་ཆོས་ཉིད་ནི་སོགས་དཔལ་སྤུངས་སི་ཏུ་དང་མཁྱེན་བརྩེ་ཁྲི་ལ་མངའ་གསོལ་ལེགས་འབུལ་སོགས།

From Khyentse Lineage - A Tsadra Foundation Project
Wylie title gzod nas shin tu zhi ba'i chos nyid ni sogs dpal spungs si tu dang mkhyen brtse khri la mnga' gsol legs 'bul sogs JKCL-KABUM-12-NA-006.pdf
Location chos kyi blo gros bka' 'bum
Volume 12, Text 6, Pages 23-28 (Folios 1a1 to 3b3)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. gzod nas shin tu zhi ba'i chos nyid ni sogs dpal spungs si tu dang mkhyen brtse khri la mnga' gsol legs 'bul sogs. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 12: 23-28. Bir, H.P.: Khyentse Labrang, 2012.
Genre Official Letters - chab shog

1 Texts in this Section (sde tshan or chos tshan)

[edit]
གཟོད་ནས་ཤིན་ཏུ་ཞི་བའི་ཆོས་ཉིད་ནི། །མཁྱེན་གཉིས་ལང་ཚོ་རྒྱས་པའི་གཟི་འབར་བ། །བྱམས་པའི་དཔལ་དངོས་རྒྱལ་བའི་མྱུ་གུ་ཆེའི། །ཞབས་ཀྱི་པདྨོ་བཞད་པའི་ཉེ་དྲུང་དུ། །སྒོ་གསུམ་རབ་ཏུ་གུས་པའི་ཕྱག་དང་བཅས། །ཟོལ་སྦྱོར་ཅོམ་བུ་མིན་པའི་ཚིག་གི་ཕྲེང་། །མཆིད་ཀྱི་ཆུ་གཏེར་དྭངས་པའི་སྦུ་ཕྲེང་ནི། །མུ་ཏིག་དཀར་པོ་ཆིལ་ཆིལ་གཡོ་ལ་ཕྱོགས། ༡ །བྱམས་ཆེན་རྒྱལ་བའི་གཙུག་ཏོར་མཆོད་སྡོང་ཆེས། །འོད་ཟེར་སྣང་བ་ཆོས་ཀྱི་དབྱིངས་ཀུན་ཏུ། །ཁྱབ་པར་དཀྲིགས་པའི་ཆ་ཤས་བྲིཀྵས་མཚན། །ཛཾ་གླིང་ཆུང་ངུའི་ཁྱོན་འདིར་ལྷག་པར་སྣང་། ༢ །བྱང་ཕྱོགས་བསིལ་ལྡན་རི་ཡི་ལྗོངས་ཆེན་པོར། །ན་རོ་མེ་ཏྲིའི་བཀའ་བརྒྱུད་འཛིན་པའི་རྗེ། །མར་མི་དྭགས་གསུམ་མཁས་གྲུབ་རྒྱ་མཚོ་ཡི། །ཚངས་གནས་བདེ་ཆེན་འཁོར་ལོའི་རྒྱན་དུ་མཛེས། ༣ །ཁྱད་པར་འཇིག་རྟེན་དབང་ཕྱུག་སྤྲུལ་པའི་སྐུ། །མཐོན་མཐིང་ཅོད་པཎ་འཆང་བའི་ཀརྨ་པ། །རྒྱལ་བ་སེངྒེའི་ང་རོར་འཚང་རྒྱ་པའི། །སྐུ་མཚན་གསེར་རིའི་ཕྲེང་བ་ཚར་དུ་དངར། ༤ །རྒྱལ་དབང་པདྨ་ལས་གྲོལ་ཨོ་རྒྱན་མཚོ་སྐྱེས་རྡོ་རྗེ་འཆང་ཆེན་པོས། །རྡོ་རྗེའི་ལུང་གི་རྔ་ཆེན་སྒྲོགས་པའི་པདྨའི་ལྗགས་ལྡན་དྲག་ཕྲག་གི །གསུམ་པར་བྱོན་པ་བདག་ཅག་རྣམས་ཀྱི་གཙུག་ཏོར་རིགས་ཀྱི་བདག་པོ་ཆེ། །ཏཱ་ཡི་སི་ཏུ་པདྨ་ཀུན་བཟང་དབང་མཆོག་རྒྱལ་པོ་གྲགས་པ་གང་། ༥ །སླར་ཡང་བརྩེ་ཆེན་རླུང་གི་ཤུགས་ཀྱིས་ནི། །བདག་སོགས་བསྟན་དང་འགྲོ་བའི་གདུང་སེལ་དུ། །དམ་པ་མཚན་མོའི་མགོན་པོ་ཁྱད་པར་འཕགས། །དུས་ཀྱི་མུན་པས་སྒྲིབ་བྲལ་ཆེས་ཆེར་གསལ། ༦ །རྒྱལ་དབང་རང་བྱུང་རིག་པའི་རྡོ་རྗེ་ཡི། །རྣམ་པ་ཐམས་ཅད་མཁྱེན་པའི་ཨ་དར་ཤར། །ཇི་བཞིན་བཀྲ་བར་ཡིད་ཆེས་མངོན་སུམ་གྱུར། །སླར་ཡང་དད་བརྒྱའི་མེ་ཏོག་སྦྲེང་བས་མཆོད། ༧ །རྒྱལ་བའི་མྱུ་གུ་ཉིན་བྱེད་གཞོན་ནུའི་སྐུ། །མཚན་དཔེའི་དཔལ་འབར་རབ་སྙན་ཚངས་དབྱངས་གསུང་། །མཁྱེན་དང་བརྩེ་བའི་ཡེ་ཤེས་ཐུགས་མངའ་བ། །མཆོག་གི་སྤྲུལ་སྐུ་པདྨ་དཀར་པོ་རྒྱལ། ༨།། །། ༈ རྒྱལ་ཀུན་མཁྱེན་པའི་འོད་སྣང་ཆེ། །གསུང་གི་རྡོ་རྗེར་འཕོས་པ་ལས། །འཇམ་མགོན་བརྩེ་བའི་དབང་པོ་ཆེའི། །རྣམ་རོལ་མཆོག་གི་ཞབས་དྲུང་དུ། །གུས་ཤིང་དྭངས་བས་ལྷ་ཕྱག་ནི། །འབུམ་ཐེར་བརྩེགས་བཞིན་བཀྲ་ཤིས་ཀྱི། །དགེ་བའི་ཚིགས་སུ་བཅད་པའི་དབྱངས། །ཉུང་ངུར་སྟོབས་ལ་མངོན་པར་ཕྱོགས། ༡ །དེང་གི་ཆར་ཡང་བསྟན་དང་འགྲོར། །རབ་ཏུ་བརྩེ་བའི་གློགས་ཞགས་ནི། །བསོད་ནམ་དགེ་བའི་སྟོབས་ལས་སྣང་། །ངོ་མཚར་མཆོག་གི་སྤྲུལ་པའི་ཞལ། ༢ །པད་དཀར་ཟླ་བ་གངས་རི་རྣམས། །གཅིག་ཏུ་སྤུངས་པའི་གཟུགས་ཀྱི་སྐུ། །ལེགས་བྱས་སྐྱ་རེངས་གིས་བསུས་པའི། །བསོད་ནམ་བརྒྱ་པའི་དཔལ་དུ་འཆར། ༣ །རིགས་དང་བརྩེ་བའི་སྤྱན་བཟང་ཞིང་། ༣ །སྐྱེས་སྦྱངས་ཤེས་རབ་བློ་གྲོས་ཀྱི། །གེ་སར་མཆོག་ཏུ་འཛུམ་པ་ལས། །བྱུང་བའི་དགའ་སྟོན་འདི་རྨད་བྱུང་། ༤ །ཨེ་མ་སྐལ་བཟང་ལེགས་བྱས་བརྒྱ་ཕྲག་གི །མངོན་པར་དྲངས་པའི་འཇམ་དབྱངས་གཞོན་ནུའི་སྐུ། །གསང་གསུམ་དགེ་མཚན་ཉིད་བྱེད་སྣང་བ་ཡི། །བཀྲ་ཤིས་མནྡ་ར་བས་ཤིས་པ་སྩོལ། །ཅེས་སྭ་སྟིའི་དབྱངས་སྙན་ཀྱིས་དགེ་ལེགས་སུ་བྱས་ཏེ། དེང་གི་ཆར་གནས་དུས་སྟོན་འཁོར་ཕུན་སུམ་ཚོགས་པ་ལྔ་ཡི་ཁྱད་པར་དུ་བྱས་པའི་སྐབས་སུ་བཀའ་བརྒྱུད་བསྟན་པའི་གཞི་མ་མཁས་གྲུབ་བྱེ་བའི་འབྱུང་གནས་བྱམས་ཆེན་དགྱེས་པར་རོལ་པའི་གདན་ས་ཆེན་པོ་ཤར་དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་གི་གཙུག་ལག་ཁང་ཆེན་པོའི་འཇིགས་མེད་ཆོས་ཀྱི་ཁྲི་ལ་མངའ་གསོལ་བའི་དུས་བཟང་འདིར་ཁོ་བོ་རྫོང་གསར་བཀྲ་ཤིས་ལྷ་རྩེའི་མཁྱེན་བརྩེའི་སྤྲུལ་མིང་འཛིན་པའང་མཆོག་ཏུ་དགའ་ཞིང་སྤྲོ་བའི་སྐྱ་རེངས་གསར་པས་དྲངས་ཏེ་མཆོད་པའི་ཉི་གཞོན་རིན་ཆེན་རྡུལ་གྱི་ཕྱེ་མ་སྐྲ་རྩེའི་ཟེག་མ་ཙམ་འཐོར་བ་ལ། བཀྲ་ཤིས་པའི་ལྷ་རེག་དྲི་བྲལ། གསང་གསུམ་འགྱུར་མེད་གཡུང་དྲུང་རྟག་པ་དམ་པའི་ངོ་བོར་བཞུགས་མཚོན། སྐུ་གསུང་ཐུགས་ཀྱི་རྟེན། བཟང་གོས་ལྕོ། འཇའ་ལྡན། བཟང་གོས་སེར་པོ་ཁ་ལྔ། གོར་འདྲ་དམར་སྨུག་ཁ་བཞི། རས་ལྗང་གུ་ཁ་དོ། འགའ་ཁྲ་ཤར། གོ་གྲུམ་སྤུ་མ་ཤིང་ལོ་རིས། གྲུ་བཞི་ཛར་ལྡན་གྱི་ཁ་གང་། ཝ། སྲམ། གཡི། གཟིགས་བཅས་ཀྱི་པགས་པ། རྟ་ཕོ་གཅིག །ཆེ་ཁལ་གཅིག །རྩེ་སྒོར་རྡིལ་ཚད་གཅིག །མཐའ་བརྟེན་རས་དཀར། སླར་ཡང་གསོལ་བ། འཇམ་པའི་དཔལ་དང་གཉིས་སུ་མེད་པའི་ཐུགས། །ཟབ་དང་རྒྱ་ཆེའི་ཆོས་ཀྱི་དབྱངས་སྙན་གསུང་། །བཀྲ་ཤིས་དགེ་བའི་མཚན་དཔེས་བརྒྱན་པའི་སྐུ། །སྒྲུབ་བརྒྱུད་བསྟན་པའི་མགོན་དུ་འཚོ་གཞེས་གསོལ། །ཀརྨའི་བསྟན་པ་བཤད་དང་སྒྲུབ་པས་གསལ། །འཇིག་བྲལ་ཆོས་ཀྱི་སེངྒེའི་སྤྲུལ་པའི་སྐུ། །གསན་བསམ་སྒོམ་པའི་རྩལ་ཆེན་རྫོགས་པ་དང་། །དམ་པའི་ཚུལ་དགུས་འབྱོར་བཞིན་ཞབས་བརྟན་གསོལ། །ལེགས་ལེགས་རྡོ་རྗེའི་ཁྲི་ལ་རབ་བརྟན་བརྟན་པའི་འཁོར་ལོའི་གཟུགས། །སྙན་སྙན་ཚངས་པའི་དབྱངས་ཀྱི་རྔ་སྒྲ་སྒྲ་ཆེན་ཕྱོགས་བཅུར་ལྡིར། །ཞི་ཞི་བསྟན་འགྲོའི་རྒུད་འཇོམས་འཇོམས་བྱེད་མཐུ་སྟོབས་རྩལ་ཆེན་རྫོགས། །འཕེལ་འཕེལ་རྫོགས་ལྡན་རབ་རྒྱས་རྒྱས་པའི་དགེ་མཚན་དར་བབ་ཤོག །སརྦ་དཱ་སུ་ཤྲེ་ལོ་བྷ་བ་ཏུ། ། ༈ བསམ་འདས་ཆོས་རྣམས་དབྱིངས་སུ་ཐིམ། །གསལ་གདངས་འགགས་མེད་སྙིང་རྗེའི་བདག །ཁྱབ་བདག་བླ་མ་གྲུབ་དབང་རྗེའི། །ཞབས་ཀྱི་པདྨོའི་ཉེ་དྲུང་དུ། །གུས་པས་རབ་ཏུ་གདུང་བའི་དད་མོས་ཀྱིས། །རབ་མྱོས་གྲེ་འགྱུར་གླིང་བུའི་སྒྲ་དབྱངས་ཀྱི། །རབ་སྙན་སྙན་འགྱུར་དགྱེས་པའི་ངག་མིན་ཀྱང་། །གསུང་གི་མཆིད་ལན་དད་དང་སྤྲོ་བས་སྟོབས། །གང་ཉིད་གྲུབ་པའི་རིགས་ཀྱི་ཕྲེང་བ་ནི། །མུ་ཏིག་བསྟར་ལ་བརྒྱུས་པའི་སྐབས་མཚམས་སུ། །རྡོ་རྗེ་རིན་ཆེན་རྨད་དུ་བྱུང་བ་དང་། །མཚུངས་པའི་བླ་མ་མཆོག་ཉིད་རྒྱལ་གྱུར་ཅིག །ཀརྨ་པ་ཡི་བསྟན་པ་ཉིན་མོར་བྱེད། །ངེས་དོན་ཕྱག་རྒྱ་ཆེན་པོའི་སྲོག་འཛིན་པ། །དེང་དུས་སྨག་ལ་ཟླ་བ་ཇི་བཞིན་དུ། །འཇིག་རྟེན་གསུམ་ན་རྣམ་པར་རྒྱལ་གྱུར་ཅིག །ཉིད་ཀྱི་བརྩེ་བའི་བ་ཀུ་ལ། །ཡོངས་སུ་འབྱེད་པའི་ཟིལ་དངར་དེ། །བདག་གི་སྤྱི་བོར་འབབ་པ་ལས། །བྱུང་བའི་དགའ་བདེ་བརྗོད་ལས་འདས། །མཚམས་ཞུ། ས་སྐྱ་པ་ལ་བདག་ཆེན་བཞུགས་སྐབས་མ་ཁེལ་ཀྱང་། བདག་ཡུམ་དང་གདུང་སྲས་མདུན་ཕུལ་བའི་འབྱོར་ཞུས་ཟུར་འབུལ། གསུང་ངག་ལ་སོགས་བདག་གི་གདམས་པ་རྣམས། །རྣལ་འབྱོར་ཆེན་པོ་སྣང་སེམས་འདྲེས་པ་ཡི། །དགོངས་པ་དབྱེར་མེད་ངང་དུ་མཉམ་བཞག་པས། །ཐིག་ལེ་གཅིག་ཏུ་རྫོགས་པའི་སྨོན་འདུན་ཞུ། །སླད་ནས་ཀྱང་། སྒྲུབ་བརྒྱུད་བསྟན་པའི་རྡོ་རྗེའི་ཁྲི་འཕང་རྩེར། །ཞབས་ཟུངས་གཡོ་བ་མེད་པར་བརྟན་བཞུགས་ནས། །ལྷུན་གྲུབ་ཕྲིན་ལས་རྣམ་བཞིས་ཕྱོགས་ཀུན་ཁྱབ། །དགེ་ལེགས་རྟེན་འབྱུང་སྒོ་བརྒྱ་འབྱེད་པར་སྨོན། །ཞུ་འདེགས་དང་། སྐྱབས་རྟེན་གཟི་ཆུང་གཅིག །བྱེ་རུ་གཉིས། བཅས་མཁྱེན་མིང་པས་ཟླ་ཚེས་ལ་གུས་པས་ཕུལ།། །།
[edit]

gzod nas shin tu zhi ba'i chos nyid ni/__/mkhyen gnyis lang tsho rgyas pa'i gzi 'bar ba/__/byams pa'i dpal dngos rgyal ba'i myu gu che'i/__/zhabs kyi pad+mo bzhad pa'i nye drung du/__/sgo gsum rab tu gus pa'i phyag dang bcas/__/zol sbyor com bu min pa'i tshig gi phreng /__/mchid kyi chu gter dwangs pa'i sbu phreng ni/__/mu tig dkar po chil chil g.yo la phyogs/__1_/byams chen rgyal ba'i gtsug tor mchod sdong ches/__/'od zer snang ba chos kyi dbyings kun tu/__/khyab par dkrigs pa'i cha shas brik+Shas mtshan/__/dzaM gling chung ngu'i khyon 'dir lhag par snang /__2_/byang phyogs bsil ldan ri yi ljongs chen por/__/na ro me tri'i bka' brgyud 'dzin pa'i rje/__/mar mi dwags gsum mkhas grub rgya mtsho yi/__/tshangs gnas bde chen 'khor lo'i rgyan du mdzes/__3_/khyad par 'jig rten dbang phyug sprul pa'i sku/__/mthon mthing cod paN 'chang ba'i karma pa/__/rgyal ba seng+ge'i nga ror 'tshang rgya pa'i/__/sku mtshan gser ri'i phreng ba tshar du dngar/__4_/rgyal dbang pad+ma las grol o rgyan mtsho skyes rdo rje 'chang chen pos/__/rdo rje'i lung gi rnga chen sgrogs pa'i pad+ma'i ljags ldan drag phrag gi__/gsum par byon pa bdag cag rnams kyi gtsug tor rigs kyi bdag po che/__/tA yi si tu pad+ma kun bzang dbang mchog rgyal po grags pa gang /__5_/slar yang brtse chen rlung gi shugs kyis ni/__/bdag sogs bstan dang 'gro ba'i gdung sel du/__/dam pa mtshan mo'i mgon po khyad par 'phags/__/dus kyi mun pas sgrib bral ches cher gsal/__6_/rgyal dbang rang byung rig pa'i rdo rje yi/__/rnam pa thams cad mkhyen pa'i a dar shar/__/ji bzhin bkra bar yid ches mngon sum gyur/__/slar yang dad brgya'i me tog sbreng bas mchod/__7_/rgyal ba'i myu gu nyin byed gzhon nu'i sku/__/mtshan dpe'i dpal 'bar rab snyan tshangs dbyangs gsung /__/mkhyen dang brtse ba'i ye shes thugs mnga' ba/__/mchog gi sprul sku pad+ma dkar po rgyal/__8//___//__!__rgyal kun mkhyen pa'i 'od snang che/__/gsung gi rdo rjer 'phos pa las/__/'jam mgon brtse ba'i dbang po che'i/__/rnam rol mchog gi zhabs drung du/__/gus shing dwangs bas lha phyag ni/__/'bum ther brtsegs bzhin bkra shis kyi/__/dge ba'i tshigs su bcad pa'i dbyangs/__/nyung ngur stobs la mngon par phyogs/__1_/deng gi char yang bstan