JKCL-KABUM-06-CHA-006: Difference between revisions

From Khyentse Lineage - A Tsadra Foundation Project
No edit summary
m (Text replacement - "Khyentse Metadata" to "Text")
 
Line 1: Line 1:
{{Khyentse Metadata
{{Text
|classification=Tibetan Publications
|classification=Tibetan Publications
|subclass=Tibetan Texts
|subclass=Tibetan Texts

Latest revision as of 08:33, 1 June 2024

Wylie title bla ma nor lha'i bskang ba phywa g.yang 'dod rgu'i sprin chen JKCL-KABUM-06-CHA-006.pdf
Location chos kyi blo gros bka' 'bum
Volume 6, Text 6, Pages 31-41 (Folios 1a1 to 6a1)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. bla ma nor lha'i bskang ba phywa g.yang 'dod rgu'i sprin chen. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 6: 31-41. Bir, H.P.: Khyentse Labrang, 2012.
Genre Mending Rituals - bskang chog
Deity bla ma nor lha
Colophon
  • First colophon page 38: །ཅེས་པའང་ཤིང་ཁྱི་ལོར་ས་ག་ཟླ་བའི་ཚེས་ལ་རྒྱ་མཁར་གཞིས་ཀར་གཡང་སྒྲུབ་སྐབས་འཇམ་དབྱངས་བློ་གྲོས་རྒྱ་མཚོས་བྲིས་པ་འདོད་རྒུའི་སྤྲིན་ཕུང་ཆེན་པོས་རྟག་ཏུ་ཁྱབ་ཅིང་རྒྱས་པའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒ་ལཾ། ཤུ་བྷཾ།།
  • Second colophon page 41: །ཅེས་པའང་ཤིང་ཕག་ཆོ་འཕྲུལ་ཟླ་བར་གཡང་སྒྲུབ་སྐབས་ཆོས་ཀྱི་བློ་གྲོས་པས་བྲིས་པ་འཇིག་རྟེན་ཐམས་ཅད་དུ་ལོངས་སྤྱོད་ཆེན་པོ་འབད་མེད་རྟག་ཁྱབ་ཏུ་འབྱུང་བར་གྱུར་ཅིག །ཤུ་བྷཾ།།
  • First colophon page 38: /ces pa'ang shing khyi lor sa ga zla ba'i tshes la rgya mkhar gzhis kar g.yang sgrub skabs 'jam dbyangs blo gros rgya mtshos bris pa 'dod rgu'i sprin phung chen pos rtag tu khyab cing rgyas pa'i rgyur gyur cig__/sarba dA mang+ga laM/__shu b+haM//
  • Second colophon page 41: /ces pa'ang shing phag cho 'phrul zla bar g.yang sgrub skabs chos kyi blo gros pas bris pa 'jig rten thams cad du longs spyod chen po 'bad med rtag khyab tu 'byung bar gyur cig__/shu b+haM//

1 Texts in this Section (sde tshan or chos tshan)

[edit]
༄༅། །བླ་མ་ནོར་ལྷའི་བསྐང་བ་ཕྱྭ་གཡང་འདོད་རྒུའི་སྤྲིན་ཆེན་ཅེས་བྱ་བ་བཞུགས་སོ། ། ཐུགས་བསྐྱེད་གསེར་གྱི་སྤྲིན་ཆེན་ལས། །ནོར་བུ་གྲུ་ཆར་རྟག་འཇོ་བ། །བླ་མ་པདྨ་སཾ་བྷ་ཝས། །གང་འདོད་དཔལ་གྱི་འབྱོར་པ་རྩོལ། །རྒྱས་པའི་ལས་མཛད་བླ་མ་ནོར་ལྷའི་ལས་བྱང་ཚོགས་མཆོད་ཀྱི་སྐབས་སུ་བསྐང་བ་བྱེད་པར་སྤྲོ་ན་མཆོད་གཏོར་སྤྱན་གཟིགས་རྒྱས་པར་བཤམས་ལ། རྃ་ཡྃ་ཁྃ། བསྐང་བའི་གནས་མཆོག་ནོར་བུའི་གཞལ་མེད་ཁང་། །བྱང་ཆུབ་སེམས་དཔའི་སྨོན་ལམ་ལས་བྱུང་བའི། །རྒྱན་བཀོད་ཁྱད་པར་འཕགས་པས་མཛེས་པའི་ནང་། །མཆོད་རྫས་བསྐང་རྫས་བསམ་མི་ཁྱབ་པར་གྱུར། །ནམཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་སོགས་ནམ་མཁའི་མཛོད་ཀྱི་སྔགས་རྒྱ་ལན་གསུམ་གྱིས་བྱིན་གྱིས་བརླབ། བཛྲ་སྥ་ར་ཎ་ཁཾ་གྱིས་རྒྱས་པར་སྤེལ། དྲི་ཞིམ་པོའི་དུད་པ་འཐུལ་ཞིང་། དབྱངས་དང་རོལ་མོའི་འགྱུར་བ་སྣ་ཚོགས་དང་བཅས། ཧཱུྃ་ཧྲཱིཿ ཆོས་དབྱིངས་སྤྲོས་བྲལ་བདེ་བ་ཆེན་པོའི་ཀློང་། །རྣམ་རོལ་མ་འགགས་སྒྱུ་མའི་རོལ་རྩེད་ལས། །ངོ་མཚར་བདེ་ལྡན་ཞིང་གི་བཀོད་པ་ལྟར། །རིན་ཆེན་ནོར་བུ་བརྩེགས་པའི་གཞལ་མེད་ཁང་། །འདོད་རྒུའི་དཔག་བསམ་རྒྱས་པའི་སྤྲིན་ཕུང་དབུས། །ནོར་བུས་བརྒྱན་པའི་སེང་ཁྲི་པད་ཟླའི་སྟེང་། །རྩ་གསུམ་ནོར་ལྷ་རབ་འབྱམས་འདུས་པའི་གཙོ། །མ་ཧཱ་གུ་རུ་པདྨ་སཾ་བྷ་ཝ། །སྐུ་ལས་རྩ་གསུམ་ནོར་ལྷ་བསམ་ཡས་སྤྲོ། །བརྟན་གཡོའི་ཁྱབ་བདག་ཆེན་པོའི་གསང་གསུམ་ལས། །འོད་ཟེར་ཉི་མ་བྱེ་བའི་གཟི་བརྗིད་འཕྲོ། །སྲིད་ཞིའི་དགེ་ལེགས་དཔལ་འབྱོར་རྒྱས་པར་བྱེད། །འཁོར་དུ་རྡོ་རྗེ་རིན་ཆེན་པདྨ་དང་། །ལས་ཀྱི་ནོར་བདག་ཨཱཪྻ་ཛམྦྷ་ལ། །དཀར་སེར་དམར་ལྗང་རང་རྟགས་ཕྱག་མཚན་འཛིན། །མཚམས་བཞིར་བགེགས་རྒྱལ་ནོར་རྒྱུན་རིགས་བྱེད་མ། །ངལ་བསོས་པོ་དང་མཚམས་ཀྱི་གྲྭ་བཞི་རུ། །ནོར་བུ་བཟང་དང་ཨཱཪྻ་རེ་མནྟ། །གནོད་སྦྱིན་དམར་པོ་ནོར་བདག་ཀུ་བེ་ར། །སྒོ་བཞིར་རྒྱལ་པོ་ཆེན་པོ་སྡེ་བཞི་རྣམས། །བསོད་ནམས་ཕུང་པོའི་གཟི་འོད་རབ་འཕྲོ་ཞིང་། །རྒྱས་པའི་ལས་མཛད་སྲིད་ཞིའི་དཔལ་ཡོན་སྡུད། །ཚེ་བསོད་ནོར་བུའི་ཆུ་འཛིན་དཀྲིགས་པ་ལས། །ཅི་བསམ་འདོད་རྒུའི་གྲུ་ཆར་ལྷུག་པར་འབེབས། །དབུལ་ཕོངས་སྡུག་བསྔལ་མ་ལུས་ཞི་བར་བྱེད། །མི་ཟད་ནམ་མཁའ་མཛོད་ཀྱི་ཏིང་འཛིན་གྱི། །སྦྱིན་པ་དམ་པའི་ཕ་རོལ་ཡོངས་སུ་རྫོགས། །འགྲོ་བའི་རེ་སྐོངས་དབང་གི་རྒྱལ་པོ་ཆེ། །དྲན་པས་གདུང་སེལ་རྩ་གསུམ་ནོར་ལྷའི་ཚོགས། །དཀྱིལ་དང་འཁོར་ལོའི་ཐུགས་དམ་དགྱེས་པར་བསྐང་། །ཧཱུྃ་ཧྲཱིཿལྷ་ཚོགས་ཐུགས་དམ་བསྐང་བའི་དམ་རྫས་ནི། །མཆོད་ཡོན་ཞབས་བསིལ་མེ་ཏོག་བདུག་སྤོས་དང་། །མར་མེ་དྲི་ཆབ་ཞལ་ཟས་རོལ་མོའི་སྒྲ། རིན་ཆེན་རི་བོ་མ་རྨོས་ལོ་ཏོག་འབྲུ། །ཁྲུས་རྫིང་དཔག་བསམ་ཤིང་དང་སྐྱེད་མོས་ཚལ། །གདུགས་དང་རྒྱལ་མཚན་བ་དན་བླ་བྲེ་དང་། །ཕྱེ་མ་ཕུར་མར་ནོར་བུའི་རྔ་ཡབ་དཀར། །མལ་ཆ་གདན་ཁྲི་ལྷ་རྫས་ན་བཟའ་མཛེས། །མཆིལ་ལྷྭམ་སྦྲུལ་གྱི་པགས་པ་ལ་སོགས་དང་། །བཀྲ་ཤིས་རྫས་བརྒྱད་རྒྱལ་བའི་རྟགས་བརྒྱད་ཆེ། །དགེ་མཚན་ཕུན་སུམ་ཚོགས་པའི་རྒྱལ་སྲིད་བདུན། །གླིང་བཞི་རི་རབ་ཉི་ཟླ་བཅས་པ་ཡི། །སྟོང་གསུམ་འཇིག་རྟེན་ཁྱབ་པའི་མཎྜལ་དང་། །གཏེར་ཆེན་བུམ་བཟང་འདོད་འཇོའི་བ་མཆོག་དང་། །ཡིད་འོང་རྟ་མཆོག་སྤུ་སྡུག་གོམ་སྟབས་མྱུར། །གླང་པོ་རིན་ཆེན་མཆེ་བ་དྲུག་ལྡན་དང་། །ཀྲིཥྞ་སཱ་ར་ཤ་རྣ་རྒོ་བ་རྐྱང་། །ཁ་ཤ་བསེ་དང་རུ་རུ་ལ་སོགས་པའི། །ཡིད་འོང་རི་དྭགས་ཚོགས་དང་གནག་ལུག་ཁྱུ། །གཡག་རྒོད་མ་ཧེ་འབྲོང་གཡག་ཞོལ་ཆེན་དང་། །སྟག་གཟིག་དོམ་དྲེད་ལ་སོགས་སྡེར་ཅན་ཚོགས། །ཁྱད་པར་སྟོབས་ལྡན་སེང་ལྕམ་དཀར་མོ་དང་། །འཕྲོག་བྱེད་རྐང་བརྒྱད་དབྱར་རྔའི་སྒྲ་དབྱངས་ལྡིར། །རྨ་བྱ་ངང་ངུར་མཐིང་རིལ་སྦས་དང་བཞད། །ཁུ་བྱུག་ནེ་ཙོ་ཀ་ལ་པིང་ཀ་སོགས། །གསུང་སྙན་སྒྲོགས་པའི་བྱ་བྱེའུ་རྣམ་མང་དང་། །བྱ་ཁྱུང་རྒྱལ་པོ་གསེར་མིག་འཁྱིལ་པ་སོགས། །གཞན་ཡང་ཟབ་ཆེན་ཁ་དོག་སྣ་ཚོགས་དང་། །རིན་ཆེན་དབུ་རྒྱན་སྙན་ཆ་མགུལ་རྒྱན་དང་། །གདུ་བུ་དོ་ཤལ་ལ་སོགས་རྒྱན་གྱི་མཆོག །ལྷ་ཀླུ་མི་ཡི་ནོར་བུ་རིན་ཆེན་རིགས། །ངོ་མཚར་རྣམ་མང་བྱེ་བ་ཕྲག་བརྒྱ་དང་། །རྩ་བརྒྱད་སྟོང་ལ་སྦྱར་བའི་བདུད་རྩི་སྨན། །པདྨ་མཱཾ་ས་སྦྱར་བའི་རཀྟ་དང་། །ཁྱད་པར་རྨད་དུ་བྱུང་བའི་དམ་ཚིག་རྫས། །བྱང་སེམས་དཀར་དམར་རོ་བརྒྱ་ལྡན་པ་ཡི། །གཏོར་མ་ཟག་མེད་འདོད་ཡོན་ལྷ་མོ་འཕྲོ། །ཕྱི་ནང་གསང་བའི་ཚོགས་ཀྱི་འཁོར་ལོ་ཡིས། །ས་དང་བར་སྣང་ཐམས་ཅད་རྒྱས་པར་ཁེངས། །བཅུ་དྲུག་རིག་མས་བདེ་བའི་གར་སྟབས་བསྒྱུར། །དགའ་བཞིའི་བདེ་བསྐྱེད་ཟག་མེད་དགྱེས་པ་བསྐྱེད། །མཆོད་ཡུལ་མཆོད་བྱ་མཆོད་བྱེད་དེ་རྣམས་ཀྱང་། །གདོད་ནས་སྤྲོས་བྲལ་ཡོངས་གྲུབ་ཆེན་པོའི་ཀློང་། །རྩལ་དང་རོལ་པའི་རྣམ་རོལ་དཔག་ཡས་ཀུན། །རང་བཞིན་རྫོགས་པ་ཆེན་པོའི་ངང་དུ་མཆོད། །ཕྱི་ལྟར་རབ་འབྱམས་ནོར་ལྷའི་སྒྱུ་འཕྲུལ་ཚོགས། །ནང་དུ་རྩ་ཐིག་རླུང་གསུམ་འདུ་བར་ཤེས། །གསང་བ་གཉུག་མ་བྱང་ཆུབ་སེམས་སུ་འདུ། །གང་སྣང་བྱང་ཆུབ་སེམས་ཀྱི་འདུ་འཕྲོ་ལས། །བརྟན་གཡོའི་འབྱོར་པ་ཟད་མི་ཤེས་པ་ཡི། །མཆོད་ཚོགས་མི་འཛད་ནམ་མཁའ་དང་མཉམ་པས། །རབ་འབྱམས་ནོར་ལྷའི་དཀྱིལ་འཁོར་ཐུགས་དམ་བསྐང་། །རྡོ་རྗེའི་དབང་པོ་དྲུག་དང་དབྱེར་མེད་གྱུར། །དགྱེས་རབ་ཐུགས་དམ་མཉེས་པའི་ཕུལ་གྱུར་ནས། །ཉམས་ཆག་འགལ་འཁྲུལ་ཐམས་ཅད་མཐོལ་ཞིང་བཤགས། །ཚོགས་གཉིས་ཡོངས་རྫོགས་སྐུ་བཞིའི་འབྲས་བུ་སྩོལ། །འཁོར་འདས་ལོངས་སྤྱོད་སྣོད་བཅུད་དགེ་མཚན་གཡང་། །བརྟན་དང་གཡོ་བའི་དྭངས་མ་བཅུ་བཞི་དང་། །ཟས་གོས་ནོར་དང་རིན་ཆེན་ཅང་ཤེས་ཕྱུགས། །འབྲུ་བཅུད་རྩི་སྨན་ལ་སོགས་ཕྱྭ་གཡང་ཀུན། །ཐོགས་མེད་གནས་འདིར་མྱུར་བ་ཉིད་དུ་བསྡུས། །གཟུགས་བཟང་སྐད་སྙན་རང་བཞིན་བཟང་ལ་བརྟན། །ཚེ་རིང་ནད་མེད་དམ་ཆོས་འབྱོར་བ་རྒྱས། །ཁ་དོག་གསལ་ཞིང་ཟབ་རྒྱས་བློ་གྲོས་མྱུར། །རྒས་མེད་སྟོབས་དང་ལང་ཚོ་རབ་རྒྱས་ཤིང་། །མཁས་བཙུན་བཟང་པོའི་དཔལ་གྱིས་མངོན་པར་མཐོ། །སྙན་གྲགས་རྒྱ་མཚོའི་ཕ་མཐར་ཁྱབ་པ་དང་། །རླུང་སེམས་སྣང་བ་མ་ལུས་དབང་དུ་བསྡུས། །བགེགས་དང་ལོག་འདྲེན་འབྱུང་པོ་བསེ་རག་དང་། །སྲིས་ལ་རྐུ་ཞིང་ཚེ་འཕྲོག་བླ་ལ་འཇབ། །མ་རུངས་ལོག་པའི་སེམས་ལྡན་རྡུལ་དུ་རློག །བསྟན་དང་དེ་འཛིན་བསྟན་ལ་མཆོད་པ་རྣམས། །དབུ་འཕང་རི་རྒྱལ་ལྷུན་པོ་ལྟར་མཐོ་ཞིང་། །རྣམ་མང་ཐོས་ཀྱི་དཔལ་འབྱོར་གཡང་དུ་ལེན། །ཅི་བསམ་འབད་མེད་ཡིད་བཞིན་འགྲུབ་པ་དང་། མཐར་ཐུག་བླ་མ་ནོར་ལྷ་རབ་འབྱམས་ཀྱི། །དགོངས་ཀློང་ཡངས་པར་མངོན་པར་བྱང་ཆུབ་ནས། །ཕྲིན་ལས་རྣམ་བཞིས་འགྲོ་བ་འདུལ་བ་དང་། །སྲིད་གསུམ་ཡོངས་གྲོལ་མྱ་ངན་འདས་ཐོབ་ཤོག །བདག་གཞན་སེར་སྣའི་རྒྱུ་འབྲས་ཀུན་ཞི་ནས། །བྱང་ཆུབ་སེམས་དཔའ་རིན་ཆེན་མང་མཆོག་གི། ཐུགས་བསྐྱེད་སྨོན་ལམ་རྒྱ་མཚོར་དབང་འབྱོར་ནས། །སྦྱིན་པ་རྒྱ་མཚོས་དུས་ཀུན་བཀྲ་ཤིས་ཤོག །ཅེས་པའང་ཤིང་ཁྱི་ལོར་ས་ག་ཟླ་བའི་ཚེས་ལ་རྒྱ་མཁར་གཞིས་ཀར་གཡང་སྒྲུབ་སྐབས་འཇམ་དབྱངས་བློ་གྲོས་རྒྱ་མཚོས་བྲིས་པ་འདོད་རྒུའི་སྤྲིན་ཕུང་ཆེན་པོས་རྟག་ཏུ་ཁྱབ་ཅིང་རྒྱས་པའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒ་ལཾ། ཤུ་བྷཾ།། །།བླ་མ་ནོར་ལྷའི་བསྐང་བ་འདོད་འབྱུང་འཁྱིལ་བ་ཅེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་པདྨ་སཾ་བྷ་བ་སརྦ་བ་སུ་དེ་ཝ་ཡེ། བླ་མ་ནོར་ལྷ་རབ་འབྱམས་ཀྱི་གཡང་ཆོག་དང་འབྲེལ་བའི་བསྐང་བ་བྱ་བར་འདོད་ན། ཕྱི་ནང་གསང་བའི་མཆོད་གཏོར། ཚོགས་ཀྱི་ཡོ་བྱད་རྒྱ་ཆེན་པོ་དང་བཅས། བསྐང་རྫས་རྣམས་ནི་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བྱིན་གྱིས་བརླབ། ཧཱུྃ་ཧྲཱིཿ རང་བྱུང་འོད་གསལ་བདེ་ཆེན་རྡོ་རྗེའི་དབྱིངས། །འགགས་མེད་ཀུན་བཟང་རྣམ་རོལ་མཆོད་པའི་སྤྲིན། །ཡེ་ཤེས་མཁའ་ཁྱབ་ནོར་བུའི་བླ་བྲེ་ལས། །འཛད་མེད་ཕྱི་ནང་གསང་བའི་མཆོད་སྤྲིན་གཏིབ། །དགོས་འབྱུང་ནོར་བུའི་གཞལ་མེད་ཁང་ཆེན་པོར། །རྒྱ་ཆེ་རབ་ཡངས་བཀོད་པ་འབྱམས་ཀླས་དབུས། །རབ་འབྱམས་ནོར་ལྷ་འདུས་པའི་སྤྱི་གཟུགས་ཆེ། །མ་ཧཱ་གུ་རུ་པདྨ་སཾ་བྷ་ཝ། །སྐྱེས་མཆོག་ཚུལ་བཟང་མཚན་དཔེའི་དཔལ་འབར་ཞིང་། །དྲན་པ་ཙམ་གྱིས་འདོད་དགུ་སྦྱིན་མཛད་པ། །ཁྱབ་བདག་བདེ་བ་ཆེན་པོའི་ཐུགས་དམ་བསྐང་། །རྡོ་རྗེའི་ནོར་བདག་དཀར་གསལ་བེ་ཅོན་འཛིན། །རིན་ཆེན་ནོར་བདག་གསེར་མདོག་གླང་གི་གདོང་། །མི་ཡི་ནོར་བདག་ནོར་གྱི་རྒྱུན་སྟེར་མ། །ཀླུ་ཡི་ནོར་བདག་ལྷ་མོ་རིགས་བྱེད་མ། །གནོད་སྦྱིན་ནོར་བདག་རྒྱལ་ཆེན་རྣམ་ཐོས་སྲས། །མཚམས་བཞིའི་ནོར་བདག་བཞི་ཡི་ཐུགས༴། དབྱིག་གི་ནོར་བདག་ཆེན་པོ་ནོར་བུ་བཟང་། །ཅང་ཤེས་ནོར་བདག་ཨཪྻ་རེ་མནྟ། །ཟས་གོས་ནོར་བདག་གནོད་སྦྱིན་དམར་པོ་དང་། །རྐང་བཞིའི་ནོར་བདག་ཆེན་པོ་ཀུ་བེ་ར། །གྲ་བཞིའི་ནོར་བདག་བཞི་ཡི༴། ཤར་སྒོར་དཔལ་ལྡན་རྒྱལ་ཆེན་ཡུལ་འཁོར་སྲུང་། །ལྷོ་ཕྱོགས་འཕགས་སྐྱེས་ནུབ་ཕྱོགས་སྤྱན་མི་བཟང་། །བྱང་ཕྱོགས་རྒྱལ་པོ་ཆེན་པོ་ངལ་བསོས་པོ། །འཇིག་རྟེན་ནོར་བདག་བཞི་ཡི༴། གཞན་ཡང་གནོད་སྦྱིན་ནོར་ལྷ་གཏེར་འཆང་ནི། །བསམ་ཡས་སྒྱུ་འཕྲུལ་དྲྭ་བའི་ཚོགས་ཆེན་པོ། །ཇི་སྙེད་འཆར་བའི་རོལ་པ་མཐའ་ཡས་ཀྱི། །ཐམས་ཅད་གཉེན་པོ་བསྐང་ངོ་དངོས་གྲུབ་སྩོལ། ཧཱུྃ་ཧྲཱིཿཐུགས་དམ་དགྱེས་པར་བསྐང་བའི་དམ་རྫས་ནི། །མཆོད་ཡོན་ཞབས་བསིལ་མེ་ཏོག་བདུག་སྤོས་དང་། །མར་མེ་དྲི་ཆབ་ཞལ་ཟས་རོལ་མོའི་སྒྲ། །གཟུགས་སྒྲ་དྲི་རོ་རེག་སོགས་མཆོད་སྤྲིན་དང་། །གླིང་བཞི་རི་རབ་ཉི་ཟླ་དཔག་བསམ་ཤིང་། །གཏེར་བུམ་བཀྲ་ཤིས་རྫས་རྟགས་རིན་ཆེན་བདུན། །ཉེ་བའི་རིན་ཆེན་བདུན་དང་འདོད་འཇོའི་བ། །མ་རྨོས་སྦྱིན་པའི་ལོ་ཏོག་འབྲས་བུ་བཟང་། །རྟ་གླང་གནག་ལུག་མ་ཧེ་བྱ་གཅན་དང་། །གཅན་གཟན་པགས་པ་གོ་ཁྲབ་མཚོན་ཆ་ཆེ། །འདོད་འབྱུང་ནེའུ་ལེ་ཕྱག་མཚན་སྣ་ཚོགས་དང་། །དར་ཟབ་གོས་དང་རིན་ཆེན་རྣམ་མང་བརྒྱན། །དར་སྣ་ལྔ་ཡི་ཅོད་པན་བཟང་པོ་དང་། །གདུགས་དང་བ་དན་རྒྱལ་མཚན་བླ་བྲེ་འཕན། །སྨན་རཀ་གཏོར་ཚོགས་སྟོང་གསུམ་ཁྱོན་གང་ཞིང་། །བཅུ་དྲུག་བདེ་བའི་གར་བསྒྱུར་ཌཱ་ཀི་མ། །འཇོ་སྒེག་ལང་ཚོ་བརྒྱན་སྤྲས་དཔག་མེད་སྤྲུལ། །མདོར་ན་སྲིད་ཞིའི་མཆོད་སྤྲིན་བསམ་ཡས་ཀྱིས། །རབ་འབྱམས་ནོར་ལྷའི་དཀྱིལ་འཁོར་ལྷ་ཚོགས་ཀྱིས། །ཐུགས་དམ་གཉེན་པོ་ཟག་མེད་དགྱེས་པར་བསྐང་། །ནང་དུ་རྡོ་རྗེ་ལུས་ཀྱི་རྩ་ཐིག་རླུང་། །ཡིད་བཞིན་ནོར་སྟེར་མཆོག་ཐུན་དངོས་གྲུབ་འཇོ། །འཕོ་མེད་སྦྱིན་པ་རྒྱ་མཚོའི་མཐར་སོན་པ། །ཡོངས་གྲུབ་རྡོ་རྗེ་ལུས་ཀྱི་དཀྱིལ་འཁོར་དང་། །གསང་བ་རང་རིག་གཉུག་མ་བྱང་ཆུབ་སེམས། །ནོར་ལྷ་རྒྱ་མཚོའི་སྟོང་སྲོག་ཐིག་ལེ་ཆེ། །གཉུག་མ་གཞོམ་བྲལ་འགྱུར་མེད་ལོངས་སྤྱོད་ཀྱི། །རང་བཞིན་ཡོངས་ཤེས་ཆེན་པོས་ཐུགས་དམ་བསྐང་། །ཐུགས་དང་འགལ་བའི་ཉམས་ཆག་ཐམས་ཅད་བཤགས། །བསོད་ནམས་རྒྱ་མཚོ་ཡོངས་སུ་རྫོགས་པ་དང་། །ཡེ་ཤེས་རྒྱ་མཚོ་རང་དབང་ཐོབ་པ་ལས། །ལོངས་སྤྱོད་རྒྱ་མཚོས་བསྟན་འགྲོའི་དབུལ་བ་སེལ། །དངོས་གྲུབ་རྒྱ་མཚོའི་དཔལ་ལ་རོལ་གྱུར་ཅིག །ཅེས་པའང་ཤིང་ཕག་ཆོ་འཕྲུལ་ཟླ་བར་གཡང་སྒྲུབ་སྐབས་ཆོས་ཀྱི་བློ་གྲོས་པས་བྲིས་པ་འཇིག་རྟེན་ཐམས་ཅད་དུ་ལོངས་སྤྱོད་ཆེན་པོ་འབད་མེད་རྟག་ཁྱབ་ཏུ་འབྱུང་བར་གྱུར་ཅིག །ཤུ་བྷཾ།། །།
