ཕུར་པ་རོང་ལུགས་ཀྱིས་དབང་གི་མཚམས་སྦྱོར་བདུད་སྡེ་མཐར་བྱེད།

From Khyentse Lineage - A Tsadra Foundation Project
Wylie title phur pa rong lugs kyis dbang gi mtshams sbyor bdud sde mthar byed JKCL-KABUM-06-CHA-007.pdf
Location chos kyi blo gros bka' 'bum
Volume 6, Text 7, Pages 43-59 (Folios 1a1 to 9a6)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. phur pa rong lugs kyis dbang gi mtshams sbyor bdud sde mthar byed. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 6: 43-59. Bir, H.P.: Khyentse Labrang, 2012.
Genre Empowerment Ritual - dbang chog - dbang skur
Deity rdo rje phur pa

1 Texts in this Section (sde tshan or chos tshan)

[edit]
༄༅། །ཕུར་པ་རོང་ལུགས་ཀྱིས་དབང་གི་མཚམས་སྦྱོར་བདུད་སྡེ་མཐར་བྱེད་ཅེས་བྱ་བ་བཞུགས་སོ། ། བླ་མ་དཔལ་ཆེན་རྡོ་རྗེ་གཞོན་ནུ་ལ་ཕྱག་འཚལ་ལོ། །འཇིགས་རུང་སྐུ་ནི་གར་དགུའི་ཉམས་དང་ལྡན། །དྲག་པོའི་ང་རོ་འབྲུག་སྟོང་ལྟར་སྒྲོགས་ཤིང་། །སྙིང་རྗེའི་ཐུགས་ནི་གདུག་པར་རབ་རྔམ་པ། །བླ་མ་རྡོ་རྗེ་གཞོན་ནུ་གུས་བཏུད་ནས། །པདྨའི་ཐུགས་བཅུད་དཔལ་ཆེན་ཀཱི་ལ་ཡའི། །བཀའ་སྲོལ་རྒྱལ་མཚན་ཏོག་ལྟར་རབ་མཐོ་བ། །རིག་སྔགས་འཆང་བ་རོང་པ་ནས་བརྒྱུད་པའི། །དབང་གི་ཆོ་གར་མཚམས་སྦྱོར་ཉུང་ངུར་སྤེལ། །དེ་ལ་རྡོ་རྗེ་ཕུར་པ་རོང་ཟོམ་ལུགས་ཀྱིས་དབང་བསྐུར་བ་ལ་རྡུལ་ཚོན་གྱི་ཕྱོགས་རྒྱས་པར་དཀྱིལ་ཆོག་ཏུ་ཤེས་ལ་དབང་རྐྱང་ཙམ་ལ་རས་བྲིས་ཀྱི་དཀྱིལ་འཁོར་བཀྲམ་པའི་ཁར་མཉྫིའི་སྟེང་། ལྷ་ཕུར་རྣམས་དང་། བུམ་པ། པུསྟི། གདབ་ཕུར། དབུ་རྒྱན། ཅོད་པན། གསང་རྫས་ཆོས་སྨན་བཏབ་པ། ཚོགས་རྫས། བཟའ་བ་དང་། ཛ་གད། ཚེ་འབྲང་། བྷནྡྷ་བདུད་རྩིས་བཀང་བ། ཞིང་ལྤགས། ཀོ་རློན། སྟག་ཤམ། སྦྲུལ་ཆུན། ཐོད་ཕྲེང་། མེ་རི། རཀྟ། ཐལ་ཞགས། རྡོ་རྗེ་རྩེ་ལྔ། དྲིལ་བུ། རལ་པ། མར་མེ་རྣམས་བཤམས་ལ། བདག་མདུན་སྒྲུབ་མཆོད་སོགས་བརྒྱུད་པའི་ཕྱག་བཞེས་ལས་འབྱུང་བ་ལྟར་གྲུབ་ནས། དཀྱིལ་འཁོར་ཡོལ་བས་སྒྲིབ་པའི་སློབ་མ་རྣམས་སྒོ་ཡི་ཕྱི་རོལ་དུ་ཁྲུས་བྱས། བགེགས་གཏོར་བྱིན་རླབས་བསྔོ་བ་དང་། ཉོན་ཅིག་བགེགས་དང་སོགས་ལས་བྱང་ནས་འབྱུང་བ་ལྟར་བཀའ་བསྒོ་བགེགས་བསྐྲད་དང་། ཁྲོ་བོ་བཅུའི་སྔགས་བརྗོད་ནས། ཧཱུྃ། ཕྱོགས་བཞི་མཚམས་བཞི༴སོགས་ཀྱི་མཚམས་གཅོད་བྱ། ལས་རྡོར་གྱིས་མཎྜལ་བཀྱེ་བསྡུ་དང་སེམས་བསྐྱེད་གསལ་གདབ་ལ། འོ་སྐོལ་གྱི་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་མངའ་བ་དེ་ཉིད་ཀྱིས། སེམས་ཅན་རྣམས་ཀྱི་བསམ་པ་དང་། དབང་པོ་དང་། བསྐལ་བའི་ཁྱད་པར་དང་རྗེས་སུ་མཐུན་པའི་ཆོས་ཀྱི་བདུད་རྩི་བསམ་གྱིས་མི་ཁྱབ་པ་ཞིག་བསྟན་པ་ཐམས་ཅད་ཀྱང་བསྡུ་ན། སྤྱིར་མདོ་དགོངས་པ་འདུས་པ་ལས། །ལངྐའི་བདག་པོ་གཞན་ཡང་གང་། །དོན་དམ་ངེས་པའི་ཐེག་པ་ནི། །གསུམ་དུ་ངེས་པར་བསྟན་པ་སྟེ། །ཀུན་འབྱུང་འདྲེན་དང་དཀའ་ཐུབ་རིག །དབང་བསྒྱུར་ཐབས་ཀྱི་ཐེག་པའོ། །ཞེས་ཐེག་པ་རིམ་པ་དགུ་དབྱེ་བ་མཛད་ཅིང་། ཕྱི་ཐུབ་པ་རྒྱུད་ཀྱི་ཐེག་པ་གསུམ་ལས། གསང་སྔགས་རྡོ་རྗེ་ཐེག་པ་དོན་གསུམ་གྱི་ཁྱད་པར་དུ་འཕགས་པ་ཡིན་ཏེ། གསུམ་གང་ཞེ་ན། མྱུར་བ་དང་། བདེ་བ་དང་། ཐབས་ལ་མཁས་པའི་ཁྱད་པར་རོ། །དེ་ལ་མྱུར་བ་ནི། ཕར་ཕྱིན་ཐེག་པས་རིང་ལམ་གྱི་བྱང་ཆུབ་ཐོབ་པ་ལ་བསྐལ་པ་གྲངས་མེད་དུ་མ་དགོས་ཀྱང་། སྔགས་ལས་ནི་སྐྲི་ཡས་མི་ཚེ་བདུན་ནམ་བསྐལ་པ་བརྒྱད། ཨུ་པ་ཡིས་མི་ཚེ་ལྔའམ་བསྐལ་པ་གཅིག་གམ་གསུམ། ཡོ་གས་ཚེ་ལོ་བརྒྱ་པའི་མིའི་སྐྱེ་བ་གསུམ་མམ་བཅུ་དྲུག །བླ་མེད་ཀྱིས་སྐྱེ་བ་འདིའམ་བར་དོར་བྱང་ཆུབ་ཐོབ་པར་གསུང་ཤིང་། དེ་ལྟར་མྱུར་བའི་རྒྱུ་ཡང་། སྔགས་སུ་ནི། ཆོ་གའི་ཁྱད་པར་གྱིས་ལྷ་རྣམས་དངོས་སུ་མཆོད་པ་ལེན་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱང་བླ་མའི་སྐུ་ལ་ཞུགས་ནས་སྒྲུབ་པ་པོའི་མཆོད་པ་ལེན་པ་ལ་སོགས་པས་ཡོངས་སུ་སྤྱད་པ་ལས་བྱུང་བའི་བསོད་ནམས་ཡོད་པ་དང་། སྔགས་དང་ཕྱག་རྒྱའི་མཐུས། ཆུ་ཐིག་རེ་ཡང་གང་གའི་རྡུལ་སྙེད་དུ་འཕེལ་བས། དེ་སྙེད་ཀྱི་བསོད་ནམས་འབྱུང་བ་དང་། མ་དག་པའི་སྣང་བ་འགོག་པའི་ཞིང་སྦྱོང་བའི་ཏིང་ངེ་འཛིན་ལས་དང་པོའི་དུས་ནས་ཀྱང་མངོན་དུ་བྱེད་ནུས་པས། སྔགས་དང་ཕྱག་རྒྱ་ཏིང་འཛིན་གྱི་ཁྱད་པར་རེ་རེས་ཀྱང་སེམས་ཅན་མཐའ་ཡས་པ་སྨིན་པའི་རྒྱུ་ཁྱད་པར་ཅན་བྱེད་ནུས་པ་དེ་དག་སྔགས་ཀྱི་ཐེག་པ་ལ་ཞུགས་ཙམ་ཉིད་ནས་ཡོད་པའི་རྒྱུས་མྱུར་བ་ཡིན་ནོ། །གཉིས་པ་བདེ་བ་ནི། ལུས་སེམས་ལ་ཚོར་བ་རྩུབ་པོ་མེད་པ་སྟེ། དེའི་རྒྱུ་ཡང་འདི་ལས་སྐལ་པ་དྲུག་གི་ལུས་ཀྱང་ཚེགས་མེད་པ་གྲུབ་པ་དང་། རྫུ་འཕྲུལ་དང་ཏིང་ངེ་འཛིན་མང་པོ་ཐོབ་པ་དང་། སྔགས་ཀྱི་མཐུས་དེ་བཞིན་གཤེགས་པ་རྣམས་མངོན་དུ་བཞུགས་ཤིང་འགྲོ་བའི་བསམ་པ་ཐམས་ཅད་སྒྲུབས་ནུས་པའི་རྒྱུས་བདེ་བ་ཡིན་ནོ། །གསུམ་པ་ཐབས་ལ་མཁས་པ་ནི། རིག་པ་འཛིན་པ་རྣམས་དང་ཚུལ་ཁྲིམས་མཉམ་པས་ལྷ་དགྱེས་པ་དང་། སྤྱོད་ཡུལ་ཁྱད་པར་ཅན་དང་འབྲེལ་བའི་ཏིང་ངེ་འཛིན་དང་། ཤེས་རབ་རྨད་དུ་བྱུང་བས་སྣོད་བཅུད་དག་མཉམ་ཆེན་པོར་གཏན་ལ་ཕེབ་པ་དང་། སྤྱོད་ཡུལ་ཐམས་ཅད་དུ་ལྷ་དང་སྔགས་ཀྱི་ཐབས་ལ་འཇུག་ནུས་པས་ན་ཐབས་ལ་མཁས་པ་ཡིན་ནོ། །དེར་མ་ཟད་ཕ་རོལ་དུ་ཕྱིན་པའི་རང་ལམ་གྱིས་གྲངས་མེད་གསུམ་གྱི་ཚོགས་བསགས་པས་ས་བཅུ་པའི་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་རྒྱལ་ཚབ་ཆེན་པོའི་གོ་འཕང་ལས་ལྷག་པ་ཐོབ་མི་ནུས་ཀྱང་། སྐབས་དེར་སྔགས་ཀྱི་ཐེག་པ་ལ་ཞུགས་ནས་རྫོགས་པའི་སངས་རྒྱས་ཐོབ་དགོས་པས་ན་སྔགས་ཀྱི་ཐེག་པ་ནི་བགྲོད་པ་གཅིག་པའི་ལམ་དུ་འགྱུར་བའི་ཕྱིར། མཐར་ཐུག་གི་ཐེག་པ་གཅིག་ཉིད་ཀྱང་འཕགས་ཏེ། སྤྱིར་མདོ་དགོངས་འདུས་ལས། ཐེག་པ་དཔག་མེད་བསྟན་པ་ཡང་། །ཇི་ལྟར་མོས་པ་ཐ་དད་པས། །ཁྲིད་པར་བྱ་བའི་ཐབས་སུ་ཟད། །རྡོ་རྗེ་ཐེག་པ་ཉིད་ལས་མེད། །ཞེས་གསུང་པ་ལྟར། ཁྱད་པར་དུ་འཕགས་པའི་གསང་སྔགས་ཀྱི་ཐེག་པ་དེ་ལ་ཡང་སྤྱོད་པ་གཙོ་བོར་བསྟན་པ་བྱ་བའི་རྒྱུད་དང་། ལྟ་བ་གཙོ་བོར་བསྟན་པ་རྣལ་འབྱོར་གྱི་རྒྱུད་གཉིས་སུ་འདུ་ཞིང་། ཕྱི་མ་དེ་ལའང་རྣལ་འབྱོར་གྱི་རྒྱུད་ཙམ་དང་། རྣལ་འབྱོར་ཆེན་པོ་གཉིས་ལས་འདི་རྣལ་འབྱོར་ཆེན་པོ་སྟེ་དེ་ལ་ཡང་བསྐྱེད་རིམ་ཐབས་ཀྱི་ཆ་གཙོ་བོར་བསྟན་པ་མ་ཧཱ། ཤེས་རབ་རྫོགས་པའི་རིམ་པ་གཙོ་བོར་བསྟན་པ་ཨ་ནུ། ཟུང་འཇུག་ཡེ་ཤེས་གཙོ་བོར་བསྟན་པ་ཨ་ཏི་ཡོ་ག་དང་གསུམ་དེ་རེ་རེ་ལའང་། ནང་གསེས་གསུམ་གསུམ་དུ་དབྱེ་བ་ལས་སྐབས་སུ་བབ་པ་འདི་ནི་མ་ཧཱ་ཡོ་གའི་ཕྱོགས་སུ་གཏོག་པ་ཡིན། དེ་ལ་ཡང་རྒྱུད་སྡེ་དང་སྒྲུབ་སྡེ་གཉིས་ལས། འདི་སྔ་འགྱུར་བཀའ་མའི་བཀའ་སྲོལ་ཏནྟྲ་ཆེན་པོ་སྡེ་བཅོ་བརྒྱད་དུ་གྲགས་པའི་བྱེ་བྲག་ཕུར་པ་རོལ་པའི་རྒྱུད་དང་རྗེས་སུ་འབྲེལ་བ་སྟེ། དེ་ལའང་བརྒྱུད་སྲོལ་ཇི་སྙེད་ཅིག་ཡོད་པ་ལས། འདི་ཡི་ལོ་རྒྱུས་ཀྱི་དབང་དུ་བྱས་ན། སྟོན་པ་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ཉིད་ཆོས་སྐུ་སྐྱེ་བ་མེད་པ་ལས་མ་གཡོས་བཞིན་དུ་གཟུགས་སྐུའི་རོལ་པ་ཞི་བ་དང་ཁྲོ་བོ་དཔལ་ཧེ་རུ་ཀའི་རྣམ་པར་བཞེངས་ནས། འོག་མིན་གསང་བ་མཆོག་གི་གནས་སུ། འཁོར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཁྲོ་བོ་དང་ཁྲོ་མོ་སོགས་བསམ་གྱིས་མི་ཁྱབ་པ་ལ། ཆོས་ཉིད་ཀྱི་རང་སྒྲས་སྤྱི་རྒྱུད་ལྔ། སྒོས་རྒྱུད་བཅུ་ལ་སོགས་ཏེ་སྒྲུབ་སྡེའི་རྒྱུད་མཐའ་ཡས་པ་གསུངས། དེ་རྣམས་རིག་འཛིན་གྱི་གཙོ་བོ་གསང་བདག་རྡོ་རྗེ་ཆོས་ཀྱིས་ཐོག་མར་ངག་ཏུ་བསྡུས། དེ་ནས་པུསྟི་གླེགས་བམ་ལ་བཀོད་ཅིང་། དགོངས་འགྲེལ་དུ་ལུང་ལྔ་ཡང་མཛད་དེ། མཁའ་འགྲོ་ལས་གྱི་དབང་མོ་ཆེ་ལ་གཏད། དེ་སྤྱི་དང་བྱེ་བྲག་གི་རྒྱུད་སོ་སོར་ཕྱེས་ནས་རིན་པོ་ཆེའི་སྒྲོམ་བུར་བཅུག་སྟེ་བསིལ་བ་ཚལ་གྱི་མཆོད་རྟེན་བདེ་བྱེད་རྩེགས་པར་གཏེར་དུ་སྦས་པ། གྲུབ་ཆེན་བརྒྱད་ཀྱི་དགོངས་པ་མཛད་པའི་དུས། ཕྲིན་ལས་ཕུར་པའི་རྒྱུད་སྐོར་གཡུ་ཡི་སྒྲོམ་བུར་བཅུག་པ་ཨོ་རྒྱན་ཆེན་པོར་བཀའ་བབས་ཤིང་། དེ་ལས་བྱུང་བའི་བཀའ་སྲོལ་གྱི་རིམ་པ། སྤྱིར་ཕུར་པ་རྒྱལ་པོ་ལུགས། སྣ་ནམ་ལུགས། ཤུད་བུ་ལུགས། མཆིམས་ཕུ་ལུགས། ཇོ་མོ་ལུགས། མཁོན་ལུགས། ལྕམ་ལུགས་སོགས་བརྒྱུད་ཚུལ་མང་ཡང་། འདིར་ནི་སྣ་ནམ་ལུགས་སམ། རོང་ལུགས་ཏུ་གྲགས་པ་ཡིན་ཞིང་། ལུགས་འདིར་མངལ་སྐྱེས་ཀྱི་སེམས་ཅན་རྫུས་སྐྱེས་ཀྱིས་ཐུལ་བར་མི་འགྱུར་བའི་ཕྱིར་སློབ་དཔོན་ཆེན་པོའང་མངའ་སྐྱེས་སུ་ཨོ་རྒྱན་གྱི་རྒྱལ་པོ་མ་ནུ་སི་ཏིའི་བུ་དཱ་ན་རཀྵི་ཏར་སྐུ་འཁྲུངས་པར་མཛད་ལ། ཟ་ཧོར་གྱི་སློབ་དཔོན་པྲ་བྷ་ཧའི་ལས་ཕུར་པའི་ཆོས་བཀའ་གསན། ཡང་ལེ་ཤོད་དུ་ཕུར་པའི་གྲུབ་པ་བརྙེས་ནས་ཕུར་སྨད་ཉི་ཤུའི་ཆོས་བཀའ་བསྡུས་ཤིང་བོད་དུ་སྣ་ནམ་རྡོ་རྗེ་བདུད་འཇོམས་སོགས་བརྒྱུད་རོང་བན་ཡོན་ཏན་རིན་ཆེན། རོང་བན་རིན་ཆེན་ཚུལ་ཁྲིམས། རོང་ཟམ་ཆོས་བཟང་སོགས་ལས་བརྒྱུད་པས་མཚན་དེ་ལྟར་གྲགས་ཤིང་། སློབ་དཔོན་ཆེན་པོས་ཀྱང་གདམས་པ་འདིའི་སྒོ་ནས་རྒྱལ་པོར་ཡིད་ཆེས་སྐྱེད་ཕྱིར་གེ་སར་རྒྱལ་པོའི་ལག་ནས་འཕྲུལ་གྱི་མེ་ལོང་། ལྷ་གནས་ནས་བྱ་ཁྱུང་གི་སྒོ་ང་། །ཀླུའི་གནས་ནས་ཡིད་བཞིན་གྱི་ནོར་བུ། བར་སྣང་ཁམས་ནས་སྦྲང་ཁམས་པའི་རྔ་མ། རྒྱ་ཡུལ་ནས་བསྐལ་པ་བཟང་པོའི་ནས་ཚད། ཚེ་ལོ་བཅུ་པའི་བྲེ་ཚད། རྒྱ་གར་རྡོ་རྗེ་གདན་ནས་གནམ་ཆག་པའི་དུམ་བུ། ས་རལ་བའི་རས་མ་སོགས་སྐད་ཅིག་ལ་རྒྱལ་པོར་ཕུལ་བ་སོགས་ཀྱི་གཏམས་རྒྱུད་ངོ་མཚར་ཅན་ཡང་གདམས་ཟབ་འདིའི་མཐུ་ནུས་ལས་བྱུང་བ་སྟེ། དེས་ན་ཟབ་ཁྱད་ཁྱད་པར་དུ་འཕགས་པ་འདི་ཉིད་རིག་འཛིན་གོང་མ་རྣམས་ཀྱིས་ཐུགས་ཉམས་སུ་བཞེས་ཤིང་། གྲུབ་པའི་རྟགས་མཚན་བར་མ་ཆད་དུ་བྱོན་པ་འདི་ཉིད་ཀྱི་དཀྱིལ་འཁོར་ཆེན་པོར་སྨིན་བྱེད་ཀྱི་དབང་བསྐུར་ཟབ་མོ་སྒྲུབ་པ་ལ། བདག་གི་བགྱི་འོས་ཐམས་ཅད་སྔོན་དུ་སོང་ཟིན་ནས། ཁྱེད་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ལ་བླ་མ་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པའི་དྲུང་དུ་དཀྱིལ་འཁོར་དུ་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་དམིགས་ནས་མཎྜལ་ཕུལ་མཛོད། །ཞེས་མཚམས་སྦྱར་ནས་མཎྜལ་ཕུལ་དུ་གཞུག །སྔོན་ཆད་བདག་རྟོག་གཉིས་འཛིན་གྱི་སྒྲིབ་པས་དཀྱིལ་འཁོར་མཐོང་བ་ལ་གེགས་བྱེད་དུ་གྱུར་པའི་མ་རིག་པའི་སྒྲིབ་གཡོགས་མཚོན་བྱེད་དང་དཀྱིལ་འཁོར་དུ་མ་ཞུག་པའམ། བསྐྱར་ནས་འཇུག་པའི་ཆེད་གདོང་གཡོགས་འཆིང་མཛོད། ཨོཾ་ཨཱཿ ཧཱུྃ་གིས་གདོང་འཆིང་། ལྷ་དང་བསྐལ་བ་མཉམ་པའི་ཆེད་དུ་རིག་པ་ཡེ་ཤེས་ཀྱི་མེ་ཏོག་མཚོན་བྱེད་རིན་པོ་ཆེ་ཁ་དོག་སྣ་ཚོགས་པའི་མེ་ཏོག་གི་ཕྲེང་བ་ཕྱག་ཏུ་འཛིན་མཛོད། ཨ་ཁཾ་ཝི་ར་ཧཱུྃ་གིས་མེ་ཏོག་བཀྲམ། དེ་ནས་རྡོ་རྗེ་ཐེག་པའི་དབང་བསྐུར་བའི་སོགས་དམ་ཚིག་གི་འཛིན་དགོས་པས་ཐོག་མ་ཉིད་དུ་ཤིན་ཏུ་འདའ་བར་དཀའ་བའི་རྡོ་རྗེའི་དམ་ཚིག་དབོག་པ་ནི། གསང་སྔགས་རྡོ་རྗེ་ཐེག་པའི༴སོ་སོའི་རིམ་པ་བཞིན་དུ་སྲུང་ཞེས་བྱ། དེ་ལྟར་བསྒྲགས་པའི་སྲུང་བྱའི་དམ་ཚིག་གནས་དེ་རྣམས་མ་ཉམས་པར་སྲུང་དགོས་ཤིང་། དེ་ཉིད་གཉན་པར་ཤེས་པས་དམ་ལ་བཞག་སྟེ། སླར་ཡང་དམ་ཚིག་བདུད་རྩིའི་མནའ་ཆུ་སྦྱིན་ཏེ། ཧཱུྃ། འདི་ནི་ཁྱོད་ཀྱི༴། ཛྙཱ་ན་སཏྭ་ཨཱཿ བདུད་རྩི་དེ་ཉིད་ལྕེ་ལ་བཞག་ཀྱང་སྙིང་ནང་དུ་སོང་སྟེ་ཧཱུྃ་མཐིང་ནག་གི་རྣམ་པར་གནས་པ་དམ་ཚིག་སྲུང་ན་ཡེ་ཤེས་སེམས་དཔའི་ངོ་བོར་གྱུར་པས་བྱིན་གྱིས་རློབས་ཅིང་། ཉམས་ན་རྡོ་རྗེ་གནོད་སྦྱིན་ཞེས་ལྕགས་སྡིག་མགོ་དགུ་པའི་རྣམ་པར་གྱུར་ནས་གཤེད་མ་བྱེད་པར་འགྱུར་བས་རྟག་ཏུ་དམ་ཚིག་ལས་མི་འདའ་བར་སྲུང་དགོས། དེ་ནས་སློབ་དཔོན་གྱི་ལག་གི་རྡོ་རྗེ་ལ་བཟུང་ནས་དཀྱིལ་འཁོར་གྱི་ནང་དུ་དྲངས་པའི་ཕྱིར་འདིའི་རྗེས་བཟློས། བྱང་ཆུབ་ཕུར་པའི༴བདག་ལ་སྩོལ། ཞེས་ལན་གསུམ། ཡོལ་བ་བསལ། འདོད་དོན་དྲི་བ་ནི། བུ་ཁྱོད་དགའ་བ་ཅི་ལ་དགའ། ཞེས་དྲིས་པའི་ལན་དུ་འདི་ཡི་རྗེས་བཟློས། བདག་ནི་སྐལ་ལྡན༴བདག་དགའ་འོ། །ཞེས་ལན་བཏབ། དེས་གསང་སྔགས་ཀྱི་སྣོད་དུ་རྟོགས་ནས་དབང་བསྐུར་དངོས་ལ། དེ་ནས་མེ་ཏོག་དབུལ་བ་ནི། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལས་རང་གི་རིགས་ཀྱི་ལྷག་པའི་ལྷ་གང་ཡིན་པ་དེར་རིག་པའི་མེ་ཏོག་འདི་འབབ་བར་ཤོག་ཅིག་སྙམས་པས་འདིའི་རྗེས་བཟློས། གསང་བ་མཆོག་གི༴ཤོག་བར། ཞེས་མེ་ཏོག་གི་ར་བར་དོར། དེ་ཡང་ཕྱོགས་གང་དུ་བབ་པ་དེ་ཡི་རིགས་སུ་ཤེས་པར་བྱ་སྟེ། དབུས་སུ་བབ་ན་རྡོ་རྗེ། ཤར་དུ་དེ་བཞིན་གཤེགས་པ། ལྷོར་རིན་པོ་ཆེ། ནུབ་ཏུ་པདྨ། བྱང་དུ་ལས་ཀྱི་རིགས། མཚམས་རྣམས་སུ་ལྷུང་ན་གང་དང་ཉེ་བ་དེ་ཡི་རིགས་སུ་ཤེས་པར་བྱའོ། །མིག་དབྱེ་བ་ནི་མིག་ཐུར་ཐོགས་ཏེ། སྔོན་ཆད་མ་རིག་པའི་ལིང་ཐོག་གི་ལྡོངས་བ་ལས་སློབ་དཔོན་གྱི་རིག་པ་ཡེ་ཤེས་གསེར་གྱི་ཐུར་མ་ལྟ་བུས་མིག་དབྱེ་བས་ཉོན་མོངས་པའི་དྲི་མ་བསལ་ནས་ཡེ་ཤེས་ཀྱི་སྤྱན་གསར་དུ་ཐོབ་པའི་མོས་པ་མཛོད་ཅིག །དེ་རིང་དད་པའི༴ཤ་ཡ་ཕཊཿཅེས་མིག་དར་དཀྲོལ་བ་དང་ཆབ་གཅིག །དཔལ་ཆེན་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་ཀྱི་ཞལ་མངོན་སུམ་དུ་མཐོང་བར་གྱུར་སྙམ་དུ་མོས་ལ་སྒོ་གསུམ་གུས་པས་ཕྱག་འཚལ་བཞིན་དུ་འདིའི་རྗེས་བཟློས། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་བདག་ཉིད་མཆོག །བདེ་གཤེགས་རྒྱལ་བ་འཁོར་བཅས་ལ། །ལུས་ངག་ཡིད་ཀྱི་ཕྱག་འཚལ་ལོ། །ཞེས་ལན་གསུམ་དུ་ཕྱག་བྱེད། དེ་ནས་དཀྱིལ་འཁོར་མཐོང་བ་བསྟན་པ་ནི། ཕྱག་ཤིང་གིས་མཚོན་ཏེ། དཀྱིལ་འཁོར་ཆེན་པོའི༴། རིགས་ཀྱི་བུ་ཡིས་ཤེས་པར་གྱིས། །ཞེས་གསུངས་པ་ལྟར་མཚོན་བྱ་དོན་དམ་ཡེ་ཤེས་ཀྱི་འཁོར་ལོ་མཚོན་བྱེད་རྟགས་ཀྱི་དཀྱིལ་འཁོར་ཆེན་པོ་འབྱུང་བ་རིམ་བརྩེགས་ཀེང་རུས་ཀྱི་རི་རབ་དང་བཅས་པའི་སྟེང་དུ་པདྨ་དང་སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ་གནས་པའི་དུར་ཁྲོད་དྲག་པོའི་གཞལ་མེད་ཁང་ཕྱོགས་བཅུ་རྒྱ་ཡོངས་སུ་མ་ཆད་པ། ཕྱི་དང་ནང་ཀུན་ཏུ་གསལ་བ་རྩིགས་པ་དང་ཕ་གུ་དྲ་ཕྱེད་ཤར་བུ་མདའ་ཡབ་ཀྱིས་མཛེས་ཤིང་གྲུ་བཞི་སྒོ་བཞི་རྟ་བབ་བརྒྱད་དང་ལྡན་པ་ཁྱམ་ཕྱི་ནང་གཉིས་དང་། འདོད་སྣམ་ལ་མཆོད་པའི་ལྷ་མོས་བསྐོར་བ་དུར་ཁྲོད་ཀྱི་བརྒྱན་ཆས་མ་ཚང་བ་མེད་པས་བརྗིད་པར་མཛེས་ཤིང་བརྗིད་པའི་ཕྱི་རོལ་དུ་དུར་ཁྲོད་ཆེན་པོ་བརྒྱད་དང་། རྡོ་རྗེ་བསྲུངས་བའི་གུར་གྱིས་གཏམས་པའི་གཞལ་ཡས་ཁང་གི་ནང་གྲུ་གསུམ་མཐིང་ནག་ལྟེ་བར་ཟླ་གམ་གྱི་དབུས་འཁོར་ལོ་རྩིབས་བཅུ་མུ་ཁྱུད་ལ་ཐོད་པའི་ར་བ་དང་བཅས་པའི་དབུས་དང་རྩིབས་བཅུར་པད་ཉི་ལྷ་ཆེན་ཕོ་མོ་ཕྱོགས་སྐྱོང་གི་གདན་དང་བཅས་པ་དང་། དེ་ལ་བརྟེན་པའི་ལྷ་ནི། དབུས་སུ་བཅོམ་ལྡན་འདས་དཔལ་ཆེན་པོ་རྡོ་རྗེ་གཞོན་ནུ་ཡབ་ཡུམ། ཕྱོགས་བཅུར་ཁྲོ་བཅུ་ཡབ་ཡུམ་ཟ་གསོད་དང་བཅས་པ་སྒོ་བཞིར་སྒོ་མ་བཞི། ཕྱི་ཡི་ཁྲག་ཁྱམ་ལ་དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད། ཕུར་སྲུང་དམ་ཅན་བཅུ་གཉིས། སྒོ་བཞིར་དུང་ལྕགས་བསེ་ཡི་སྐྱེས་བུ་དང་ཌཱཀྐི་ནག་པོ། བར་ཁྱམས་ཁོར་ཡུག་ལ་མཁའ་འགྲོ་སོ་གཉིས། གིང་ཆེན་བཅོ་བརྒྱད། མ་མོ་བདུན། སྲིང་མོ་བཞི། བརྟེན་མ་བཅུ་གཉིས། དགེ་བསྙེན་ཉེར་གཅིག་སོགས་དཔལ་ཆེན་པོའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་མངོན་སུམ་མཐོང་བའི་མོས་པར་མཛོད། དེ་ནས་བགེགས་བསྐྲད་པ་ནི། སློབ་དཔོན་གྱི་ཐུགས་ཀ་ནས་ཁྲོ་བོ་འཆོལ་བའི་ཚོགས་བསམ་གྱིས་མི་ཁྱབ་པ་སྤྲོས་པས་དབང་ལེན་པ་ལ་བར་དུ་གཅོད་པའི་བགེགས་དང་ལོག་འདྲེན་ཐམས་ཅད་རྒྱང་རིང་དུ་བསྐྲད་པར་གྱུར། འཁྱིལ་པའི་སྔགས་དང་གུ་གུལ་བདུག །ཡུངས་ཐུན་གྱིས་བྲབ། དེ་ནས་ལས་བུམ་གྱི་ཆུས་བཀྲུ་ཞིང་ཇི་ལྟར་བལྟམས་པ༴དང་རྣམ་འཇོམ་གྱི་སྔགས་བརྗོད་བཞིན་དུ་བཀྲུ་བར་བྱའོ། །དེ་ནས་སློབ་བུ་རྣམས་ཀྱིས་ཅི་འབྱོར་པའི་ཡོན་འདིས་བླ་མ་མཉེས་པར་བྱས་པར་མོས་ལ་མཎྜལ་ཕུལ་མཛོད། ཐལ་མོ་མེ་ཏོག་དང་བཅས་དངོས་གྲུབ་འདོད་པའི་ཕྱིར་གསོལ་བ་བཏབ་པ་འདིའི་རྗེས་ཟློས། ཐབས་ཀྱི་སྤྱོད་པ༴བདག་ལ་སྩོལ། ཞེས་ལན་དུ་གསོལ་བ་བཏབ་པ་ལ། བླ་མས་ཐབས་ཀྱི་སྤྱོད་པས་སོགས་ཚིག་གསུམ་སྔ་མ་ལྟར་ལ། ཐ་མ་བྱིན་རླབས་དབང་ནི་བསྐུར་བར་བྱ། ཞེས་བརྗོད། དེ་ནས་སློབ་མ་རྣམས་པད་ཉི་དབང་ཕྱུག་ཕོ་མོའི་གདན་གྱི་སྟེང་དུ་དཔལ་ཆེན་རྡོ་རྗེ་གཞོན་ནུ་སྐུ་མདོག་མཐིང་ནག་མཐིང་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་གཉིས་རྡོ་རྗེ་རྩེ་དགུ་རྩེ་ལྔ། གཡོན་གཉིས་མེ་དཔུང་དང་ཁ་ཊྭཱྃ། ཐ་མ་གཉིས་ཀྱིས་རི་རབ་ཀྱི་ཕུར་བུ་འདྲིལ་བ་དཔལ་དང་དུར་ཁྲོད་ཀྱི་ཆས་རྣམས་རྫོགས་ཤིང་ཞབས་བཞི་དོར་སྟབས་ཀྱིས་སོགས་པ་ཕོ་མོ་བརྫིས་པ་གར་དགུའི་ཉམས་དང་ལྡན་པ་ཡུམ་ཆེན་འཁོར་ལོ་རྒྱས་འདེབས་སྔོ་སྐྱ་འཁོར་ལོ་དང་ཐོད་ཁྲག་བསྣམས་པ་དང་མཉམ་པར་སྦྱོར་ཞིང་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་དབུས་ན་བཞུགས་པའི་སྐུ་ཅན་དུ་གསལ་བ་སྔར་མེ་ཏོག་གང་ལ་བབ་པའི་ལྷ་དེས་ཁྱེད་རང་གི་སྤྱི་བོར་དབང་རྟགས་ཅོད་པཎ་གྱི་ཚུལ་དུ་བཅིང་པར་མོས་ལ། འདི་ནི་ཁྱོད་ཀྱི༴ཨ་ཨཱཿ ཞེས་སྤྱི་བོར་བཞག །བུམ་པའི་དབང་གི་སླད་དུ་སློབ་དཔོན་དཀྱིལ་འཁོར་གྱི་བདག་པོའི་ཐུགས་ཀ་ནས་མཁའ་དབྱིངས་གང་བའི་དེ་བཞིན་གཤེགས་པ། སེམས་དཔའ་སེམས་མ། ཁྲོ་བོ་དང་ཁྲོ་མོའི་ཚོགས་སྤྱན་དྲངས་པ་དང་སློབ་དཔོན་ལྷན་ཅིག་པས་རྣམ་པར་རྒྱལ་བའི་བུམ་པའི་ཆུས་རྡོ་རྗེ་གཏོར་བླུགས་ཀྱིས་ཆོ་ག་བྱ་བར་མོས་ཤིག །ཨོཾ། ཆོས་དབྱིངས༴ཨཱཿ ཞེས་བུམ་པ་སྤྱི་བོར་བཞག་ཅིང་བུམ་ཆུ་བླུད་ཅིང་ཁྲུས་བྱས། དེ་ནས་ལྷ་ཕུར་གྱི་དབང་བསྐུར་བ་ནི། དཀྱིལ་འཁོར་གྱི་ལྷ་ཚོགས་ལས་རང་འདྲའི་ཡེ་ཤེས་ཀྱི་ཕྱག་རྒྱའི་སྐུ་གཉིས་པ་རེ་འཕྲོས་ཤིང་ཁྱེད་རང་རྣམས་ལ་ཐིམ་པར་མོས་ཤིག །ཅེས་ལྷ་ཕུར་རྣམས་ཐོགས་ལ། ཧཱུྃ། གྲུ་གསུམ་མཐིང་ནག༴ཕོ་ཉའི་དབང་དང་ལྡན་པར་གྱུར་ཅིགཕུར་པ་རྫས་ཀྱི་དབང་བསྐུར་བ་ནི། ཁྲོ་རྒྱལ་འདུས་པའི༴འབྲུ་དགུའི་སྔགས་ཤམ་ལ། ཨ་བྷི་ཥིཉྩ་ཨཱཿ སྔགས་བཞིའི་དོན་བསྟན་པ་ནི། སྟོད་ལས་བྱང་ཆུབ་སྒྲུབ་པ་དང་འབྲེལ་བ་ཡེ་ཤེས་ལྷ་ཉེ་བར་བསྙེན་པར་བྱེད་པ་བསྙེན་པའི་འཛབ་དང་། སྨད་ལས་དང་འབྲེལ་བའི་བསྙེན་པ་གསུམ་རྫོགས་པར་བྱེད་པ་སྒྲུབ་པའི་རྫས། དང་པོ་ལ་རང་གི་གནས་སྦྱང་བ་དང་། བཟླས་བརྗོད་བསྙེན་པའི་འཕྲོ་འདུས་ཡེ་ཤེས་ཀྱི་ལྷ་ཉེ་བར་བསྙེན་པ་དང་། གསང་བ་བྱང་སེམས་ཀྱི་དངོས་གྲུབ་ཡུམ་གྱི་མཁའ་ལས་བླང་བའི་བཟླས་པ་རྣམས་བྱའོ། །གཉིས་པ་སྨད་ལས་ཀྱི་འཛབ་ལ་ཡེ་ཤེས་ལྷ་བསྙེན་པ་དང་། དམ་ཅན་ཉེ་བར་བསྙེན་པ་དང་། ངན་སྔགས་ཉེ་བར་བསྙེན་པ་རྣམས་སྔོན་དུ་སོང་ནས་གདབ་པའི་ལས་ལ་སྦྱོར་བ་རྣམས་རིག་འཛིན་བརྒྱུད་པའི་ཞལ་ལུང་དང་། མན་ངག་གི་རྗེས་སུ་འབྲངས་ནས་ཉམས་སུ་བླང་བར་བྱ་དགོས་ཤིང་། མན་ངག་སྙིང་པོ་འདི་བྱིན་ཏེ། ཞེས་དབང་བསྐུར་རོ། །ཡེ་ཤེས་སེམས་དཔའ་ཡཀྴ་ཤྲཱི་ཧེ་རུ་ཀའི་དབང་བསྐུར་བ་ནི། ཧཱུྃ། ཁམས་གསུམ༴ཡུམ་ལྔའི་དབང་དམ་པ་ཐོབ་པར་གྱུར་ཅིག །དེ་རྣམས་ཀྱི་བུམ་པའི་དབང་དང་རྗེས་འབྲེལ་གྱི་དབང་བསྐུར་བ་རྣམས་གྲུབ་ནས། དེ་ནས་གསང་བའི་དབང་བསྐུར་བ་ནི། བཀྲ་ཤིས་མཚན་ལྡན༴དབང་ནི་བསྐུར་བྱ་སྟེ། ཞེས་འབྱུང་བས་ཐོག་མར་དེ་ཉིད་གསན་པའི་ཡོན་དུ་མཎྜལ་ཕུལ། ཕྱག་རྒྱས་ཡོངས་སུ་དག་པ་ཉིད། །འཁོར་ལོ་རྒྱས་འདེབས་ཁྲོ་མོའི་སྐུ༴བདེ་བའི་ངང་དུ་གསལ། དེ་ཉིད་ལ་གསང་བ་བྱང་ཆུབ་སེམས་ཀྱི་དབང་སྦྱིན་པར་གསོལ་བ་བཏབ་པ་འདིའི་རྗེས་བཟློས། སངས་རྒྱས་ཀུན༴བདག་སྐྱེད་ཅིག །ལན་གསུམ། བླ་མས་སློབ་མ༴དེ་ལས་རྡོ་རྗེ་གཞོན་ནུར་གསལ། །སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །སྐུ་ཡི་དབྱིབས་ནས་བསྐྱེད་པར་བྱའོ། །ཨོཾ་ཤྲཱི༴ཉི་ཟླ་གསལ་བས་བླངས་པར་བྱ། ཨོཾ་ཨཱཿ ཧཱུྃ་གིས་བྱིན་གྱིས་བརླབས། ཡབ་ཡུམ་གཉིས་སུ་མེད་པའི་བྱང་ཆུབ་ཀྱི་སེམས་ཡུམ་གྱི་མཁའ་མཐེབ་སྲིན་སྦྱར་བས་བླངས་བ་ཨ་མྲྀ་ཏ་དང་སྦྱར་ལ་བྷནྡྷ་མཚན་དང་ལྡན་པར་བླུགས་པ་དེ་ཉིད་ཡེ་ཤེས་ཀྱི་བདུད་རྩིར་བྱིན་གྱིས་བརླབས་ཏེ། ལས་བྱང་གི། ཨཱཿ ཐོད་པ་སྣང་སྲིད༴སོགས་ཀྱི་སྨན་བྱིན་བརླབས་དང་། ཧཱུྃ། རང་བྱུང་གདོད་ནས༴སོགས། བརྒྱུད་མཆོད་དང་དངོས་སྒྲུབ་བླངས་བ་བཅས་བྱ། དེ་ནས་སློབ་མ་དབང་བསྐུར་ཏེ། ཧཱུྃ། རྣམ་རྟོག༴ཧཱུྃ་ཧྲཱིཿཋཱཿཞེས་བདུད་རྩི་སྣོད་དང་བཅས་ལག་ཏུ་གཏད། གནས་གསུམ་དུ་ཐིག་ལེ་བྱ་སྟེ། ཧཱུྃ། ངང་ཉིད༴ཀོ྅ཧཾཿབདུད་རྩི་མྱོང་དུ་བཅུག་ལ། ཧཱུྃ། ཨེ་མ༴གྱུར་ཅིག །ལུས་དཀྱིལ་ཁྲོ་བོ་བཅུ་རྣམས་ཀྱི་ཡབ་ཡུམ་མཉམ་པར་སྦྱོར་བའི་བྱང་སེམས་ཀྱི་དབང་བསྐུར་བ་ནི། ཧཱུྃ། ཡེ་ཤེས༴ཧཱུྃ་ཨཱཿ སྔར་རིགས་གང་ལ་བབས་པའི་གསང་བའི་མིང་གི་དབང་བསྐུར་བས་མ་འོངས་པ་ན་མིང་དེ་དང་ལྡན་པའི་སངས་རྒྱས་སུ་འགྱུར་བའི་ཕྱིར་རྡོ་རྗེའི་མིང་སྦྱིན་པ་ནི། འདི་ནི༴ཨཱཿ ཞལ་ཟས་ཚོགས་ཀྱི་དབང་ལ། བྱིན་གྱིས་བརླབ་པ་ནི། ལས་བྱང་ལྟར་བྱིན་བརླབས། འཇིག་རྟེན༴དབང་བསྐུར་ཟིན་པ་དང་། སློབ་མས་ཀྱང་སློབ་དཔོན་དང་དཀྱིལ་འཁོར་གྱི་ལྷ་དང་སྲུང་མ་རྣམས་མཆོད་པ་ནི། ཧཱུྃ། རང་བྱུང་མ་བཅོས༴སོགས། ལས་བྱང་གི་ཚོགས་ལྟར། དེ་ནས་ཛ་གད་ཀྱིས་དབང་བསྐུར་བ་ལ། ལྷ་མོ་མགྱོགས་མའི་ཚོགས་ཀྱིས་སྟོང་ཁམས་ཀྱི་འབྱུང་ལྔའི་བཅུད་བསྡུས་ནས་ཛ་གད་ལ་ཐིམ་པར་གྱུར། ཞེས་བྱིན་གྱིས་བརླབས་ཏེ། ཨོཾ་གུ་རུ་དྷེ་ཝ་ཌཱ་ཀི་ནི་མ་ཧཱ་ཛ་གད་ཁཱ་ཧིས་བླ་མ་དཀྱིལ་འཁོར་གྱི་ལྷ་ཚོགས་ལ་ཕུད་མཆོད། བླ་མ་ལ་སྐྱེམས་དྲངས། སློབ་མ་རང་གིས་བཏུང་། དེ་ནས་ཕམ་ཕབ༴ཨ་བེ་ཤ་ཡ་ཨ་ཨཱཿ ཞེས་པས་དབང་ལྷ་རྣམས་ཁྱེད་རང་ལ་བསྟིམ་པ་དང་དབང་རྫས་རྣམས་ཀྱིས་དབང་བསྐུར་བས་དཔལ་ཆེན་རྡོ་རྗེ་གཞོན་ནུའི་སྐུ་གསུང་ཐུགས་ཀྱི་བྱིན་བརླབས་དངོས་གྲུབ་རྣམས་ཁྱེད་རང་ལ་ཆུ་ལ་ཆུ་བཞག་པ་ལྟར་དབྱེར་མེད་དུ་ཐིམ་པས་ཡེ་ཤེས་ཀྱི་གཟི་བརྗིད་མཆོག་ཏུ་གྱུར་པར་མོས་ཤིག །དེ་ནས་ཤིས་པ་བརྗོད་ཅིང་། དམ་ཚིག་ཁས་བླང་། གཏང་རག །ལུས་འབུལ། དགེ་བསྔོ་དང་། སློབ་དཔོན་གྱིས་གཏོར་སྐྱོངས་སོགས་ཕྲིན་ལས་རྗེས་ཀྱི་རིམ་པ་རྣམས་ལས་བྱང་ལྟར་བྱའོ། །སྲིད་གསུམ་མཐར་བྱེད་བཛྲ་ཀཱི་ལ་ཡ། །དཔལ་ཆེན་ཧེ་རུ་ཀ་དཔལ་རོང་བན་གྱི། །ཐུགས་བཅུད་མཐར་ཐུག་བཀའ་མའི་ཚེས་སྡེ་ཡི། །སྒྲུབ་དཀྱིལ་ཉི་ཟླ་བཞིན་དུ་མངོན་པར་གསལ། །དེ་ཡི་དབང་གི་གསལ་བྱེད་ཉུང་ངུ་འདི། །ཡི་དམ་ལྷ་མཆོག་འདི་ལ་མོས་བསྟན་པ། །ཕྲིན་ལས་གྲུབ་པ་རྩལ་གྱིས་སྦྱར་བ་ཡི། །དགེ་བས་ངེས་གསང་བསྟན་པ་རྒྱས་པར་ཤོག །སརྦ་དཱ་མངྒ་ལཾ། ཤུ་བྷཾ།། །།
[edit]

@#/__/phur pa rong lugs kyis dbang gi mtshams sbyor bdud sde mthar byed ces bya ba bzhugs so/__/ bla ma dpal chen rdo rje gzhon nu la phyag 'tshal lo/__/'jigs rung sku ni gar dgu'i nyams dang ldan/__/drag po'i nga ro 'brug stong ltar sgrogs shing /__/snying rje'i thugs ni gdug par rab rngam pa/__/bla ma rdo rje gzhon nu gus btud nas/__/pad+ma'i thugs bcud dpal chen kI la ya'i/__/bka' srol rgyal mtshan tog ltar rab mtho ba/__/rig sngags 'chang ba rong pa nas brgyud pa'i/__/dbang gi cho gar mtshams sbyor nyung ngur spel/__/de la rdo rje phur pa rong zom lugs kyis dbang bskur ba la rdul tshon gyi phyogs rgyas par dkyil chog tu shes la dbang rkyang tsam la ras bris kyi dkyil 'khor bkram pa'i khar many+dzi'i steng /__lha phur rnams dang /__bum pa/__pusti/__gdab phur/__dbu rgyan/__cod pan/__gsang rdzas chos sman btab pa/__tshogs rdzas/__bza' ba dang /__dza gad/__tshe 'brang /__b+han+d+ha bdud rtsis bkang ba/__zhing lpags/__ko rlon/__stag sham/__sbrul chun/__thod phreng /__me ri/__rak+ta/__thal zhags/__rdo rje rtse lnga/__dril bu/__ral pa/__mar me rnams bshams la/__bdag mdun sgrub mchod sogs brgyud pa'i phyag bzhes las 'byung ba ltar grub nas/__dkyil 'khor yol bas sgrib pa'i