JKCL-KABUM-11-DA-007: Difference between revisions

From Khyentse Lineage - A Tsadra Foundation Project
No edit summary
m (Text replacement - "Khyentse Metadata" to "Text")
 
Line 1: Line 1:
{{Khyentse Metadata
{{Text
|classification=Tibetan Publications
|classification=Tibetan Publications
|subclass=Tibetan Texts
|subclass=Tibetan Texts

Latest revision as of 08:39, 1 June 2024

Wylie title gtor bsngo bsdus pa phrin las myur 'grub JKCL-KABUM-11-DA-007.pdf
Location chos kyi blo gros bka' 'bum
Volume 11, Text 7, Pages 61-70 (Folios 1a to 5b1)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. gtor bsngo bsdus pa phrin las myur 'grub. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 11: 61-70. Bir, H.P.: Khyentse Labrang, 2012.
Genre Protector Rituals - gsol mchod  ·  Torma-offering Rituals - gtor chog
Colophon

།ཞེས་པའང་དཔལ་ས་སྐྱའི་སྒྲོལ་ཕོའི་རྗེ་བཙུན་རིན་པོ་ཆེ་སྐལ་བཟང་འཆི་མེད་ཕྲིན་ལས་ཆོས་ཀྱི་ཉི་མས་རྟེན་དང་བཅས་བཀའ་ཡིས་བསྐུལ་བ་བཞིན་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་བྲིས་པ་དགེའོ།།

/zhes pa'ang dpal sa skya'i sgrol pho'i rje btsun rin po che skal bzang 'chi med phrin las chos kyi nyi mas rten dang bcas bka' yis bskul ba bzhin 'jam dbyangs chos kyi blo gros pas bris pa dge'o//

1 Texts in this Section (sde tshan or chos tshan)

[edit]
༄༅། །གཏོར་བསྔོ་བསྡུས་པ་ཕྲིན་ལས་མྱུར་འགྲུབ་ཅེས་བྱ་བ་བཞུགས་སོ། ། ཨོཾ་སྭཱསྟི། བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོངས་རྣམས་ལ་གཏོར་མ་བསྡུས་ཏེ་འབུལ་བར་འདོད་ན། མཆོད་གཏོར་རྣམས་ལེགས་པར་བཤམས་ལ། ཡི་དམ་གང་རུང་གི་བདག་བསྐྱེད་སྔོན་དུ་འགྲོ་བས། མཆོད་གཏོར་རྣམས་ནང་ཆུ་ཆང་གིས་བྲན་ཏེ། ཨོཾ་བཛྲ་ཨ་མྲྀ་ཏས་བསང་། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཨཱཿལས་ཀ་པ་ལ། །ཡངས་ཤིང་རྒྱ་ཆེ་སྟོང་གསུམ་མཉམ་པའི་ནང་། །གོ་ཀུ་ད་ཧ་ན་ལས་ཤ་ལྔ་དང་། །བྷྲཱུྃ་ཨོཾ་ཛྲིཾ་ཁྃ་ཧཱུྃ་ལས་བདུད་རྩི་ལྔ། །རྣམས་ཀྱི་ཡོངས་སུ་གང་བའི་སྟེང་ཉིད་དུ། །འབྲུ་གསུམ་འོད་ཀྱིས་ཡེ་ཤེས་བདུད་རྩིར་སྦར། །འདོད་ཡོན་མཆོད་སྤྲིན་ནམ་མཁའ་གང་བར་གྱུར། །ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ཕྱག་རྒྱ་དང་བཅས་ལན་མང་དུ་བརྗོད་པས་བྱིན་གྱིས་བརླབས། རང་ཉིད་ཡི་དམ་ལྷར་གསལ་ཐུགས་ཀ་ནས། །འོད་ཟེར་ལྕགས་ཀྱུ་ལྟ་བུ་རབ་འཕྲོས་པས། །བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ཚོགས། །འདིར་གཤེགས་པདྨ་ཉི་ཟླ་ལ་སོགས་པ། །རང་རང་དགྱེས་པའི་གདན་ལ་བཞུགས་སུ་གསོལ། །ཨོཾ་གུ་རུ་