dang 'gror/__/rab tu brtse ba'i glogs zhags ni/__/bsod nam dge ba'i stobs las snang /__/ngo mtshar mchog gi sprul pa'i zhal/__2_/pad dkar zla ba gangs ri rnams/__/gcig tu spungs pa'i gzugs kyi sku/__/legs byas skya rengs gis bsus pa'i/__/bsod nam brgya pa'i dpal du 'char/__3_/rigs dang brtse ba'i spyan bzang zhing /__3_/skyes sbyangs shes rab blo gros kyi/__/ge sar mchog tu 'dzum pa las/__/byung ba'i dga' ston 'di rmad byung /__4_/e ma skal bzang legs byas brgya phrag gi__/mngon par drangs pa'i 'jam dbyangs gzhon nu'i sku/__/gsang gsum dge mtshan nyid byed snang ba yi/__/bkra shis man+da ra bas shis pa stsol/__/ces swa sti'i dbyangs snyan kyis dge legs su byas te/__deng gi char gnas dus ston 'khor phun sum tshogs pa lnga yi khyad par du byas pa'i skabs su bka' brgyud bstan pa'i gzhi ma mkhas grub bye ba'i 'byung gnas byams chen dgyes par rol pa'i gdan sa chen po shar dpal spungs thub bstan chos 'khor gling gi gtsug lag khang chen po'i 'jigs med chos kyi khri la mnga' gsol ba'i dus bzang 'dir kho bo rdzong gsar bkra shis lha rtse'i mkhyen brtse'i sprul ming 'dzin pa'ang mchog tu dga' zhing spro ba'i skya rengs gsar pas drangs te mchod pa'i nyi gzhon rin chen rdul gyi phye ma skra rtse'i zeg ma tsam 'thor ba la/__bkra shis pa'i lha reg dri bral/__gsang gsum 'gyur med g.yung drung rtag pa dam pa'i ngo bor bzhugs mtshon/__sku gsung thugs kyi rten/__bzang gos lco/__'ja' ldan/__bzang gos ser po kha lnga/__gor 'dra dmar smug kha bzhi/__ras ljang gu kha do/__'ga' khra shar/__go grum spu ma shing lo ris/__gru bzhi dzar ldan gyi kha gang /__wa/__sram/__g.yi/__gzigs bcas kyi pags pa/__rta pho gcig__/che khal gcig__/rtse sgor rdil tshad gcig__/mtha' brten ras dkar/__slar yang gsol ba/__'jam pa'i dpal dang gnyis su med pa'i thugs/__/zab dang rgya che'i chos kyi dbyangs snyan gsung /__/bkra shis dge ba'i mtshan dpes brgyan pa'i sku/__/sgrub brgyud bstan pa'i mgon du 'tsho gzhes gsol/__/karma'i bstan pa bshad dang sgrub pas gsal/__/'jig bral chos kyi