slob ma rnams sgo yi phyi rol du khrus byas/__bgegs gtor byin rlabs bsngo ba dang /__nyon cig bgegs dang sogs las byang nas 'byung ba ltar bka' bsgo bgegs bskrad dang /__khro bo bcu'i sngags brjod nas/__hU~M/__phyogs bzhi mtshams bzhi=sogs kyi mtshams gcod bya/__las rdor gyis maN+Dal bkye bsdu dang sems bskyed gsal gdab la/__'o skol gyi ston pa yang dag par rdzogs pa'i sangs rgyas thabs mkhas la thugs rje chen po mnga' ba de nyid kyis/__sems can rnams kyi bsam pa dang /__dbang po dang /__bskal ba'i khyad par dang rjes su mthun pa'i chos kyi bdud rtsi bsam gyis mi khyab pa zhig bstan pa thams cad kyang bsdu na/__spyir mdo dgongs pa 'dus pa las/__/lang+ka'i bdag po gzhan yang gang /__/don dam nges pa'i theg pa ni/__/gsum du nges par bstan pa ste/__/kun 'byung 'dren dang dka' thub rig__/dbang bsgyur thabs kyi theg pa'o/__/zhes theg pa rim pa dgu dbye ba mdzad cing /__phyi thub pa rgyud kyi theg pa gsum las/__gsang sngags rdo rje theg pa don gsum gyi khyad par du 'phags pa yin te/__gsum gang zhe na/__myur ba dang /__bde ba dang /__thabs la mkhas pa'i khyad par ro/__/de la myur ba ni/__phar phyin theg pas ring lam gyi byang chub thob pa la bskal pa grangs med du ma dgos kyang /__sngags las ni skri yas mi tshe bdun nam bskal pa brgyad/__u pa yis mi tshe lnga'am bskal pa gcig gam gsum/__yo gas tshe lo brgya pa'i mi'i skye ba gsum mam bcu drug__/bla med kyis skye ba 'di'am bar dor byang chub thob par gsung shing /__de ltar myur ba'i rgyu yang /__sngags su ni/__cho ga'i khyad par gyis lha rnams dngos su mchod pa len pa dang /__sangs rgyas dang byang chub sems dpa' thams cad kyang bla ma'i sku la zhugs nas sgrub pa po'i mchod pa len pa la sogs pas yongs su spyad pa las byung ba'i bsod nams yod pa dang /__sngags dang phyag rgya'i mthus/__chu thig re yang gang ga'i rdul snyed du 'phel bas/__de snyed kyi bsod nams 'byung ba dang /__ma dag pa'i snang ba 'gog pa'i zhing sbyong ba'i ting nge 'dzin las dang po'i dus nas kyang mngon du byed nus pas/__sngags dang phyag rgya ting 'dzin gyi khyad par re res kyang sems can mtha' yas pa smin pa'i rgyu khyad par can byed nus pa de dag sngags kyi theg pa la zhugs tsam nyid nas yod pa'i rgyus myur ba yin no/__/gnyis pa bde ba ni/__lus sems la tshor ba rtsub po med pa ste/__de'i rgyu yang 'di las skal pa drug gi lus kyang tshegs med pa grub pa dang /__rdzu 'phrul dang ting nge 'dzin mang po thob pa dang /__sngags kyi mthus de bzhin gshegs pa rnams mngon du bzhugs shing 'gro ba'i bsam pa thams cad sgrubs nus pa'i rgyus bde ba yin no/__/gsum pa thabs la mkhas pa ni/__rig pa 'dzin pa rnams dang tshul khrims mnyam pas lha dgyes pa dang /__spyod yul khyad par can dang 'brel ba'i ting nge 'dzin dang /__shes rab rmad du byung bas snod bcud dag mnyam chen por gtan la pheb pa dang /__spyod yul thams cad du lha dang sngags kyi thabs la 'jug nus pas na thabs la mkhas pa yin no/__/der ma zad pha rol du phyin pa'i rang lam gyis grangs med gsum gyi tshogs bsags pas sa bcu pa'i byang chub sems dpa' sangs rgyas kyi rgyal tshab chen po'i go 'phang las lhag pa thob mi nus kyang /__skabs der sngags kyi theg pa la zhugs nas rdzogs pa'i sangs rgyas thob dgos pas na sngags kyi theg pa ni bgrod pa gcig pa'i lam du 'gyur ba'i phyir/__mthar thug gi theg pa gcig nyid kyang 'phags te/__spyir mdo dgongs 'dus las/__theg pa dpag med bstan pa yang /__/ji ltar mos pa tha dad pas/__/khrid par bya ba'i thabs su zad/__/rdo rje theg pa nyid las med/__/zhes gsung pa ltar/__khyad par du 'phags pa'i gsang sngags kyi theg pa de la yang spyod pa gtso bor bstan pa bya ba'i rgyud dang /__lta ba gtso bor bstan pa rnal 'byor gyi rgyud gnyis su 'du zhing /__phyi ma de la'ang rnal 'byor gyi rgyud tsam dang /__rnal 'byor chen po gnyis las 'di rnal 'byor chen po ste de la yang bskyed rim thabs kyi cha gtso bor bstan pa ma hA/__shes rab rdzogs pa'i rim pa gtso bor bstan pa a nu/__zung 'jug ye shes gtso bor bstan pa a ti yo ga dang gsum de re re la'ang /__nang gses gsum gsum du dbye ba las skabs su bab pa 'di ni ma hA yo ga'i phyogs su gtog pa yin/__de la yang rgyud sde dang sgrub sde gnyis las/__'di snga 'gyur bka' ma'i bka' srol tan+t+ra chen po sde bco brgyad du grags pa'i bye brag phur pa rol pa'i rgyud dang rjes su 'brel ba ste/__de la'ang brgyud srol ji snyed cig yod pa las/__'di yi lo rgyus kyi dbang du byas na/__ston pa bcom ldan 'das dpal kun tu bzang po nyid chos sku skye ba med pa las ma g.yos bzhin du gzugs sku'i rol pa zhi ba dang khro bo dpal he ru ka'i rnam par bzhengs nas/__'og min gsang ba mchog gi gnas su/__'khor sangs rgyas dang byang chub sems dpa' khro bo dang khro mo sogs bsam gyis mi khyab pa la/__chos nyid kyi rang sgras spyi rgyud lnga/__sgos rgyud bcu la sogs te sgrub sde'i rgyud mtha' yas pa gsungs/__de rnams rig 'dzin gyi gtso bo gsang bdag rdo rje chos kyis thog mar ngag tu bsdus/__de nas pusti glegs bam la bkod cing /__dgongs 'grel du lung lnga yang mdzad de/__mkha' 'gro las gyi dbang mo che la gtad/__de spyi dang bye brag gi rgyud so sor phyes nas rin po che'i sgrom bur bcug ste bsil ba tshal gyi mchod rten bde byed rtsegs par gter du sbas pa/__grub chen brgyad kyi dgongs pa mdzad pa'i dus/__phrin las phur pa'i rgyud skor g.yu yi sgrom bur bcug pa o rgyan chen por bka' babs shing /__de las byung ba'i bka' srol gyi rim pa/__spyir phur pa rgyal po lugs/__sna nam lugs/__shud bu lugs/__mchims phu lugs/__jo mo lugs/__mkhon lugs/__lcam lugs sogs brgyud tshul mang yang /__'dir ni sna nam lugs sam/__rong lugs tu grags pa yin zhing /__lugs 'dir mngal skyes kyi sems can rdzus skyes kyis thul bar mi 'gyur ba'i phyir slob dpon chen po'ang mnga' skyes su o rgyan gyi rgyal po ma nu si ti'i bu dA na rak+Shi tar sku 'khrungs par mdzad la/__za hor gyi slob dpon pra b+ha ha'i las phur pa'i chos bka' gsan/__yang le shod du phur pa'i grub pa brnyes nas phur smad nyi shu'i chos bka' bsdus shing bod du sna nam rdo rje bdud 'joms sogs brgyud rong ban yon tan rin chen/__rong ban rin chen tshul khrims/__rong zam chos bzang sogs las brgyud pas mtshan de ltar grags shing /__slob dpon chen pos kyang gdams pa 'di'i sgo nas rgyal por yid ches skyed phyir ge sar rgyal po'i lag nas 'phrul gyi me long /__lha gnas nas bya khyung gi sgo nga /__/klu'i gnas nas yid bzhin gyi nor bu/__bar snang khams nas sbrang khams pa'i rnga ma/__rgya yul nas bskal pa bzang po'i nas tshad/__tshe lo bcu pa'i bre tshad/__rgya gar rdo rje gdan nas gnam chag pa'i dum bu/__sa ral ba'i ras ma sogs skad cig la rgyal por phul ba sogs kyi gtams rgyud ngo mtshar can yang gdams zab 'di'i mthu nus las byung ba ste/__des na zab khyad khyad par du 'phags pa 'di nyid rig 'dzin gong ma rnams kyis thugs nyams su bzhes shing /__grub pa'i rtags mtshan bar ma chad du byon pa 'di nyid kyi dkyil 'khor chen por smin byed kyi dbang bskur zab mo sgrub pa la/__bdag gi bgyi 'os thams cad sngon du song zin nas/__khyed rnams kyi ngo skal du gyur pa la bla ma dkyil 'khor gyi gtso bo tha mi dad pa'i drung du dkyil 'khor du 'jug pa'i chos rnams zhu ba'i yon du dmigs nas maN+Dal phul mdzod/__/zhes mtshams sbyar nas maN+Dal phul du gzhug__/sngon chad bdag rtog gnyis 'dzin gyi sgrib pas dkyil 'khor mthong ba la gegs byed du gyur pa'i ma rig pa'i sgrib g.yogs mtshon byed dang dkyil 'khor du ma zhug pa'am/__bskyar nas 'jug pa'i ched gdong g.yogs 'ching mdzod/__oM AH_hU~M gis gdong 'ching /__lha dang bskal ba mnyam pa'i ched du rig pa ye shes kyi me tog mtshon byed rin po che kha dog sna tshogs pa'i me tog gi phreng ba phyag tu 'dzin mdzod/__a khaM wi ra hU~M gis me tog bkram/__de nas rdo rje theg pa'i dbang bskur ba'i sogs dam tshig gi 'dzin dgos pas thog ma nyid du shin tu 'da' bar dka' ba'i rdo rje'i dam tshig dbog pa ni/__gsang sngags rdo rje theg pa'i=so so'i rim pa bzhin du srung zhes bya/__de ltar bsgrags pa'i srung bya'i dam tshig gnas de rnams ma nyams par srung dgos shing /__de nyid gnyan par shes pas dam la bzhag ste/__slar yang dam tshig bdud rtsi'i mna' chu sbyin te/__hU~M/__'di ni khyod kyi=/__dz+nyA na satwa AH_bdud rtsi de nyid lce la bzhag kyang snying nang du song ste hU~M mthing nag gi rnam par gnas pa dam tshig srung na ye shes sems dpa'i ngo bor gyur pas byin gyis rlobs cing /__nyams na rdo rje gnod sbyin zhes lcags sdig mgo dgu pa'i rnam par gyur nas gshed ma byed par 'gyur bas rtag tu dam tshig las mi 'da' bar srung dgos/__de nas slob dpon gyi lag gi rdo rje la bzung nas dkyil 'khor gyi nang du drangs pa'i phyir 'di'i rjes bzlos/__byang chub phur pa'i=bdag la stsol/__zhes lan gsum/__yol ba bsal/__'dod don dri ba ni/__bu khyod dga' ba ci la dga'/__zhes dris pa'i lan du 'di yi rjes bzlos/__bdag ni skal ldan=bdag dga' 'o/__/zhes lan btab/__des gsang sngags kyi snod du rtogs nas dbang bskur dngos la/__de nas me tog dbul ba ni/__dkyil 'khor gyi lha tshogs rnams las rang gi rigs kyi lhag pa'i lha gang yin pa der rig pa'i me tog 'di 'bab bar shog cig snyams