DKR-KABUM-02-KHA-023: Difference between revisions

From Khyentse Lineage - A Tsadra Foundation Project
DKR-KABUM-02-KHA-023
No edit summary
m (Text replacement - "Khyentse Metadata" to "Text")
 
Line 1: Line 1:
{{Khyentse Metadata
{{Text
|classification=Tibetan Publications
|classification=Tibetan Publications
|subclass=Tibetan Texts
|subclass=Tibetan Texts

Latest revision as of 08:00, 1 June 2024

Wylie title bla ma'i rnal 'byor byin rlabs bdud rtsi'i sprin phung DKR-KABUM-02-KHA-023.pdf
Location dil mgo mkhyen brtse bka' 'bum
Volume 2, Text 23, Pages 130-135 (Folios 1a1 to 6a3)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Citation Khyentse, Dilgo. Bla ma'i rnal 'byor byin rlabs bdud rtsi'i sprin phung. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 2: 130-135. Delhi: Shechen Publications, 1994.
Genre Guru Yoga Texts - bla ma'i rnal 'byor
[edit]
༄༅། །བླ་མའི་རྣལ་འབྱོར་བྱིན་རླབས་བདུད་རྩིའི་སྤྲིན་ཕུང་ཞེས་བྱ་བ་བཞུགས།། ན་མོ། རང་རིག་གདོད་མའི་སངས་རྒྱས་ཀུན་ཏུ་བཟང༌། །དཔལ་མགོན་བླ་མར་ཤེས་པས་སྐྱབས་སུ་མཆི། །མཁའ་མཉམ་སེམས་ཅན་སྲིད་ཞི་ལས་སྒྲོལ་ཕྱིར། །སྐུ་གསུམ་བླ་མ་སྒྲུབ་པར་སེམས་བསྐྱེད་དོ། ལན་གསུམ། ཨ། འཁོར་འདས་ཆོས་ཀུན་ཀ་དག་དབྱིངས་སུ་ཐིམ། །ལྷུན་གྲུབ་ཡེ་ཤེས་རོལ་མོ་འབྱམས་ཀླས་པས། །གནས་ཡུལ་རྣམ་དག་བདེ་ཆེན་པདྨ་འོད། །ངོ་མཚར་བཀོད་པ་བློ་ལས་འདས་པའི་དབུས། །རང་ཉིད་གཞི་ལུས་ཁྱབ་བདག་རྡོ་རྗེ་སེམས། །དཀར་གསལ་རྡོར་དྲིལ་འཛིན་ཅིང་པད་ཟླའི་སྟེང༌། །ཕྱེད་སྐྱིལ་ཚུལ་གྱིས་འོད་ལྔའི་ཀློང་བཞུགས་པའི། །མདུན་གྱི་ནམ་མཁར་དཔག་ཡས་མཆོད་སྤྲིན་དབུས། །སེང་ཁྲིར་པདྨ་ཟླ་བའི་གདན་བཞི་ཡི། །དབུས་སུ་ཐེག་མཆོག་བསྟན་པའི་རྒྱལ་མཚན་ནི། །དཀར་གསལ་མཛེས་འཛུམ་རྡོ་རྗེ་ཚེ་བུམ་འཛིན། །གསང་གོས་ཕོད་ཀ་བེར་ཕྱམ་ཆོས་གོས་གསོལ། །རྡོ་རྗེའི་སྐྱིལ་ཀྲུང་པད་ཞྭ་རྒོད་ལྡེམ་མཛེས། །སྤྱི་བོར་ཁྱབ་བདག་པདྨ་རྣམ་པར་རྒྱལ། །དཀར་གསལ་མདངས་འཛུམ་སྤྱན་ཟུང་ལྟ་སྟངས་ཅན། །ཕྱག་གཉིས་མཉམ་བཞག་ཆོས་གོས་གསུམ་གྱིས་བཀླུབས། །གཟི་བརྗིད་དཔལ་འབར་གོང་ཞུས་དབུ་ལ་བརྒྱན། །གཙོ་བོའི་གཡས་སུ་སྣང་མཛད་གྲུབ་རྡོར་རྗེ། །རབ་བྱུང་ཆས་མཛེས་ཕྱག་གཡས་རྡོ་རྗེ་གདེངས། །གཡོན་པས་མཉམ་བཞག་གླེགས་བམ་གོང་ཞུ་གསོལ། །སྐྱིལ་ཀྲུང་དང་བཅས་འོད་ལྔའི་ཀློང་དུ་བཞུགས། །གཡོན་དུ་འཇམ་མགོན་པདྨ་དྲི་མེད་ནི། །རབ་བྱུང་ཆོས་གོས་གསུམ་གསོལ་གཡས་ཆོས་འཆད། །གཡོན་པས་མཉམ་བཞག་པད་སྡོང་རལ་པོད་མཚན། །སྡེ་སྣོད་རབ་འབྱམས་འཛིན་པའི་ཅོད་པན་གསོལ། །མདུན་དུ་སེང་ཁྲིར་པདྨ་རྡོ་རྗེའི་ཞབས། །ཆོས་གོས་གསུམ་དང་དབུ་ལ་གོང་ཞུ་གསོལ། །ཕྱག་གཉིས་མཉམ་བཞག་ཚེ་ཡི་བུམ་བཟང་འཛིན། །བཀའ་གཏེར་སྐུ་གསུམ་བླ་མའི་སྤྲིན་ཕུང་འཕྲོ། །སྲིད་ཞི་ཀུན་ཁྱབ་བླ་མ་རྡོ་རྗེ་སེམས། །དད་པའི་སྣང་ངོར་དམ་ཡེ་གཉིས་མེད་དུ། །གདོད་ནས་འདུ་འབྲལ་མེད་པར་དགྱེས་བཞུགས་པའི། །ངོ་མཚར་རྣམ་ཐར་དྲན་པས་མངོན་སུམ་གྱུར། །ན་མོ། རབ་འབྱམས་སྐྱབས་གནས་ཀུན་འདུས་བླ་མ་ལ། །སྒོ་གསུམ་གཅིག་དྲིལ་དད་པས་ཕྱག་འཚལ་ཞིང༌། །སྒོ་གསུམ་ལོངས་སྤྱོད་དུས་གསུམ་དགེ་བས་མཆོད། །བླ་མའི་སྐུ་གསུང་ཐུགས་དང་འགལ་ཀུན་བཤགས། །རྣམ་དཀར་དགེ་ཚོགས་ཀུན་ལ་རྗེས་ཡི་རང༌། །ཟབ་རྒྱས་ཆོས་འཁོར་རྒྱུན་མི་ཆད་པར་བསྐོར། །སྲིད་པ་ཇི་སྲིད་མྱ་ངན་མི་འདའ་བཞུགས། །ཁྱབ་བདག་བླ་མའི་གོ་འཕང་ཐོབ་ཕྱིར་བསྔོ། །ལན་བདུན་དང་གསུམ་སོགས་ཇི་ལྟར་རིགས་པར་གྲངས་བསགས། སྤྲོ་ན་མཎྜལ་ཡང་འབུལ། གསོལ་འདེབས་དངོས་ནི། ཆོས་སྐུའི་བླ་མ་ཀུན་བཟང་གདོད་མའི་མགོན། །ལོངས་སྐུའི་བླ་མ་ཁྱབ་བདག་རྡོ་རྗེ་སེམས། །སྤྲུལ་སྐུའི་བླ་མ་སྲིད་ཞིའི་ཕན་བདེའི་དཔལ། །རང་བྱུང་ཀུན་ཁྱབ་ཆེན་པོར་གསོལ་བ་འདེབས། །རྒྱལ་ཀུན་ཕྲིན་ལས་གང་འདུལ་དེར་སྣང་བས། །གདུལ་དཀའ་སྙིགས་འགྲོའི་སྐྱབས་གཅིག་པདྨ་འབྱུང༌། །བརྒྱུད་གསུམ་རིག་འཛིན་རྒྱ་མཚོའི་ཚོགས་རྣམས་ལ། །མི་ཕྱེད་དད་པའི་ཡིད་ཀྱིས་གསོལ་བ་འདེབས། །དོན་གྱི་སྤང་རྟོགས་རྒྱལ་ཀུན་དབྱེར་མེད་ཀྱང༌། །བཀའ་དྲིན་ཆེན་པོས་རྩོད་དུས་གདུལ་བྱ་ལ། །སངས་རྒྱས་མཛད་པ་སྲིད་ཞི་ལས་སྐྱོབ་པའི། །བཀའ་དྲིན་སྙིང་ནས་དྲན་བཞིན་གསོལ་བ་འདེབས། །བསླབ་པ་གསུམ་གྱིས་ཐུགས་རྒྱུད་ཡོངས་སུ་གཏམས། །སྡེ་སྣོད་གསུམ་ཆོས་འཆད་རྩོད་རྩོམ་པས་སྤེལ། །ནང་རྒྱུད་གསུམ་གྱི་སྨིན་གྲོལ་སྲོག་རྩ་མཐུད། །འགྱུར་མེད་པདྨ་རྣམ་རྒྱལ་གསོལ་བ་འདེབས། །སངས་རྒྱས་པདྨའི་རིང་ལུགས་བཀའ་གཏེར་དང༌། །དྲི་མེད་མཛོད་ཆེན་ལྔ་དང་བཀའ་བབས་བདུན། །བཤད་སྒྲུབ་ལས་ཀྱིས་སྤེལ་མཛད་མཁས་གྲུབ་དབང༌། །བློ་གྲོས་མཐའ་ཡས་གཉིས་པར་གསོལ་བ་འདེབས། །རབ་འབྱམས་རྒྱལ་བའི་ཕྲིན་ལས་ཤིང་རྟ་ཆེ། །མྱ་ངན་མེད་སྤྲུལ་སྔ་འགྱུར་བསྟན་པའི་བདག །མཚུངས་མེད་བསྟན་འགྲོའི་མགོན་གཅིག་རྡོ་རྗེ་འཛིན། །སྣང་མཛད་གྲུབ་པའི་རྡོ་རྗེར་གསོལ་བ་འདེབས། །མཁས་གྲུབ་དབང་པོ་རྒྱལ་ཚབ་ཆོས་ཀྱི་རྗེའི། །རྣམ་འཕྲུལ་གསང་ཆེན་དམ་པའི་མཛད་བཟང་གིས། །ངེས་གསང་བསྟན་པ་རྒྱས་མཛད་འགྲོ་བའི་མགོན། །འགྱུར་མེད་པདྨ་རྡོ་རྗེར་གསོལ་བ་འདེབས། །ཆོས་རྗེ་ཡབ་སྲས་རྣམས་ཀྱིས་རྗེས་སུ་བཟུང༌། །ཟབ་རྒྱས་ཆོས་ལ་ཐོས་བསམ་སྐལ་བཟང་ལྡན། །བསྟན་ལ་གུས་དང་སྤེལ་བའི་ལྷག་བསམ་ཅན། །ཐེག་མཆོག་བསྟན་པའི་རྒྱལ་མཚན་གསོལ་བ་འདེབས། །དཔལ་ལྡན་བླ་མའི་ཐུགས་བསྐྱེད་ཕྲིན་ལས་ཀྱིས། །རྗེས་བཟུང་དད་དང་མོས་གུས་སྲིད་ཞུས་བསྙེན། །རྣམ་གྲོལ་ངལ་སྟེགས་ཐོབ་པའི་འཁོར་སློབ་སོགས། །ཀུན་ལ་ཡིད་ཆེས་དད་པས་གསོལ་བ་འདེབས། །སྡོམ་པ་གསུམ་གྱི་བཀའ་དྲིན་དངོས་སུ་བསྩལ། །བླང་དོར་ལམ་སྟོན་སྲིད་ལས་རིང་དུ་བྱོལ། །མཐར་ཐུག་ཕྱིར་མི་ལྡོག་པའི་སར་སྦྱོར་བའི། །བཀའ་དྲིན་རྗེས་སུ་དྲན་པས་གསོལ་བ་འདེབས། །སྙིགས་མར་སྐྱེས་ཀྱང་ལས་འཕྲོ་སྐལ་བ་བཟང༌། །སངས་རྒྱས་ལས་ཀྱང་དཀོན་པའི་རྡོ་རྗེའི་ཐེག །དབང་བསྒྱུར་ཐབས་ཀྱི་ཐེག་པའི་གསེང་ལམ་ཆེ། །ས་ལམ་ཆིག་རྫོགས་མཛད་ཕྱིར་གསོལ་བ་འདེབས། །ཁྱད་པར་འོད་གསལ་ཐེག་རྩེའི་དགོངས་བརྒྱུད་ཀྱིས། །རང་རིག་བླ་མའི་དགྱེས་ཞལ་མངོན་བསྟན་ཏེ། །འཁྲུལ་པ་རང་ཟད་ཡེ་ཤེས་ནང་དབྱིངས་སུ། །ཚེ་གཅིག་རྫོགས་སངས་རྒྱས་མཛད་གསོལ་བ་འདེབས། །ཁྱེད་ནི་སངས་རྒྱས་ཀུན་དང་གཉིས་སུ་མེད། །བདག་ཅག་སྙིགས་འགྲོའི་ལས་ཉོན་གྱིས་གདུང་ལ། །སྐྱབས་དང་རེ་ས་གཞན་དུ་མ་དམིགས་པས། །ཐུགས་རྗེས་ལྷག་པར་བཟུང་བའི་དུས་ལ་བབས། །ངེས་པར་འབྱུང་བའི་སྡོམ་གསུམ་ཚུལ་ཁྲིམས་གཙང༌། །གཞན་ཕན་སེམས་ལྡན་རྫོགས་སྨིན་སྦྱང་མཐར་སོན། །བསྐྱེད་རྫོགས་རིམ་པ་གཉིས་ཀྱིས་གསེང་ལམ་ནས། །ཚེ་གཅིག་རྡོ་རྗེའི་ས་ལམ་མཐར་ཕྱིན་མཛོད། །མདོར་ན་ཁྱབ་བདག་བླ་མ་ཡབ་སྲས་དང༌། །ཚེ་རབས་ཀུན་ཏུ་མི་འབྲལ་མཉེས་གསུམ་གྱིས། །ཞབས་ཏོག་ཕུལ་ཕྱིན་ཅི་མཛད་ལེགས་མཐོང་ནས། །ཐུགས་ཡིད་གཅིག་ཏུ་འདྲེས་པར་མཛད་དུ་གསོལ། །སྐབས་འདིར་སྤྲོ་ན་རབ་འབྱམས་དང་རྒྱལ་ཚབ་རིན་པོ་ཆེའི་སྐྱེས་ཕྲེང་དང༌། མཁྱེན་བརྩེ་རིན་པོ་ཆེ་ཆོས་ཀྱི་བློ་གྲོས་ཀྱིས་མཛད་པའི་རྣམ་ཐར་གསོལ་འདེབས་རྒྱས་བསྡུས་ཞལ་གསུང་དང༌། ཁོ་བོས་བྲིས་པའི་རབ་འབྱམས་དང་ཀོང་སྤྲུལ་རིན་པོ་ཆེའི་གསོལ་འདེབས་ཀྱང་སྦྱར། མཁྱེན་བརྩེའི་སྐྱེས་ཕྲེང་སོགས་དང་ཞེ་ཆེན་བླ་བརྒྱུད་གསོལ་འདེབས་བསྡུས་པ་རྒྱལ་ཚབ་རིན་པོ་ཆེའི་གསུང་སྐྱབས་ཀུན་འདུས་ཞལ་སོགས་བླ་མའི་གསོལ་འདེབས་དང༌། རྒྱལ་བ་དགོངས་པས་བརྒྱུད་སོགས་བླ་མ་རྒྱང་འབོད་སྦྱར་ཏེ་མོས་གུས་རྩལ་སྤྲུགས་བྱས་མཐར་བཛྲ་གུ་རུ་ཅི་ནུས་གྲངས་བསགས་མཐར། སྐྱབས་ཀུན་འདུས་ཞལ་མཚུངས་མེད་ཆོས་ཀྱི་རྗེ། །དྲན་པ་ཙམ་གྱིས་སྲིད་ཞིའི་འཇིགས་པ་འཕྲོག །བདེ་ཆེན་ལྷན་སྐྱེས་ཡེ་ཤེས་སྩོལ་མཛད་པ། །རིགས་ཀུན་ཁྱབ་བདག་བླ་མ་དུས་འདིར་དྲན། །ཁྱེད་ནི་སྲིད་ཞི་ཀུན་ཁྱབ་ཡེ་ཤེས་གཏེར། །དབང་དང་སྟོབས་བཅུའི་ཡེ་ཤེས་ཕ་མཐར་སོན། །སྙིགས་འགྲོ་སྐྱོབ་ལ་སངས་རྒྱས་ལས་ཀྱང་ལྷག །མཉམ་མེད་བཀའ་དྲིན་ཅན་གྱི་ཐུགས་རྗེས་ཟུངས། །ཐེག་པ་ཆེ་ཆུང་ལམ་གྱི་སྤང་རྟོགས་ཕྲ། །ལས་ཉོན་སྡུག་བསྔལ་ཁུར་གྱིས་ཆེས་ཆེར་ནོན། །སྐྱབས་བྲལ་མགོན་མེད་ཉམ་ཐག་བདག་ཅག་གིས། །རེ་ལྟོས་ཁྱེད་ལས་མེད་དོ་ཐུགས་རྗེས་ཟུངས། །དྭ་ཕྲུག་ཐང་དུ་འཁྱམས་འདྲ་བདག་ཅག་གི །སྐྱོབ་པའི་མགོན་གཅིག་སྲས་བཅས་རྒྱལ་བ་ཡིས། །ཆེད་དུ་བསྔགས་བཞིན་རྣམ་གྲོལ་ཡོན་ཏན་ཚོགས། །རྒྱུད་ལ་ཅིག་ཆར་སྐྱེད་མཛོད་རིན་པོ་ཆེ། །ཚང་ཚིང་ནགས་ལ་མཆེད་པའི་མེ་བཞིན་དུ། །དཔལ་ལྡན་བླ་མའི་མཁྱེན་བརྩེ་ནུས་པའི་མཐུས། །བདག་རྒྱུད་ལས་ཉོན་མུན་པ་ཀུན་བསལ་ཏེ། ཡེ་ཤེས་སྣང་བ་སྐྱེད་ཅིག་རིན་པོ་ཆེ། །སྐུ་བཞིའི་དབང་ཕྱུག་གསང་བ་གསུམ་གྱི་མཐུས། །སྒོ་གསུམ་འཁྲུལ་སྣང་མུན་པ་གསལ་མཛད་ནས། །དབང་བཞིའི་ཡེ་ཤེས་ཅིག་ཆར་སྐྱེད་པ་ཡི། །སྨིན་གྲོལ་དུས་གཅིག་རྫོགས་པར་མཛད་དུ་གསོལ། །བླ་མའི་སྨིན་མཚམས་མཛོད་སྤུའི་འོད་ཟེར་ལས། །གདན་གསུམ་ཡོངས་རྫོགས་དཀྱིལ་འཁོར་རབ་འབྱམས་ཀྱིས། །བུམ་པའི་དབང་བསྐུར་ལུས་རྩའི་སྒྲིབ་བཀྲུས་ཤིང༌། །སྣང་སྟོང་སྒྱུ་མའི་ཡེ་ཤེས་སྐུར་སྨིན་མཛོད། །མགྲིན་པ་ནས་སྤྲོས་བདེ་ཆེན་བདུད་རྩི་ཡིས། །གསང་བའི་དབང་བསྐུར་ངག་གི་སྒྲིབ་པ་སྦྱངས། །དུག་གསུམ་རྟོག་བྲལ་བདེ་ཆེན་ཡེ་ཤེས་བསྐྱེད། །གྲགས་སྟོང་རྡོ་རྗེའི་བཟླས་པ་མཐར་ཕྱིན་མཛོད། །ཐུགས་ཀའི་འོད་ཀྱིས་བདེ་ཆེན་ཡེ་ཤེས་བསྐྱེད། །གསུམ་པའི་དབང་ཐོབ་ཐིག་རླུང་སེམས་གསུམ་འདྲེས། །བདེ་སྟོང་ཡེ་ཤེས་སྣང་བས་ཁྱབ་པར་མཛོད། །སླར་ཡང་གནས་གསུམ་འོད་ཀྱི་འཕྲོ་འདུ་ཡིས། །དགོངས་བརྒྱུད་བྱིན་རླབས་རིག་པའི་རྩལ་དབང་ཐོབ། །ཟབ་གསལ་གཉིས་མེད་དོན་གྱི་གནས་ལུགས་རྟོགས། །ཆོས་དབྱིངས་མཐའ་དབུས་བྲལ་བའི་དེ་ཉིད་རྟོགས། །མོས་གུས་ཤུགས་ཀྱིས་བླ་མ་འཁོར་དང་བཅས། །འོད་དུ་ཞུ་ནས་ཐུགས་ཡིད་གཅིག་ཏུ་འདྲེས། །དུས་གསུམ་རྟོག་པས་མ་བསླད་གཉུག་མའི་གཤིས། །བསལ་བཞག་སྤང་བླང་བྲལ་བའི་གཤིས་སུ་ཨ། །ཞེས་ཐུགས་ཡིད་བསྲེས་ཏེ་སེམས་མ་བཅོས་པའི་ངང་དུ་མཉམ་པར་བཞག །སྣང་བ་རང་གསལ་འཛིན་མེད་བླ་མའི་སྐུ། །གསལ་སྟོང་བརྗོད་བྲལ་ཡེ་ཤེས་ཆོས་སྐུའི་གསུང༌། །མི་ཤིགས་གཉུག་མ་མཐའ་དབུས་བྲལ་བའི་ཐུགས། །ཅིར་སྣང་ཡེ་ཤེས་རོལ་པ་ཨེ་མ་ཧོ། །རྣམ་དཀར་རྨད་བྱུང་བླ་མ་མཆོད་དང་བསྟོད། །རྗེས་སུ་དྲན་པས་ཚེ་རབས་ཐམས་ཅད་དུ། །ཐེག་མཆོག་དགེ་བའི་བཤེས་ཀྱིས་རྗེས་བཟུང་ནས། །ས་ལམ་ཡོན་ཏན་མཐའ་དག་རྫོགས་པར་ཤོག །སྲིད་ལས་ངེས་འབྱུང་སྡོམ་གསུམ་རྣམ་པར་དག །ཐོས་བསམ་སྒོམ་པའི་བློ་གྲོས་ཆ་ཤས་རྫོགས། །དྲན་ཤེས་བརྩོན་པས་མཐོང་བའི་ཆོས་ཉིད་དུ། །སྐུ་གསུམ་བླ་མའི་གོ་འཕང་ཐོབ་པར་ཤོག །བདེ་ཆེན་འཕོ་མེད་དོན་གྱི་བླ་མ་ཡིས། །ཡེ་ཤེས་སྣང་བས་འཁོར་འདས་ཀུན་ཁྱབ་པའི། །དགེ་ལེགས་སྣང་བ་གསུམ་གྱིས་དབུགས་དབྱུང་སྟེ། །ཕན་བདེའི་དགའ་སྟོན་རྒྱས་པའི་བཀྲ་ཤིས་ཤོག །ཅེས་པའང་མདོ་སྨད་སྔ་འགྱུར་བསྟན་པའི་འབྱུང་གནས་འོག་མིན་བླ་མའི་གདན་ས་ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་གི་བྱང་འདྲེན་ཆེན་པོ་ཤཱཀྱའི་དགེ་སློང་པདྨ་དྲི་མེད་ནས་ལྷ་རྫས་ཀྱི་རྟེན་བཅས་བསྐུལ་ངོར་དཔལ་ལྡན་བླ་མ་དེ་དག་གི་བཀའ་དྲིན་གྱིས་འཚོ་བའི་ཞེ་ཆེན་པ་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་ལྷོ་འབྲུག་གུ་རུའི་སྐུ་རྗེས་ལྷ་ཁང་དུ་བྲིས་པ་སྐྱེ་ཀུན་བླ་མ་མཆོག་གིས་རྗེས་སུ་འཛིན་པའི་རྒྱུར་སྨོན་པ་བཞིན་འགྲུབ་པར་གྱུར་ཅིག །། །ཚོགས་མཆོད་སྦྱར་བར་འདོད་ན་ཐབས་ཤེས་ཀྱི་རྫས་གཙང་ཞིང་དག་པར་འདུ་བྱས་ཏེ། ཧཱུྃ། རྣམ་དག་བདེ་སྐྱོང་རྡོ་རྗེའི་ཀ་པཱ་ལར། །ཐབས་ཤེས་རིགས་ལྔའི་དམ་ཚིག་རྫས་ཀྱི་བཅུད། །བདེ་ཆེན་བདུད་རྩིའི་འདོད་དགུའི་སྤྲིན་ཕུང་བཅས། །ཆོས་ཀྱི་དབྱིངས་ཀུན་ཁྱབ་པས་མཛེས་པར་གྱུར། །ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ལན་གསུམ། ཧཱུྃ། རྩ་གསུམ་ཀུན་འདུས་རིག་འཛིན་བླ་མ་རྗེ། །ཡེ་ཤེས་དབྱིངས་ནས་ཐུགས་རྗེའི་སྐུར་བཞེངས་ལ། །ཕྱོགས་དུས་སྐྱབས་གནས་རྒྱ་མཚོའི་འཁོར་དང་བཅས། །འགག་མེད་སྒྱུ་མའི་རོལ་པས་གཤེགས་སུ་གསོལ། །བདག་ལུས་ལོངས་སྤྱོད་དུས་གསུམ་དགེ་བའི་ཚོགས། །ངོ་བོ་འཕོ་མེད་བདེ་བ་ཆེན་པོའི་དབྱིངས། །རྣམ་པ་རྡོ་རྗེའི་ལོངས་སྤྱོད་ཆེན་པོའི་རྫས། །ཁ་སྦྱོར་རྡོ་རྗེ་སྡོམ་པའི་དཔལ་མངའ་བ། །འཁོར་ལོའི་དབང་ཕྱུག་དཔལ་མགོན་བླ་མར་འབུལ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་དམ་ཚིག་ལས། །འགལ་བའི་ནོངས་པ་སྙིང་ནས་བཤགས་དང་བཅས། །ལོངས་སྤྱོད་ཡེ་ཤེས་བདུད་རྩིའི་སྤྲིན་ཆེན་འབུལ། །དག་ཚངས་མཆོག་གི་དངོས་གྲུབ་བསྩལ་དུ་གསོལ། །དུག་གསུམ་རང་རྒྱུད་སྤྱོད་པའི་གདུལ་དཀའ་རྣམས། །ཡེ་ཤེས་རྡོ་རྗེའི་མཚོན་གྱིས་བསྒྲལ་བའི་ཕུད། །བླ་མ་ཧེ་རུ་ཀ་དཔལ་ཞལ་དུ་སྟོབ། །ཐུགས་རྗེ་ཁྲོས་པས་དགྱེས་བཞེས་དངོས་གྲུབ་སྩོལ། །སྣོད་བཅུད་རྒྱུད་ཀུན་བླ་མ་ལྷའི་དཀྱིལ་འཁོར། །གདོད་ནས་དག་པའི་ངོ་མཚར་རྨད་བྱུང་བས། །ཡེ་ཤེས་འཁོར་ལོ་བླ་མའི་ཐུགས་དམ་བསྐང༌། །དག་མཉམ་ཆོས་སྐུའི་དགོངས་པ་མངོན་གྱུར་མཛོད། །ཨོཾ་བཛྲ་མ་ཧཱ་གུ་རུ་མཎྜལ་ག་ཎ་ཙཀྲ་པཱུ་ཛ་ཧོ། ཡིག་བརྒྱ་བཟླ། ཚོགས་ཀྱི་དམ་རྫས་རོལ། ལྷག་མ་ནི། ཧོ། རྡོ་རྗེའི་རིག་འཛིན་རྩལ་འཆང་ཆེན་པོའི་འབངས། །དཀྱིལ་འཁོར་ཆེན་པོའི་མུ་རན་སྐྱོང་མཛད་པའི། །ཌཱ་ཀི་གིང་ལང་དམ་ཅན་རྒྱ་མཚོའི་ཚོགས། །ལྷག་གཏོར་དགྱེས་བཞེས་ལས་བཞིའི་ཕྲིན་ལས་མཛོད། །ཨུཙྪིཥྚ་མ་ཧཱ་བ་ལིཾ་ཏ་ཁཱ་ཧི། རིག་འཛིན་བླ་མའི་དཀྱིལ་འཁོར་དུ་སོགས་སྨོན་ལམ་བཅས་བྱའོ། །དགེའོ།། །།
[edit]

@#/______/bla ma'i rnal 'byor byin rlabs bdud rtsi'i sprin phung zhes bya ba bzhugs//___na mo/__rang rig gdod ma'i sangs rgyas kun tu bzang*/__/dpal mgon bla mar shes pas skyabs su mchi/__/mkha' mnyam sems can srid zhi las sgrol phyir/__/sku gsum bla ma sgrub par sems bskyed do/___lan gsum/__a/__'khor 'das chos kun ka dag dbyings su thim/__/lhun grub ye shes rol mo 'byams klas pas/__/gnas yul rnam dag bde chen pad+ma 'od/__/ngo mtshar bkod pa blo las 