seng+ge'i sprul pa'i sku/__/gsan bsam sgom pa'i rtsal chen rdzogs pa dang /__/dam pa'i tshul dgus 'byor bzhin zhabs brtan gsol/__/legs legs rdo rje'i khri la rab brtan brtan pa'i 'khor lo'i gzugs/__/snyan snyan tshangs pa'i dbyangs kyi rnga sgra sgra chen phyogs bcur ldir/__/zhi zhi bstan 'gro'i rgud 'joms 'joms byed mthu stobs rtsal chen rdzogs/__/'phel 'phel rdzogs ldan rab rgyas rgyas pa'i dge mtshan dar bab shog__/sarba dA su shre lo b+ha ba tu/__/__!___bsam 'das chos rnams dbyings su thim/__/gsal gdangs 'gags med snying rje'i bdag__/khyab bdag bla ma grub dbang rje'i/__/zhabs kyi pad+mo'i nye drung du/__/gus pas rab tu gdung ba'i dad mos kyis/__/rab myos gre 'gyur gling bu'i sgra dbyangs kyi/__/rab snyan snyan 'gyur dgyes pa'i ngag min kyang /__/gsung gi mchid lan dad dang spro bas stobs/__/gang nyid grub pa'i rigs kyi phreng ba ni/__/mu tig bstar la brgyus pa'i skabs mtshams su/__/rdo rje rin chen rmad du byung ba dang /__/mtshungs pa'i bla ma mchog nyid rgyal gyur cig__/karma pa yi bstan pa nyin mor byed/__/nges don phyag rgya chen po'i srog 'dzin pa/__/deng dus smag la zla ba ji bzhin du/__/'jig rten gsum na rnam par rgyal gyur cig__/nyid kyi brtse ba'i ba ku la/__/yongs su 'byed pa'i zil dngar de/__/bdag gi spyi bor 'bab pa las/__/byung ba'i dga' bde brjod las 'das/__/mtshams zhu/__sa skya pa la bdag chen bzhugs skabs ma khel kyang /__bdag yum dang gdung sras mdun phul ba'i 'byor zhus zur 'bul/__gsung ngag la sogs bdag gi gdams pa rnams/__/rnal 'byor chen po snang sems 'dres pa yi/__/dgongs pa dbyer med ngang du mnyam bzhag pas/__/thig le gcig tu rdzogs pa'i smon 'dun zhu/__/slad nas kyang /__sgrub brgyud bstan pa'i rdo rje'i khri 'phang rtser/__/zhabs zungs g.yo ba med par brtan bzhugs nas/__/lhun grub phrin las rnam bzhis phyogs kun khyab/__/dge legs rten 'byung sgo brgya 'byed par smon/__/zhu 'degs dang /__skyabs rten gzi chung gcig__/bye ru gnyis/__bcas mkhyen ming pas zla tshes la gus pas phul//___//

Footnotes

Other Information