དྷེ་ཝ་ཌཱ་ཀི་ནི་ཤྲཱི་བཛྲ་དྷརྨ་པཱ་ལ་ས་པཱ་རི་ཝ་ར་བཛྲ་ས་མ་ཛཿཔདྨ་ཀ་མ་ལ་ཡ་སྟྭཾ། དགྲ་བགེགས་བསྒྲལ་བའི་དམར་ཆེན་རཀྟ་ནི། །སྦུ་ཕྲེང་རབ་འཁྲུགས་ཆིལ་ཆིལ་རྣམ་པར་གྱུར། །བསྟན་སྲུང་རྒྱ་མཚོར་བྱོན་སྐྱེམས་དམ་པ་འབུལ། །བཞེས་ནས་རྔམས་པའི་སྟབས་ཀྱིས་དགྲ་བགེགས་སྒྲོལ། །ཨོཾ་མ་ཧཱ་རཀྟ་ས་མུ་དྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་གསེར་སྐྱེམས་འབུལ། ཧཱུྃ། ཕྱི་མཆོད་ཉེར་སྤྱོད་ནང་མཆོད་འདོད་ཡོན་ལྔ། །གསང་མཆོད་སྨན་དང་རཀྟ་གཏོར་མ་དང་། །སྦྱོར་སྒྲོལ་ག་ན་ཙཀྲའི་མཆོད་པ་སོགས། །དངོས་བཤམས་ཡིད་སྤྲུལ་འབུལ་གྱིས་བཞེས་སུ་གསོལ། །ཨོཾ་གུ་རུ་དཱེ་ཝ་ཌཱ་ཀི་ནི་ཤྲཱི་བཛྲ་དྷརྨ་པཱ་ལ་ས་པཱ་རི་ཝཱ་ར་བཛྲ་ཨརྒྷཾ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། སྔགས་ཀྱི་མཐར། བཛྲ་རཱུ་པ་ཨཱཿཧཱུྃ། བཛྲ་ཤབྡ༴ བཛྲ་གནྡྷེ༴ བཛྲ་ར་ས༴ བཛྲ་སྤཪྴེ་ཨཱཿཧཱུྃ། སྔགས་ཐར། མ་ཧཱ་པཉྩ་ཨ་མྀ་ཏ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། ཞེས་པས་མཆོད། ཨོཾ་གུ་རུ་དཱེ་ཝ་ཌཱ་ཀི་ནི་ཤྲཱི་བཛྲ་དྷརྨ་པཱ་ལ་ས་པ་རི་ཝཱ་ར་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་སོགས་ལན་བདུན་ནམ་གསུམ་གྱིས་སྤྱིར་འབུལ། བྱེ་བྲག་ཡི་དམ་དང་། ཆོས་སྐྱོང་མཁའ་འགྲོ་སྤྱི་སྔགས་སོགས་ལན་གསུམ་རེས་འབུལ་ལ། ཨོཾ་གུ་རུ་དྷེ་ཝ་ཌཱ་ཀི་ནི་ཤྲཱི་དྷརྨ་པཱ་ལ་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤབྡའི་བར་གྱིས་མཆོད། སྔགས་མཐར། ཨོཾ་ཨཱཿཧཱུྃ་བཏགས་བས་ནང་མཆོད་འབུལ་ལ། བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་དམ་ཅན་རྒྱ་མཚོའི་ཞལ་དུ་མཆོད་པ་དམ་པ་འབུལ་ལོ། །སངས་རྒྱས་ཀྱི་བསྟན་པ་སོགས་ཕྲིན་བཅོལ་བྱ། བསྐང་བ་ནི། ཨོཾ་བཛྲ་ཨ་མྲྀ་ཏས་བསང་། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་དུར་ཁྲོད་དྲག་པོའི་བཀོད་པ་ཕུན་སུམ་ཚོགས་པ་བསྐང་རྫས་རྣམས་སོ་སོའི་བྱེད་ལས་དང་ལྡན་ཞིང་ས་དང་ནམ་མཁའ་བར་སྣང་ཐམས་ཅད་གང་བར་གྱུར། ནམཿསརྦ་ཏ་ཐཱ་ག་ཏ་བྷྱོ་སོགས་ལན་གསུམ་གྱིས་འབུལ། ཧཱུྃ། རྩ་བརྒྱུད་བླ་མ་ཡི་དམ་ལྷ་ཚོགས་དང་། །གནས་གསུམ་དཔའ་བོ་མཁའ་འགྲོ་རྒྱ་མཚོ་རྣམས། །ཕྱི་ནང་གསང་བའི་བསྐང་རྫས་མཆོད་གཏོར་འབུལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །ཀུན་བཟང་ཧེ་རུ་ཀ་ཡི་ཐུགས་ལས་སྤྲུལ། །བསྟན་སྲུང་རྒྱ་མཚོའི་སྡེ་དཔོན་གུར་གྱི་མགོན། །ཕོ་ཉ་ལྔ་དང་གཎྜིའི་ཁྲོ་ཆུང་དང་། །རུ་འདྲེན་སྡེ་བཞིའི་ཚོགས་དང་བཅས་པ་ལ། །ཕྱི་ནང་གསང་བའི༴ །དབྱིངས་ཕྱུག་རྒྱལ་མོ་ཨེ་ཀ་ཛཱ་ཊི་དང་། །འདོད་ཁམས་གཙོ་མོ་ལྷ་མོ་ནམ་གྲུ་མ། །ནག་མོ་བྱེ་བ་འབུམ་སྡེའི་ཚོགས་བཅས་ལ། །ཕྱི་ནང་གསང་བའི༴ །སྲིད་གསུམ་དབང་བསྒྱུར་གནས་གཏེར་ཐམས་ཅད་སྐྱོང་། །དཔལ་འབར་མ་ཧཱ་ཀཱ་ལ་གདོང་བཞི་པ། །རྣམ་འགྱུར་སྣ་ཚོགས་ཡུམ་ཆེན་བཞི་བཅས་ལ། །ཕྱི་ནང་གསང་བའི༴ །མགོན་པོའི་སྤྲུལ་པ་གནོད་སྦྱིན་ཡབ་ཡུམ་དང་། །གསང་བའི་ལས་མཁན་པུ་ཏྲ་མིང་སྲིང་གསུམ། །ནག་པོ་སྟོང་དང་མ་མོ་བྱེ་བའི་ཚོགས། །ཕྱི་ནང་གསང་བའི༴ །དམག་དང་ཟོར་གྱི་ལས་མཛད་དྲག་མོ་རྒྱལ། །དཔལ་ལྡན་རེ་ཏི་ལས་བཞིའི་ལྷ་མོ་དང་། །ཆུ་སྲིན་བ་ལང་གདོང་ཅན་ལ་སོགས་པར། །ཕྱི་ནང་གསང་བའི༴ །དབང་ཆེན་རྟ་མགྲིན་བཀའ་ཉན་བེཀྩེ་ཆེ། །ལྕམ་སྲིང་ལས་མཁན་གྲི་ཐོགས་བརྒྱད་པོ་དང་། །རོ་ཤན་ཉེར་གཅིག་ལ་སོགས་འཁོར་བཅས་ལ། །ཕྱི་ནང་གསང་བའི༴ །རབ་ཡངས་དུར་ཁྲོད་གནས་ཀྱི་བདག་པོ་ཆེ། །དཔའ་བོ་ཡབ་ཡུམ་གར་སྟབས་ཐོད་དབྱུག་བསྣམས། །དུར་ཁྲོད་གནས་པའི་འཁོར་ཚོགས་བཅས་པ་ལ། །ཕྱི་ནང་གསང་བའི༴ །གླིང་བཞི་དབང་མཛད་དཀར་མོ་ཉི་ཟླའི་ཕྲེང་། །བདུད་ཀྱི་སྡེ་དཔོན་བདུད་རྒྱལ་ནག་པོ་ཆེ། །གཙོ་འཁོར་སྤྲུལ་པ་བཅས་པ་ཐམས་ཅད་ལ། །ཕྱི་ནང་གསང་བའི༴ །སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི། །སྤྱན་སྔར་ཞལ་བཞེས་བདག་ཤྭ་ས྄༷་གསུམ་སོགས། །ཕུར་སྲུང་དམ་ཅན་བཅུ་གཉིས་འཁོར་བཅས་ལ། །ཕྱི་ནང་གསང་བའི༴ །བཙན་གྱི་སྡེ་དཔོན་གནོད་སྦྱིན་ཡང་ལེ་བེར། །རོལ་པ་རྐྱ་བདུན་བཙན་དམག་འབུམ་སྡེས་བསྐོར། །གནོད་སྦྱིན་ཙིའུ་དམར་པོ་འཁོར་བཅས་ལ། །ཕྱི་ནང་གསང་བའི༴ །ལྷ་ཆེན་ཚངས་པ་དཀར་པོ་དུང་ཐོད་ཅན། །ཆོས་སྐྱོང་རྒྱལ་པོའི་སྐུར་སྟོན་བསེ་ཁྲབ་པ། །དཔལ་ལྡན་གསང་ཕུའི་བསྟན་སྐྱོང་ཆེན་པོ་ལ། །ཕྱི་ནང་གསང་བའི༴ །ཐུགས་རྗེ་ཆེན་པོའི་སྤྲུལ་པ་འདུལ་འཛིན་ཆེ། །རྣོ་མྱུར་ཤུགས་དྲག་རྩལ་ལྡན་མཐུ་བོ་ཆེ། །རྒྱལ་བའི་བསྟན་དང་བསྟན་འཛིན་སྐྱོངས་མཛད་ལ། །ཕྱི་ནང་གསང་བའི༴ །ནག་པོའི་བཀའ་ཉན་དབང་ཕྱུག་མཐུ་མོ་ཆེ། །སྲིང་སྐྱིད་ནམ་སྒྲོན་རྡོ་རྗེ་བུ་ཁྲིད་སོགས། །སྔགས་འཆང་ཆེན་མོའི་བཀའ་ཡི་ལས་སྒྲུབ་མོར། །རང་རང་སྤྱན་གཟིགས་མཐུན་རྫས་འདི་བཞེས་ཤིག །ཧཱུྃ། ཐུགས་དམ་གཉེན་པོ་བསྐང་བའི་དམ་རྫས་ནི། །ཕྱི་ནང་ཉེར་སྤྱོད་བཀྲ་ཤིས་རྫས་རྟགས་དང་། །རིན་ཆེན་བདུན་དང་ཉེ་བའི་རིན་ཆེན་བདུན། །གཞལ་མེད་ཁང་བཟང་རིན་ཆེན་སྣ་ཚོགས་དང་། །གཏེར་གྱི་བུམ་བ་དཔག་བསམ་ལྗོན་ཤིང་སོགས། །བྱ་ཁྱི་ནག་པོ་གཅན་གཟན་སྣ་ཚོགས་དང་། །རྟ་དྲེལ་བོང་བུ་རི་དྭགས་གཡུང་དྭགས་སོགས། །ཁྲབ་རྨོག་མདའ་མདུང་རལ་གྲི་གོ་མཚོན་སྒྱོགས། །རུས་རྒྱན་མགོ་ཕྲེང་སྦྲུལ་རྒྱན་གླང་ཀོ་དང་། །སྟག་ཤམ་ཐལ་ཞགས་རཀྟ་ལ་སོགས་དང་། །དར་ཟབ་ལྡ་ལྡི་རྒྱལ་མཚན་བ་དན་ཕྱར། །རྔ་དུང་རོལ་མོ་སྣ་ཚོགས་སྒྲ་སྒྲོགས་ཤིང་། །འབྲུ་སྨན་སྤོས་སོགས་མཆོད་རྫས་དུ་མ་དང་། །སྟག་གཟིག་ལ་སོགས་ལྤགས་པའི་རིགས་སྣ་ཚོགས། །ཟབ་ཆེན་དར་གོས་རྣམ་པ་མང་པོ་དང་། །དུར་ཁྲོད་རོལ་པའི་གཞལ་མེད་ཁང་ཆེན་པོ། །དཀར་མངར་ཁྲག་སྐྱེམས་ལ་སོགས་བཏུང་བ་དང་། །རོ་བརྒྱ་ལྡན་པའི་མཆོད་གཏོར་སྨན་རཀྟ། །སྐུ་གསུམ་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱི། །ཕྱི་ནང་གསང་བའི་སྐང་རྫས་སྣ་ཚོགས་དང་། །ཁྱད་པར་རྒྱུད་གསུམ་དྲེགས་ཚོགས་འཁོར་བཅས་རྣམས། །ནང་དུ་རྡོ་རྗེའི་ལུས་ལ་ཚང་བ་དང་། །གསང་བ་སེམས་ཉིད་གསལ་སྟོང་ཟུང་འཇུག་ཏུ། །ཤེས་པ་གསང་རྟེན་ལུས་ལ་སྦ་བ་ཡི། །མི་འབྲལ་གཅིག་ཏུ་བསྲེ་བས་ཐུགས་དམ་བསྐང་། །དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་པའི། །སྲིད་ཞིའི་ཁམས་ཀྱི་མཆོད་ཚོགས་ཇི་མཆིས་པ། །ཀུན་བཟང་བདེ་སྟོང་རོལ་པ་ལས་བྱུང་བས། །བླ་མ་ཡི་དམ་མཁའ་འགྲོའི་ཐུགས༴ །རྡོ་རྗེའི་ཆོས་སྐྱོང་མགོན་པོ་ལྕམ་དྲལ་སོགས། །བསྟན་སྲུང་དམ་ཅན་རྣམས་ལ་རང་རང་གི །རྟེན་བསྐང་སྒྲུབ་དང་མཆོད་པའི་རྫས་རྣམས་ཀྱིས། །ས་དང་ནམ་མཁའ་ཐམས་ཅད་རབ་བཀང་ནས། །རྡོ་རྗེ་གུར་གྱི་མགོན་པོའི་ཐུགས་དམ་བསྐང་། །ཡུམ་ཆེན་ཨེ་ཀ་ཛཱ་ཊིའི་ཐུགས༴ དཔལ་ལྡན་འདོད་ཁམས་གཙོ་མོའི༴ །ཞིང་སྐྱོང་དབང་ཕྱུག་གདོང་བཞིའི༴ །ཡུམ་ཆེན་སྲིང་མོ་བཞི་ཡི༴ །འཁོར་གྱི་ཞིང་སྐྱོང་ཚོགས་ཀྱི༴ །དྲེགས་པ་སྡེ་བརྒྱད་ཚོགས་ཀྱི༴ །ལས་མཁན་གནོད་སྦྱིན་ཡབ་ཡུམ༴ །པུ་ཏྲ་མིང་སྲིང་གསུམ་གྱི༴ །དཔལ་ལྡན་དམག་ཟོར་རྒྱལ་མོའི༴ །ནག་མོ་བྱེ་བ་འབུམ་སྡེའི༴ །གནོད་སྦྱིན་བེར་གདོང་ལྕམ་སྲིང་༴ །འཁོར་གྱི་ཤན་པའི་ཚོགས་ཀྱི༴ །ཞིང་སྐྱོང་དུར་བདག་ཡབ་ཡུམ༴ །དཀར་མོ་ཉི་ཟླ་བདུད་རྒྱལ་ཐོད་ཕྲེང་དང་། །ཕུར་སྲུང་དམ་ཅན་རྣམས་ཀྱི༴ །བཙན་རྒོད་ཀུན་ཁྱབ་རྡོ་རྗེ་དྲག་པོ་རྩལ། །ཚངས་པའི་གིང་ཆེན་བསེ་ཡི་ཁྲབ་ཅན་དང་། །རྡོ་རྗེ་ཤུགས་ལྡན་རྩལ་དང་མ་མོ་གསུམ། །དམ་ཚིག་ཅན་གྱི་སྲུང་མ་འཁོར་བཅས་ཀྱི། །ཐུགས་དམ་བསྐང་ངོ་ཉམས་ཆགས་བཟོད་པར་བཞེས། །སྐུ་གསུང་ཐུགས་ཀྱི་དམ་ལས་འགལ་བ་རྣམས། །སྙིང་ནས་མཐོལ་བཤགས་སྒྲིབ་པར་མི་འགྱུར་བར། །དག་ཚངས་ཆེན་པོ་སྩལ་བར་མཛད་དུ་གསོལ། །རྣལ་འབྱོར་བདག་ཅག་ཡོན་མཆོད་འཁོར་བཅས་ལ། །མི་མཐུན་འགལ་རྐྱེན་ནད་གདོན་བྱད་ཕུར་དང་། །མི་ཁ་བྲ་མཆུ་གཏམ་ངན་ཐམས་ཅད་བཟློག །གློ་བུར་ཡེ་འདྲོགས་དུས་མིན་འཆི་བ་བཟློག །ཚེ་བསོད་དཔལ་འབྱོར་ཉམས་རྟོགས་གོང་དུ་འཕེལ། །ཁམས་གསུམ་འགྲོ་བ་ཐམས་ཅད་དབང་དུ་བསྡུས། །སྡང་བའི་སེམས་ལྡན་དྲག་པོས་ཚར་བཅད་ཀྱི། །ལས་རྣམས་ཐོགས་པ་མེད་པར་འགྲུབ་པར་མཛོད། །རྒྱལ་བསྟན་སྤྱི་དང་ཁྱད་པར་ས་སྐྱ་པའི། །བསྟན་པ་རིན་ཆེན་ཕྱོགས་བཅུར་རྒྱས་པ་དང་། །རིགས་གསུམ་སེམས་དཔའི་རོལ་གར་གདུང་བརྒྱུད་ནི། །ཆད་པ་མེད་ཅིང་བསྟན་ལ་སྨིན་པར་མཛོད། །བོད་ཁམས་ལྷ་མིན་འཇུག་པ་ཀུན་ཞི་ཞིང་། །བསྟན་འཛིན་ཞབས་བརྟན་དགེ་འདུན་ཐུགས་མཐུན་འཕེལ། །འཇིག་རྟེན་ཀུན་ཏུ་དགེ་ལེགས་དཔལ་འབྱོར་རྒྱས། །བསམ་པའི་དོན་རྣམས་མ་ལུས་འགྲུབ་པར་མཛོད། །ཅེས་ཐུགས་དམ་བསྐང་བཤགས་བྱའོ། །སྤྲོ་ན་བསྟོད་པ་རྒྱས་བསྡུས་ཅི་རིགས་དང་། །བསྐང་གསོ་གཞུང་དང་མ་འབྲེལ་ན་གཏོར་བསྟབ་སོགས་རྗེས་ཀྱི་རིམ་པ་རྣམས་བྱའོ། །ཞེས་པའང་དཔལ་ས་སྐྱའི་སྒྲོལ་ཕོའི་རྗེ་བཙུན་རིན་པོ་ཆེ་སྐལ་བཟང་འཆི་མེད་ཕྲིན་ལས་ཆོས་ཀྱི་ཉི་མས་རྟེན་དང་བཅས་བཀའ་ཡིས་བསྐུལ་བ་བཞིན་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་བྲིས་པ་དགེའོ།། །།
[edit]

