DKR-KABUM-22-ZA-018: Difference between revisions

From Khyentse Lineage - A Tsadra Foundation Project
No edit summary
m (Text replacement - "Khyentse Metadata" to "Text")
 
Line 1: Line 1:
{{Khyentse Metadata
{{Text
|classification=Tibetan Publications
|classification=Tibetan Publications
|subclass=Tibetan Texts
|subclass=Tibetan Texts

Latest revision as of 08:12, 1 June 2024

Wylie title re rong pad+ma lha rtse'i gnas kyi mdo byang ye shes thig le DKR-KABUM-22-ZA-018.pdf
Location dil mgo mkhyen brtse bka' 'bum
Volume 22, Text 18, Pages 182-185 (Folios 1a to 4a3)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Tertön དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ག་གྱུར་གླིང་པ་ (Khyentse, Dilgo)
Citation Khyentse, Dilgo. Re rong pad+ma lha rtse'i gnas kyi mdo byang ye shes thig le. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 22: 182-185. Delhi: Shechen Publications, 1994.
Genre Pilgrimage Guides - gnas yig
Colophon

ཞེས་པའང་ཀུན་གཟིགས་དཔལ་ལྡན་འབྲུག་པའི་རིང་ལུགས་ཀྱི་སྲོག་འཛིན་སྐྱབས་རྗེ་མདོ་ཁམས་པ་ཆེན་པོའི་གདན་སའི་གནས་མཆོག་ལ་མདོ་བྱང་འབེབས་འོས་རྗེ་དེ་ཉིད་ཀྱི་སྐུ་ཕྲེང་བརྒྱད་པ་སྐལ་བཟང་དོན་བརྒྱུད་ཉི་མའི་ཞལ་སྔ་ནས་ཆེད་དུ་བཀའ་བསྩལ་བ་ལྟར་གནས་མཆོག་དེ་ཉིད་ལ་ཁྲུས་གསོལ་བྱིན་འབེབས་ལྷག་པར་གནས་པའི་ཆོ་གས་གཟི་བྱིན་བསྐྱེད་པའི་སྐབས་ཇི་ལྟར་ཤར་བ་བཞིན་གཏན་ལ་འབེབས་པ་པོ་རྒྱལ་ཁམས་པ་པདྨ་གར་དབང་འོད་གསལ་མདོ་སྔགས་གླིང་པ་རང་བྱུང་བདེ་བ་རྩལ་གྱིས་དཔལ་ལྡན་ཕུན་ཚོགས་ཆོས་འཁོར་གླིང་ནས་དབུ་བརྩམས་ཏེ་བྲིས་པ་འདིས་ཀྱང་གངས་ཅན་གྱི་སྐྱེས་རྒུ་དང་ཐུབ་བསྟན་རིན་པོ་ཆེའི་དཔལ་ཡོན་འཕེལ་རྒྱས་ཀྱི་རྟེན་འབྱུང་མཆོག་ཏུ་གྱུར་ཅིག །སརྦ་དཱ་མངྒ་ལཾ།།

zhes pa'ang kun gzigs dpal ldan 'brug pa'i ring lugs kyi srog 'dzin skyabs rje mdo khams pa chen po'i gdan sa'i gnas mchog la mdo byang 'bebs 'os rje de nyid kyi sku phreng brgyad pa skal bzang don brgyud nyi ma'i zhal snga nas ched du bka' bstsal ba ltar gnas mchog de nyid la khrus gsol byin 'bebs lhag par gnas pa'i cho gas gzi byin bskyed pa'i skabs ji ltar shar ba bzhin gtan la 'bebs pa po rgyal khams pa pad+ma gar dbang 'od gsal mdo sngags gling pa rang byung bde ba rtsal gyis dpal ldan phun tshogs chos 'khor gling nas dbu brtsams te bris pa 'dis kyang gangs can gyi skyes rgu dang thub bstan rin po che'i dpal yon 'phel rgyas kyi rten 'byung mchog tu gyur cig_/sarba dA mang+ga laM//

