རྫོང་གསར་གནས་ཀྱི་མདོ་བྱང་།

From Khyentse Lineage - A Tsadra Foundation Project
DKR-KABUM-22-ZA-019
Wylie title rdzong gsar gnas kyi mdo byang
Location dil mgo mkhyen brtse bka' 'bum
Volume 22, Text 19, Pages 186 (Folios 1a1 to 1b5)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Tertön དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ག་གྱུར་གླིང་པ་ (Khyentse, Dilgo)
Citation Khyentse, Dilgo. Rdzong gsar gnas kyi mdo byang. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 22: 186. Delhi: Shechen Publications, 1994.
Genre Pilgrimage Guides - gnas yig
Colophon

ཞེས་པའང་འཇམ་མགོན་མཆོག་གི་སྤྲུལ་པའི་སྐུ་དང་། དད་ལྡན་མ་ཏི་ལཀྵི་ཟུངནས་སྔ་ཕྱིར་བསྐུལ་བ་བཞིན་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་པདྨ་གར་དབང་མདོ་སྔགས་གླིང་པས་སྤྲེལ་ཟླའི་ཚེས་བཅུ་ལ་བྲིས་པ་དགེ་ལེགས་རྣམ་པར་རྒྱལ་བའི་རྒྱུར་གྱུར་ཅིག།

zhes pa'ang 'jam mgon mchog gi sprul pa'i sku dang /_dad ldan ma ti lak+Shi zunganas snga phyir bskul ba bzhin mtsho skyes bla ma dgyes pa'i 'bangs pad+ma gar dbang mdo sngags gling pas sprel zla'i tshes bcu la bris pa dge legs rnam par rgyal ba'i rgyur gyur cig/

[edit]
རྫོང་གསར་གནས་ཀྱི་མདོ་བྱང་བཞུགས༔ དྷཱིཿ།༔ རྩ་གསུམ་ལྷ་ལ་ཕྱག་འཚལ་ལོ༔ སངས་རྒྱས་ཀུན་འདུས་ཐོད་ཕྲེང་རྩལ༔ སྔོན་གྱི་སྨོན་ལམ་ཐུགས་བསྐྱེད་ཀྱིས༔ བོད་ཡུལ་འདུལ་བའི་དུས་བབ་པས༔ མཐའ་ཀླས་གདུལ་བྱ་གང་འདུལ་གྱི༔ ཡེ་ཤེས་རོལ་པ་འབྱམས་ཀླས་པའི༔ བྱེ་བྲག་མདོ་ཁམས་ཤོད་ཆེན་བཞིའི༔ ཡ་གྱལ་སྨན་ཤོད་གྲུབ་པའི་ཞིང༔ གནས་ཆེན་ཉེར་ལྔའི་ཁྱད་འཕགས་པ༔ པདྨ་ཤེལ་གྱི་རི་བོ་དང༔ འདབས་འབྱོར་རྨད་བྱུང་སའི་ཐིག་ལེ༔ བཀྲ་ཤིས་ལྷ་ཡི་རྩེ་མོ་འདི༔ རང་བྱུང་འཇམ་དཔལ་ཁྲོས་ པའི་ཞིང༔ ཕྱག་རྒྱ་ཟིལ་གནོན་ཕོ་བྲང་རྫོགས༔ ཤར་དུ་འཇམ་དཔལ་ཞི་བའི་ཞིང༔ ལྷོ་རུ་རྒྱས་མཛད་དཔལ་གྱི་རི༔ ནུབ་ཏུ་དབང་གི་འཇམ་པའི་དཔལ༔ བྱང་དུ་དྲག་པོ་ སྔགས་ཀྱི་རྫོང༔ རི་བྲག་སྨན་ཤིང་ནགས་ཀྱི་ཚལ༔ ཀུན་ཀྱང་སངས་རྒྱས་བྱང་ཆུབ་སེམས༔ ཞི་ཁྲོའི་ལྷ་ཚོགས་མངོན་སུམ་བཞུགས༔ དད་པས་ཕྱག་མཆོད་བསྐོར་བ་དང༔ རི་ཁྲུས་བསང་བརྔན་ཚོགས་བསྐང་དང༔ བསྙེན་སྒྲུབ་ཚོགས་སུ་སྒྲུབ་པ་ཡིས༔ ནད་གདོན་བགེགས་ཞི་བར་ཆད་སེལ༔ ཚེ་བསོད་དཔལ་གྱི་ཡོན་ཏན་རྒྱས༔ རྣལ་འབྱོར་ལྡན་པས་བསྐྱེད་དང་རྫོགས༔ ཉམས་བླང་ས་ལམ་མྱུར་དུ་བགྲོད༔ རི་དྭགས་གསོད་དང་བྱ་གཅན་བཟུང༔ ཐབ་གཞོལ་འཐབ་འཁོན་ཉམས་གྲིབ་ཀྱིས༔ སྣོད་བཅུད་བཀྲ་མི་ཤིས་པ་ འབྱུང༔ དད་དང་མོས་ལྡན་དམ་གཙང་ལ༔ ྋསངས་རྒྱས་ཕྲིན་ལས་ཆེས་མངོན་པས༔ ཡིད་ཆེས་ངེས་པ་རྩེ་གཅིག་གྱིས༔ དུས་ལ་བབ་ཚེ་སྣང་བར་འགྱུར༔ གནས་དང་ སངས་རྒྱས་སྨོན་ལམ་མཐུས༔ གུ་རུ་ཞི་དྲག་བཀའ་བརྒྱད་དང༔ ཁྱད་པར་འཇམ་དཔལ་ཞི་ཁྲོ་ཡི༔ བསྙེན་བཟླས་དུང་ཕྱུར་བྱས་དང་མཉམ༔ རང་བྱུང་པདྨའི་སྨོན་ལམ་མཐུ༔ བཙན་པས་བསྟན་འགྲོའི་དགེ་མཚན་གྱི༔ སྣང་བས་ས་གསུམ་ཀུན་ཁྱབ་ཤོག༔ ས་མ་ཡ༔ ཞེས་པའང་འཇམ་མགོན་མཆོག་གི་སྤྲུལ་པའི་སྐུ་དང་། དད་ལྡན་མ་ཏི་ལཀྵི་ཟུངནས་སྔ་ཕྱིར་བསྐུལ་བ་བཞིན་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་པདྨ་གར་དབང་མདོ་སྔགས་གླིང་པས་སྤྲེལ་ཟླའི་ཚེས་བཅུ་ལ་བྲིས་པ་དགེ་ལེགས་རྣམ་པར་རྒྱལ་བའི་རྒྱུར་གྱུར་ཅིག། །།
[edit]

[Missing text is:]

[rdzong gsar gnas kyi mdo byang] [Vol 22: 186a-186b]

Footnotes

Other Information