[edit]

@#/__/bla ma nor lha'i bskang ba phywa g.yang 'dod rgu'i sprin chen ces bya ba bzhugs so/__/ thugs bskyed gser gyi sprin chen las/__/nor bu gru char rtag 'jo ba/__/bla ma pad+ma saM b+ha was/__/gang 'dod dpal gyi 'byor pa rtsol/__/rgyas pa'i las mdzad bla ma nor lha'i las byang tshogs mchod kyi skabs su bskang ba byed par spro na mchod gtor spyan gzigs rgyas par bshams la/__ra~M ya~M kha~M/__bskang ba'i gnas mchog nor bu'i gzhal med khang /__/byang chub sems dpa'i smon lam las byung ba'i/__/rgyan bkod khyad par 'phags pas mdzes pa'i nang /__/mchod rdzas bskang rdzas bsam mi khyab par gyur/__/namaHsarba ta thA ga ta b+h+yo bi shwa sogs nam mkha'i mdzod kyi sngags rgya lan gsum gyis byin gyis brlab/__badz+ra s+pha ra Na khaM gyis rgyas par spel/__dri zhim po'i dud pa 'thul zhing /__dbyangs dang rol mo'i 'gyur ba sna tshogs dang bcas/__hU~M hrIHchos dbyings spros bral bde ba chen po'i klong /__/rnam rol ma 'gags sgyu ma'i rol rtsed las/__/ngo mtshar bde ldan zhing gi bkod pa ltar/__/rin chen nor bu brtsegs pa'i gzhal med khang /__/'dod rgu'i dpag bsam rgyas pa'i sprin phung dbus/__/nor bus brgyan pa'i seng khri pad zla'i steng /__/rtsa gsum nor lha rab 'byams 'dus pa'i gtso/__/ma hA gu ru pad+ma saM b+ha wa/__/sku las rtsa gsum nor lha bsam yas spro/__/brtan g.yo'i khyab bdag chen po'i gsang gsum las/__/'od zer nyi ma bye ba'i gzi brjid 'phro/__/srid zhi'i dge legs dpal 'byor rgyas par byed/__/'khor du rdo rje rin chen pad+ma dang /__/las kyi nor bdag AR+Ya dzam+b+ha la/__/dkar ser dmar ljang rang rtags phyag mtshan 'dzin/__/mtshams bzhir bgegs rgyal nor rgyun rigs byed ma/__/ngal bsos po dang mtshams kyi grwa bzhi ru/__/nor bu bzang dang AR+Ya re man+ta/__/gnod sbyin dmar po nor bdag ku be ra/__/sgo bzhir rgyal po chen po sde bzhi rnams/__/bsod nams phung po'i gzi 'od rab 'phro zhing /__/rgyas pa'i las mdzad srid zhi'i dpal yon sdud/__/tshe bsod nor bu'i chu 'dzin dkrigs pa las/__/ci bsam 'dod rgu'i gru char lhug par 'bebs/__/dbul phongs sdug bsngal ma lus zhi bar byed/__/mi zad nam mkha' mdzod kyi ting 'dzin gyi/__/sbyin pa dam pa'i pha rol yongs su rdzogs/__/'gro ba'i re skongs dbang gi rgyal po che/__/dran pas gdung sel rtsa gsum nor lha'i tshogs/__/dkyil dang 'khor lo'i thugs dam dgyes par bskang /__/hU~M hrIHlha tshogs thugs dam bskang ba'i dam rdzas ni/__/mchod yon zhabs bsil me tog bdug spos dang /__/mar me dri chab zhal zas rol mo'i sgra/__rin chen ri bo ma rmos lo tog 'bru/__/khrus rdzing dpag bsam shing