DKR-KABUM-25-RA-001: Difference between revisions
No edit summary |
No edit summary |
||
Line 33: | Line 33: | ||
<h1 style="font-size: 24px !important;">Tibetan Text</h1> | <h1 style="font-size: 24px !important;">Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP|༄༅། །གདམས་ངག་རིན་པོ་ཆེའི་མཛོད་ཀྱི་སྨིན་གྲོལ་རྒྱབ་རྟེན་དང་བཅས་པའི་ཐོབ་ཡིག་ནོར་བུ་སྣ་ཚོགས་ཀྱི་ཕྲེང་བ་ཞེས་བྱ་བ་བཞུགས་སོ། | {{TibP|༄༅། །གདམས་ངག་རིན་པོ་ཆེའི་མཛོད་ཀྱི་སྨིན་གྲོལ་རྒྱབ་རྟེན་དང་བཅས་པའི་ཐོབ་ཡིག་ནོར་བུ་སྣ་ཚོགས་ཀྱི་ཕྲེང་བ་ཞེས་བྱ་བ་བཞུགས་སོ།<br><br> | ||
༄༅། །བདེ་ཆེན་དགྱེས་པའི་སྒྱུ་འཕྲུལ་རོལ་མོའི་སྲིད་ཞིར་བརྡལ། །གསང་བ་མཆོག་གི་ཡེ་ཤེས་ཆེན་པོ་རིགས་ཀུན་བདག །དཔག་ཡས་ཆོས་སྒོའི་ས་གསུམ་གདུལ་བྱ་སྨན་མཛད་ཆེ། །དཔལ་ལྡན་བླ་མའི་ཞབས་སེན་ཚངས་གནས་མཛེས་པའི་རྒྱན། །གང་གི་བཀའ་དྲིན་དྲང་སྲོང་དམོད་པ་ཡིས། །གངས་ཅན་ལྷ་ཡི་ཆུ་བོ་ཇི་སྙེད་རྒྱུན། །བདག་བློའི་ས་གཞིར་ཕན་པའི་སྐལ་བཟང་གཏམ། །ལྷ་ཡི་རྔ་ཆེན་རྩོད་པའི་དུས་ཀྱང་འཁྲོལ། །ཞེས་མཆོད་པར་བརྗོད་པར་ཉུང་ངུའི་མདུན་བསུས་ཏེ། དེའང༌། སྟོན་པ་དེ་བཞིན་གཤེགས་པས་ཐེག་པ་ཆེན་པོ་ངེས་པ་དོན་གྱི་ཆོས་འཁོར་འབའ་ཞིག་བསྐོར་བ། དེ་ཉིད་གདུལ་བྱའི་བློ་ཡི་རིམ་པ་དང་བསྟུན་པའི་ཐེག་པ་སྣ་ཚོགས་སུ་གྱུར་ཏེ། སྡེ་སྣོད་དང་ཐེག་པའི་དབྱེ་སྒོ་བསམ་གྱིས་མི་ཁྱབ་མོད། དེ་དག་ཀྱང་གནས་སྐབས་གདུལ་བྱ་ཁ་དྲང་པའི་ཐབས་ཙམ་ལས། མཐར་ཐུག་ཟུང་འཇུག་བདེ་བ་ཆེན་པོའི་གོ་འཕང་དུ་གཤེགས་པ་ལ། གསང་བ་བླ་ན་མེད་པ་རྡོ་རྗེ་ཐེག་པའི་ལམ། དེའང་གྲུབ་པའི་མན་ངག་ཚད་མ་ལ་མ་བསྟེན་པར་འབྲས་བུ་རྡོ་རྗེ་འཆང་ཆེན་པོའི་ཡེ་ཤེས་མངོན་དུ་བྱེད་པར་མི་འགྱུར་ལ། དེ་ལྟ་བུའི་རྒྱུད་དང་མན་ངག་གི་བཀའ་སྲོལ་ཡང་མཐའ་ཡས་པ་ཞིག་བཞུགས་པ་ལས། གངས་ཅན་གྱི་ལྗོངས་འདིར་སྒྲུབ་བརྒྱུད་ཀྱི་རིང་ལུགས་འདྲེན་པ་ཆེ་ཕྲ་མང་དུ་བྱུང་བ། གཙོ་བོའི་རིགས་བསྡུ་ན་ཤིང་རྟ་ཆེན་པོ་བརྒྱད་དུ་གྲགས་པ་སྟེ། མཁས་གྲུབ་ཆེན་པོ་པྲཛྙཱ་རསྨིས། དཔལ་ལྡན་རྡོ་རྗེ་འཆང་ནས་ལེགས་འོངས་པའི། གངས་རིའི་ཁྲོད་འདིར་སྒྲུབ་བརྒྱུད་ཀ་ཆེན་བརྒྱད། དེ་དག་གྲུབ་ཐོབ་གོང་མའི་གཤེགས་ཤུལ་ཡིན། ཐར་འདོད་རྣམས་ཀྱང་ལམ་དེའི་རྗེས་སུ་ཞུགས། ཅེས་གསུངས་པ་ལྟ་རོ། །དེ་ལྟར་སྒྲུབ་བརྒྱུད་རིན་པོ་ཆེའི་བསྟན་པ་དྲི་མ་མེད་པ་དེའང༌། ཕྱིས་ཀྱི་དུས་འདིར། དོན་བརྒྱུད་ཉམས་ལེན་གྱི་བསྟན་པ་ཕལ་ཆེར་ལུང་གི་གཤམ་དུ་ཉེ་བས། བདུད་རྩིའི་ཆུ་ཀླུང་ས་ཡི་བཏུང་བར་མངོན་དུ་ཕྱོགས་པ་ནི། བསྟན་པ་སྙིང་པོའི་རིང་ལུགས་རྨིང་ནས་བསླང་བ་ལ་སྨོན་ལམ་ཐུགས་བསྐྱེད་ཀྱི་མཐུ་ཆེན་པོ་གྲུབ་པ། གསང་བདག་གྲུབ་པའི་དཔའ་བོ་འཇམ་མགོན་བླ་མ་བློ་གྲོས་མཐའ་ཡས་ལ། བཀའ་བབ་བདུན་གྱི་མངའ་བདག། འཇམ་དབྱངས་མཁྱེན་བརྩེའི་དབང་པོས་བཀའ་ཡིས་བསྐུལ་ཏེ། ཤིང་རྟ་བརྒྱད་ཀྱི་གཙོར་བྱས་པའི་སྨིན་གྲོལ་གདམས་པ་རྣམས་ཐུགས་དམ་ཉམས་བཞེས་མཛད་ཅིང༌། བཀའ་ཡི་བསྡུ་པ་ཆེན་པོས་གདམས་ངག་རིན་པོ་ཆེའི་མཛད་དུ་ལེགས་པར་བསྡོམས་པ་ཉིད། འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཉི་ཟླ་ཟུང་གི་ཐུགས་ཀྱིས་སྲས་མཆོག །གངས་ཅན་མཁས་ཤིང་གྲུབ་པའི་དེད་དཔོན་སྔ་འགྱུར་བསྟན་པ་རྒྱ་མཚོའི་སྲོག་འཛིན། རིགས་ཀུན་ཁྱབ་བདག་ཀུན་བཟང་རྡོ་རྗེ་སེམས་དངོས་ལ་ཨོ་རྒྱན་མི་འགྱུར་ཚེ་དབང་གྲུབ་པའི་རྡོ་རྗེའམ་འགྱུར་མེད་པདྨ་བསྟན་འཛིན་མཁས་གྲུབ་རྒྱ་མཚོའི་དབང་པོའི་སྡེའི་ཞལ་སྔ་ནས། ཐུབ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་ཏུ་འདོད་ནས་ཐུགས་བསྐྱེད་ཀྱིས་གྲུབ་ཅིང༌། མཁྱེན་བརྩེ་ནུས་པའི་གསང་བ་མི་ཟད་པའི་ཡོན་ཏན་གྱིས་རྒྱལ་བའི་བསྟན་པ་སྒོ་ཐམས་ཅད་ནས་སྤེལ་བ་ལ་ཐོགས་པ་མེད་པའི་ཀུན་གཟིགས་མཁྱེན་བརྩེའི་རྣམ་རོལ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་རིས་མེད་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་དང༌། འཇམ་མགོན་མཆོག་སྤྲུལ་འགྱུར་མེད་ཀུན་བཟང་གཞན་ཕན་མཐའ་ཡས་པདྨ་དྲི་མེད་ལེགས་པའི་བློ་གྲོས་སོགས་མཁས་དང་གྲུབ་པའི་སྐལ་བཟང་གི་རྡོ་རྗེའི་འདུས་པ་ལ་སྔ་འགྱུར་བསྟན་པའི་འབྱུང་གནས་ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་གི་སྒྲུབ་སྡེ་པདྨ་འོད་གླིང་གི་ཡང་དབེན་བདེ་མཆོག་བཀྲ་ཤིས་དགེ་འཕེལ་གྱི་བསམ་གཏན་ཁང་བུར་རབ་བྱུང་བཅོ་ལྔ་བའི་ནང་ཚན་ཤིང་མོ་གླང་གི་ལོ་ཧོར་ཟླ་ལྔ་པའི་སྐོར་བཀའ་དྲིན་དང་ཐུགས་བརྩེ་བ་ཆེན་པོའི་སྨིན་བྱེད་ཀྱི་དབང༌། གྲོལ་བྱེད་ཁྲིད། རྒྱབ་རྟེན་ལུང་བཅས་ཚངས་སྤྲུགས་སུ་གནང་བའི་སྐལ་བཟང་གི་རྟོགས་བརྗོད་ནོར་བུ་སྣ་ཚོགས་ཀྱི་ཕྲེང་བར་བརྡར་པ་ལ། དེའང་གླེགས་བམ། ༼ཨ༽ པར་ལོ་རྒྱུས་ཀྱི་ཡིད་ཆེས་བསྐྱེད་པའི་ཕྱིར་གདམས་ངག་རིན་པོ་ཆེའི་མཛོད་ཀྱི་བརྒྱུད་ཡིག་དང་དཀར་ཆག་བཀྲ་ཤིས་གྲགས་པའི་རྒྱ་མཚོའི་ལྗགས་ལུང་སྩལ་ཏེ། གཞུང་འདི་ཇོ་ནང་ཁྲིད་བརྒྱའི་ས་བཅད་དང་ཐོག་མཐའ་ཀུན་ཏུ་འབྲེལ་པའི་དབང་གིས་ཐོག་མར། གླེགས་བམ། ༼ག༽ ནང༌། ས་ལུགས་ཞེན་པ་བཞི་བྲལ་ལས། ཚེ་འདིར་ཞེན་མེད། བདག་དོན་ཞེན་མེད། འཁོར་བར་ངེས་འབྱུང༌། ལྟ་བ་མཚན་མེད་བཅས་བཞི་ཁྲིད། ཁྲིད་བརྒྱའི་དོན་བསྡུས་བཅས་འཆད་ཐབས་ལྟར་ཞག་གིས་རྫོགས་པར་མཛད། གླེགས་བམ། ༼ཁ༽ ནང༌། བྱང་ཆུབ་ལམ་རིམ། རྗེ་ཙོང་ཁ་པའི་ལམ་རིམ་བསྡུས་དོན། བློ་སྦྱོང་ཆོས་ཀྱི་སྒོ་འབྱེད་བཅས་ཆིག་ཁྲིད། ལམ་རིམ་གསེར་ཞུན་དང༌། དམར་ཁྲིད་བདེ་ལམ་གཉིས་ཆིག་ཁྲིད། ༈ ཟབ་མོ་ལྟ་བའི་བཀའ་སྲོལ་ཐེག་ཆེན་དབུ་མ་ལུགས་ཀྱི་སེམས་བསྐྱེད་ཆོ་ག་བྱང་ཆུབ་གཞུང་ལམ་ལྟར་ལན་གཉིས་དང༌། ཁྲིད་བརྒྱའི་ཁྲིད་ཀྱི་སྔོན་འགྲོ་རྣམས་དང་བཅས། སྐྱེས་བུ་གསུམ་གྱི་ལམ་རིམ་བརྒྱུད་འདེབས་ལོ་རྒྱུས་བཅས། སྐྱེས་གསུམ་ལམ་རིམ་ཁྲིད་བརྒྱ་ལྟར་མདོར་བསྟན། བདུད་རྩི་སྙིང་ཁུའི་རྒྱས་བཤད། སླར་ཁྲིད་བརྒྱ་ལྟར་དོན་བསྡུ་བཅས་སུམ་ཁྲིད་མཛད་པ་སྟེ། ཁྲིད་གཞུང་ཆེ་བ་སོ་སོ་ཡོད་རིགས་ལ་སུམ་ཁྲིད་འདི་ལྟར་མཛད་ལ་འགྲེ་ཡང༌། ཁྲིད་བརྒྱ་ནང་བཞིན་བསྟན་རིམ་དང༌། རྟེན་འབྲེལ་སྙིང་པོ་གཉིས་སུམ་ཁྲིད། བློ་སྦྱོང་བྱང་ཆུབ་གཞུང་ལམ་མདོ་རྒྱས་བསྡུས་གསུམ། སུམ་པའི་བློ་སྦྱོང༌། སྐྱིད་སྡུག་ལམ་ཁྱེར་གཉིས་ཀྱང་མདོ་རྒྱས་བསྡུས་གསུམ། པུ་ཏོ་བའི་དཔེ་ཆོས། བཀའ་གདམས་ལྐོག་ཁྲིད་བྱམས་ཆོས་ལྔ་རྣམས་སུམ་ཁྲིད། ༈ རྒྱ་ཆེན་སྤྱོད་པའི་བཀའ་སྲོལ་ལས་བྱུང་བ། ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པའི་ལུགས་ཀྱི་སེམས་སྐྱེད་ཆོ་ག་བྱང་ཆུབ་ལམ་བཟང་སྟེང་ནས་ལན་གཉིས། ཡང་སྲོལ་གཉིས་ཀྱི་སེམས་སྡོམ་འབོག་པའི་ཆོ་ག་སྔ་མ་གཉིས་ཀྱི་སྟེང་ནས་ཤྲཱི་ནཱ་ལེནྡྲ་གཉིས་པ་རྫོང་གསར་བཀྲ་ཤིས་ལྷ་རྩེའི་གཟིམ་སྤྱིལ་བཀྲ་ཤིས་འཆི་མེད་གྲུབ་པའི་དགའ་ཚལ་དུ་ཀུན་གཟིགས་འཇམ་དབྱངས་བླ་མ་ཆོས་ཀྱི་བློ་གྲོས་རིན་པོ་ཆེ་ལས་ལན་རེ་རེ་ཐོབ། དབུ་མ་ལུགས་ཀྱི་སེམས་སྡོམ་སྨིན་གླིང་གཏེར་ཆེན་རིན་པོ་ཆེའི་ཡིག་ཆ་དང༌། ས་ལུགས་ལམ་འབྲས་སྐབས་སྔགས་ལུགས་སེམས་བསྐྱེད་འབོག་ཆོག་རྗེ་འཇམ་དབྱངས་བླ་མ་ལས་བཀའ་དྲིན་ཐོབ། ཡང་དབུ་མ་ལུགས་ཀྱི་སེམས་བསྐྱེད་ཀྱི་ཆོ་ག་བོད་ཡུལ་དབུས་ཇོ་བོ་ཤཱཀྱ་མུ་ནེའི་སྤྱན་སྔ་ནས་རྒྱལ་སྲས་པདྨ་དྲི་མེད་ལེགས་པའི་བློ་གྲོས་ཀྱིས་སྤྱོད་འཇུག་ལེའུ་བཞི་པའི་བཤད་ཁྲིད་དང་སྦྲགས་པའི་དབུ་མ་ལུགས་ཀྱི་སེམས་སྡོམ་ཀྱང་རྗེ་འདི་ལས་བཀའ་དྲིན་ཐོབ་པ་ནི་དཔལ་སྤྲུལ་ཆོས་ཀྱི་དབང་པོ། ཨོ་རྒྱན་བསྟན་འཛིན་ནོར་བུ། མཁན་ཆེན་ཀུན་དཔལ། ཞེ་ཆེན་ཀོང་སྤྲུལ་རིན་པོ་ཆེ་ལས་བཀའ་དྲིན་ཐོབ་པའང་ཞར་ལ་སྨོས་པ་དང༌། རང་སྟོང༌།མང་ཐོས་ཀླུ་སྒྲུབ་གསུང་མཁྱེན་བརྩེའི་མཛད་པ། གཞན་སྟོང་བློ་གྲོས་མཐའ་ཡས།གཉིས་མདོ་རྒྱས་བསྡུས་གསུམ་དབུ་མ་ཆེན་མོ། སྲིད་ཞི་མཉམ་ཉིད། དབུ་མའི་སྒོམ་རིམ་བཅས། ལྗགས་ལུང་ལ། བཀའ་གདམས་གཞུང་གདམས་མན་ངག་རྩ་བ། བྱང་ཆུབ་ལམ་རིམ་ཉམས་ལེན། ཤིང་རྟ་གཉིས་ཀྱི་བྱང་སྡོམ་ཆོ་ག །བློ་སྦྱོང་དཀར་ཆག །ཇོ་བོའི་རྣམ་ཐར་ཚན་གཉིས། འབྲོམ་སྟོན་པས་ཇོ་བོ་རྗེས་རྒྱལ་སྲིད་སྤངས་པའི་རྣམ་ཐར་ལྡེབ།༡༣ རྗེ་ཉིད་ཀྱི་གསུང་ཇོ་བོ་གསེར་གླིང་པ་དང་མཇལ་བའི་རྣམ་ཐར།༨ བློ་སྦྱོང་རྩ་བ་ཚན་གཉིས། འགྲེལ་པ་ཚན་གཅིག །མཛད་བྱང་མ་གསལ། བློ་སྦྱོང་མཚོན་ཆའི་འཁོར་ལོ། དྷརྨ་རཀྵི་ཏ། རྨ་བྱ་དུག་འཇོམས། དྷརྨ་རཀྵི་ཏ། ཁྱེར་སྒོམ་རྡོ་རྗེའི་གླུ། སྡིག་སྦྱོང་སོགས་བློ་སྦྱོང་སྣ་ཚོགས། བློ་སྦྱོང་དོན་བདུན་མ་ཐོགས་མེད་འགྲེལ་པ། ཉམས་ལེན་ཕན་བདེའི་ས་བོན་བཅས། དེ་ནས་བཀའ་གདམས་ཐིག་ལེ་བཅུ་དྲུག་དབང་བསྐུར་དང༌། དེའི་ཁྲིད་མདོ་རྒྱས་བསྡུས། སྒྲུབ་རྗེས་ཡིག་ཆའི་འབྲུ་ལུང༌། བཀའ་གདམས་ལྷ་བཞིའི་བཟླས་ལུང་སོ་སོ། དེའི་ཁྲིད་མདོ་རྒྱས་བསྡུས། སྒྲུབ་རྗེས་ལུང༌། མགོན་པོ་གྲི་གུག་གི་རྗེས་གནང༌། ཛཾ་དཀར་ལྷ་ལྔའི་རྗེས་གནང༌། རིན་འབྱུང་ལས་ཁོལ་ཕྱུང༌། ལམ་གཙོ་རྣམ་གསུམ་དང༌། དགེ་ལྡན་ཕྱག་ཆེན་ཁྲིད་ལུང༌། མགོན་པོ་གྲི་གུག་དང་ཛཾ་དཀར་གཉིས་ཀྱི་སྒྲུབ་རྗེས་དང༌། གྲི་གུག་བཟླས་ལུང་འབོགས་ཚུལ། རིན་འབྱུང་ལས་ཁོལ་དུ་བྱུང་བ། བཀའ་གདམས་བླ་མཆོད། བཀྲ་ཤིས་གྲགས་པའི་རྒྱ་མཚོ། བློ་གྲོས་མཐའ་ཡས། ཁྲིད་ཀྱི་བརྒྱུད་འདེབས་རྣམས་དང༌། བྱིན་རླབས་ཉེ་བརྒྱུད་གསོལ་འདེབས། སྨོན་ལམ་སྐོར་བཅས་འབྲུ་ལུང་གནང་བས་བཀའ་གདམས་རྫོགས་སོ། གླེགས་བམ། ༼ག༽ ནང༌། ས་ལུགས་ཀྱེ་རྡོར་རྒྱུ་དབང་གི་སྟ་གོན། དངོས་གཞི་དབང་ཆེན་ཉེར་ལྔའི་བསྒྲིགས་དབང་མ་གཞུང་ལྟར་རྒྱལ་ཚབ་རིན་པོ་ཆེ་ལས་ལན་གཅིག་ཐོབ་པ། ཡང་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བསྟེན་པའི་ཀྱེ་རྡོར་རྒྱུ་ལམ་གྱི་དབང་ཤིན་ཏུ་རྒྱས་པ་བཀའ་དྲིན་མཚུངས་མེད་འཇམ་དབྱངས་ཆོས་ཀྱི་བློ་གྲོས་རྡོ་རྗེ་འཆང་ནས་ལན་གཅིག་དང༌། རས་བྲིས་ལ་བསྟེན་པ་བརྒྱུད་སྲོལ་འདྲ་མིན་ལན་དུ་མ་བཀའ་དྲིན་ཐོབ་པ་ལམ་འབྲས་ཐོབ་ཡིག་ཏུ་གསལ། ལམ་འབྲས་ཁྲིད་བརྒྱས་མདོར་བསྟན། གཞུང་ཁྲིད་སྦས་དོན་ཀུན་གསལ་དང༌། ཁྲིད་ཐབས་ལམ་རྒྱས་འབྲིང་ཕག་གྲུ་ལུགས་ཀྱིས་རྒྱས་བཤད། སླར་དོན་བསྡུས་བཅས་དང༌། ཉེ་བརྒྱུད་ལམ་སྦས་བཤད་དང༌། ཤིན་ཏུ་ཉེ་བརྒྱུད་བརྡ་དོན་གསལ་བ་གཉིས་ལ་མདོ་བསྡུ་སྦྱར་བའི་སུམ་ཁྲིད། དག་ས་གསུམ་དེ་བཞིན་མདོ་རྒྱས་བསྡུས་གསུམ་གྱིས་ལམ་འབྲས་རྫོགས། ལམ་སྐོར་ཕྱི་མ་བརྒྱད་དང༌། སྒོ་དྲུག་ཆོས་འབྲེལ་རྣམས་རེ་རེ་བཞིན་མདོ་རྒྱས་བསྡུས་ཁྲིད་དང༌། ཁྲིད་བརྒྱ་ནང༌། རང་བྱིན་རླབས། བདེ་མཆོག་སྨར་ཁྲིད། ཀྱེ་རྡོར་སྨར་ཁྲིད། གསང་འདུས་འཕགས་ལུགས། འདུས་པ་ཞབས་ལུགས། གཤེད་དམར་སྤྲོས་མེད། རྣལ་འབྱོར་བཞི་རིམ། འཇིགས་བྱེད་རྭ་རྩེ་སེམས་འཛིན། བདེ་མཆོག་ཡབ་ཀྱི་དབུ་མ། ཡུམ་གྱི་དབུ་མ། དྲིལ་བུ་རིམ་ལྔ། ནག་པོ་རིམ་བཞི། བདེ་མཆོག་དཀར་པོའི་ཁྲིད། ཕག་མོ་སྒོམ་དྲུག །བོང་བུའི་ཕྲ་ཐིག །ཕྱག་རྡོར་འཁོར་ཆེན། ཀུ་རུ་ཀུལླེ་རྣམས་ཀྱི་ཁྲིད་བཅས། ལུང་སྐོར། ལམ་འབྲས་རྩ་བ་རྡོ་རྗེའི་ཚིག་རྐང༌། དེའི་བསྡུས་དོན་མཆན་ཅན། འཁོར་འདས་དབྱེར་མེད་གཞུང་རྩ་བ། གཞུང་ཁྲིད་ཇོ་ལྕགས་མ། རྣམ་འབྲེལ་མདོར་བསྡུས་ཚིགས་བཅད། ཡང་ཚིགས་བཅད་མ། དེའི་བསྡུས་དོན་མཆན་མ། རྡོ་རྗེའི་ཚིག་འགྲེལ་གཉགས་མ། ཀྱེ་རྡོར་སྒྲུབ་ཐབས། དཀྱིལ་ཆོག །གཏོར་ཆོག །དབང་བསྐུར་བཀླག་ཆོག །ལམ་འབྲས་བརྒྱུད་འདེབས། ལམ་སྐོར་ཕྱི་མའི་བརྒྱུད་འདེབས་ཁ་སྐོང་བཅས། ཁྲིད་ཡིག་རྣམས་ཀྱི་ཡིག་ཆུང༌། ཡང་ན་ལམ་འབྲས་དབང་ཁྲིད་སྐོར་ཚང་མ་འཇམ་དབྱངས་བླ་མ་ཀུན་གཟིགས་ཆོས་ཀྱི་བློ་གྲོས་རིན་པོ་ཆེ་ལས་འཁོན་སྟོན་རྡོ་རྗེ་འཆང་ཡབ་སྲས་དང་ལྷན་ཅིག་གསུང་ངག་རིན་པོ་ཆེ་སློབ་བཤད་རྒྱས་པའི་ཚུལ་དུ་ཟབ་རྒྱས་སུ་བཀའ་དྲིན་ལེགས་པར་ཐོབ་པ་དང༌། བདེ་མཆོག་ཆང་ཆོག །ལམ་འབྲས་བླ་མཆོད་བཅས། གུར་གྱི་མགོན་པོ་ལྷ་བརྒྱད་རྗེས་གནང་བསྩལ་ཞིང༌། ཡང་བཀའ་སྲུང་ལྷ་བརྒྱད་རྗེས་གནང་ས་ངོར་ལུགས་གཉིས་ཀ་ཀུན་མཁྱེན་བླ་མ་རྡོ་རྗེ་འཆང་ཆེན་པོ་དྷརྨ་མ་ཏི་ལས་ལན་དུ་མ་བཀའ་དྲིན་ཐོབ། གུར་གྱི་ནང་ཁྲིད་མདོ་རྒྱས་བསྡུས། སྒྲུབ་རྗེས་འབྲུ་ལུང་བཅས། དཔལ་ས་སྐྱ་པའི་གདམས་སྐོར་རྫོགས། གླེགས་བམ། ༼ང༽ ནང༌། མར་པ་བཀའ་བརྒྱུད་སྐོར་ལས་སྙན་བརྒྱུད་ཕྱི་དཀྱིལ་རས་ཆུང་ལུགས་ཀྱི་སྟ་གོན། དབང་བཞི་ཡོངས་རྫོགས། དེའི་ཡུམ་བཀའ་དང་སྟག་ལུང་ཕག་མོའི་བརྡ་དབང༌། དྭགས་པོ་སྙན་བརྒྱུད་བདེ་མཆོག་ཡབ་ཀྱི་དབང་ཆེན་སྟ་དངོས། ཡུམ་བཀའི་དབང་ཆེན། ངན་རྫོང་ལུགས་བདེ་མཆོག་དབང་ཆེན་བཅས། ཁྲིད་ཀྱི་སྐོར་རྩ་བ་སྙན་བརྒྱུད་ལས། རས་ཆུང་སྙན་བརྒྱུད་གཞུང༌། ཏིལླི་པའི་གཞུང་ཆུང༌། ཐུན་མོང་ཡིད་བཞིན་ནོར་བུ། སྟེང་སྒོ་རྣམ་གྲོལ། ཐབས་ལམ་འཁྲུལ་འཁོར། འོག་སྒོ་བདེ་ཆེན། འོད་རིག་བདེ་ཆེན། ཕྱག་ཆེན་ཡེ་ཤེས་གསལ་བྱེད། ལམ་གྱི་བར་དོ་ངོ་སྤྲོད་རྣམས་ཆིག་ཁྲིད། ཕྱག་ཆེན་ཡི་གེ་བཞི་པ་མདོ་རྒྱས་བསྡུས། སྙན་བརྒྱུད་ཡིད་བཞིན་ནོར་བུ་མདོ་རྒྱས་བསྡུས། ཕྱག་ཆེན་ཡན་ལག་བདུན་ལྡན་ཁྲིད་ལུང༌། ངན་རྫོང་སྙན་བརྒྱུད་རྩ་བ་ཚེ་རིང་སྐོར་གསུམ་དང༌། ཕྱག་ཆེན་ཡེ་ཤེས་གསལ་བྱེད་གསང་བ་ངོ་སྤྲོད་གཉིས་ཆིག་ཁྲིད། དྭགས་པོ་སྙན་བརྒྱུད་ལས། མན་ངག་རྩ་བ་བརྗོད་བྱང་མ་ཆིག་ཁྲིད། ལུས་མེད་མཁའ་འགྲོའི་བརྒྱུད་འདེབས་བཅས་ཁྲིད་བརྒྱས་མདོར་བསྟན། ཏི་ལླི་པའི་གདམས་པ་ཞེས་པས་རྒྱས་ཁྲིད། མན་ངག་ཁྲིད་ཡིག་གིས་དོན་བསྡུས། ཡང་ཤོག་དྲིལ་བཞི་མདོར་རྒྱས་བསྡུས་སོ། ༈ སྙན་བརྒྱུད་སྐོར་འདི་རྣམས་ལས་ཉི་ཟླའི་རྟགས་ཅན་གྱི་དབང་ཁྲིད་རིགས་ཟུང་འཇུག་གྲུབ་བརྒྱའི་སྤྱི་མེས་རྗེ་བཙུན་ཆེན་པོའི་ཡེ་ཤེས་ཀྱི་རོལ་རྩེད་ངེས་པ་དོན་གྱི་རྡོ་རྗེ་འཆང་རྒྱལ་སྤྲུལ་རིན་པོ་ཆེ་ཀརྨ་ལུང་རྟོགས་ཕྲིན་ལས་ཀུན་ཁྱབ་དང༌། ངེས་དོན་སྙིང་པོའི་བསྟན་པའི་རྒྱན་མཆོག་གཏེར་ཆེན་རོལ་རྡོར་སྐུ་ཕྲེང་ལྔ་པ་ཀརྨ་དྲི་མེད་འོད་ཟེར་ཕྲིན་ལས་རོལ་པ་རྩལ་ལས་ཀྱང་ལན་རེ་ཐོབ་པའི་སྐལ་བཟང་བྱུང་བ་དང༌། དེའི་བརྒྱུད་ཚུལ་རྒྱས་པ་བདེ་མཆོག་སྙན་བརྒྱུད་ཐོབ་ཡིག་ཏུ་གསལ། སྙན་བརྒྱུད་སོ་སོའི་བཀའ་སྲོལ་ལས། རྩ་བ་དྭགས་པོ་གདན་སའི་ལུགས། ཆོས་དྲུག་ཁྲིད་ཆེན་གསང་ཆེན་དེ་ཉིད་གསལ་བ། ཕྱག་ཆེན་གཉུག་མའི་དེ་ཉིད་གསལ་བ། སྔོན་འགྲོ་ཐུན་བཞིའི་ཁྲིད། དྭགས་པོའི་ཆོས་བཞི་རྣམས་ཆིག་ཁྲིད། སེམས་ཁྲིད་ཡིད་བཞིན་ནོར་བུ་སུམ་ཁྲིད། འཕོ་བ་དོན་གྱི་གྲོང་འཇུག་ཁྲིད་ལུང་བཅས། ༈ ཚལ་པ་དཀའ་བརྒྱུད་ལས། ཕྱག་ཆེན་ལམ་མཆོག་མཐར་ཐུག་གིས་རྒྱས་ཁྲིད་བྱེད་པའི་མདོ་རྒྱས་བསྡུས། མ་མོ་ཆེན་མོའི་སྔོན་དངོས་ཆིག་ཁྲིད་བཅས་དང༌། ལུང་སྐོར་གཞུང་རྩ་འགྲེལ་ལས། ཕྱག་རྒྱ་ཆེན་པོ་དཔལ་རྙོག་པ་མེད་པའི་རྒྱུད། བྲམ་ཟེ་ཆེན་པོའི་དོ་ཧ་མཛོད། དེའི་བསྡུས་དོན། ཤ་ཝ་རི་པའི་སྙིང་པོ་དོན་གྱི་མན་ངག །ཏེ་ལོའི་ཕྱག་ཆེན་གངྒཱ་མ། དེའི་ས་བཅད་དང་འགྲེལ་བ། ནཱ་རོའི་ཚིག་བསྡུས། དེའི་འགྲེལ་ཆུང༌། མཻ་ཏྲེའི་དེ་ཉིད་བཅུ་པ། མར་པའི་ཡིད་ལ་མི་བྱེད་པའི་མགུར། མི་ལའི་ཡེ་ཤེས་གསལ་བྱེད། སྒམ་པོ་པའི་ལམ་ཆིག་ཆོག་བཅས་དང༌། ཆོས་དྲུག་བཅས་དང༌། ཆོས་དྲུག་གཞུང༌། བཀའ་ཡང་དག་པའི་ཚད་མ། སྙན་བརྒྱུད་རྡོ་རྗེའི་ཚིག་རྐང༌། ཀ་དཔེ་ཆེ་ཆུང༌། ཏཻ་ལོའི་ཆོས་དྲུག །ནཱ་རོའི་མགུར། མི་ལའི་གསལ་བ་སྐོར་གསུམ་བཅས་དང༌། དྭགས་པོ་སྙན་བརྒྱུད་ཡབ་ཀྱི་སྒྲུབ་ཐབས། དཀྱིལ་ཆོག ཡུམ་གྱི་སྒྲུབ་དཀྱིལ། རས་ཆུང་ལུགས་ཡབ་ཀྱི་སྒྲུབ་ཐབས། དཀྱིལ་ཆོག །ཡུམ་གྱི་སྒྲུབ་ཐབས། སྟག་ལུང་ཕག་མོའི་བརྡ་དབང་ཆོ་ག །ངན་རྫོང་བདེ་མཆོག་སྒྲུབ་དཀྱིལ་བཅས་སོ། ༈ གླེགས་བམ། ༼ཅ༽ པར། ཀརྨ་ཀཾ་ཚང་ལས། རྗེ་རང་བྱུང་བའི་ཕྱག་ཆེན་ལྷན་ཅིག་སྐྱེས་སྦྱོར་ལ་མདོ་རྒྱས་བསྡུས། དེ་བཞིན་ཆོས་དྲུག་གསེར་ཞུན་མདོ་རྒྱས་བསྡུས། ཕྱག་ཆེན་ཁྲིད་ཀྱི་སྤྱི་སྡོམ། ཁྲིད་ཡིག་ཆོས་སྐུ་མཛུབ་ཚུགས། རྡོ་རྗེ་རྣལ་འབྱོར་མའི་བསྐྱེད་རིམ་ལྷ་ཁྲིད། གཙུག་ལག་རྒྱ་མཚོའི་ཟིན་རྣམས་ཁྲིད་ལུང༌། རླུང་སེམས་གཉིས་མེད་རང་བྱུང་པའི་ཁྲིད་མདོར་བསྟན། བཻ་ལོའི་ལྷ་ཁྲིད་རྒྱས་ཁྲིད། ཁྲིད་བརྒྱས་དོན་བསྡུས་བཅས། ཆོས་དྲུག་སྔོན་འགྲོ་དང༌། བདུད་རྩི་ཉིང་ཁུ་ཆིག་ཁྲིད། སྐུ་གསུམ་ངོ་སྤྲོད་ཁྲིད་བརྒྱས་མདོར་བསྟན། རང་བྱུང་བའི་ཁྲིད་ཀྱིས་རྒྱས་ཁྲིད། རྗེ་བཙུན་བཞི་པའི་ཁྲིད་ཀྱི་དོན་བསྡུ། ནཱ་རོའི་གེགས་སེལ་གཟེར་ལྔ། ཐུན་བཞིའི་དམིགས་རིམ། རྡོ་རྗེ་འཆང་ཆུང་དམིགས་རིམ་རྣམས་ཆིག་ཁྲིད། ༈ ཟུར་མང་བཀའ་བརྒྱུད་ལས། རྨ་སེའི་ཕྱག་ཆེན་ཁྲིད། རི་ཆོས་བཻ་ཌཱུརྻའི་ཕྲེང་བ་གཉིས་ཆིག་ཁྲིད། ༈ གནས་མདོ་བཀའ་བརྒྱུད་ལས། བུ་ལུའི་དམར་ཁྲིད་ཆིག་བཤད། ༈ ཕག་གྲུ་རྩ་བའི་ཆོས་སྐོར་ལས། ཕག་གྲུའི་ཕྱག་ཆེན་མདོ་རྒྱས་བསྡུས་བླ་མ་བརྒྱུད་པ་གདམས་པའི་གནད་དབྱེ་ཁྲིད་ལུང༌། ༈ བཀའ་བརྒྱུད་ཆུང་བརྒྱད་ལ། འབྲི་གུང་ཕྱག་ཆེན་ལྔ་ལྡན་གཏོར་དབང་གནང༌། ལྔ་ལྡན་ཁྲིད་ཁྲིད་བརྒྱས་མདོ་བསྟན། རྗེ་དྷརྨ་ཀཱ་རའི་ཚིགས་བཅད་ལས་རྒྱས་ཁྲིད། ཞྭ་དམར་ཁྲིད་ཀྱིས་དོན་བསྡུ། དགོངས་གཅིག་ཁྲིད་བརྒྱས་མདོར་བསྟན། རྩ་བ་ལྷན་ཐབས་གཞུང་ཆིངས་བཅས་ཀྱིས་རྒྱས་བཤད་ཁོག་དབུབ་སྙིང་པོ་དོན་བསྡུ། ༈ སྟག་ལུང་ཕྱག་ཆེན་རྡོ་རྗེའི་ཚིག་རྐང་ཁྲིད་ལུང༌། སྟག་ལུང་ཆོས་དྲུག་མདོ་རྒྱས་བསྡུས། ༈ ཁྲོ་ཕུ་བཀའ་བརྒྱུད་ཀྱི་ཕྱག་རྒྱ་ཆེན་པོ་ལྔ་ལྡན་དང༌། ཡི་གེ་བཞི་པ་གཉིས་ཆིག་ཁྲིད། ༈ གླིང་རས་བཀའ་བརྒྱུད་འབྲུག་པའི་ཕྱག་ཆེན་སྔོན་འགྲོའི་ཟིན་རིས་དང༌། དངོས་གཞིའི་ཁྲིད། འབྲུག་ལུགས་ཐོད་དབང་མེ་ཡི་འཁོར་ལོའི་དབང་གནང༌། ཆོས་དྲུག་བསྡུས་པའི་ཟིན། སྤྱོད་པའི་ཆོས་ཀྱི་གླུ། རོ་སྙོམ་སྒང་དྲིལ། རྟེན་འབྲེལ་སྒོམ་རིམ། བླ་སྒྲུབ་ཕྱི་ནང་གསང་བ། ཟབ་ལམ་ཐུན་མོང༌། ཐུན་མིན་རྣམས་ཆིག་ཁྲིད། བར་འབྲུག་ཁྲིད་ཆེན་བརྒྱད་མཛེས་རྒྱན་ལ་མདོ་རྒྱས་བསྡུས། ཁྲིད་ཆུང་བརྒྱད་ཀྱི་གདམས་པ། དགེ་སློང་བདུན་པའི་ཉམས་ལེན་སྒང་དྲིལ་གཉིས་ཁྲིད་ལུང༌། སྨད་འབྲུག་ཐུབ་པ་ལྔ་ཡི་གདམས་ཁྲིད་ལ་མདོ་རྒྱས་བསྡུས། སྟོད་འབྲུག་རི་ཆོས་ཡོན་ཏན་ཀུན་འབྱུང་གི་སྙིང་པོ་མ་དྲུག་ལ་མདོ་རྒྱས་བསྡུས། ༈ ཡེལ་པ་ཡེ་ཤེས་བརྩེགས་ཀྱི་ཕྱག་ཆེན་ཁྲིད་ལུང༌། ༈ རྗེ་འབའ་ར་བའི་ཕྱག་ཆེན་ཏིང་འཛིན་གྱི་དབང་དམིགས་པ་གསལ་གདབ་ཀྱིས་གནང༌། ལྷན་ཅིག་སྐྱེས་སྦྱོར་སྔོན་འགྲོ། རྩ་ཚིག །གཞུང་ཆུང༌། གནད་ཡིག །ངོ་སྤྲོད་ཆོས་དྲུག་རྡོ་རྗེའི་གཞུང༌། གཏེར་གཞུང་བླ་སྒྲུབ་ཕྱག་ཆེན་ཆོས་དྲུག་བཅས་ཆིག་ཁྲིད་བཅས་དང༌། སྒྲུབ་བརྒྱུད་འདི་ཡི་བཀའ་སྲོལ་ལས་བྱོན་པའི་ཁྲིད་བརྒྱ་ནང་རྔོག་པའི་བསྲེ་འཕོ། རྡོ་རྗེ་གདན་བཞི། མ་ཧཱ་མཱ་ཡ། ཕྱག་རྡོར་གཏུམ་པོ། ཆོས་དྲུག་སྲས་མཁར། དོ་ཧ་རྣམས་གསུམ་ཁྲིད། ༈ མགོན་པོ་ཕྱག་བཞི་པ་ཐེལ་ལུགས། ལྷ་བཙུན་མའི་སྒྲུབ་རྗེས་བྱིན་རླབས་ཡང་སྙིང༌། ཚལ་ལུགས་སོ་སོའི་དབང་དང༌། བཀའ་སྲོལ་གཉིས་འདུས་ཏིང་ངེ་འཛིན་གྱི་དབང༌། དུད་སོལ་ལྷ་མོའི་རྗེས་གནང་བཀའ་བརྒྱུད་བསྟན་པའི་བ་དན་ལྟར། དབང་སྐྱབས་རྗེ་རྡོ་རྗེ་འཆང་འཇམ་དབྱངས་ཆོས་ཀྱི་བློ་གྲོས་རིན་པོ་ཆེ་ལས་ཀྱང་བཀའ་དྲིན་ཐོབ་པ་སྒྲུབ་བཏུས་ཐོབ་ཡིག་ཏུ་བརྒྱུད་པ་གསལ། ཁྲིད་ལ། མགོན་པོའི་སྐད་ཆིང་གིས་མདོར་བསྟན། སྐུ་རེག་འཁོར་ལོ་གཉིས་ཡན་རྒྱས་ཁྲིད་དོན་བསྡུ། བདེ་མཆོག་སྦྲག་སྒྲུབ་ཆིག་ཁྲིད། ལྗགས་ལུང་སྐོར་ལ། སྔ་མའི་དབང་ཆོག་རྣམས་ཀྱི་ཡིག་ཆུང་དང༌། མ་མགོན་གཏོར་ཆོག་དང་དབང་ཁྲིད་སྐོར་དཔེ་ཚན་ལྔ། བླ་མཆོད་བཀྲ་ཤིས་སྒྲ་དབྱངས་བཅས། མར་པ་བཀའ་བརྒྱུད་སྐོར་ལེགས་པར་གྲུབ་བོ། ༈ གླེགས་བམ། ༼ཆ༽ པར། གྲུབ་ཆེན་ཁྱུང་པོ་རྣལ་འབྱོར་གྱི་མན་ངག་ཤངས་པ་བཀའ་བརྒྱུད་ལས། ཐོག་མར་བྱིན་རླབས་སྒོ་འབྱེད་ཀྱི་བཀའ་གཉིས་ལས། དང་པོ། ནི་གུ་ལུགས་བདེ་མཆོག་ལྷ་ལྔའི་སྟ་གོན། དངོས་གཞི་དབང་བཞི་ཡོངས་རྫོགས་འདི་ཟབ་དོན་ཐང་བརྡལ་ནང༌། སྔོན་འགྲོ་སྐྱབས་སེམས་ནས། སྟོང་ར་ལ་ཐུག་བར་ཁྲིད་པར། ཁྲིད་ཡིག་འདི་ཉིད་དུ་གསལ་བར་ཡོད། བཀའ་གཉིས་པ། བདེ་ཆོག་ལྷ་ལྔའི་ཏིང་ངེ་འཛིན་གྱི་དབང༌། བརྒྱུད་འདེབས། ལོ་རྒྱུས་བཅས། ནི་གུ་ཆོས་དྲུག་ཁྲིད་ཟབ་དོན་ཐང་བརྡལ་ཀྱིས་རྒྱས་ཁྲིད་དབུས་ནས། དམིགས་སྐོར་ལྔ་པོའི་བར་སྔོན་འགྲོ་སྟོང་ར་མདོ་རྒྱས་བསྡུས། བྱིན་རླབས་ཁོག་དབུབ་བཀའ་གཉིས་ལས། དང་པོ་སྒྱུ་ལུས་དབང་མོ་ཆེ་འདི་འོད་གསལ་རྗེས་སུ་བསྐུར་དགོས་ཞེས་རྗེ་འཇམ་མགོན་གྱིས་གསུང༌། ཞེས་རྒྱུད་སྡེ་ལྔ་གཙོ་བསྡུས་ཀྱི་དབང་ཆེན་དང༌། བཀའ་གཉིས་པ་རྒྱུད་སྡེ་ལྔ་ཡི་ཏིང་ངེ་འཛིན་དབང་བཅས་ཐོབ། ལྗགས་ལུང་སྐོར་ལ། རྩ་བ་ཆོས་དྲུག །སྡོང་པོ་ཕྱག་ཆེན། ཡལ་ག་ལམ་ཁྱེར། འབྲས་བུ་འཆི་མེད་དང་བཅས་པའི་རྡོ་རྗེའི་ཚིག་རྐང༌། འགྲེལ་པ་བཅས་དང༌། མེ་ཏོག་མཁའ་སྤྱོད་རྩ་བའོ། བདེ་མཆོག་ལྷ་ལྔའི་མངོན་རྟོགས། དཀྱིལ་ཆོག །ཚོགས་ཀྱི་ཆོ་ག །སྒྲུབ་ཐབས་རྣམ་བཤད། རྒྱུད་སྡེ་ལྔ་གཙོ་བསྡུས་ཀྱི་སྒྲུབ་ཐབས། དཀྱིལ་ཆོག །བསྙེན་ཡིག་ཟབ་དོན་སྙིང་པོ། བརྒྱུད་འདེབས་བདེ་ཆེན་འབེབས་པ་བཅས། དེ་ནས་བདེ་མཆོག་ལྷ་ལྔ་ལ་བརྟེན་པའི་གཏུམ་མོའི་སྒོམ་བཀའ། གཏུམ་མོའི་ཁྲིད་མདོ་རྒྱས་བསྡུས། ལྷ་ལྔའི་སྒྱུ་ལུས་སྒོས་བཀའ། སྒྱུ་ལུས་ཁྲིད་དེ་བཞིན། རྒྱུད་སྡེ་ལྔ་བསྡུས་ཀྱི་རྨི་ལམ་སྒོས་བཀའ། རྨི་ལམ་ཁྲིད། བླ་མ་ཧེ་རུ་ཀའི་འོད་གསལ་སྒོས་བཀའ། འོད་གསལ་ཁྲིད། ཕག་མོ་ལྷ་ལྔའི་འཕོ་བའི་སྒོས་བཀའ། འཕོ་བའི་ཁྲིད། དགྱེས་རྡོར་ལྷ་དགུ་ལ་བརྟེན་བར་དེའི་སྒོས་བཀའ། བར་དོའི་ཁྲིད་མདོ་རྒྱས་བསྡུས་གསུམ། གཞུང་ཁྲིད་མ་མོའི་ལྷན་ཐབས། ཐང་སྟོང་པའི་ཁྲིད་ཀྱི་གནད་ཡིག །ཁྲིད་བསྡུས་སྟན་ཐོག་གཅིག་མ་རྣམས་ཁྲིད་ལུང་བཅས། རྒྱུད་སྡེ་ལྔའི་ཏིང་ངེ་འཛིན་གྱི་དབང་འདིར་བསྐུར་དགོས་ཞེས་སྒྲོལ་མགོན་གྱིས་གསུངས། གཞུང་བཀའ་ཕྱི་མའི་གྲལ། ཕྱག་རྒྱ་ཆེན་པོའི་བཀའ་ལྔ་ལས། ཕྱག་ཆེན་གྭའུ་མའི་དབང༌། དེའི་སྔོན་འགྲོའི་སྐོར་མདོ་རྒྱས་གཉིས་དང༌། ཐང་ལུགས་ཁྲིད་ཀྱི་སྔོན་འགྲོ་བཅས། ཕྱག་ཆེན་རྐུ་ཐབས་ཀྱི་ངོ་སྤྲོད་བྱིན་རླབས་གནང༌། དངོས་གཞིའི་ཁྲིད་མདོ་རྒྱས་བསྡུས་གསུམ་བཅས། སྡོང་པོ་ཕྱག་ཆེན་སྐོར་སོགས། ཡང་འབྲས་བུ་འཆི་མེད་འཆུག་མེད་ཀྱི་བྱིན་རླབས་གནང༌། ལུས་སེམས་འཆི་མེད་ཁྲིད་མདོ་རྒྱས་བསྡུས། ཡལ་ག་ལམ་ཁྱེར་སྐོར་གསུམ་ཞེས། དུག་ལྔ་ལམ་ཁྱེར། བླ་མ་ལམ་ཁྱེར། ཡི་དམ་ལམ་ཁྱེར་བཀའ་གསུམ་དང༌། ལམ་ཁྱེར་ཁྲིད་མདོ་རྒྱས་བསྡུས། སྣང་སེམས་སྒྱུ་མའི་ལམ་ཁྱེར་བཀའ་གོང་དུ་སྒྱུ་ལུས་དབང་མོ་ཆེ་སོང་བས་འཐུས། མེ་ཏོག་མཁའ་སྤྱོད་དཀར་དམར་ཞེས་པའི་དཀར་མོའི་དབང་བཀའ་གནང༌། དམར་མོའི་བྱིན་རླབས་གོང་གི་འཕོ་བའི་སྒོམ་བཀས་འཐུས། འཕོ་བ་ཚན་གཉིས་ཆིག་ཁྲིད། མཁའ་སྤྱོད་སུམ་འཕྲུག་གི་བྱིན་རླབས་ཐོབ། ཉམས་ལེན་དབུ་མའི་མདུད་གྲོལ་ཆིག་ཁྲིད། རྗེས་སུ་ཡི་རངས་བཀའ་རྒྱུན་མི་བཞུགས། སྨོན་ལམ་བཀའ་ནི་གུའི་སྨོན་ལམ་གསུངས་ལས་གྲུབ། གསང་སྒྲུབ་སྐོར་གསུམ་ཞེས། བདེ་མཆོག །ཕྱག་རྡོར། རྣམ་འཇོམས་གསུམ་གྱི་བཀའ་དང༌། སུ་ཁ་སིདྡྷིའི་བྱིན་རླབས་དབང་བཀའ་གནང༌། དེའི་ཁྲིད་མདོ་རྒྱས་བསྡུས། ལྟེ་བ་སྤྲུལ་འཁོར་མདོ་རྒྱས་བསྡུས། རཱ་ཧུའི་སྙན་བརྒྱུད་ལྷ་བཞི་དྲིལ་སྒྲུབ་བཀའ། དེའི་ཁྲིད་ཡེ་ཤེས་འོད་འཕྲོ་ཆིག་ཁྲིད་གཞུང་བཀའ་ཕྱི་མའི་དབང༌། མགོན་པོའི་རྗེས་གནང་བར་ཆད་ཀུན་སེལ་གྱི་དབང་བཅས། ལྗགས་ལུང༌། བརྒྱུད་འདེབས་གནས་སྦྱར་མ། ཡང་ཁ་སྐོང་ཅན། གཞུང་བཀའ་སྔ་ཕྱིའི་དབང་ཆོག །འཁྲུལ་འཁོར་རྩ་ཚིག །མཁའ་སྤྱོད་དཀར་མོའི་བསྟོད་པ་རྒྱ་གཞུང༌། སུ་ཁ་སིདྡྷིའི་ཆོས་སྐོར་རྒྱ་གཞུང༌། ལྷ་བཞིའི་ཉམས་ལེན་གསེར་ཆོས་སྔོན་རྗེས་ངག་འདོན། རྩ་ཚིག་འཁྲུལ་མེད་རྡོ་རྗེའི་རྒྱ་མདུད། ཤངས་པའི་བླ་མཆོད། མགུར་དབྱངས་བྱིན་རླབས་རྒྱ་མཚོ། ཆོས་སྤྱོད་ཨུ་དུམ་ཝ་ར། ཁ་སྐོང་བཅས། དེ་ནས་མགོན་བཀའ་བཅུ་དྲུག་ལས། རྩ་བའི་རྗེས་གནང་བར་ཆད་ཀུན་སེལ། ཞང་སྒོམ་པའི་བཀའ་སྲོལ་ལྟར་ཐུན་མིན་གནང༌། གཏོར་དབང་ཐུན་མོང་བ་ཟུར་དུ་མ་གནང་ཡང་བཀའ་གཉིས་པར་བགྲང༌། མགོན་དཀར་ཡིད་བཞིན་ནོར་བུ། ཕྱག་དྲུག་མཐིང་གི་གཏོར་དབང་ཐུན་མོང་བ་དང༌། མགོན་དཀར་ཡིད་བཞིན་ནོར་བུ་གཉིས་འཇམ་མགོན་བླ་མ་ཆོས་ཀྱི་བློ་གྲོས་མཆོག་ལས་ཀྱང་བཀའ་དྲིན་ཐོབ། མགོན་སེར་བློ་གྲོས་ནོར་འཕེལ། མགོན་དམར་དབང་གི་རྒྱལ་པོ། མགོན་ལྗང་ཚེ་ཡི་བདག་པོ། བླ་མགོན་དབྱེར་མེད། གྲིབ་སེལ་རྗེས་གནང༌། མཁའ་འགྲོ་དབང་བསྡུས་གནད་དབབ། གསང་སྒྲུབ་མཆིན་ཁ། ས་ར་ཧའི་ཞལ་གསུམ་ཕྱག་དྲུག །གསུང་སྒྲུབ་རྒྱན་ཅན། འདིའི་མཐར་སྤྱི་ཡི་མཐའ་རྟེན་རྗེས་གནང་སྦྱར། བྱིན་རླབས་ལྷ་བཞིའི་བཀའ་བཅས་དང༌། ཐང་རྒྱལ་ཕྱག་ཆེན་གྭའུ་མའི་ཁྲིད་ཡིག་མཐར་བཞུགས་པའི་བླ་མགོན་དབྱེར་མེད་ཆིག་ཁྲིད། སློབ་མ་ཉམས་ལེན་མཁན་ཉུང་བསྡུས་ལ། སྙིང་ཞུགས་རྗེས་གནང་སྲོག་གི་རྒྱ་ཅན་དང༌། སྙིང་ཞུགས་བླ་མའི་རྣལ་འབྱོར་ཁྲིད་ལུང༌། ཀྵེ་ཏྲ་པཱ་ལའི་སྲོག་གཏད་བཅས་གནང་ཞིང༌། དབང་ཆོག་རྣམས་ཀྱི་འབྲུ་ལུང་བཅས། ཡང་སློབ་མ་ལྷན་ལ་ཤངས་ལུགས་མཁའ་འགྲོ་སྡེ་ལྔའི་རྗེས་གནང་བསྩལ། ལུང་སྐོར་ལ། མགོན་བཀའི་ཡི་གེ་ཙིནྟཱ་མ་ཎི། ཕྱག་དྲུག་པའི་གཏོར་ཆོག །དེའི་ཁ་སྐོང༌། མགོན་པོ་དཀར་མཐིང་མངའ་གསོལ། གཏོར་ཆོག་བསྡུས་པ། མཁའ་འགྲོ་སྡེ་ལྔའི་མཆོད་གཏོར། དབང་ཡིག་བཅས་ཤངས་ཆོས་ལེགས་པར་གྲུབ་བོ། ༈ གླེགས་བམ། ༼ཇ༽ པར། རྗེ་དམ་པ་སངས་རྒྱས་ཀྱི་དམ་ཆོས་སྡུག་བསྔལ་ཞི་བྱེད་སྐོར་ལས། བཀའ་བབ་དང་པོ་སྒྲོལ་མ་རྣམ་གསུམ་སྤྱི་དབང་ཞེས་འཇམ་དཔལ་དབང་བཞི་དང༌། སྒྲོལ་མ། འཇམ་དཔལ། སྤྱན་གཟིགས་གསུམ་སོ་སོའི་རིགས་གཏད་ཐོབ། ཞི་བྱེད་ཁྲིད་ཡིག་བདུད་རྩིའི་སྙིང་ཁུ་ལས། སྒྲོལ་མ་རྣམ་གསུམ་ཆིག་ཁྲིད། ༈ བཀའ་བབ་བར་པ། རྨ་ལུགས་ཕྱག་ཆེན་དབང༌། ཕྱག་རྒྱ་ཆེན་པོའི་གདམས་ཁྲིད། སོ་ལུགས་བླ་མའི་བྱིན་རླབས། སོ་རིགས་པ་གཅེར་མཐོང་གི་ཁྲིད། ཀཾ་ལུགས་ཤེར་ཕྱིན་མའི་རིག་གཏད། དེའི་དོན་ཁྲིད་བརྒྱ་ནང་ཤེར་ཕྱིན་བཀའ་བབ་དྲུག་ཁྲིད། ཐུབ་ཁྲིད་དབང་བརྟུལ་གྱི་གང་ཟག་སྨིན་བྱེད་ཚོགས་ལམ་བློ་སྦྱོང༌། ཁྲིད་ལོ་ཆེན་གསུང་ལྟར། སྦྱོར་ལམ་དཀའ་ཐུབ་ཀྱི་དབང༌། ཁྲིད། མཐོང་ལམ་མི་རྟོགས་པའི་ཡེ་ཤེས་འཆར་བྱེད་དབང༌། དེའི་སྤྱོད་པ་རྗེས་ཀྱི་ཁྲིད། སྒོམ་ལམ་རོ་སྙོམས་བྱིན་རླབས། དེའི་རོ་སྙོམས་ཁྲིད། མཐར་ལམ་བྱ་བྲལ་སྒོམ་པ་བདག་གཏོད་བྱིན་རླབས་དབང་གནང༌། དེའི་ཁྲིད་མཐར་ལམ་བྱ་བྲལ་བཅས་ལམ་ལྔ་རྫོགས། ༈ དབང་པོ་འབྲིང་གི་སྨིན་བྱེད་ལམ་གསུམ་གཞུང་མ་ལས། བློ་སྦྱོང་དབང་ལམ་ལྔའི་སྔར་སོང་དེས་གོ་ཆོད་པར་མཛད་ནས། བཀའ་ཐུབ་དང་ཐར་ལམ་བདག་གཏོད་བྱིན་རླབས་ཐོབ། ༈ དབང་དོན་སྨིན་བྱེད་ཟབ་མོ་ཀུ་སུ་ལུའི་དབང་གནང༌། ལམ་ལྔའི་ཁྲིད་ཁྲིད་བརྒྱ་ལའང་བཞུགས་པ་མདོར་བསྟན་དང་སྔར་སོང༌། སྙེ་མདོ་པའི་ལམ་ལྔའི་ཁྲིད་ཡིག་དྲི་མེད་སྣང་བ་ཆིག་ཁྲིད་རྒྱས་བཤད། རྟེན་འབྲེལ་བདག་གཏོད་བྱིན་རླབས་བཅས་སོ། དེ་ནས་ཡང༌། ཐུགས་དམ་བདེ་གཤེགས་བཅུ་གཉིས་ཀྱི་དབང་གི་སྟ་གོན། དབང་བཞི་དངོས་ཆིག་རྫོགས། མཻ་ཏྲིའི་བདེ་མཆོག་ལྷ་བཅུ་གསུམ་མའི་དབང་བཞི། རྡོ་རྗེ་རྣལ་འབྱོར་མ་ཕྱི་སྒྲུབ་ཞལ་གཉིས་མའི་དབང་བཞི། ནང་སྒྲུབ་ཕག་མོ་དམར་ཆུང་གི་དབང་བཞི། གསང་སྒྲུབ་ཁྲོས་ནག་དབང་བཞི། ཡང་གསང་རྡོ་རྗེ་གཏུམ་པོ་མཁའ་འགྲོ་བདུད་རྩི་བུམ་པའི་དབང༌། གསང་བ་ལས་ཀྱང་ཆེས་གསང་བ་མགོན་པོ་བེར་ཨ་གྷོ་རའི་དབང་བཞི། གཏོར་མའི་རྗེས་གནང༌། ཞིང་སྐྱེས་མཁའ་འགྲོ་ཀུན་ཏུ་རི་དང༌། གནོད་སྦྱིན་ནོར་བུ་བཟང་པོའི་རྗེས་གནང་བཅས་དང༌། དམ་པའི་རྟེན་འབྲེལ་ཁང་འཇུག་གི་བྱིན་རླབས་ཕྱག་ལེན་ཞིབ་རྒྱས་སུ་བསྩལ་བ་ཐོབ། ལུང་སྐོར་ལ། རྩ་བའི་གཞུང་བསམ་མི་ཁྱབ་པའི་རྒྱུད་སྡེའི་དུམ་བུ། མཆན་འགྲེལ། ལམ་དྲི་མ་མེད་པ་དངུལ་སྒོང་དག་པའི་སྐོར། གསེར་སྒོང་དག་པ། ཤེལ་སྒོང་དག་པ། དིང་རི་བརྒྱད་ཅུ་རྡོ་རྗེའི་མགུར་ས་བཅད་བཅས་དང༌། ཞི་བྱེད་དབང་ཆོག །གསོལ་འདེབས་གསེར་ཕྲེང༌། ཐུགས་ཀྱི་ཞལ་ཆེམས་པདྨོ་བརྩེགས་པ། དམ་པའི་སྨོན་ལམ་སུམ་ཅུ། ཀུན་དགའི་སྨོན་ལམ་བཅུ་གསུམ། ཞི་བྱེད་བླ་མཆོད་བཅས་སོ། ༈ ད་ནི་མ་གཅིག་གི་གཅོད་ཡུལ་སྐོར་ལས། ཟུར་ལུགས་གཅོད་དབང་ནམ་མཁའ་སྒོ་འབྱེད་དང༌། རྒྱལ་ཐང་ལུགས་ཀྱི་གཅོད་དབང་ནམ་མཁའ་སྒོ་འབྱེད་བཅས་ཀྱི་བྱིན་རླབས་ཐོབ། རྒྱལ་ཐང་ལུགས་ཀྱི་གཅོད་དབང་དང་བཀའ་ཁྲིད་ཀུན་གཟིགས་འཇམ་པའི་དབྱངས་ཆོས་ཀྱི་བློ་གྲོས་ལས་ཀྱང་བཀའ་དྲིན་ཐོབ་པ་བརྒྱུད་པ་གཏེར་མཛོད་ཐོབ་ཡིག་ཏུ་གསལ། ཁྲིད་ཀྱི་སྐོར་ཀར་གཅོད་རང་བྱུང་རྡོ་རྗེའི་གཅོད་ཁྲིད་ཀྱིས་མདོར་བསྟན། དམིགས་ཟིན་ཤེལ་དཀར་མེ་ལོང་གིས་རྒྱས་ཁྲིད། ཀུན་དགའི་སྐྱེད་ཚལ་དོན་བསྡུའི་ཚུལ་དང༌། རི་འགྲིམ་ཟིན། ཞྭ་དམར་གཅོད་ཁྲིད། ཆགས་མེད་ལུས་སྦྱིན་རྣམས་ཁྲིད་ལུང༌། རྒྱལ་ཐང་ལུགས་ཁྲིད་བརྒྱ་ནང་ལྟར་མདོ་བསྟན། གནད་དོན་སྙིང་པོས་རྒྱས་ཁྲིད། སླར་དོན་བསྡུ་བཅས་དང༌། རྒྱལ་ཐང་ལུགས་ཀྱི་གཅོད་ཁྲིད་དགེ་མང་མཁན་རིན་པོ་ཆེ་འཇམ་དབྱངས་ཐེག་མཆོག་བསྟན་འཛིན་ལས་ཀྱང་བཀའ་དྲིན་དུ་ཐོབ་པ་རྒྱས་སྲས་གཞན་ཕན་མཐའ་ཡས། དཔལ་སྤྲུལ་རིན་པོ་ཆེ། ཨོ་རྒྱན་བསྟན་འཛིན་ནོར་བུ། མཁན་ཐེག་མཆོག་ལས་སོ། ལྗགས་ལུང་སྐོར། ཨཱརྻ་དེ་ཝའི་གཞུང་རྩ་བ། གཞུང་འགྲེལ་ཟག་མེད་སྦྲང་རྩི། མ་གཅིག་ནི་བཀའ་ཚོམ་ཆེན་མོ། དེའི་ས་བཅད་དང་འབྲེལ་པ་ཡང་ཚོམ་ཞུས་ལེན། ཉིང་ཚོམ་ཆོས་ཀྱི་རྩ་བ། ཐུན་མོང་ལེ་ལག