'das pa'i dbus/__/rang nyid gzhi lus khyab bdag rdo rje sems/__/dkar gsal rdor dril 'dzin cing pad zla'i steng*/__/phyed skyil tshul gyis 'od lnga'i klong bzhugs pa'i/__/mdun gyi nam mkhar dpag yas mchod sprin dbus/__/seng khrir pad+ma zla ba'i gdan bzhi yi/__/dbus su theg mchog bstan pa'i rgyal mtshan ni/__/dkar gsal mdzes 'dzum rdo rje tshe bum 'dzin/__/gsang gos phod ka ber phyam chos gos gsol/__/rdo rje'i skyil krung pad zhwa rgod ldem mdzes/__/spyi bor khyab bdag pad+ma rnam par rgyal/__/dkar gsal mdangs 'dzum spyan zung lta stangs can/__/phyag gnyis mnyam bzhag chos gos gsum gyis bklubs/__/gzi brjid dpal 'bar gong zhus dbu la brgyan/__/gtso bo'i g.yas su snang mdzad grub rdor rje/__/rab byung chas mdzes phyag g.yas rdo rje gdengs/__/g.yon pas mnyam bzhag glegs bam gong zhu gsol/__/skyil krung dang bcas 'od lnga'i klong du bzhugs/__/g.yon du 'jam mgon pad+ma dri med ni/__/rab byung chos gos gsum gsol g.yas chos 'chad/__/g.yon pas mnyam bzhag pad sdong ral pod mtshan/__/sde snod rab 'byams 'dzin pa'i cod pan gsol/__/mdun du seng khrir pad+ma rdo rje'i zhabs/__/chos gos gsum dang dbu la gong zhu gsol/__/phyag gnyis mnyam bzhag tshe yi bum bzang 'dzin/__/bka' gter sku gsum bla ma'i sprin phung 'phro/__/srid zhi kun khyab bla ma rdo rje sems/__/dad pa'i snang ngor dam ye gnyis med du/__/gdod nas 'du 'bral med par dgyes bzhugs pa'i/__/ngo mtshar rnam thar dran pas mngon sum gyur/__/na mo/__rab 'byams skyabs gnas kun 'dus bla ma la/__/sgo gsum gcig dril dad pas phyag 'tshal zhing*/__/sgo gsum longs spyod dus gsum dge bas mchod/__/bla ma'i sku gsung thugs dang 'gal kun bshags/__/rnam dkar dge tshogs kun la rjes yi rang*/__/zab rgyas chos 'khor rgyun mi chad par bskor/__/srid pa ji srid mya ngan mi 'da' bzhugs/__/khyab bdag bla ma'i go 'phang thob phyir bsngo/__/lan bdun dang gsum sogs ji ltar rigs par grangs bsags/__spro na maN+Dal yang 'bul/__gsol 'debs dngos ni/__chos sku'i bla ma kun bzang gdod ma'i mgon/__/longs sku'i bla ma khyab bdag rdo rje sems/__/sprul sku'i bla ma srid zhi'i phan bde'i dpal/__/rang byung kun khyab chen por gsol ba 'debs/__/rgyal kun phrin las gang 'dul der snang bas/__/gdul dka' snyigs 'gro'i skyabs gcig pad+ma 'byung*/__/brgyud gsum rig 'dzin rgya mtsho'i tshogs rnams la/__/mi phyed dad pa'i yid kyis gsol ba 'debs/__/don gyi spang rtogs rgyal kun dbyer med kyang*/__/bka' drin chen pos rtsod dus gdul bya la/__/sangs rgyas mdzad pa srid zhi las skyob pa'i/__/bka' drin snying nas dran bzhin gsol ba 'debs/__/bslab pa gsum gyis thugs rgyud yongs su gtams/__/sde snod gsum chos 'chad rtsod rtsom pas spel/__/nang rgyud gsum gyi smin grol srog rtsa