dang skyed mos tshal/__/gdugs dang rgyal mtshan ba dan bla bre dang /__/phye ma phur mar nor bu'i rnga yab dkar/__/mal cha gdan khri lha rdzas na bza' mdzes/__/mchil l+h+wam sbrul gyi pags pa la sogs dang /__/bkra shis rdzas brgyad rgyal ba'i rtags brgyad che/__/dge mtshan phun sum tshogs pa'i rgyal srid bdun/__/gling bzhi ri rab nyi zla bcas pa yi/__/stong gsum 'jig rten khyab pa'i maN+Dal dang /__/gter chen bum bzang 'dod 'jo'i ba mchog dang /__/yid 'ong rta mchog spu sdug gom stabs myur/__/glang po rin chen mche ba drug ldan dang /__/kriSh+Na sA ra sha rna rgo ba rkyang /__/kha sha bse dang ru ru la sogs pa'i/__/yid 'ong ri dwags tshogs dang gnag lug khyu/__/g.yag rgod ma he 'brong g.yag zhol chen dang /__/stag gzig dom dred la sogs sder can tshogs/__/khyad par stobs ldan seng lcam dkar mo dang /__/'phrog byed rkang brgyad dbyar rnga'i sgra dbyangs ldir/__/rma bya ngang ngur mthing ril sbas dang bzhad/__/khu byug ne tso ka la ping ka sogs/__/gsung snyan sgrogs pa'i bya bye'u rnam mang dang /__/bya khyung rgyal po gser mig 'khyil pa sogs/__/gzhan yang zab chen kha dog sna tshogs dang /__/rin chen dbu rgyan snyan cha mgul rgyan dang /__/gdu bu do shal la sogs rgyan gyi mchog__/lha klu mi yi nor bu rin chen rigs/__/ngo mtshar rnam mang bye ba phrag brgya dang /__/rtsa brgyad stong la sbyar ba'i bdud rtsi sman/__/pad+ma mAM sa sbyar ba'i rak+ta dang /__/khyad par rmad du byung ba'i dam tshig rdzas/__/byang sems dkar dmar ro brgya ldan pa yi/__/gtor ma zag med 'dod yon lha mo 'phro/__/phyi nang gsang ba'i tshogs kyi 'khor lo yis/__/sa dang bar snang thams cad rgyas par khengs/__/bcu drug rig mas bde ba'i gar stabs bsgyur/__/dga' bzhi'i bde bskyed zag med dgyes pa bskyed/__/mchod yul mchod bya mchod byed de rnams kyang /__/gdod nas spros bral yongs grub chen po'i klong /__/rtsal dang rol pa'i rnam rol dpag yas kun/__/rang bzhin rdzogs pa chen po'i ngang du mchod/__/phyi ltar rab 'byams nor lha'i sgyu 'phrul tshogs/__/nang du rtsa thig rlung gsum 'du bar shes/__/gsang ba gnyug ma byang chub sems su 'du/__/gang snang byang chub sems kyi 'du 'phro las/__/brtan g.yo'i 'byor pa zad mi shes pa yi/__/mchod tshogs mi 'dzad nam mkha' dang mnyam pas/__/rab 'byams nor lha'i dkyil 'khor thugs dam bskang /__/rdo rje'i dbang po drug dang dbyer med gyur/__/dgyes rab thugs dam mnyes pa'i phul gyur nas/__/nyams chag 'gal 'khrul thams cad mthol zhing bshags/__/tshogs gnyis yongs rdzogs sku bzhi'i 'bras bu stsol/__/'khor 'das longs spyod snod bcud dge mtshan g.yang /__/brtan