[edit]
༄༅། རེ་རོང་པདྨ་ལྷ་རྩེའི་གནས་ཀྱི་མདོ་བྱང་ཡེ་ཤེས་ཐིག་ལེ་བཞུགས།

༄༅། རང་བྱུང་སངས་རྒྱས་པདྨའི་སྙིང་པོ་ལ་ཕྱག་འཚལ་ལོ༔ གདོད་ནས་དག་པའི་ཡེ་ཤེས་ཀྱི༔ རང་གསལ་སྐུ་དང་ཞིང་རྒྱ་མཚོ༔ བཀོད་པ་ཚད་གཟུང་མ་མཆིས་པ༔ རྒྱལ་བའི་ཕྲིན་ལས་སྟོབས་ལས་སྣང༔ ཁྱད་པར་བསིལ་ལྡན་གདུལ་བྱའི་ངོར༔ ས་རྡོ་རི་བྲག་ཞིང་ཁམས་ལ༔ སངས་རྒྱས་བྱིན་རླབས་ཐུགས་བསྐྱེད་ཀྱིས༔ གདུལ་བྱའི་འགྲོ་དོན་བྱེད་ནུས་ཞེས༔ སྟོན་པས་མདོ་ལས་ལུང་བསྟན་ལྟར༔ འཕགས་མཆོག་ཕྱག་ན་པདྨོ་ཡིས༔ ཞིང་ཁམས་རྒྱ་མཚོ་སྦྱང་བའི་ཕྱིར༔ ཕྱག་མཚན་བཞེས་པའི་རྟེན་འབྲེལ་གྱིས༔ ཐུགས་རྗེའི་བྱིན་རླབས་སྤྲུལ་པའི་གཟུགས༔ བདག་ཉིད་པདྨ་ཐོད་ཕྲེང་རྩལ༔ འདུལ་བའི་སྐལ་པར་བབ་པ་ལས༔ མངའ་བདག་ཆེན་པོའི་སྤྱན་དྲངས་ཏེ༔ ས་གཞི་བྱིན་བརླབས་ལྷ་འདྲེ་བཏུལ༔ ལོ་པཎ་བརྒྱ་དང་རྩ་བརྒྱད་ཀྱིས༔ མདོ་སྔགས་ཆོས་བསྒྱུར་བཤད་སྒྲུབ་ཀྱི༔ སྤོང་ཀློག་སྡེ་བཙུགས་དགེ་འདུན་གྱི༔ སྡེ་གཉིས་དར་རྒྱས་མདོ་སྔགས་ཆོས༔ བསྟན་པ་དཀར་འབྱམས་གཅིག་ཏུ་བརྡལ༔ ཕྱི་མའི་གདུལ་བྱར་རྗེས་བརྩེ་བས༔ ཁམས་དབུས་སྟོད་སྨད་ཡུལ་ཀུན་ཏུ༔ རྫུ་འཕྲུལ་རོལ་པས་ཞབས་ཀྱིས་བཅགས༔ རུ་གནོན་གཙུག་ལག་ལྷག་པར་གནས༔ གངས་བྲག་མཚོ་གསུམ་སྒྲུབ་གནས་བྱས༔ ཟབ་པའི་ཆོས་ནོར་གཏེར་རིགས་སྦས༔ ཀུན་ཀྱང་ཧེ་རུ་ཀ་ཆེན་པོའི༔ ཡེ་ཤེས་གཟི་བྱིན་དངོས་སུ་བསྐྱེད༔ ཌཱ་ཀི་འདུ་བའི་ཚོགས་ཁང་དུ༔ བྱིན་རླབས་འཛམ་གླིང་གནས་དང་ཡུལ༔ དུར་ཁྲོད་དག་དང་མཉམ་པར་བྱས༔ དུས་ལ་བབ་ཚེ་སྤྲུལ་པ་རེའི༔ གསང་བ་རྗེས་སུ་དྲན་པ་ཡིས༔ ལོ་རྒྱུས་མདོ་བྱང་གཏན་ལ་འབེབས༔ ཐུན་མོང་ཐུན་མིན་ཟབ་གཏེར་འདོན༔ སྐལ་བཟང་ཀུན་ལ་ཁྱབ་བརྡལ་གྱི༔ ཕྲིན་ལས་འགག་མེད་ཉིད་དུ་ཤར༔ དེ་ཡིས་ཆ་ཤས་ཁམས་བོད་མཚམས༔ རི་བོ་དཔྱད་ལེགས་ས་འཇོན་རྒྱས༔ ནགས་ཚལ་བྲག་རིའི་བཀོད་པ་མཛེས༔ ལྷུན་ཆག་གནས་ཀྱི་སྙིང་པོའི་གཟུགས༔ སྦས་པའི་ཚུལ་དུ་ཤར་བ་ནི༔ བདག་ཉིད་ཆེན་པོ་པདྨ་འབྱུང༔ ཚོགས་བརྒྱད་དག་པའི་ཡེ་ཤེས་ཀྱིས༔ ཆོ་འཕྲུལ་དབྱིངས་གྲོལ་ཡེ་ཤེས་གར༔ ཁྲོ་རྒྱལ་རྫུ་འཕྲུལ་མཐུ་སྟོབས་ཆེའི༔ རྡོ་རྗེ་ཁྲོས་པའི་ཏིང་ངེ་འཛིན༔ འབར་བའི་བརྟུལ་ཞུགས་རོལ་པ་ཡིས༔ གདུག་པའི་རྒྱལ་བསེན་དམ་སྲི་བསྒྲལ༔ རྡོ་རྗེའི་བཀའ་ནན་ཕྱག་རྒྱ་གཉན༔ སྡེ་བརྒྱད་གཉའ་བར་ཕོག་བྱས་པའི༔ སྟག་ཚང་རི་བོ་བར་མ་ཞེས༔ དབུས་ན་ཁྲག་འཐུང་ཆེ་བའི་མཆོག༔ སྤྱི་དཔལ་ཁྲག་འཐུང་འཁོར་ལོ་ཤར༔ སྟེང་དུ་ཞི་བ་རྡོ་རྗེ་དབྱིངས༔ སྒྱུ་འཕྲུལ་ཞི་ཁྲོའི་བཀོད་པ་བརྡལ༔ ཤར་དུ་རྡོ་རྗེའི་བྲག་དཀར་ལ༔ ཡང་དག་ལྷ་ཚོགས་དགྱེས་པས་རོལ༔ ལྷོ་རུ་འཇིགས་མཛད་གཤིན་རྗེའི་གཤེད༔ མ་གཤིན་བྱེ་བ་ས་ཡ་བཞུགས༔ ནུབ་ཏུ་པདྨ་ཀློང་ཡངས་ཕུག༔ དབང་ཆེན་པདྨ་རོལ་བའི་ཞིང༔ བྱང་དུ་རྡོ་རྗེའི་ནགས་རོང་ལ༔ ཕྲིན་ལས་རོལ་པ་ཀཱི་ལ་ཡ༔ གཞན་ཡང་ཕྱོགས་མཚམས་མ་ངེས་པར༔ བླ་མ་རིག་འཛིན་ཚེ་དཔག་མེད༔ བཀའ་སྡོད་དྲག་སྔགས་འཁོར་ལོའི་མཛེས༔ ཀུན་ཀྱང་ཡེ་ཤེས་ཕྱག་རྒྱའི་སྤྲིན༔ དངོས་སུ་བཞུགས་པས་བྱིན་གྱིས་བརླབས༔ བརྡ་རྟགས་ཡི་གེ་སྐུ་ཕྱག་མཚན༔ དད་དང་མོས་པའི་གསོས་སུ་སྣང༔ གང་འདུལ་ཉིད་དུ་དོན་མཛད་ཕྱིར༔ ཡིད་ཆེས་དད་པའི་སེམས་བསྐྱེད་ཀྱིས༔ རབ་ཀྱིས་བསྐྱེད་རྫོགས་ཏིང་འཛིན་སྒོམ༔ འབྲིང་གིས་ཚོགས་སྒོམས་མཆོད་སྦྱིན་འབད༔ ཐ་མས་དད་དང་གུས་པ་ཡིས༔ ཕྱག་བསྐོར་མཎྜལ་གསོལ་གདབ་ན༔ ཚེ་འདིར་ནད་གདོན་བར་ཆད་ཞི༔ འགལ་རྐྱེན་བྱད་ཕུར་ཀུན་ལས་སྐྱོབ༔ ཕྱི་མ་ངན་སོང་སྐྱེ་སྒོ་ཆོད༔ འཕྲུལ་སྣང་བར་དོའི་འཇིགས་སྐྲག་ཡལ༔ བདེ་ཆེན་རྔ་ཡབ་དཔལ་གྱི་རིར༔ དབུགས་དབྱུང་ཐོབ་པ་གདོན་མི་ཟ༔ དོན་དམ་ཆོས་སྐུའི་དགོངས་པ་ལ༔ འཕེལ་འགྲིབ་གདོད་ནས་མ་དམིགས་ཀྱང༔ གདུལ་བྱའི་མོས་དང་བསམ་པ་ཡི༔ གཟུགས་སྐུའི་ཕྲིན་ལས་ཐུགས་རྗེའི་ཤུགས༔ གདུལ་བྱའི་ཡུལ་ལ་འཇུག་པའི་དུས༔ ལྷག་པར་དབང་ཆེན་སྤྲེལ་གྱི་ལོ༔ ཞག་དང་ཟླ་བར་མྱུར་བས་ན༔ དུས་དེར་ཆེད་དུ་བརྩོན་པ་གཅེས༔ བོད་ཡུལ་ཕྱི་མའི་གདུལ་བྱ་ལ༔ ཐུགས་བསྐྱེད་སྨོན་ལམ་ཕྲིན་ལས་ཤུགས༔ འགོག་མེད་སྣང་བཞིན་བྱེད་པོ་ནི༔ བདག་ཉིད་ཡེ་ཤེས་རོལ་པའི་གར༔ ཀུན་ཏུ་དགའ་བའི་མཚན་འཛིན་པས༔ ཕྲིན་ལས་ཆུ་གཏེར་གནས་དེར་འཁྱིལ༔ དེ་འབྲས་ཀུན་ཀྱང་དངོས་བརྒྱུད་ནས༔ པདྨ་ཐུགས་རྗེས་ཉེར་བཟུང་སྟེ༔ གྲོལ་བའི་ལམ་གྱི་སྒོ་རྙེད་པས༔ བྱང་ཆུབ་སྐལ་ལྡན་གདོན་མི་ཟ༔ དེ་ལྟར་ཤེས་པས་སྐལ་ལྡན་ཀུན༔ ཡིད་ཆེས་རྩེ་གཅིག་བསྐྱེད་པའི་བློས༔ སྒོ་གསུམ་བརྩོན་པ་དོན་ཡོད་ཕྱིར༔ གྲོལ་འགྱུར་ངེས་སོ་ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཞེས་པའང་ཀུན་གཟིགས་དཔལ་ལྡན་འབྲུག་པའི་རིང་ལུགས་ཀྱི་སྲོག་འཛིན་སྐྱབས་རྗེ་མདོ་ཁམས་པ་ཆེན་པོའི་གདན་སའི་གནས་མཆོག་ལ་མདོ་བྱང་འབེབས་འོས་རྗེ་དེ་ཉིད་ཀྱི་སྐུ་ཕྲེང་བརྒྱད་པ་སྐལ་བཟང་དོན་བརྒྱུད་ཉི་མའི་ཞལ་སྔ་ནས་ཆེད་དུ་བཀའ་བསྩལ་བ་ལྟར་གནས་མཆོག་དེ་ཉིད་ལ་ཁྲུས་གསོལ་བྱིན་འབེབས་ལྷག་པར་གནས་པའི་ཆོ་གས་གཟི་བྱིན་བསྐྱེད་པའི་སྐབས་ཇི་ལྟར་ཤར་བ་བཞིན་གཏན་ལ་འབེབས་པ་པོ་རྒྱལ་ཁམས་པ་པདྨ་གར་དབང་འོད་གསལ་མདོ་སྔགས་གླིང་པ་རང་བྱུང་བདེ་བ་རྩལ་གྱིས་དཔལ་ལྡན་ཕུན་ཚོགས་ཆོས་འཁོར་གླིང་ནས་དབུ་བརྩམས་ཏེ་བྲིས་པ་འདིས་ཀྱང་གངས་ཅན་གྱི་སྐྱེས་རྒུ་དང་ཐུབ་བསྟན་རིན་པོ་ཆེའི་དཔལ་ཡོན་འཕེལ་རྒྱས་ཀྱི་རྟེན་འབྱུང་མཆོག་ཏུ་གྱུར་ཅིག །སརྦ་དཱ་མངྒ་ལཾ།། །།
[edit]