@#/__/gtor bsngo bsdus pa phrin las myur 'grub ces bya ba bzhugs so/__/ oM swAsti/__bla ma yi dam mkha' 'gro chos skyongs rnams la gtor ma bsdus te 'bul bar 'dod na/__mchod gtor rnams legs par bshams la/__yi dam gang rung gi bdag bskyed sngon du 'gro bas/__mchod gtor rnams nang chu chang gis bran te/__oM badz+ra a mr-i tas bsang /__swa b+hA was sbyangs/__stong pa'i ngang las AHlas ka pa la/__/yangs shing rgya che stong gsum mnyam pa'i nang /__/go ku da ha na las sha lnga dang /__/b+h+rU~M oM dz+riM kha~M hU~M las bdud rtsi lnga/__/rnams kyi yongs su gang ba'i steng nyid du/__/'bru gsum 'od kyis ye shes bdud rtsir sbar/__/'dod yon mchod sprin nam mkha' gang bar gyur/__/oM AHhU~M ha ho hrIHphyag rgya dang bcas lan mang du brjod pas byin gyis brlabs/__rang nyid yi dam lhar gsal thugs ka nas/__/'od zer lcags kyu lta bu rab 'phros pas/__/bla ma yi dam mkha' 'gro chos skyong tshogs/__/'dir gshegs pad+ma nyi zla la sogs pa/__/rang rang dgyes pa'i gdan la bzhugs su gsol/__/oM gu ru d+he wa DA ki ni shrI badz+ra d+harma pA la sa pA ri wa ra badz+ra sa ma dzaHpad+ma ka ma la ya s+t+waM/__dgra bgegs bsgral ba'i dmar chen rak+ta ni/__/sbu phreng rab 'khrugs chil chil rnam par gyur/__/bstan srung rgya mtshor byon skyems dam pa 'bul/__/bzhes nas rngams pa'i stabs kyis dgra bgegs sgrol/__/oM ma hA rak+ta sa mu dra ar+g+haM pra tIts+tsha swA hA/__zhes gser skyems 'bul/__hU~M/__phyi mchod nyer spyod nang mchod 'dod yon lnga/__/gsang mchod sman dang rak+ta gtor ma dang /__/sbyor sgrol ga na tsakra'i mchod pa sogs/__/dngos bshams yid sprul 'bul gyis bzhes su gsol/__/oM gu ru dA+e wa DA ki ni shrI badz+ra d+harma pA la sa pA ri wA ra badz+ra ar+g+haM nas/__shab+da pra tIts+tsha swA hA/__sngags kyi mthar/__badz+ra rU pa AHhU~M/__badz+ra shab+da=__badz+ra gan+d+he=__badz+ra ra sa=__badz+ra spaR+she AHhU~M/__sngags thar/__ma hA pany+tsa a m-i ta khA hi/__ma hA rak+ta khA hi/__zhes pas mchod/__oM gu ru dA+e wa DA ki ni shrI badz+ra d+harma pA la sa pa ri wA ra na maHsarba ta thA ga ta b+h+yo bi shwa sogs lan bdun nam gsum gyis spyir 'bul/__bye brag yi dam dang /__chos skyong mkha' 'gro spyi sngags sogs lan gsum res 'bul la/__oM gu ru d+he wa DA ki ni shrI d+harma pA la sa pa ri wA ra ar+g+haM nas/__shab+da'i bar gyis