dang g.yo ba'i dwangs ma bcu bzhi dang /__/zas gos nor dang rin chen cang shes phyugs/__/'bru bcud rtsi sman la sogs phywa g.yang kun/__/thogs med gnas 'dir myur ba nyid du bsdus/__/gzugs bzang skad snyan rang bzhin bzang la brtan/__/tshe ring nad med dam chos 'byor ba rgyas/__/kha dog gsal zhing zab rgyas blo gros myur/__/rgas med stobs dang lang tsho rab rgyas shing /__/mkhas btsun bzang po'i dpal gyis mngon par mtho/__/snyan grags rgya mtsho'i pha mthar khyab pa dang /__/rlung sems snang ba ma lus dbang du bsdus/__/bgegs dang log 'dren 'byung po bse rag dang /__/sris la rku zhing tshe 'phrog bla la 'jab/__/ma rungs log pa'i sems ldan rdul du rlog__/bstan dang de 'dzin bstan la mchod pa rnams/__/dbu 'phang ri rgyal lhun po ltar mtho zhing /__/rnam mang thos kyi dpal 'byor g.yang du len/__/ci bsam 'bad med yid bzhin 'grub pa dang /__mthar thug bla ma nor lha rab 'byams kyi/__/dgongs klong yangs par mngon par byang chub nas/__/phrin las rnam bzhis 'gro ba 'dul ba dang /__/srid gsum yongs grol mya ngan 'das thob shog__/bdag gzhan ser sna'i rgyu 'bras kun zhi nas/__/byang chub sems dpa' rin chen mang mchog gi/__thugs bskyed smon lam rgya mtshor dbang 'byor nas/__/sbyin pa rgya mtshos dus kun bkra shis shog__/ces pa'ang shing khyi lor sa ga zla ba'i tshes la rgya mkhar gzhis kar g.yang sgrub skabs 'jam dbyangs blo gros rgya mtshos bris pa 'dod rgu'i sprin phung chen pos rtag tu khyab cing rgyas pa'i rgyur gyur cig__/sarba dA mang+ga laM/__shu b+haM//___//bla ma nor lha'i bskang ba 'dod 'byung 'khyil ba ces bya ba bzhugs so/__/na mo gu ru pad+ma saM b+ha ba sarba ba su de wa ye/__bla ma nor lha rab 'byams kyi g.yang chog dang 'brel ba'i bskang ba bya bar 'dod na/__phyi nang gsang ba'i mchod gtor/__tshogs kyi yo byad rgya chen po dang bcas/__bskang rdzas rnams ni nam mkha' mdzod kyi sngags rgyas byin gyis brlab/__hU~M hrIHrang byung 'od gsal bde chen rdo rje'i dbyings/__/'gags med kun bzang rnam rol mchod pa'i sprin/__/ye shes mkha' khyab nor bu'i bla bre las/__/'dzad med phyi nang gsang ba'i mchod sprin gtib/__/dgos 'byung nor bu'i gzhal med khang chen por/__/rgya che rab yangs bkod pa 'byams klas dbus/__/rab 'byams nor lha 'dus pa'i spyi gzugs che/__/ma hA gu ru pad+ma saM b+ha wa/__/skyes mchog tshul bzang mtshan dpe'i dpal 'bar zhing /__/dran pa tsam gyis 'dod dgu sbyin mdzad pa/__/khyab bdag bde ba chen po'i thugs dam bskang /__/rdo rje'i nor bdag dkar gsal be con 'dzin/__/rin chen nor bdag gser mdog glang gi gdong /__/mi yi nor bdag nor gyi rgyun ster