@#/_re rong pad+ma lha rtse'i gnas kyi mdo byang ye shes thig le bzhugs/ @#/_brda yig_rang byung sangs rgyas pad+ma'i snying po la phyag 'tshal lo:_gdod nas dag pa'i ye shes kyi:_rang gsal sku dang zhing rgya mtsho:_bkod pa tshad gzung ma mchis pa:_rgyal ba'i phrin las stobs las snang:_khyad par bsil ldan gdul bya'i ngor:_sa rdo ri brag zhing khams la:_sangs rgyas byin rlabs thugs bskyed kyis:_gdul bya'i 'gro don byed nus zhes:_ston pas mdo las lung bstan ltar:_'phags mchog phyag na pad+mo yis:_zhing khams rgya mtsho sbyang ba'i phyir:_phyag mtshan bzhes pa'i rten 'brel gyis:_thugs rje'i byin rlabs sprul pa'i gzugs:_bdag nyid pad+ma thod phreng rtsal:_'dul ba'i skal par bab pa las:_mnga' bdag chen po'i spyan drangs te:_sa gzhi byin brlabs lha 'dre btul:_lo paN brgya dang rtsa brgyad kyis:_mdo sngags chos bsgyur bshad sgrub kyi:_spong klog sde btsugs dge 'dun gyi:_sde gnyis dar rgyas mdo sngags chos:_bstan pa dkar 'byams gcig tu brdal:_phyi ma'i gdul byar rjes brtse bas:_khams dbus stod smad yul kun tu:_rdzu 'phrul rol pas zhabs kyis bcags:_ru gnon gtsug lag lhag par gnas:_gangs brag mtsho gsum sgrub gnas byas:_zab pa'i chos nor gter rigs sbas:_kun kyang he ru ka chen po'i:_ye shes gzi byin dngos su bskyed:_DA ki 'du ba'i tshogs khang du:_byin rlabs 'dzam gling gnas dang yul:_dur khrod dag dang mnyam par byas:_dus la bab tshe sprul pa re'i:_gsang ba rjes su dran pa yis:_lo rgyus mdo byang gtan la 'bebs:_thun mong thun min zab gter 'don:_skal bzang kun la khyab brdal gyi:_phrin las 'gag med nyid du shar:_de yis cha shas khams bod mtshams:_ri bo dpyad legs sa 'jon rgyas:_nags tshal brag ri'i bkod pa mdzes:_lhun chag gnas kyi snying po'i gzugs:_sbas pa'i tshul du shar ba ni:_bdag nyid chen po pad+ma 'byung:_tshogs brgyad dag pa'i ye shes kyis:_cho 'phrul dbyings grol ye shes gar:_khro rgyal rdzu 'phrul mthu stobs che'i:_rdo rje khros pa'i ting nge 'dzin:_'bar ba'i brtul zhugs rol pa yis:_gdug pa'i rgyal bsen dam sri bsgral:_rdo rje'i bka' nan phyag rgya gnyan:_sde brgyad gnya' bar phog byas pa'i:_stag tshang ri bo bar ma zhes:_dbus na khrag 'thung che ba'i mchog:_spyi dpal khrag 'thung 'khor lo shar:_steng du zhi ba rdo rje dbyings:_sgyu 'phrul zhi khro'i bkod pa brdal:_shar du rdo rje'i brag dkar la:_yang dag lha tshogs dgyes pas rol:_lho ru 'jigs mdzad gshin rje'i gshed:_ma gshin bye