mthud/__/'gyur med pad+ma rnam rgyal gsol ba 'debs/__/sangs rgyas pad+ma'i ring lugs bka' gter dang*/__/dri med mdzod chen lnga dang bka' babs bdun/__/bshad sgrub las kyis spel mdzad mkhas grub dbang*/__/blo gros mtha' yas gnyis par gsol ba 'debs/__/rab 'byams rgyal ba'i phrin las shing rta che/__/mya ngan med sprul snga 'gyur bstan pa'i bdag__/mtshungs med bstan 'gro'i mgon gcig rdo rje 'dzin/__/snang mdzad grub pa'i rdo rjer gsol ba 'debs/__/mkhas grub dbang po rgyal tshab chos kyi rje'i/__/rnam 'phrul gsang chen dam pa'i mdzad bzang gis/__/nges gsang bstan pa rgyas mdzad 'gro ba'i mgon/__/'gyur med pad+ma rdo rjer gsol ba 'debs/__/chos rje yab sras rnams kyis rjes su bzung*/__/zab rgyas chos la thos bsam skal bzang ldan/__/bstan la gus dang spel ba'i lhag bsam can/__/theg mchog bstan pa'i rgyal mtshan gsol ba 'debs/__/dpal ldan bla ma'i thugs bskyed phrin las kyis/__/rjes bzung dad dang mos gus srid zhus bsnyen/__/rnam grol ngal stegs thob pa'i 'khor slob sogs/__/kun la yid ches dad pas gsol ba 'debs/__/sdom pa gsum gyi bka' drin dngos su bstsal/__/blang dor lam ston srid las ring du byol/__/mthar thug phyir mi ldog pa'i sar sbyor ba'i/__/bka' drin rjes su dran pas gsol ba 'debs/__/snyigs mar skyes kyang las 'phro skal ba bzang*/__/sangs rgyas las kyang dkon pa'i rdo rje'i theg__/dbang bsgyur thabs kyi theg pa'i gseng lam che/__/sa lam chig rdzogs mdzad phyir gsol ba 'debs/__/khyad par 'od gsal theg rtse'i dgongs brgyud kyis/__/rang rig bla ma'i dgyes zhal mngon bstan te/__/'khrul pa rang zad ye shes nang dbyings su/__/tshe gcig rdzogs sangs rgyas mdzad gsol ba 'debs/__/khyed ni sangs rgyas kun dang gnyis su med/__/bdag cag snyigs 'gro'i las nyon gyis gdung la/__/skyabs dang re sa gzhan du ma dmigs pas/__/thugs rjes lhag par bzung ba'i dus la babs/__/nges par 'byung ba'i sdom gsum tshul khrims gtsang*/__/gzhan phan sems ldan rdzogs smin sbyang mthar son/__/bskyed rdzogs rim pa gnyis kyis gseng lam nas/__/tshe gcig rdo rje'i sa lam mthar phyin mdzod/__/mdor na khyab bdag bla ma yab sras dang*/__/tshe rabs kun tu mi 'bral mnyes gsum gyis/__/zhabs tog phul phyin ci mdzad legs mthong nas/__/thugs yid gcig tu 'dres par mdzad du gsol/__/skabs 'dir spro na rab 'byams dang rgyal tshab rin po che'i skyes phreng dang*/__mkhyen brtse rin po che chos kyi blo gros kyis mdzad pa'i rnam thar gsol 'debs rgyas bsdus zhal gsung dang*/__kho bos bris pa'i rab 'byams dang kong sprul rin po che'i gsol 'debs kyang sbyar/__mkhyen brtse'i skyes phreng sogs dang zhe chen bla brgyud gsol 'debs bsdus pa rgyal tshab rin po che'i gsung skyabs kun 'dus zhal sogs bla ma'i gsol 'debs dang*/__rgyal ba dgongs