ma/__/klu yi nor bdag lha mo rigs byed ma/__/gnod sbyin nor bdag rgyal chen rnam thos sras/__/mtshams bzhi'i nor bdag bzhi yi thugs=/__dbyig gi nor bdag chen po nor bu bzang /__/cang shes nor bdag aR+Ya re man+ta/__/zas gos nor bdag gnod sbyin dmar po dang /__/rkang bzhi'i nor bdag chen po ku be ra/__/gra bzhi'i nor bdag bzhi yi=/__shar sgor dpal ldan rgyal chen yul 'khor srung /__/lho phyogs 'phags skyes nub phyogs spyan mi bzang /__/byang phyogs rgyal po chen po ngal bsos po/__/'jig rten nor bdag bzhi yi=/__gzhan yang gnod sbyin nor lha gter 'chang ni/__/bsam yas sgyu 'phrul drwa ba'i tshogs chen po/__/ji snyed 'char ba'i rol pa mtha' yas kyi/__/thams cad gnyen po bskang ngo dngos grub stsol/__hU~M hrIHthugs dam dgyes par bskang ba'i dam rdzas ni/__/mchod yon zhabs bsil me tog bdug spos dang /__/mar me dri chab zhal zas rol mo'i sgra/__/gzugs sgra dri ro reg sogs mchod sprin dang /__/gling bzhi ri rab nyi zla dpag bsam shing /__/gter bum bkra shis rdzas rtags rin chen bdun/__/nye ba'i rin chen bdun dang 'dod 'jo'i ba/__/ma rmos sbyin pa'i lo tog 'bras bu bzang /__/rta glang gnag lug ma he bya gcan dang /__/gcan gzan pags pa go khrab mtshon cha che/__/'dod 'byung ne'u le phyag mtshan sna tshogs dang /__/dar zab gos dang rin chen rnam mang brgyan/__/dar sna lnga yi cod pan bzang po dang /__/gdugs dang ba dan rgyal mtshan bla bre 'phan/__/sman raka gtor tshogs stong gsum khyon gang zhing /__/bcu drug bde ba'i gar bsgyur DA ki ma/__/'jo sgeg lang tsho brgyan spras dpag med sprul/__/mdor na srid zhi'i mchod sprin bsam yas kyis/__/rab 'byams nor lha'i dkyil 'khor lha tshogs kyis/__/thugs dam gnyen po zag med dgyes par bskang /__/nang du rdo rje lus kyi rtsa thig rlung /__/yid bzhin nor ster mchog thun dngos grub 'jo/__/'pho med sbyin pa rgya mtsho'i mthar son pa/__/yongs grub rdo rje lus kyi dkyil 'khor dang /__/gsang ba rang rig gnyug ma byang chub sems/__/nor lha rgya mtsho'i stong srog thig le che/__/gnyug ma gzhom bral 'gyur med longs spyod kyi/__/rang bzhin yongs shes chen pos thugs dam bskang /__/thugs dang 'gal ba'i nyams chag thams cad bshags/__/bsod nams rgya mtsho yongs su rdzogs pa dang /__/ye shes rgya mtsho rang dbang thob pa las/__/longs spyod rgya mtshos bstan 'gro'i dbul ba sel/__/dngos grub rgya mtsho'i dpal la rol gyur cig__/ces pa'ang shing phag cho 'phrul zla bar g.yang sgrub skabs chos kyi blo gros pas bris pa 'jig rten thams cad du longs spyod chen po 'bad med rtag khyab tu 'byung bar gyur cig__/shu b+haM//___//

Footnotes

Other Information