mchod/__sngags mthar/__oM AHhU~M btags bas nang mchod 'bul la/__bla ma yi dam mkha' 'gro chos skyong dam can rgya mtsho'i zhal du mchod pa dam pa 'bul lo/__/sangs rgyas kyi bstan pa sogs phrin bcol bya/__bskang ba ni/__oM badz+ra a mr-i tas bsang /__swa b+hA was sbyangs/__stong pa'i ngang las dur khrod drag po'i bkod pa phun sum tshogs pa bskang rdzas rnams so so'i byed las dang ldan zhing sa dang nam mkha' bar snang thams cad gang bar gyur/__namaHsarba ta thA ga ta b+h+yo sogs lan gsum gyis 'bul/__hU~M/__rtsa brgyud bla ma yi dam lha tshogs dang /__/gnas gsum dpa' bo mkha' 'gro rgya mtsho rnams/__/phyi nang gsang ba'i bskang rdzas mchod gtor 'bul/__/mchog dang thun mong dngos grub stsal du gsol/__/kun bzang he ru ka yi thugs las sprul/__/bstan srung rgya mtsho'i sde dpon gur gyi mgon/__/pho nya lnga dang gaN+Di'i khro chung dang /__/ru 'dren sde bzhi'i tshogs dang bcas pa la/__/phyi nang gsang ba'i=____/dbyings phyug rgyal mo e ka dzA Ti dang /__/'dod khams gtso mo lha mo nam gru ma/__/nag mo bye ba 'bum sde'i tshogs bcas la/__/phyi nang gsang ba'i=____/srid gsum dbang bsgyur gnas gter thams cad skyong /__/dpal 'bar ma hA kA la gdong bzhi pa/__/rnam 'gyur sna tshogs yum chen bzhi bcas la/__/phyi nang gsang ba'i=____/mgon po'i sprul pa gnod sbyin yab yum dang /__/gsang ba'i las mkhan pu tra ming sring gsum/__/nag po stong dang ma mo bye ba'i tshogs/__/phyi nang gsang ba'i=____/dmag dang zor gyi las mdzad drag mo rgyal/__/dpal ldan re ti las bzhi'i lha mo dang /__/chu srin ba lang gdong can la sogs par/__/phyi nang gsang ba'i=____/dbang chen rta mgrin bka' nyan bek+tse che/__/lcam sring las mkhan gri thogs brgyad po dang /__/ro shan nyer gcig la sogs 'khor bcas la/__/phyi nang gsang ba'i=____/rab yangs dur khrod gnas kyi bdag po che/__/dpa' bo yab yum gar stabs thod dbyug bsnams/__/dur khrod gnas pa'i 'khor tshogs bcas pa la/__/phyi nang gsang ba'i=____/gling bzhi dbang mdzad dkar mo nyi zla'i phreng /__/bdud kyi sde dpon bdud rgyal nag po che/__/gtso 'khor sprul pa bcas pa thams cad la/__/phyi nang gsang ba'i=____/slob dpon chen po pad+ma 'byung gnas kyi/__/spyan sngar zhal bzhes bdag shwa sa?X gsum sogs/__/phur srung dam can bcu gnyis 'khor bcas la/__/phyi