pas brgyud sogs bla ma rgyang 'bod sbyar te mos gus rtsal sprugs byas mthar badz+ra gu ru ci nus grangs bsags mthar/__skyabs kun 'dus zhal mtshungs med chos kyi rje/__/dran pa tsam gyis srid zhi'i 'jigs pa 'phrog__/bde chen lhan skyes ye shes stsol mdzad pa/__/rigs kun khyab bdag bla ma dus 'dir dran/__/khyed ni srid zhi kun khyab ye shes gter/__/dbang dang stobs bcu'i ye shes pha mthar son/__/snyigs 'gro skyob la sangs rgyas las kyang lhag__/mnyam med bka' drin can gyi thugs rjes zungs/__/theg pa che chung lam gyi spang rtogs phra/__/las nyon sdug bsngal khur gyis ches cher non/__/skyabs bral mgon med nyam thag bdag cag gis/__/re ltos khyed las med do thugs rjes zungs/__/dwa phrug thang du 'khyams 'dra bdag cag gi__/skyob pa'i mgon gcig sras bcas rgyal ba yis/__/ched du bsngags bzhin rnam grol yon tan tshogs/__/rgyud la cig char skyed mdzod rin po che/__/tshang tshing nags la mched pa'i me bzhin du/__/dpal ldan bla ma'i mkhyen brtse nus pa'i mthus/__/bdag rgyud las nyon mun pa kun bsal te/__ye shes snang ba skyed cig rin po che/__/sku bzhi'i dbang phyug gsang ba gsum gyi mthus/__/sgo gsum 'khrul snang mun pa gsal mdzad nas/__/dbang bzhi'i ye shes cig char skyed pa yi/__/smin grol dus gcig rdzogs par mdzad du gsol/__/bla ma'i smin mtshams mdzod spu'i 'od zer las/__/gdan gsum yongs rdzogs dkyil 'khor rab 'byams kyis/__/bum pa'i dbang bskur lus rtsa'i sgrib bkrus shing*/__/snang stong sgyu ma'i ye shes skur smin mdzod/__/mgrin pa nas spros bde chen bdud rtsi yis/__/gsang ba'i dbang bskur ngag gi sgrib pa sbyangs/__/dug gsum rtog bral bde chen ye shes bskyed/__/grags stong rdo rje'i bzlas pa mthar phyin mdzod/__/thugs ka'i 'od kyis bde chen ye shes bskyed/__/gsum pa'i dbang thob thig rlung sems gsum 'dres/__/bde stong ye shes snang bas khyab par mdzod/__/slar yang gnas gsum 'od kyi 'phro 'du yis/__/dgongs brgyud byin rlabs rig pa'i rtsal dbang thob/__/zab gsal gnyis med don gyi gnas lugs rtogs/__/chos dbyings mtha' dbus bral ba'i de nyid rtogs/__/mos gus shugs kyis bla ma 'khor dang bcas/__/'od du zhu nas thugs yid gcig tu 'dres/__/dus gsum rtog pas ma bslad gnyug ma'i gshis/__/bsal bzhag spang blang bral ba'i gshis su a/__/zhes thugs yid bsres te sems ma bcos pa'i ngang du mnyam par bzhag__/snang ba rang gsal 'dzin med bla ma'i sku/__/gsal stong brjod bral ye shes chos sku'i gsung*/__/mi shigs gnyug ma mtha' dbus bral ba'i thugs/__/cir snang ye shes rol pa e ma ho/__/rnam dkar rmad byung bla ma mchod dang bstod/__/rjes su dran pas tshe rabs thams cad du/__/theg mchog dge ba'i bshes kyis rjes bzung nas/__/sa lam yon tan mtha' dag rdzogs par shog__/srid las nges 'byung sdom