pas 'di'i rjes bzlos/__gsang ba mchog gi=shog bar/__zhes me tog gi ra bar dor/__de yang phyogs gang du bab pa de yi rigs su shes par bya ste/__dbus su bab na rdo rje/__shar du de bzhin gshegs pa/__lhor rin po che/__nub tu pad+ma/__byang du las kyi rigs/__mtshams rnams su lhung na gang dang nye ba de yi rigs su shes par bya'o/__/mig dbye ba ni mig thur thogs te/__sngon chad ma rig pa'i ling thog gi ldongs ba las slob dpon gyi rig pa ye shes gser gyi thur ma lta bus mig dbye bas nyon mongs pa'i dri ma bsal nas ye shes kyi spyan gsar du thob pa'i mos pa mdzod cig__/de ring dad pa'i=sha ya phaTaHces mig dar dkrol ba dang chab gcig__/dpal chen rdo rje gzhon nu'i dkyil 'khor gyi lha tshogs thams cad kyi zhal mngon sum du mthong bar gyur snyam du mos la sgo gsum gus pas phyag 'tshal bzhin du 'di'i rjes bzlos/__dus gsum sangs rgyas thams cad kyi/__/sku gsung thugs kyi bdag nyid mchog__/bde gshegs rgyal ba 'khor bcas la/__/lus ngag yid kyi phyag 'tshal lo/__/zhes lan gsum du phyag byed/__de nas dkyil 'khor mthong ba bstan pa ni/__phyag shing gis mtshon te/__dkyil 'khor chen po'i=/__rigs kyi bu yis shes par gyis/__/zhes gsungs pa ltar mtshon bya don dam ye shes kyi 'khor lo mtshon byed rtags kyi dkyil 'khor chen po 'byung ba rim brtsegs keng rus kyi ri rab dang bcas pa'i steng du pad+ma dang sna tshogs rdo rje'i lte ba la gnas pa'i dur khrod drag po'i gzhal med khang phyogs bcu rgya yongs su ma chad pa/__phyi dang nang kun tu gsal ba rtsigs pa dang pha gu dra phyed shar bu mda' yab kyis mdzes shing gru bzhi sgo bzhi rta bab brgyad dang ldan pa khyam phyi nang gnyis dang /__'dod snam la mchod pa'i lha mos bskor ba dur khrod kyi brgyan chas ma tshang ba med pas brjid par mdzes shing brjid pa'i phyi rol du dur khrod chen po brgyad dang /__rdo rje bsrungs ba'i gur gyis gtams pa'i gzhal yas khang gi nang gru gsum mthing nag lte bar zla gam gyi dbus 'khor lo rtsibs bcu mu khyud la thod pa'i ra ba dang bcas pa'i dbus dang rtsibs bcur pad nyi lha chen pho mo phyogs skyong gi gdan dang bcas pa dang /__de la brten pa'i lha ni/__dbus su bcom ldan 'das dpal chen po rdo rje gzhon nu yab yum/__phyogs bcur khro bcu yab yum za gsod dang bcas pa sgo bzhir sgo ma bzhi/__phyi yi khrag khyam la dbang phyug ma nyi shu rtsa brgyad/__phur srung dam can bcu gnyis/__sgo bzhir dung lcags bse yi skyes bu dang DAk+ki nag po/__bar khyams khor yug la mkha' 'gro so gnyis/__ging chen bco brgyad/__ma mo bdun/__sring mo bzhi/__brten ma bcu gnyis/__dge bsnyen nyer gcig sogs dpal chen po'i dkyil 'khor rten dang brten par bcas pa mngon sum mthong ba'i mos par mdzod/__de nas bgegs bskrad pa ni/__slob dpon gyi thugs ka nas khro bo 'chol ba'i tshogs bsam gyis mi khyab pa spros pas dbang len pa la bar du gcod pa'i bgegs dang log 'dren thams cad rgyang ring du bskrad par gyur/__'khyil pa'i sngags dang gu gul bdug__/yungs thun gyis brab/__de nas las bum gyi chus bkru zhing ji ltar bltams pa=dang rnam 'jom gyi sngags brjod bzhin du bkru bar bya'o/__/de nas slob bu rnams kyis ci 'byor pa'i yon 'dis bla ma mnyes par byas par mos la maN+Dal phul mdzod/__thal mo me tog dang bcas dngos grub 'dod pa'i phyir gsol ba btab pa 'di'i rjes zlos/__thabs kyi spyod pa=bdag la stsol/__zhes lan du gsol ba btab pa la/__bla mas thabs kyi spyod pas sogs tshig gsum snga ma ltar la/__tha ma byin rlabs dbang ni bskur bar bya/__zhes brjod/__de nas slob ma rnams pad nyi dbang phyug pho mo'i gdan gyi steng du dpal chen rdo rje gzhon nu sku mdog mthing nag mthing dkar dmar ba'i zhal gsum phyag drug gi g.yas gnyis rdo rje rtse dgu rtse lnga/__g.yon gnyis me dpung dang kha T+wA~M/__tha ma gnyis kyis ri rab kyi phur bu 'dril ba dpal dang dur khrod kyi chas rnams rdzogs shing zhabs bzhi dor stabs kyis sogs pa pho mo brdzis pa gar dgu'i nyams dang ldan pa yum chen 'khor lo rgyas 'debs sngo skya 'khor lo dang thod khrag bsnams pa dang mnyam par sbyor zhing ye shes kyi me dpung 'bar ba'i dbus na bzhugs pa'i sku can du gsal ba sngar me tog gang la bab pa'i lha des khyed rang gi spyi bor dbang rtags cod paN gyi tshul du bcing par mos la/__'di ni khyod kyi=a AH_zhes spyi bor bzhag__/bum pa'i dbang gi slad du slob dpon dkyil 'khor gyi bdag po'i thugs ka nas mkha' dbyings gang ba'i de bzhin gshegs pa/__sems dpa' sems ma/__khro bo dang khro mo'i tshogs spyan drangs pa dang slob dpon lhan cig pas rnam par rgyal ba'i bum pa'i chus rdo rje gtor blugs kyis cho ga bya bar mos shig__/oM/__chos