nang gsang ba'i=____/btsan gyi sde dpon gnod sbyin yang le ber/__/rol pa rkya bdun btsan dmag 'bum sdes bskor/__/gnod sbyin tsi'u dmar po 'khor bcas la/__/phyi nang gsang ba'i=____/lha chen tshangs pa dkar po dung thod can/__/chos skyong rgyal po'i skur ston bse khrab pa/__/dpal ldan gsang phu'i bstan skyong chen po la/__/phyi nang gsang ba'i=____/thugs rje chen po'i sprul pa 'dul 'dzin che/__/rno myur shugs drag rtsal ldan mthu bo che/__/rgyal ba'i bstan dang bstan 'dzin skyongs mdzad la/__/phyi nang gsang ba'i=____/nag po'i bka' nyan dbang phyug mthu mo che/__/sring skyid nam sgron rdo rje bu khrid sogs/__/sngags 'chang chen mo'i bka' yi las sgrub mor/__/rang rang spyan gzigs mthun rdzas 'di bzhes shig__/hU~M/__thugs dam gnyen po bskang ba'i dam rdzas ni/__/phyi nang nyer spyod bkra shis rdzas rtags dang /__/rin chen bdun dang nye ba'i rin chen bdun/__/gzhal med khang bzang rin chen sna tshogs dang /__/gter gyi bum ba dpag bsam ljon shing sogs/__/bya khyi nag po gcan gzan sna tshogs dang /__/rta drel bong bu ri dwags g.yung dwags sogs/__/khrab rmog mda' mdung ral gri go mtshon sgyogs/__/rus rgyan mgo phreng sbrul rgyan glang ko dang /__/stag sham thal zhags rak+ta la sogs dang /__/dar zab lda ldi rgyal mtshan ba dan phyar/__/rnga dung rol mo sna tshogs sgra sgrogs shing /__/'bru sman spos sogs mchod rdzas du ma dang /__/stag gzig la sogs lpags pa'i rigs sna tshogs/__/zab chen dar gos rnam pa mang po dang /__/dur khrod rol pa'i gzhal med khang chen po/__/dkar mngar khrag skyems la sogs btung ba dang /__/ro brgya ldan pa'i mchod gtor sman rak+ta/__/sku gsum thugs dang yon tan phrin las kyi/__/phyi nang gsang ba'i skang rdzas sna tshogs dang /__/khyad par rgyud gsum dregs tshogs 'khor bcas rnams/__/nang du rdo rje'i lus la tshang ba dang /__/gsang ba sems nyid gsal stong zung 'jug tu/__/shes pa gsang rten lus la sba ba yi/__/mi 'bral gcig tu bsre bas thugs dam bskang /__/dngos su 'byor dang yid kyis rnam sprul pa'i/__/srid zhi'i khams kyi mchod tshogs ji mchis pa/__/kun bzang bde stong rol pa las byung bas/__/bla ma yi dam mkha' 'gro'i thugs=____/rdo rje'i chos skyong mgon po lcam dral sogs/__/bstan srung dam can rnams la rang rang gi__/rten bskang sgrub