ba sa ya bzhugs:_nub tu pad+ma klong yangs phug:_dbang chen pad+ma rol ba'i zhing:_byang du rdo rje'i nags rong la:_phrin las rol pa kI la ya:_gzhan yang phyogs mtshams ma nges par:_bla ma rig 'dzin tshe dpag med:_bka' sdod drag sngags 'khor lo'i mdzes:_kun kyang ye shes phyag rgya'i sprin:_dngos su bzhugs pas byin gyis brlabs:_brda rtags yi ge sku phyag mtshan:_dad dang mos pa'i gsos su snang:_gang 'dul nyid du don mdzad phyir:_yid ches dad pa'i sems bskyed kyis:_rab kyis bskyed rdzogs ting 'dzin sgom:_'bring gis tshogs sgoms mchod sbyin 'bad:_tha mas dad dang gus pa yis:_phyag bskor maN+Dal gsol gdab na:_tshe 'dir nad gdon bar chad zhi:_'gal rkyen byad phur kun las skyob:_phyi ma ngan song skye sgo chod:_'phrul snang bar do'i 'jigs skrag yal:_bde chen rnga yab dpal gyi rir:_dbugs dbyung thob pa gdon mi za:_don dam chos sku'i dgongs pa la:_'phel 'grib gdod nas ma dmigs kyang:_gdul bya'i mos dang bsam pa yi:_gzugs sku'i phrin las thugs rje'i shugs:_gdul bya'i yul la 'jug pa'i dus:_lhag par dbang chen sprel gyi lo:_zhag dang zla bar myur bas na:_dus der ched du brtson pa gces:_bod yul phyi ma'i gdul bya la:_thugs bskyed smon lam phrin las shugs:_'gog med snang bzhin byed po ni:_bdag nyid ye shes rol pa'i gar:_kun tu dga' ba'i mtshan 'dzin pas:_phrin las chu gter gnas der 'khyil:_de 'bras kun kyang dngos brgyud nas:_pad+ma thugs rjes nyer bzung ste:_grol ba'i lam gyi sgo rnyed pas:_byang chub skal ldan gdon mi za:_de ltar shes pas skal ldan kun:_yid ches rtse gcig bskyed pa'i blos:_sgo gsum brtson pa don yod phyir:_grol 'gyur nges so sa ma ya:_rgya rgya rgya:_brda thim:_zhes pa'ang kun gzigs dpal ldan 'brug pa'i ring lugs kyi srog 'dzin skyabs rje mdo khams pa chen po'i gdan sa'i gnas mchog la mdo byang 'bebs 'os rje de nyid kyi sku phreng brgyad pa skal bzang don brgyud nyi ma'i zhal snga nas ched du bka' bstsal ba ltar gnas mchog de nyid la khrus gsol byin 'bebs lhag par gnas pa'i cho gas gzi byin bskyed pa'i skabs ji ltar shar ba bzhin gtan la 'bebs pa po rgyal khams pa pad+ma gar dbang 'od gsal mdo sngags gling pa rang byung bde ba rtsal gyis dpal ldan phun tshogs chos 'khor gling nas dbu brtsams te bris pa 'dis kyang gangs can gyi skyes rgu dang thub bstan rin po che'i dpal yon 'phel rgyas kyi rten 'byung mchog tu gyur cig_/sarba dA mang+ga laM//_//

Footnotes

Other Information