dbyings=AH_zhes bum pa spyi bor bzhag cing bum chu blud cing khrus byas/__de nas lha phur gyi dbang bskur ba ni/__dkyil 'khor gyi lha tshogs las rang 'dra'i ye shes kyi phyag rgya'i sku gnyis pa re 'phros shing khyed rang rnams la thim par mos shig__/ces lha phur rnams thogs la/__hU~M/__gru gsum mthing nag=pho nya'i dbang dang ldan par gyur cigaphur pa rdzas kyi dbang bskur ba ni/__khro rgyal 'dus pa'i='bru dgu'i sngags sham la/__a b+hi Shiny+tsa AH_sngags bzhi'i don bstan pa ni/__stod las byang chub sgrub pa dang 'brel ba ye shes lha nye bar bsnyen par byed pa bsnyen pa'i 'dzab dang /__smad las dang 'brel ba'i bsnyen pa gsum rdzogs par byed pa sgrub pa'i rdzas/__dang po la rang gi gnas sbyang ba dang /__bzlas brjod bsnyen pa'i 'phro 'dus ye shes kyi lha nye bar bsnyen pa dang /__gsang ba byang sems kyi dngos grub yum gyi mkha' las blang ba'i bzlas pa rnams bya'o/__/gnyis pa smad las kyi 'dzab la ye shes lha bsnyen pa dang /__dam can nye bar bsnyen pa dang /__ngan sngags nye bar bsnyen pa rnams sngon du song nas gdab pa'i las la sbyor ba rnams rig 'dzin brgyud pa'i zhal lung dang /__man ngag gi rjes su 'brangs nas nyams su blang bar bya dgos shing /__man ngag snying po 'di byin te/__zhes dbang bskur ro/__/ye shes sems dpa' yak+sha shrI he ru ka'i dbang bskur ba ni/__hU~M/__khams gsum=yum lnga'i dbang dam pa thob par gyur cig__/de rnams kyi bum pa'i dbang dang rjes 'brel gyi dbang bskur ba rnams grub nas/__de nas gsang ba'i dbang bskur ba ni/__bkra shis mtshan ldan=dbang ni bskur bya ste/__zhes 'byung bas thog mar de nyid gsan pa'i yon du maN+Dal phul/__phyag rgyas yongs su dag pa nyid/__/'khor lo rgyas 'debs khro mo'i sku=bde ba'i ngang du gsal/__de nyid la gsang ba byang chub sems kyi dbang sbyin par gsol ba btab pa 'di'i rjes bzlos/__sangs rgyas kun=bdag skyed cig__/lan gsum/__bla mas slob ma=de las rdo rje gzhon nur gsal/__/sangs rgyas kun gyi ye shes sku/__/sku yi dbyibs nas bskyed par bya'o/__/oM shrI=nyi zla gsal bas blangs par bya/__oM AH_hU~M gis byin gyis brlabs/__yab yum gnyis su med pa'i byang chub kyi sems yum gyi mkha' mtheb srin sbyar bas blangs ba a mr-i ta dang sbyar la b+han+d+ha mtshan dang ldan par blugs pa de nyid ye shes kyi bdud rtsir byin gyis brlabs te/__las byang gi/__AH_thod pa snang srid=sogs kyi sman byin brlabs dang /__hU~M/__rang byung gdod nas=sogs/__brgyud mchod dang dngos sgrub blangs ba bcas bya/__de nas slob ma dbang bskur te/__hU~M/__rnam rtog=hU~M hrIHThAHzhes bdud rtsi snod dang bcas lag tu gtad/__gnas gsum du thig le bya ste/__hU~M/__ngang nyid=ko\u0f85haMHbdud rtsi myong du bcug la/__hU~M/__e ma=gyur cig__/lus dkyil khro bo bcu rnams kyi yab yum mnyam par sbyor ba'i byang sems kyi dbang bskur ba ni/__hU~M/__ye shes=hU~M AH_sngar rigs gang la babs pa'i gsang ba'i ming gi dbang bskur bas ma 'ongs pa na ming de dang ldan pa'i sangs rgyas su 'gyur ba'i phyir rdo rje'i ming sbyin pa ni/__'di ni=AH_zhal zas tshogs kyi dbang la/__byin gyis brlab pa ni/__las byang ltar byin brlabs/__'jig rten=dbang bskur zin pa dang /__slob mas kyang slob dpon dang dkyil 'khor gyi lha dang srung ma rnams mchod pa ni/__hU~M/__rang byung ma bcos=sogs/__las byang gi tshogs ltar/__de nas dza gad kyis dbang bskur ba la/__lha mo mgyogs ma'i tshogs kyis stong khams kyi 'byung lnga'i bcud bsdus nas dza gad la thim par gyur/__zhes byin gyis brlabs te/__oM gu ru d+he wa DA ki ni ma hA dza gad khA his bla ma dkyil 'khor gyi lha tshogs la phud mchod/__bla ma la skyems drangs/__slob ma rang gis btung /__de nas pham phab=a be sha ya a AH_zhes pas dbang lha rnams khyed rang la bstim pa dang dbang rdzas rnams kyis dbang bskur bas dpal chen rdo rje gzhon nu'i sku gsung thugs kyi byin brlabs dngos grub rnams khyed rang la chu la chu bzhag pa ltar dbyer med du thim pas ye shes kyi gzi brjid mchog tu gyur par mos shig__/de nas shis pa brjod cing /__dam tshig khas blang /__gtang rag__/lus 'bul/__dge bsngo dang /__slob dpon gyis gtor skyongs sogs phrin las rjes kyi rim pa rnams las byang ltar bya'o/__/srid gsum mthar byed badz+ra kI la ya/__/dpal chen he ru ka dpal rong ban gyi/__/thugs bcud mthar thug bka' ma'i tshes sde yi/__/sgrub dkyil nyi zla bzhin du mngon par gsal/__/de yi dbang gi gsal byed nyung ngu 'di/__/yi dam lha mchog 'di la mos bstan pa/__/phrin las grub pa rtsal gyis sbyar ba yi/__/dge bas nges gsang bstan pa rgyas par shog__/sarba dA mang+ga laM/__shu b+haM//___//

Footnotes

Other Information