dang mchod pa'i rdzas rnams kyis/__/sa dang nam mkha' thams cad rab bkang nas/__/rdo rje gur gyi mgon po'i thugs dam bskang /__/yum chen e ka dzA Ti'i thugs=__dpal ldan 'dod khams gtso mo'i=____/zhing skyong dbang phyug gdong bzhi'i=____/yum chen sring mo bzhi yi=____/'khor gyi zhing skyong tshogs kyi=____/dregs pa sde brgyad tshogs kyi=____/las mkhan gnod sbyin yab yum=____/pu tra ming sring gsum gyi=____/dpal ldan dmag zor rgyal mo'i=____/nag mo bye ba 'bum sde'i=____/gnod sbyin ber gdong lcam sring =____/'khor gyi shan pa'i tshogs kyi=____/zhing skyong dur bdag yab yum=____/dkar mo nyi zla bdud rgyal thod phreng dang /__/phur srung dam can rnams kyi=____/btsan rgod kun khyab rdo rje drag po rtsal/__/tshangs pa'i ging chen bse yi khrab can dang /__/rdo rje shugs ldan rtsal dang ma mo gsum/__/dam tshig can gyi srung ma 'khor bcas kyi/__/thugs dam bskang ngo nyams chags bzod par bzhes/__/sku gsung thugs kyi dam las 'gal ba rnams/__/snying nas mthol bshags sgrib par mi 'gyur bar/__/dag tshangs chen po stsal bar mdzad du gsol/__/rnal 'byor bdag cag yon mchod 'khor bcas la/__/mi mthun 'gal rkyen nad gdon byad phur dang /__/mi kha bra mchu gtam ngan thams cad bzlog__/glo bur ye 'drogs dus min 'chi ba bzlog__/tshe bsod dpal 'byor nyams rtogs gong du 'phel/__/khams gsum 'gro ba thams cad dbang du bsdus/__/sdang ba'i sems ldan drag pos tshar bcad kyi/__/las rnams thogs pa med par 'grub par mdzod/__/rgyal bstan spyi dang khyad par sa skya pa'i/__/bstan pa rin chen phyogs bcur rgyas pa dang /__/rigs gsum sems dpa'i rol gar gdung brgyud ni/__/chad pa med cing bstan la smin par mdzod/__/bod khams lha min 'jug pa kun zhi zhing /__/bstan 'dzin zhabs brtan dge 'dun thugs mthun 'phel/__/'jig rten kun tu dge legs dpal 'byor rgyas/__/bsam pa'i don rnams ma lus 'grub par mdzod/__/ces thugs dam bskang bshags bya'o/__/spro na bstod pa rgyas bsdus ci rigs dang /__/bskang gso gzhung dang ma 'brel na gtor bstab sogs rjes kyi rim pa rnams bya'o/__/zhes pa'ang dpal sa skya'i sgrol pho'i rje btsun rin po che skal bzang 'chi med phrin las chos kyi nyi mas rten dang bcas bka' yis bskul ba bzhin 'jam dbyangs chos kyi blo gros pas bris pa dge'o//__//

Footnotes

Other Information