gsum rnam par dag__/thos bsam sgom pa'i blo gros cha shas rdzogs/__/dran shes brtson pas mthong ba'i chos nyid du/__/sku gsum bla ma'i go 'phang thob par shog__/bde chen 'pho med don gyi bla ma yis/__/ye shes snang bas 'khor 'das kun khyab pa'i/__/dge legs snang ba gsum gyis dbugs dbyung ste/__/phan bde'i dga' ston rgyas pa'i bkra shis shog__/ces pa'ang mdo smad snga 'gyur bstan pa'i 'byung gnas 'og min bla ma'i gdan sa zhe chen bstan gnyis dar rgyas gling gi byang 'dren chen po shAkya'i dge slong pad+ma dri med nas lha rdzas kyi rten bcas bskul ngor dpal ldan bla ma de dag gi bka' drin gyis 'tsho ba'i zhe chen pa 'gyur med theg mchog bstan pa'i rgyal mtshan gyis lho 'brug gu ru'i sku rjes lha khang du bris pa skye kun bla ma mchog gis rjes su 'dzin pa'i rgyur smon pa bzhin 'grub par gyur cig__//______/tshogs mchod sbyar bar 'dod na thabs shes kyi rdzas gtsang zhing dag par 'du byas te/__hU~M/__rnam dag bde skyong rdo rje'i ka pA lar/__/thabs shes rigs lnga'i dam tshig rdzas kyi bcud/__/bde chen bdud rtsi'i 'dod dgu'i sprin phung bcas/__/chos kyi dbyings kun khyab pas mdzes par gyur/__/oM AHhU~M ha ho hrIH__lan gsum/__hU~M/__rtsa gsum kun 'dus rig 'dzin bla ma rje/__/ye shes dbyings nas thugs rje'i skur bzhengs la/__/phyogs dus skyabs gnas rgya mtsho'i 'khor dang bcas/__/'gag med sgyu ma'i rol pas gshegs su gsol/__/bdag lus longs spyod dus gsum dge ba'i tshogs/__/ngo bo 'pho med bde ba chen po'i dbyings/__/rnam pa rdo rje'i longs spyod chen po'i rdzas/__/kha sbyor rdo rje sdom pa'i dpal mnga' ba/__/'khor lo'i dbang phyug dpal mgon bla mar 'bul/__/sku gsung thugs kyi rdo rje'i dam tshig las/__/'gal ba'i nongs pa snying nas bshags dang bcas/__/longs spyod ye shes bdud rtsi'i sprin chen 'bul/__/dag tshangs mchog gi dngos grub bstsal du gsol/__/dug gsum rang rgyud spyod pa'i gdul dka' rnams/__/ye shes rdo rje'i mtshon gyis bsgral ba'i phud/__/bla ma he ru ka dpal zhal du stob/__/thugs rje khros pas dgyes bzhes dngos grub stsol/__/snod bcud rgyud kun bla ma lha'i dkyil 'khor/__/gdod nas dag pa'i ngo mtshar rmad byung bas/__/ye shes 'khor lo bla ma'i thugs dam bskang*/__/dag mnyam chos sku'i dgongs pa mngon gyur mdzod/__/oM badz+ra ma hA gu ru maN+Dal ga Na tsakra pU dza ho/__yig brgya bzla/__tshogs kyi dam rdzas rol/__lhag ma ni/__ho/__rdo rje'i rig 'dzin rtsal 'chang chen po'i 'bangs/__/dkyil 'khor chen po'i mu ran skyong mdzad pa'i/__/DA ki ging lang dam can rgya mtsho'i tshogs/__/lhag gtor dgyes bzhes las bzhi'i phrin las mdzod/__/uts+tshiSh+Ta ma hA ba liM ta khA hi/__rig 'dzin bla ma'i dkyil 'khor du sogs smon lam bcas bya'o/___/dge'o//__//

Footnotes

Other Information