ཐུན་མིན་ལེ་ལེན། ཁྱད་པར་གྱི་ལེ་ལན། ཤེས་རབ་སྐྲ་རྩེའི་ས་གཞུང་སྤེལ་མ། ཟབ་དོན་ཐུགས་སྙིང་དབང་ཆོག་ཚན་གསུམ། ཚོགས་ལས་ཡོན་ཏན་ཀུན་འབྱུང་གཞུང་དང༌། ཡན་ལག་སྐོང་བ་རྣམས་དང༌། ཌཱ་ཀི་མའི་གཏོར་འབུལ། བཀའ་བརྒྱུད་ཚོགས་ལས། ལུས་སྦྱིན་བཅས་དང༌། གཅོད་ཡུལ་སྙིང་པོ་གཏན་ཐོག་གཅིག་མ་བཅས་ཞི་གཅོད་སྐོར་རྫོགས། ༈ གླེགས་བམ། ༼ཉ༽ པར། དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ལས། གསུམ་པའི་མན་ངག་སྦྱོར་བ་ཡན་ལག་དྲུག་གི་སྐོར་ལས། དུས་འཁོར་ལྷ་དགུའི་དབང་ཆོག་ལ་བརྟེན། རྡོ་རྗེའི་ཡེ་ཤེས་འབེབས་པའི་མཆོག་དབང་ཐུན་མོང་མ་ཡིན་པ་དང༌། དུས་འཁོར་ལྷན་སྐྱེས་རྗེས་གནང༌། རྡོ་རྗེ་ཤུགས་ཀྱིས་རྗེས་གནང་བཅས་བསྩལ་ཞིང༌། རྗེས་གནང་འདི་གཉིས་དང་པོའི་སངས་རྒྱས་འཇམ་མགོན་བླ་མ་ཆོས་ཀྱི་བློ་གྲོས་ཀྱི་བཀའ་དྲིན་ལས་ཀྱང་ཐོབ་པ་བརྒྱུད་པ་སྒྲུབ་བཏུས་སྐབས་གསལ། ཁྲིད་ལ། སྦྱོར་དྲུག་ཁྲིད་ཀྱི་བརྒྱུད་འདེབས་ལོ་རྒྱུས་བཅས། ཁྲིད་བརྒྱ་ལྟར་མདོར་བསྟན། ཁྲིད་ཡིག་མཐོང་བ་དོན་ལྡན་གྱིས་རྒྱས་ཁྲིད། ཡང་དོན་བསྡུས་བཅས་དང༌། རྟགས་ཚད་ཡི་གེ་གེགས་སེལ། སྟན་ཐོག་གཅིག་མ། ལམ་ཟབ་བདུད་རྩིའི་ཐིག་ལེ་རྣམས་ཁྲིད་ལུང༌། ༈ སྦྱོར་དྲུག་འབྲིང་པོ། གྲུབ་ཆེན་དཔེ་མེད་འཚོའི་ལུགས་ཀྱི་རྣལ་འབྱོར་སྙིང་པོ། དེའི་ཁྲིད་རྡོ་རྗེའི་ཚིག་འབྱེད། ༈ སྦྱོར་དྲུག་བསྡུས་པ། ལྕེ་རྩེ་རྐན་སྦྱར་རྩ་བ། དེའི་ཁྲིད་རྡོ་རྗེ་འཛིན་པའི་ཉེ་ལམ་རྣམས་ཆིག་ཁྲིད། ཁྲིད་བརྒྱ་ནང༌། རྒ་ལོའི་སྦྱོར་དྲུག་ཁྲིད། དུས་འཁོར་སྙན་བརྒྱུད་གཉིས་སུམ་ཁྲིད་བཅས། ལྗགས་ལུང་སྐོར། དུས་འཁོར་རྒྱུད་ཀྱི་སྙིང་པོ། སྦྱོར་དྲུག་མན་ངག་དུས་ཞབས་སྙན་བརྒྱུད། ཤ་ཝ་རིའི་གཞུང་འབྲེལ། དུས་འཁོར་ལྷ་དགུའི་སྒྲུབ་ཐབས། མཆོད་ཆོག །མཆོག་དབང་ཆོ་ག །གསོལ་འདེབས་བརྒྱུད་འཛིན་མཆོག་རྒྱས། སྔོན་འགྲོའི་ངག་འདོན། སྦྱོར་དྲུག་རྩ་ཚིག །བརྒྱུད་འདེབས་བདེ་ཆེན་འབེབས་པ། འཁྲུལ་འཁོར་འགྲེལ། ལྷན་སྐྱེས་དང་རྡོ་རྗེ་ཤུགས་ཀྱི་རྗེས་གནང་སྔོན་དུ་སོང་བས་འཐུས། ཁྲིད་ལ། ཁྲིད་བརྒྱས་མདོར་བསྟན། ཟླ་བ་སེང་གེའི་རྒྱས་ཁྲིད། དོན་བསྡུ་བཅས་དང༌། བསྙེན་སྒྲུབ་གདན་རྫོགས་མའི་སྙིང་ཏིག་ཁྲིད་ལུང་བཅས། ལུང་ལ། གཞུང་རྩ་བ་རིགས་བཞི་མཁའ་འགྲོའི་ཐབས་ལམ་སྨོན་ལམ་རྡོ་རྗེའི་གླུ། བསྙེན་སྒྲུབ་འགྲེལ་བཤད། སྔོན་འགྲོའི་ཆོ་ག །སྨོན་ལམ་རྒྱལ་བ་རྒྱ་མཚོ་བཅས་སོ། ༈ གླེགས་བམ། ༼ཏ༽ པར། གདམས་ཕྲན་སྣ་ཚོགས་སྐོར་ལས། གྲུབ་ཆེན་བརྒྱད་བཅུ་རྩ་བཞིའི་བྱིན་རླབས། ཆོས་སྐྱོང་རྗེས་གནང་བཅས། ཁྲིད་རྫོགས་རིམ་རིན་ཆེན་ཕྲེང་བ་ལ་མདོ་རྒྱས་བསྡུས། ༈ གྲུབ་ཆེན་མི་ཏྲ་ཛོ་ཀིའི་མན་ངག །སྤྱན་རས་གཟིགས་རྒྱལ་བ་རྒྱ་མཚོའི་དབང་ཐོབ། ཁྲིད་བྱང་ཆུབ་ལམ་རིམ་དང༌། དམིགས་རིམ་གསེར་གྱི་ཐུར་མ་གཉིས་ཁྲིད་ལུང༌། འཇམ་དཔལ་རྗེས་གནང་སྤྲོས་མེད་དབང་བཞི་བཅས། སྐུ་ཡི་ཁྲིད་ཤེས་རབ་འཕེལ་བྱེད། ཕྱག་རྡོར་རྗེས་གནང༌། ཐུགས་ཁྲིད་བདུད་དཔུང་འཇོམས་བྱེད། ཚེ་དཔག་མེད་ཀྱི་རྗེས་གནང༌། ཡོན་ཏན་ཁྲིད་རྡོ་རྗེའི་སྐུ་སྒྲུབ། སྒྲོལ་མའི་རྗེས་གནང༌། ཕྲིན་ལས་ཁྲིད་འཇིགས་པ་བརྒྱད་སྐྱོབས། ཛཾ་བྷ་ལའི་རྗེས་གནང༌། དེའི་ཁྲིད་དངོས་གྲུབ་ཆར་འབེབས། བྲག་ལྷ་མགོན་པོའི་རྗེས་གནང་བཅས། ལྗགས་ལུང་ལ། གྲུབ་བརྒྱའི་དབང་ཆོག །གྲུབ་བརྒྱའི་བླ་མཆོད། བླ་མའི་རྣལ་འབྱོར་རྒྱ་གར་ལུགས། རྒྱལ་རྒྱམ་དབང་ཆོག །དེའི་མཆོད་འགྲིག །འཇམ་དབྱངས། ཕྱག་རྡོར། ཚེ་དཔག་མེད། སྒྲོལ་མ། ཛཾ་ལྷ། བྲག་མགོན་རྣམས་ཀྱི་དབང་ཆོག །བྲག་མགོན་གཏོར་ཆོག །སྤྱན་རས་གཟིགས་ལམ་རིམ་རྡོ་རྗེའི་ཚིག་རྐང༌། དེའི་བསྙེན་སྒྲུབ་བདུད་རྩིའི་ཆུ་རྒྱུན། ལམ་རིམ་བརྒྱུད་འདེབས་བཅས་སོ། ༈ མི་ཏྲ་ལུགས་སེམས་ཉིད་ངལ་གསོ། དེའི་ཁྲིད་མཁྱེན་བརྩེའི་དབང་པོའི་འཆད་ཐབས་བླ་མའི་ཞལ་ལུང་བདུད་རྩིའི་སྣང་བ་ཁྲིད་སྐོར་ལྡེབ་༡༧དུ་གསལ་བ་ལྟར། ཁྲིད་ཀྱི་ཟིན་བྲིས་ཉིན་དང་པོར་སྔོན་འགྲོ་ཉིས་ཁྲིད། ཉིན་གཉིས་པར་སྔོན་འགྲོ་ཆིག་ཁྲིད། དངོས་གཞི་ཉིན་ཁྲིད། ཉིན་གསུམ་པར་རྗེས་ཀྱི་རིམ་པའི་ཁྲིད། ཁྲིད་བརྒྱའི་རྒྱས་དོན་བསྡུ་བཅས་དང༌། ལུང་ལ། སེམས་ཉིད་ངལ་གསོའི་རྩ་བ། སྙིང་པོ་དོན་གྱི་ངོ་སྤྲོད། གཅེས་པའི་སྙིང་པོ། རྟོགས་བརྗོད་སུམ་ཅུ་པ། དེའི་འབྲུ་བཤད། རྗེ་བླ་མའི་གཞུང་འགྲེལ། ངལ་གསོའི་རྩ་བ་མདོ་རྒྱུད་ལུང་སྦྱོར། ཁྲིད་ཀྱི་ཉམས་གླུ། གསོལ་འདེབས་གནས་སྦྱར་མ་བཅས། ༈ མི་ཏྲ་ལུགས་སྙིང་པོ་དོན་གསུམ། དམར་ཁྲིད་གྲུབ་པ་མཆོག་གི་ཤིང་རྟ་ལ་མདོ་རྒྱས་བསྡུས། དེའི་ལུང་རྩ་བ་རྡོ་རྗེའི་ཚིག །བརྒྱུད་འདེབས། ཉམས་ལེན་ངག་འདོན་སྙིང་པོ་རྣམས་སོ། ༈ ཚེམ་བུ་ལུགས་ཁྲིད་བརྒྱ་ལྟར་སུམ་ཁྲིད། མཁྱེན་རབ་ཆོས་རྗེའི་ཁྲིད་ཡིག་རྒྱས་པ། ལུང་མཁྱེན་བརྩེའི་དབང་པོའི་གསུང་གསོལ་འདེབས། ཁྲིད་ཀྱི་ས་བཅད། བསྐྱེད་རྫོགས་སྙིང་པོར་དྲིལ་བ། ཉམས་ལེན་ཤིན་ཏུ་བསྡུས་པ་བཅས་སོ། ༈ ཡང༌། གཞུང་ཁྲིད་སོ་སོ་ལ་ཁྲིད་བརྒྱ་ལྟར་མདོར་བསྟན་དོན་བསྡུ་སྦྱར་བས། སྐྱེར་སྒོམ་ལུགས། སྤྱན་རས་གཟིགས་སྙིང་རྗེ་མཁའ་ཁྱབ། ༈ དཔལ་མོ་ལུགས་ཞལ་སྐྱིན་མོ་ཐུགས་རྗེ་ཆེན་པོའི་དམར་ཁྲིད། ༈ ཟླ་རྒྱལ་ལུགས་ཉམས་ལེན་སྙིང་པོ། ༈ རྒྱལ་པོ་ལུགས་ཉམས་ལེན་སྙིང་པོ་དྲིལ་བ་རྣམས་དང༌། ༈ ཐང་རྒྱལ་ཡིག་དྲུག་སྒོམ་ལུང་གནང༌། ༈ བོ་དོང་ཕྱག་ཆེན་ཁྲིད་ལུང༌། ༈ རས་ཆེན་དཔལ་འབྱོར་བའི་གཏུམ་མོ་ཞག་བདུན་ཁྲིད། ༈ ཀུན་མཁྱེན་བོ་དོང་བའི་ཐུབ་པ་མདོ་གཅོད་ཟབ་དོན་ཡང་སྙིང་སོགས་ཁྲིད་ཚན་གསུམ། ༈ རས་ཆེན་དཔལ་འབྱོར་བཟང་པོའི་འཕོ་བའི་ཁྲིད་ལུང༌། ༈ རོང་སྟོན་ཡུམ་ལ་གནང་བའི་འཕོ་ཁྲིད། ཁྲིད་བརྒྱ་ནང་ཕག་སེར་ཀུརྨ་ས་དའི་ཁྲིད། ༈ ཇོ་ནང་ཏཱ་ར་ན་ཐའི་གསར་འགྱུར་བཀའ་བབ་བདུན་གྱི་ཁྲིད་ལུང་སོ་སོའི་བརྒྱུད་འདེབས་བཅས་དང༌། མེ་ཏོག་བཅུད་ལེན་རིམ་ལྔ། ཆུ་ཡི་བཅུད་ལེན། སྙན་བརྒྱུད་རྡེའུ་དང༌། མེ་ཏོག་བཅུད་ལེན་རྣམས་ཁྲིད་ལུང་བཅས་སོ། ལྗགས་ལུང་ལ། སྐྱེར་སྒོམ་ལུགས་ཀྱི་བརྒྱུད་འདེབས། དཔལ་མོ་ལུགས་བརྒྱུད་འདེབས། ངག་འདོན་རྗེ་བླ་མའི་གསུང༌། ཟླ་རྒྱས་ལུགས་བརྒྱུད་འདེབས། རྒྱལ་པོ་ལུགས་ཀྱི་བརྒྱུད་འདེབས། ཐང་རྒྱལ་ཡིག་དྲུག་ཉམས་ལེན་གཞུང་གསལ་བྱེད། གསོལ་འདེབས། ཐང་རྒྱལ་ཉེ་བརྒྱུད་བླ་མའི་རྣལ་འབྱོར་གྱི་གདམས་པ། དེའི་ཁྲིད་ཡིག །བོ་དོང་ཕྱག་ཆེན་སྔོན་འགྲོའི་ངག་འདོན། ཟབ་གསལ་རིང་ལུགས་བརྒྱུད་འདེབས། རས་ཆེན་སྔོན་འགྲོའི་ངག་འདོན། ཐུབ་པ་མདོ་གཅོད་ངག་འདོན། རོང་སྟོན་འཕོ་བའི་གདམས་སྐོར་གཞུང་ལྷན་ཐབས། ཇོ་ནང་གསར་འགྱུར་བཀའ་བབ་བདུན་གྱི་རྩ་ཁྲིད་དང་རྒྱ་གཞུང༌། བརྒྱུད་འདེབས་བཅས་དང༌། ཁྲིད་བརྒྱའི་ཁུང་གླེང་བ། ྃརྟགས་ཅན་རྣམས་ཁྲིད་བརྒྱའི་དབུ་འཛུགས་པའི་གོང་དུ་གསུངས་དགོས། ཁྲིད་བརྒྱ་བརྒྱུད་པའི་གསོལྃ་འདེབས། སོ་སོའི་ལོ་རྒྱུས་ཀྱི་ཡིྃ་གེ །སྔོན་འགྲོ་ཐུན་མོངྃ་དང་ཐུན་མིནྃ་ཁྲིད་བརྒྱའི་ས་འགྲེལ་འཕྲུལ་གྱི་ལྡེ་མིག །ཁྲིད་བརྒྱའི་མཚན་སྡོམ། པོད་དབང་ཡིག་ཆ་ཞ་ལུས་གསུང༌། འདུལ་བའི་ལས་ཆོག་མཐོང་བ་དོན་ལྡན། སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་བླ་མཆོད། དཀར་ཆག་བཀྲ་ཤིས་གྲགས་པའི་རྒྱ་མཚོ་བཅས། ༈ གླེགས་བམ། ༼ཀ༽ པར། གསང་སྔགས་སྔ་འགྱུར་རྙིང་མ་ཞེས་ཡོ་ག་སྡེ་གསུམ་དུ་བཞུགས་པའི་སྨིན་གྲོལ་སྐོར་ལས། དང་པོ་མ་ཧཱ་ཡོ་གའི་སྐོར། སྨིན་བྱེད་སྔོན་དུ་ཐོབ་ཟིན་པའི་དབང་དུ་བཏང་ཏེ་ཁྲིད་ཀྱི་རིམ་པར་པདྨ་ལམ་རིམ་སྤྱི་ཆོས་རིན་ཆེན་སྤུངས་པའི་མཐའ་ཡི་རྒད་པོ་མཁར་བཙུགས་དང༌། རྒན་མོ་མཛུབ་བཙུགས་གཉིས་ལ་མདོ་རྒྱས་བསྡུས། སྒྱུ་འཕྲུལ་དྲྭ་བའི་གྲོལ་བྱེད་ལམ་གྱི་སྙིང་པོའི་དོན་ཁྲིད་བཅས། ལུང་ལ། སངས་རྒྱས་གསང་པའི་ལམ་ཆུང༌། མདོ་སྔགས་སྤྱི་ཆོས་རིན་ཆེན་སྤུངས་པ། སློབ་དཔོན་པདྨའི་མན་ངག་ལྟ་ཕྲེང༌། དེའི་འགྲེལ་པ་ཉི་མའི་འོད་ཟེར། མ་མོ་གསང་བ་ལས་ཀྱི་ཐིག་ལེ་བཅས། གཉིས་པ་ཨ་ནུ་ཡོ་གའི་སྨིན་ཁྲིད་ལ་སྨིན་བྱེད་འདུས་མདོ་བཀའ་གཏེར་གང་རུང་སྔོན་དུ་སོང་ཟིན་བའི་དབང་དུ་མཛད་ནས། འདུས་པ་མདོ་ཡི་ངང་སྒོམ་ཁྲིད་དང༌། དོངས་སྤྲུགས་ཁྲིད་ཟབ་ལམ་སྣང་བྱེད་གཉིས། ཆིག་ཁྲིད། བདེ་བ་གསལ་མཛད་ཀྱི་རྣལ་འབྱོར་བཞི་རིམ་བཅས། གསུམ་པ་ཨ་ཏི་ཡོ་ག་ལ་གསུམ་ལས། ཕྱི་སེམས་སྡེའི་སྨིན་བྱེད་ལ། དངོས་གཞི་རིག་པ་རྩལ་གྱི་དབང་བཅོ་བརྒྱད་པོ་རེ་རེ་བཞིན་དབང་ཐོག་མ་ལ་མཚམས་སྦྱོར་བཅས་ཀུན་བཟང་དོན་ཕྲིན་མཐར་བུམ་དབང་དང་སྦུབ་མཆུའི་ངོ་སྤྲོད། དགོངས་ཉམས་གླུ་བཅས་བདག་བརྟགས་པའི་མན་ངག་གི་དབང་དང་པོ་གནང༌། དེ་ནས་གཞན་རྣམས་སྔོན་བཞིན་ལ་དོན་ཕྲིན་མཚམས་སྦྱོར་བསྡུས་པ་བཅས། ཡེ་ཤེས་ངོས་བཟུང་གིས་དབང་གཉིས་པ་རིག་པ་སྤྱི་བླུགས་ཀྱི་དབང་གསུམ་སྤྲུལ་སྐུ་ཐུག་ཕྲད་ཀྱིས་དབང་བཞི་པ། ཚོགས་བརྒྱད་ལྷུག་པས་དབང་ལྔ་པ། ཆོས་ཉིད་ཀློང་བརྡོལ་གྱིས་དབང་དྲུག་པ། དུག་ལྔ་རང་གྲོལ་གྱིས་དབང་བདུན་པ། འཁོར་བ་དོངས་སྤྲུགས་ཀྱིས་དབང་བརྒྱད་པ། ཡེ་ཤེས་གསལ་བས་དབང་དགུ་པ། བདེ་ཆེན་པོས་དབང་བཅུ་པ། སེམས་ཀྱི་འདས་དབང་བཅུ་གཅིག་པ། རིག་པ་མི་གཡོ་བས་དབང་བཅུ་གཉིས་པ། སེམས་རྫོགས་པས་དབང་བཅུ་གསུམ་པ། གཉིས་མེད་ངང་གིས་དབང་བཅུ་བཞི་པ། རྡོ་རྗེ་རང་འཁྲུང་གིས་དབང་བཅོ་ལྔ་པ། བཏང་སྙོམས་ཆེན་པོས་བཅུ་དྲུག་པ། རྩེ་གཅིག་པས་དབང་བཅུ་བདུན་པ། ལྷུན་གྲུབ་མན་ངག་གིས་དབང་བཅོ་བརྒྱད་བཅས་ཡོངས་སུ་རྫོགས་པ་དང༌། སླར་གཏང་རག་ཚོགས་མཆོད། གདམས་ངག་མགུར། རྗེས་རིམ་བཅས་གྲུབ་པ་དང༌། ཁྲིད་ལ་ཀུན་བྱེད་རྒྱལ་པོའི་དོན་ཁྲིད། ཉང་ལུགས་ཁྲིད། ཁམས་ལུགས་ཁྲིད། ཨ་རོ་ལུགས་རྣམས་ཚིག་ཁྲིད་དུ་བསྩལ། གཉིས་པ་ནང་ཀློང་སྡེའི་སྐོར། སྨིན་བྱེད་རྡོ་རྗེ་ཟམ་པའི་སྒོམ་ཚུལ་བླ་མའི་བྱིན་རླབས་དབང་ཆོག་ཡེ་ཤེས་ཆུ་རྒྱུན་ལྟར་ཐོབ། ཀློང་སྡེའི་སྒོམ་ཁྲིད་འོལ་ཇོ་སྲས་ལུགས་དང་ཞྭ་དམར་སྤྱན་སྔའི་ཁྲིད་སྐལ་བཟང་མིག་འབྱེད་གཉིས་ཁྲིད་ལུང་བཅས། གསུམ་པ་མན་ངག་སྡེའི་སྨིན་བྱེད་སྤྲོས་བཅས་དབང་ཆོག་ཚང་བའི་དྲྭ་བ་ལྟར་ཐོབ། སྙིང་ཏིག་མ་བུའི་ཁྲིད་ཡིག་དྲི་མེད་ཞལ་ལུང་གི་སྔོན་འགྲོ་ཚིག་ཁྲིད། སྤྲོས་མེད་དབང་རིན་པོ་ཆེའི་དྲྭ་བ་ལྟར་གནང་སྟེ། ཁྲེགས་ཆོད་དངོས་གཞི་ཆིག་ཁྲིད་དུ་བསྩལ། ཤིན་ཏུ་སྤྲོས་མེད་དང༌། རབ་ཏུ་སྤྲོས་མེད་ཀྱི་དབང་གནང་ཏེ་ཐོད་བརྒལ་ཁྲིད་ནས་ཡོངས་སུ་རྫོགས་ཀྱི་བར་ཆིག་ཁྲིད་དུ་གསུངས། སླར་ཡང་སྔོན་འགྲོ་སེམས་སྦྱངས་བདུན། ཁྲེགས་ཆོད་ཡེ་བབ་སོར་བཞག །འོད་གསལ་སྙིང་གི་དོན་ཁྲིད་བཅས་དོན་ཁྲིད་སྐོར་གསུམ་ཁྲིད་དུ་གསུང༌། གསང་སྐོར་གཏོར་མའི་དབང་ལག་ལེན་གསལ་སྒྲོན་ལྟར་ཐོབ། མཆོག་གསང་ལམ་ཁྲིད་ཆེན་མོ་ཆིག་ཁྲིད། པད་ལུགས་མཁའ་འགྲོ་ཡང་ཏིག་ཁྲིད་ཡིག་རིན་ཆེན་གསེར་ཕྲེང༌། ཀློང་ཆེན་པའི་སེམས་ཉིད་ངལ་གསོ་དགེ་བ་གསུམ་གྱི་དོན་ཁྲིད་དང༌། རང་གྲོལ་སྐོར་གསུམ་རྣམས་ཁྲིད་ལུང༌། ཁྲིད་བརྒྱ་ནང་ནོར་བུ་མཐོང་གྲོལ་སུམ་ཁྲིད་བཅས། དེ་ལྟར་སེམས་ཀློང་མན་ངག་སྡེ་གསུམ་གྱི་སྨིན་བྱེད། བཀའ་སྲུང་སྡེ་བདུན་རྗེས་གནང་དང༌། མན་ངག་སྡེའི་ཁྲིད་དོན་ཁྲིད་སྐོར་གསུམ། པད་ལུགས་རིན་ཆེན་གསེར་ཕྲེང་ཁྲིད་བཅས་བི་མ་དངོས་སྣང་འཇམ་དབྱངས་བླ་མ་ཆོས་ཀྱི་བློ་གྲོས་རིན་པོ་ཆེ་ལས་ཀྱང་དགྱེས་པས་བཀའ་དྲིན་དུ་ཐོབ། བླ་མ་ཡང་ཏིག་དོན་ཁྲིད་སྐོར་གསུམ་ཐེག་པ་མཆོག་གི་རྣལ་འབྱོར་པ་ཀུན་དགའ་དཔལ་ལྡན་ལས་ཀྱང་བཀའ་དྲིན་ལན་གཅིག་ཐོབ་པའི་བརྒྱུད་རིམ་སྙིང་ཐིག་ཡ་བཞིའི་ཐོབ་ཡིག་ཏུ་གསལ། ལུང་གི་སྐོར། ཀུན་བྱེད་རྒྱལ་པོའི་རྒྱུད་ཁོལ་ཕྱུང་མཆན་ཅན། སེམས་སྡེའི་སློབ་དཔོན་བཅོ་བརྒྱད་ཀྱི་རྡོ་རྗེའི་གླུ། སྙིང་པོའི་བསྟན་བཅོས་བྱང་ཆུབ་སེམས་སྒོམ་པ་རྡོ་ལ་གསེར་ཞུན། སེམས་སྡེའི་དབང་ཆོག །བརྒྱུད་འདེབས་ཁ་སྐོང་ཅན། ཀློང་ཆེན་རབ་འབྱམས་རྒྱུད་ཁོལ་ཕྱུང༌། རྡོ་རྗེ་ཟམ་པའི་གཞུང་མན་ངག་ཞལ་གདམས་བཅས། ཟམ་ཆུང་བསྡུས་པ། བཀའ་བརྒྱུད་རིན་པོ་ཆེའི་ཉམས་ཀྱི་ཕྲེང་བ། བྱང་ཆུབ་སེམས་ཀྱི་ཕན་ཡོན་མགུར་དུ་བཞེངས་པ། ཞལ་གདམས་རིན་པོ་ཆེའི་ཕྲེང་བ། མངོན་རྫོགས་རྒྱལ་པོའི་ཕྲིན་ལས། སྒོམ་ཚུལ་བླ་མའི་དབང་ཆོག །སྒོམ་རྟེན་གྱི་ཡི་གེ །མན་ངག་སྡེའི་གདན་ཀྱི་བཅུད་ཕུར་སངས་རྒྱས་ཀྱི་འདས་རྗེས། དེའི་འགྲེལ་པ་སྣང་བའི་རྒྱན། རིག་འཛིན་བཞི་ཡི་འདས་རྗེས། སྤྲོས་བཅས་དབང་ཆོག །མིང་གི་རིམ་པ། མཎྜལ་ཚོགས་གཉིས་སྤྲིན་ཚོགས། སྤྲོས་མེད་དབང་ཆོག །གནད་ཡིག་བུམ་པའི་བརྡ་དོན། བྱིན་རླབས་སྤྲིན་ཕུང༌། ཤིན་ཏུ་སྤྲོས་མེད་དབང་ཆོག །རྒྱན་གྱུར་མཎྜལ། རབ་ཏུ་སྤྲོས་མེད་དབང་ཆོག །ལྔ་ཚན་མཎྜལ། ཚོགས་མཆོད་ཡིད་བཞིན་རྒྱ་མཚོ། གསང་སྐོར་དབང་ཆོག །སྙིང་ཏིག་བླ་མཆོད་ཀུན་བཟང་རྣམ་པར་རོལ་པའི་རྒྱན་བཅས་དང་བཀའ་སྲུང་ཨེ་ཀ་ཛ་ཊཱི་སྡེ་བདུན་གྱི་རྗེས་གནང་བཅས་བསྩལ་ཞིང༌། དེའི་དབང་ཆོག་ལུང་བཅས། རྙིང་མ་སྐོར་རྫོགས། ཐ་མར་དགེ་བ། གླེགས་བམ། ༼ཨ༽ ནང༌། མི་ཏྲ་ལུགས་ཚེ་དཔག་དཀར་པོའི་རྗེས་གནང༌། ཚེ་འཛིན་དཀར་པོ་ཁྲིད་བརྒྱ་ལྟར་སུམ་ཁྲིད། ཏི་པུ་པའི་ཉེ་བརྒྱུད་ཚེ་སྒྲུབ་ཞག་བདུན་མའི་ཉམས་ལེན། གཙུག་ཏོར་རྣམ་རྒྱལ་རྗེས་གནང༌། སྒྲོལ་དཀར་བ་རི་ལུགས་ཀྱི་རྗེས་གནང༌། དེའི་ཚེ་ཁྲིད་བདེ་ལྡན་མགོན་པོའི་ཞལ་ལུང་ཉིད། འཆད་ཐབས་སྐལ་བཟང་རྣ་བའི་དགའ་སྟོན་ལྟར་སུམ་ཁྲིད་ཞག་ལྔ་ལ་གསུངས་ཤིང༌། ཁྲིད་བརྒྱའི་དོན་བསྡུས་བཅས་དང༌། ཚར་ལུགས་སྒྲོལ་དཀར་གྱི་རྗེས་གནང་དང་ཁྲིད། ཚེ་ལྷ་རྣམ་གསུམ་གཅིག་བསྡུས་ཀྱི་རྗེས་གནང་བཅས་འཇམ་མགོན་ཆོས་ཀྱི་བློ་གྲོས་རིན་པོ་ཆེ་ལ་བཀའ་དྲིན་ཐོབ་པའི་སྐལ་བཟང་ཉམས་སུ་མྱོང་བའི་བརྒྱུད་པ་སྒྲུབ་བཏུས་སྐབས་སུ་གསལ། ཁྲིད་བརྒྱ་ནང་གྲུབ་རྒྱལ་ཚེ་ཁྲིད་སུམ་ཁྲིད་བཅས་དང༌། དེ་ལྟར་ཁྲིད་གྲུབ་པའི་རྗེས་སུ་ཁྲིད་བརྒྱའི་པོད་དབང་ལྟར་གདམས་མཛོད་པོད་བཅུ་པོ་ཡོངས་རྫོགས་ཀྱི་དཔེ་དབང་ཐོབ། ལུང་སྐོར་ལ། ཚེ་དཀར་དབང་ཆོག །རྣམ་རྒྱལ་དབང་ཆོག །སྟོང་མཆོད་ཆོ་ག །སྒྲོལ་དཀར་དབང་ཆོག །ཉམས་ལེན་བསྡུས་པ། ཚེ་ལྷ་རྣམ་གསུམ་གྱི་དབང་ཆོག །དེའི་མཆོད་ཆོག་བཅས། སླར་ཡང་མཐའ་རྟེན་དུ་མཁའ་འགྲོ་ནིྃ་གུ་དང་སུྃ་ཁ་སིདྡྷིའི་ཚེ་དབང་དབང་ཆོག་ལུང་བཅས་གངས་ཅན་སྒྲུབ་བརྒྱུད་ཤིང་རྟ་བརྒྱད་གདམས་ཕྲན་དང་བཅས་པའི་སྨིན་ཁྲིད་རྒྱབ་རྟེན་བཅས་ལེགས་པར་རྫོགས་སོ། དེ་ལྟར་འཇམ་མགོན་ཆོས་ཀྱི་རྒྱལ་པོ་རྣམ་གཉིས་ཀྱི་རྒྱལ་བསྟན་རིན་པོ་ཆེ་གཞིར་བཞེངས་སུ་གནང་བར་མཛད་པའི་ཕྱག་རྗེས་ཀྱི་གཙོ་བོ་གངས་ཅན་སྒྲུབ་བརྒྱུད་བསྟན་པའི་སྲོག་གི་ཟུངས་ལྟ་བུར་གྱུར་པ་གདམས་ངག་རིན་པོ་ཆེའི་གསང་མཛོད་ནོར་བུ་དབྱིག་གི་གྲམ་བུ་ཐང་མར་བརྡལ་བ་འདིས་སྨིན་གྲོལ་ཡོངས་རྫོགས་རྩ་བའི་བརྒྱུད་པ་ནི། ཀུན་གཟིགས་འཇམ་པའི་རྡོ་རྗེ་བློ་གྲོས་མཐའ་ཡས་པའི་ཞལ་སྔ་ནས་བདག་གི་བླ་མ་རིན་པོ་ཆེ་རྒྱལ་ཚབ་རྡོ་རྗེ་འཆང་ཆེན་པོ་ལ་གདམས་ངག་རིན་པོ་ཆེའི་མཛོད་ཀྱི་དཀར་ཆག་ལ་གཟིགས་རྟོགས་ཞིབ་ཏུ་གནང་བར་བཀས་བསྐུལ་བར་རྒྱལ་བསྟན་ཡོངས་རྫོགས་ཀྱི་སྙིང་པོ་ཟབ་རྒྱས་ངོ་མཚར་དུ་བྱུང་བའི་གསེར་ཆོས་སུ་ཐུགས་ཤེས་འདྲོང་བའི་རྒྱུ་མཚན་སྙན་དུ་གསོལ་བས། ཕྱིན་ཆད་ངོས་ནས་སྨིན་གྲོལ་ཆོས་འཁོར་བསྐོར་རྒྱུ་བྱུང་ན་གསན་འོས་པ་དང༌། ཅིས་ཀྱང་མ་བྱུང་ཚེ་སློབ་བརྒྱུད་གང་ལས་གསན་ཀྱང་བརྒྱུད་པ་ཁོ་བོ་ལས་འདྲེན་ཆོག་ཅེས་ཕེབས་པ་ལྟར། མཁས་བཙུན་བཟང་པོའི་བདག་ཉིད་མཁས་ཆེན་བླ་མ་བཀྲ་ཤིས་འོད་ཟེར་ཞི་བའི་སྙིང་པོ་མཆོག་ལས་འཇམ་མགོན་རྣམ་པ་གསུམ་གྱི་ཐུ་བོ་ཞེ་ཆེན་པ་འགྱུར་མེད་པདྨ་རྣམ་རྒྱལ་དཔལ་བཟང་པོའམ་པདྨ་བི་ཛ་ཡས་གསན། གང་དེས་ཚད་མེད་པའི་ཐུགས་རྗེ་དང་བཀའ་དྲིན་ཆེན་པོས་བདག་ཅག་རྣམས་ལ་དགྱེས་ཤིང་བརྩེ་བ་ཆེན་པོས་རྗེས་སུ་བཟུང་བའི་སྐལ་ལྡན་དུ་གྱུར་ཏོ། འཕགས་ཡུལ་དུ་འབྱོར་སྐབས་དཔལ་ཀརྨའི་ཆོས་སྒར་རྒྱལ་དབང་ཀརྨ་པ་བཅུ་དྲུག་རིག་པའི་རྡོ་རྗེ་ལས་སྨིན་གྲོལ་རྒྱབ་བརྟེན་བཅས་ཐོབ་ཚུལ་རྗེ་ཉིད་ཀྱི་གསན་ཡིག་ལྟར་ཤེས་པར་བྱ་དགོས་སོ།།}} | ༄༅། །བདེ་ཆེན་དགྱེས་པའི་སྒྱུ་འཕྲུལ་རོལ་མོའི་སྲིད་ཞིར་བརྡལ། །གསང་བ་མཆོག་གི་ཡེ་ཤེས་ཆེན་པོ་རིགས་ཀུན་བདག །དཔག་ཡས་ཆོས་སྒོའི་ས་གསུམ་གདུལ་བྱ་སྨན་མཛད་ཆེ། །དཔལ་ལྡན་བླ་མའི་ཞབས་སེན་ཚངས་གནས་མཛེས་པའི་རྒྱན། །གང་གི་བཀའ་དྲིན་དྲང་སྲོང་དམོད་པ་ཡིས། །གངས་ཅན་ལྷ་ཡི་ཆུ་བོ་ཇི་སྙེད་རྒྱུན། །བདག་བློའི་ས་གཞིར་ཕན་པའི་སྐལ་བཟང་གཏམ། །ལྷ་ཡི་རྔ་ཆེན་རྩོད་པའི་དུས་ཀྱང་འཁྲོལ། །ཞེས་མཆོད་པར་བརྗོད་པར་ཉུང་ངུའི་མདུན་བསུས་ཏེ། དེའང༌། སྟོན་པ་དེ་བཞིན་གཤེགས་པས་ཐེག་པ་ཆེན་པོ་ངེས་པ་དོན་གྱི་ཆོས་འཁོར་འབའ་ཞིག་བསྐོར་བ། དེ་ཉིད་གདུལ་བྱའི་བློ་ཡི་རིམ་པ་དང་བསྟུན་པའི་ཐེག་པ་སྣ་ཚོགས་སུ་གྱུར་ཏེ། སྡེ་སྣོད་དང་ཐེག་པའི་དབྱེ་སྒོ་བསམ་གྱིས་མི་ཁྱབ་མོད། དེ་དག་ཀྱང་གནས་སྐབས་གདུལ་བྱ་ཁ་དྲང་པའི་ཐབས་ཙམ་ལས། མཐར་ཐུག་ཟུང་འཇུག་བདེ་བ་ཆེན་པོའི་གོ་འཕང་དུ་གཤེགས་པ་ལ། གསང་བ་བླ་ན་མེད་པ་རྡོ་རྗེ་ཐེག་པའི་ལམ། དེའང་གྲུབ་པའི་མན་ངག་ཚད་མ་ལ་མ་བསྟེན་པར་འབྲས་བུ་རྡོ་རྗེ་འཆང་ཆེན་པོའི་ཡེ་ཤེས་མངོན་དུ་བྱེད་པར་མི་འགྱུར་ལ། དེ་ལྟ་བུའི་རྒྱུད་དང་མན་ངག་གི་བཀའ་སྲོལ་ཡང་མཐའ་ཡས་པ་ཞིག་བཞུགས་པ་ལས། གངས་ཅན་གྱི་ལྗོངས་འདིར་སྒྲུབ་བརྒྱུད་ཀྱི་རིང་ལུགས་འདྲེན་པ་ཆེ་ཕྲ་མང་དུ་བྱུང་བ། གཙོ་བོའི་རིགས་བསྡུ་ན་ཤིང་རྟ་ཆེན་པོ་བརྒྱད་དུ་གྲགས་པ་སྟེ། མཁས་གྲུབ་ཆེན་པོ་པྲཛྙཱ་རསྨིས། དཔལ་ལྡན་རྡོ་རྗེ་འཆང་ནས་ལེགས་འོངས་པའི། གངས་རིའི་ཁྲོད་འདིར་སྒྲུབ་བརྒྱུད་ཀ་ཆེན་བརྒྱད། དེ་དག་གྲུབ་ཐོབ་གོང་མའི་གཤེགས་ཤུལ་ཡིན། ཐར་འདོད་རྣམས་ཀྱང་ལམ་དེའི་རྗེས་སུ་ཞུགས། ཅེས་གསུངས་པ་ལྟ་རོ། །དེ་ལྟར་སྒྲུབ་བརྒྱུད་རིན་པོ་ཆེའི་བསྟན་པ་དྲི་མ་མེད་པ་དེའང༌། ཕྱིས་ཀྱི་དུས་འདིར། དོན་བརྒྱུད་ཉམས་ལེན་གྱི་བསྟན་པ་ཕལ་ཆེར་ལུང་གི་གཤམ་དུ་ཉེ་བས། བདུད་རྩིའི་ཆུ་ཀླུང་ས་ཡི་བཏུང་བར་མངོན་དུ་ཕྱོགས་པ་ནི། བསྟན་པ་སྙིང་པོའི་རིང་ལུགས་རྨིང་ནས་བསླང་བ་ལ་སྨོན་ལམ་ཐུགས་བསྐྱེད་ཀྱི་མཐུ་ཆེན་པོ་གྲུབ་པ། གསང་བདག་གྲུབ་པའི་དཔའ་བོ་འཇམ་མགོན་བླ་མ་བློ་གྲོས་མཐའ་ཡས་ལ། བཀའ་བབ་བདུན་གྱི་མངའ་བདག། འཇམ་དབྱངས་མཁྱེན་བརྩེའི་དབང་པོས་བཀའ་ཡིས་བསྐུལ་ཏེ། ཤིང་རྟ་བརྒྱད་ཀྱི་གཙོར་བྱས་པའི་སྨིན་གྲོལ་གདམས་པ་རྣམས་ཐུགས་དམ་ཉམས་བཞེས་མཛད་ཅིང༌། བཀའ་ཡི་བསྡུ་པ་ཆེན་པོས་གདམས་ངག་རིན་པོ་ཆེའི་མཛད་དུ་ལེགས་པར་བསྡོམས་པ་ཉིད། འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཉི་ཟླ་ཟུང་གི་ཐུགས་ཀྱིས་སྲས་མཆོག །གངས་ཅན་མཁས་ཤིང་གྲུབ་པའི་དེད་དཔོན་སྔ་འགྱུར་བསྟན་པ་རྒྱ་མཚོའི་སྲོག་འཛིན། རིགས་ཀུན་ཁྱབ་བདག་ཀུན་བཟང་རྡོ་རྗེ་སེམས་དངོས་ལ་ཨོ་རྒྱན་མི་འགྱུར་ཚེ་དབང་གྲུབ་པའི་རྡོ་རྗེའམ་འགྱུར་མེད་པདྨ་བསྟན་འཛིན་མཁས་གྲུབ་རྒྱ་མཚོའི་དབང་པོའི་སྡེའི་ཞལ་སྔ་ནས། ཐུབ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་ཏུ་འདོད་ནས་ཐུགས་བསྐྱེད་ཀྱིས་གྲུབ་ཅིང༌། མཁྱེན་བརྩེ་ནུས་པའི་གསང་བ་མི་ཟད་པའི་ཡོན་ཏན་གྱིས་རྒྱལ་བའི་བསྟན་པ་སྒོ་ཐམས་ཅད་ནས་སྤེལ་བ་ལ་ཐོགས་པ་མེད་པའི་ཀུན་གཟིགས་མཁྱེན་བརྩེའི་རྣམ་རོལ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་རིས་མེད་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་དང༌། འཇམ་མགོན་མཆོག་སྤྲུལ་འགྱུར་མེད་ཀུན་བཟང་གཞན་ཕན་མཐའ་ཡས་པདྨ་དྲི་མེད་ལེགས་པའི་བློ་གྲོས་སོགས་མཁས་དང་གྲུབ་པའི་སྐལ་བཟང་གི་རྡོ་རྗེའི་འདུས་པ་ལ་སྔ་འགྱུར་བསྟན་པའི་འབྱུང་གནས་ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་གི་སྒྲུབ་སྡེ་པདྨ་འོད་གླིང་གི་ཡང་དབེན་བདེ་མཆོག་བཀྲ་ཤིས་དགེ་འཕེལ་གྱི་བསམ་གཏན་ཁང་བུར་རབ་བྱུང་བཅོ་ལྔ་བའི་ནང་ཚན་ཤིང་མོ་གླང་གི་ལོ་ཧོར་ཟླ་ལྔ་པའི་སྐོར་བཀའ་དྲིན་དང་ཐུགས་བརྩེ་བ་ཆེན་པོའི་སྨིན་བྱེད་ཀྱི་དབང༌། གྲོལ་བྱེད་ཁྲིད། རྒྱབ་རྟེན་ལུང་བཅས་ཚངས་སྤྲུགས་སུ་གནང་བའི་སྐལ་བཟང་གི་རྟོགས་བརྗོད་ནོར་བུ་སྣ་ཚོགས་ཀྱི་ཕྲེང་བར་བརྡར་པ་ལ། དེའང་གླེགས་བམ། ༼ཨ༽ པར་ལོ་རྒྱུས་ཀྱི་ཡིད་ཆེས་བསྐྱེད་པའི་ཕྱིར་གདམས་ངག་རིན་པོ་ཆེའི་མཛོད་ཀྱི་བརྒྱུད་ཡིག་དང་དཀར་ཆག་བཀྲ་ཤིས་གྲགས་པའི་རྒྱ་མཚོའི་ལྗགས་ལུང་སྩལ་ཏེ། གཞུང་འདི་ཇོ་ནང་ཁྲིད་བརྒྱའི་ས་བཅད་དང་ཐོག་མཐའ་ཀུན་ཏུ་འབྲེལ་པའི་དབང་གིས་ཐོག་མར། གླེགས་བམ། ༼ག༽ ནང༌། ས་ལུགས་ཞེན་པ་བཞི་བྲལ་ལས། ཚེ་འདིར་ཞེན་མེད། བདག་དོན་ཞེན་མེད། འཁོར་བར་ངེས་འབྱུང༌། ལྟ་བ་མཚན་མེད་བཅས་བཞི་ཁྲིད། ཁྲིད་བརྒྱའི་དོན་བསྡུས་བཅས་འཆད་ཐབས་ལྟར་ཞག་གིས་རྫོགས་པར་མཛད། གླེགས་བམ། ༼ཁ༽ ནང༌། བྱང་ཆུབ་ལམ་རིམ། རྗེ་ཙོང་ཁ་པའི་ལམ་རིམ་བསྡུས་དོན། བློ་སྦྱོང་ཆོས་ཀྱི་སྒོ་འབྱེད་བཅས་ཆིག་ཁྲིད། ལམ་རིམ་གསེར་ཞུན་དང༌། དམར་ཁྲིད་བདེ་ལམ་གཉིས་ཆིག་ཁྲིད། ༈ ཟབ་མོ་ལྟ་བའི་བཀའ་སྲོལ་ཐེག་ཆེན་དབུ་མ་ལུགས་ཀྱི་སེམས་བསྐྱེད་ཆོ་ག་བྱང་ཆུབ་གཞུང་ལམ་ལྟར་ལན་གཉིས་དང༌། ཁྲིད་བརྒྱའི་ཁྲིད་ཀྱི་སྔོན་འགྲོ་རྣམས་དང་བཅས། སྐྱེས་བུ་གསུམ་གྱི་ལམ་རིམ་བརྒྱུད་འདེབས་ལོ་རྒྱུས་བཅས། སྐྱེས་གསུམ་ལམ་རིམ་ཁྲིད་བརྒྱ་ལྟར་མདོར་བསྟན། བདུད་རྩི་སྙིང་ཁུའི་རྒྱས་བཤད། སླར་ཁྲིད་བརྒྱ་ལྟར་དོན་བསྡུ་བཅས་སུམ་ཁྲིད་མཛད་པ་སྟེ། ཁྲིད་གཞུང་ཆེ་བ་སོ་སོ་ཡོད་རིགས་ལ་སུམ་ཁྲིད་འདི་ལྟར་མཛད་ལ་འགྲེ་ཡང༌། ཁྲིད་བརྒྱ་ནང་བཞིན་བསྟན་རིམ་དང༌། རྟེན་འབྲེལ་སྙིང་པོ་གཉིས་སུམ་ཁྲིད། བློ་སྦྱོང་བྱང་ཆུབ་གཞུང་ལམ་མདོ་རྒྱས་བསྡུས་གསུམ། སུམ་པའི་བློ་སྦྱོང༌། སྐྱིད་སྡུག་ལམ་ཁྱེར་གཉིས་ཀྱང་མདོ་རྒྱས་བསྡུས་གསུམ། པུ་ཏོ་བའི་དཔེ་ཆོས། བཀའ་གདམས་ལྐོག་ཁྲིད་བྱམས་ཆོས་ལྔ་རྣམས་སུམ་ཁྲིད། ༈ རྒྱ་ཆེན་སྤྱོད་པའི་བཀའ་སྲོལ་ལས་བྱུང་བ། ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པའི་ལུགས་ཀྱི་སེམས་སྐྱེད་ཆོ་ག་བྱང་ཆུབ་ལམ་བཟང་སྟེང་ནས་ལན་གཉིས། ཡང་སྲོལ་གཉིས་ཀྱི་སེམས་སྡོམ་འབོག་པའི་ཆོ་ག་སྔ་མ་གཉིས་ཀྱི་སྟེང་ནས་ཤྲཱི་ནཱ་ལེནྡྲ་གཉིས་པ་རྫོང་གསར་བཀྲ་ཤིས་ལྷ་རྩེའི་གཟིམ་སྤྱིལ་བཀྲ་ཤིས་འཆི་མེད་གྲུབ་པའི་དགའ་ཚལ་དུ་ཀུན་གཟིགས་འཇམ་དབྱངས་བླ་མ་ཆོས་ཀྱི་བློ་གྲོས་རིན་པོ་ཆེ་ལས་ལན་རེ་རེ་ཐོབ། དབུ་མ་ལུགས་ཀྱི་སེམས་སྡོམ་སྨིན་གླིང་གཏེར་ཆེན་རིན་པོ་ཆེའི་ཡིག་ཆ་དང༌། ས་ལུགས་ལམ་འབྲས་སྐབས་སྔགས་ལུགས་སེམས་བསྐྱེད་འབོག་ཆོག་རྗེ་འཇམ་དབྱངས་བླ་མ་ལས་བཀའ་དྲིན་ཐོབ། ཡང་དབུ་མ་ལུགས་ཀྱི་སེམས་བསྐྱེད་ཀྱི་ཆོ་ག་བོད་ཡུལ་དབུས་ཇོ་བོ་ཤཱཀྱ་མུ་ནེའི་སྤྱན་སྔ་ནས་རྒྱལ་སྲས་པདྨ་དྲི་མེད་ལེགས་པའི་བློ་གྲོས་ཀྱིས་སྤྱོད་འཇུག་ལེའུ་བཞི་པའི་བཤད་ཁྲིད་དང་སྦྲགས་པའི་དབུ་མ་ལུགས་ཀྱི་སེམས་སྡོམ་ཀྱང་རྗེ་འདི་ལས་བཀའ་དྲིན་ཐོབ་པ་ནི་དཔལ་སྤྲུལ་ཆོས་ཀྱི་དབང་པོ། ཨོ་རྒྱན་བསྟན་འཛིན་ནོར་བུ། མཁན་ཆེན་ཀུན་དཔལ། ཞེ་ཆེན་ཀོང་སྤྲུལ་རིན་པོ་ཆེ་ལས་བཀའ་དྲིན་ཐོབ་པའང་ཞར་ལ་སྨོས་པ་དང༌། རང་སྟོང༌།མང་ཐོས་ཀླུ་སྒྲུབ་གསུང་མཁྱེན་བརྩེའི་མཛད་པ། གཞན་སྟོང་བློ་གྲོས་མཐའ་ཡས།གཉིས་མདོ་རྒྱས་བསྡུས་གསུམ་དབུ་མ་ཆེན་མོ། སྲིད་ཞི་མཉམ་ཉིད། དབུ་མའི་སྒོམ་རིམ་བཅས། ལྗགས་ལུང་ལ། བཀའ་གདམས་གཞུང་གདམས་མན་ངག་རྩ་བ། བྱང་ཆུབ་ལམ་རིམ་ཉམས་ལེན། ཤིང་རྟ་གཉིས་ཀྱི་བྱང་སྡོམ་ཆོ་ག །བློ་སྦྱོང་དཀར་ཆག །ཇོ་བོའི་རྣམ་ཐར་ཚན་གཉིས། འབྲོམ་སྟོན་པས་ཇོ་བོ་རྗེས་རྒྱལ་སྲིད་སྤངས་པའི་རྣམ་ཐར་ལྡེབ།༡༣ རྗེ་ཉིད་ཀྱི་གསུང་ཇོ་བོ་གསེར་གླིང་པ་དང་མཇལ་བའི་རྣམ་ཐར།༨ བློ་སྦྱོང་རྩ་བ་ཚན་གཉིས། འགྲེལ་པ་ཚན་གཅིག །མཛད་བྱང་མ་གསལ། བློ་སྦྱོང་མཚོན་ཆའི་འཁོར་ལོ། དྷརྨ་རཀྵི་ཏ། རྨ་བྱ་དུག་འཇོམས། དྷརྨ་རཀྵི་ཏ། ཁྱེར་སྒོམ་རྡོ་རྗེའི་གླུ། སྡིག་སྦྱོང་སོགས་བློ་སྦྱོང་སྣ་ཚོགས། བློ་སྦྱོང་དོན་བདུན་མ་ཐོགས་མེད་འགྲེལ་པ། ཉམས་ལེན་ཕན་བདེའི་ས་བོན་བཅས། དེ་ནས་བཀའ་གདམས་ཐིག་ལེ་བཅུ་དྲུག་དབང་བསྐུར་དང༌། དེའི་ཁྲིད་མདོ་རྒྱས་བསྡུས། སྒྲུབ་རྗེས་ཡིག་ཆའི་འབྲུ་ལུང༌། བཀའ་གདམས་ལྷ་བཞིའི་བཟླས་ལུང་སོ་སོ། དེའི་ཁྲིད་མདོ་རྒྱས་བསྡུས། སྒྲུབ་རྗེས་ལུང༌། མགོན་པོ་གྲི་གུག་གི་རྗེས་གནང༌། ཛཾ་དཀར་ལྷ་ལྔའི་རྗེས་གནང༌། རིན་འབྱུང་ལས་ཁོལ་ཕྱུང༌། ལམ་གཙོ་རྣམ་གསུམ་དང༌། དགེ་ལྡན་ཕྱག་ཆེན་ཁྲིད་ལུང༌། མགོན་པོ་གྲི་གུག་དང་ཛཾ་དཀར་གཉིས་ཀྱི་སྒྲུབ་རྗེས་དང༌། གྲི་གུག་བཟླས་ལུང་འབོགས་ཚུལ། རིན་འབྱུང་ལས་ཁོལ་དུ་བྱུང་བ། བཀའ་གདམས་བླ་མཆོད། བཀྲ་ཤིས་གྲགས་པའི་རྒྱ་མཚོ། བློ་གྲོས་མཐའ་ཡས། ཁྲིད་ཀྱི་བརྒྱུད་འདེབས་རྣམས་དང༌། བྱིན་རླབས་ཉེ་བརྒྱུད་གསོལ་འདེབས། སྨོན་ལམ་སྐོར་བཅས་འབྲུ་ལུང་གནང་བས་བཀའ་གདམས་རྫོགས་སོ། གླེགས་བམ། ༼ག༽ ནང༌། ས་ལུགས་ཀྱེ་རྡོར་རྒྱུ་དབང་གི་སྟ་གོན། དངོས་གཞི་དབང་ཆེན་ཉེར་ལྔའི་བསྒྲིགས་དབང་མ་གཞུང་ལྟར་རྒྱལ་ཚབ་རིན་པོ་ཆེ་ལས་ལན་གཅིག་ཐོབ་པ། ཡང་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བསྟེན་པའི་ཀྱེ་རྡོར་རྒྱུ་ལམ་གྱི་དབང་ཤིན་ཏུ་རྒྱས་པ་བཀའ་དྲིན་མཚུངས་མེད་འཇམ་དབྱངས་ཆོས་ཀྱི་བློ་གྲོས་རྡོ་རྗེ་འཆང་ནས་ལན་གཅིག་དང༌། རས་བྲིས་ལ་བསྟེན་པ་བརྒྱུད་སྲོལ་འདྲ་མིན་ལན་དུ་མ་བཀའ་དྲིན་ཐོབ་པ་ལམ་འབྲས་ཐོབ་ཡིག་ཏུ་གསལ། ལམ་འབྲས་ཁྲིད་བརྒྱས་མདོར་བསྟན། གཞུང་ཁྲིད་སྦས་དོན་ཀུན་གསལ་དང༌། ཁྲིད་ཐབས་ལམ་རྒྱས་འབྲིང་ཕག་གྲུ་ལུགས་ཀྱིས་རྒྱས་བཤད། སླར་དོན་བསྡུས་བཅས་དང༌། ཉེ་བརྒྱུད་ལམ་སྦས་བཤད་དང༌། ཤིན་ཏུ་ཉེ་བརྒྱུད་བརྡ་དོན་གསལ་བ་གཉིས་ལ་མདོ་བསྡུ་སྦྱར་བའི་སུམ་ཁྲིད། དག་ས་གསུམ་དེ་བཞིན་མདོ་རྒྱས་བསྡུས་གསུམ་གྱིས་ལམ་འབྲས་རྫོགས། ལམ་སྐོར་ཕྱི་མ་བརྒྱད་དང༌། སྒོ་དྲུག་ཆོས་འབྲེལ་རྣམས་རེ་རེ་བཞིན་མདོ་རྒྱས་བསྡུས་ཁྲིད་དང༌། ཁྲིད་བརྒྱ་ནང༌། རང་བྱིན་རླབས། བདེ་མཆོག་སྨར་ཁྲིད། ཀྱེ་རྡོར་སྨར་ཁྲིད། གསང་འདུས་འཕགས་ལུགས། འདུས་པ་ཞབས་ལུགས། གཤེད་དམར་སྤྲོས་མེད། རྣལ་འབྱོར་བཞི་རིམ། འཇིགས་བྱེད་རྭ་རྩེ་སེམས་འཛིན། བདེ་མཆོག་ཡབ་ཀྱི་དབུ་མ། ཡུམ་གྱི་དབུ་མ། དྲིལ་བུ་རིམ་ལྔ། ནག་པོ་རིམ་བཞི། བདེ་མཆོག་དཀར་པོའི་ཁྲིད། ཕག་མོ་སྒོམ་དྲུག །བོང་བུའི་ཕྲ་ཐིག །ཕྱག་རྡོར་འཁོར་ཆེན། ཀུ་རུ་ཀུལླེ་རྣམས་ཀྱི་ཁྲིད་བཅས། ལུང་སྐོར། ལམ་འབྲས་རྩ་བ་རྡོ་རྗེའི་ཚིག་རྐང༌། དེའི་བསྡུས་དོན་མཆན་ཅན། འཁོར་འདས་དབྱེར་མེད་གཞུང་རྩ་བ། གཞུང་ཁྲིད་ཇོ་ལྕགས་མ། རྣམ་འབྲེལ་མདོར་བསྡུས་ཚིགས་བཅད། ཡང་ཚིགས་བཅད་མ། དེའི་བསྡུས་དོན་མཆན་མ། རྡོ་རྗེའི་ཚིག་འགྲེལ་གཉགས་མ། ཀྱེ་རྡོར་སྒྲུབ་ཐབས། དཀྱིལ་ཆོག །གཏོར་ཆོག །དབང་བསྐུར་བཀླག་ཆོག །ལམ་འབྲས་བརྒྱུད་འདེབས། ལམ་སྐོར་ཕྱི་མའི་བརྒྱུད་འདེབས་ཁ་སྐོང་བཅས། ཁྲིད་ཡིག་རྣམས་ཀྱི་ཡིག་ཆུང༌། ཡང་ན་ལམ་འབྲས་དབང་ཁྲིད་སྐོར་ཚང་མ་འཇམ་དབྱངས་བླ་མ་ཀུན་གཟིགས་ཆོས་ཀྱི་བློ་གྲོས་རིན་པོ་ཆེ་ལས་འཁོན་སྟོན་རྡོ་རྗེ་འཆང་ཡབ་སྲས་དང་ལྷན་ཅིག་གསུང་ངག་རིན་པོ་ཆེ་སློབ་བཤད་རྒྱས་པའི་ཚུལ་དུ་ཟབ་རྒྱས་སུ་བཀའ་དྲིན་ལེགས་པར་ཐོབ་པ་དང༌། བདེ་མཆོག་ཆང་ཆོག །ལམ་འབྲས་བླ་མཆོད་བཅས། གུར་གྱི་མགོན་པོ་ལྷ་བརྒྱད་རྗེས་གནང་བསྩལ་ཞིང༌། ཡང་བཀའ་སྲུང་ལྷ་བརྒྱད་རྗེས་གནང་ས་ངོར་ལུགས་གཉིས་ཀ་ཀུན་མཁྱེན་བླ་མ་རྡོ་རྗེ་འཆང་ཆེན་པོ་དྷརྨ་མ་ཏི་ལས་ལན་དུ་མ་བཀའ་དྲིན་ཐོབ། གུར་གྱི་ནང་ཁྲིད་མདོ་རྒྱས་བསྡུས། སྒྲུབ་རྗེས་འབྲུ་ལུང་བཅས། དཔལ་ས་སྐྱ་པའི་གདམས་སྐོར་རྫོགས། གླེགས་བམ། ༼ང༽ ནང༌། མར་པ་བཀའ་བརྒྱུད་སྐོར་ལས་སྙན་བརྒྱུད་ཕྱི་དཀྱིལ་རས་ཆུང་ལུགས་ཀྱི་སྟ་གོན། དབང་བཞི་ཡོངས་རྫོགས། དེའི་ཡུམ་བཀའ་དང་སྟག་ལུང་ཕག་མོའི་བརྡ་དབང༌། དྭགས་པོ་སྙན་བརྒྱུད་བདེ་མཆོག་ཡབ་ཀྱི་དབང་ཆེན་སྟ་དངོས། ཡུམ་བཀའི་དབང་ཆེན། ངན་རྫོང་ལུགས་བདེ་མཆོག་དབང་ཆེན་བཅས། ཁྲིད་ཀྱི་སྐོར་རྩ་བ་སྙན་བརྒྱུད་ལས། རས་ཆུང་སྙན་བརྒྱུད་གཞུང༌། ཏིལླི་པའི་གཞུང་ཆུང༌། ཐུན་མོང་ཡིད་བཞིན་ནོར་བུ། སྟེང་སྒོ་རྣམ་གྲོལ། ཐབས་ལམ་འཁྲུལ་འཁོར། འོག་སྒོ་བདེ་ཆེན། འོད་རིག་བདེ་ཆེན། ཕྱག་ཆེན་ཡེ་ཤེས་གསལ་བྱེད། ལམ་གྱི་བར་དོ་ངོ་སྤྲོད་རྣམས་ཆིག་ཁྲིད། ཕྱག་ཆེན་ཡི་གེ་བཞི་པ་མདོ་རྒྱས་བསྡུས། སྙན་བརྒྱུད་ཡིད་བཞིན་ནོར་བུ་མདོ་རྒྱས་བསྡུས། ཕྱག་ཆེན་ཡན་ལག་བདུན་ལྡན་ཁྲིད་ལུང༌། ངན་རྫོང་སྙན་བརྒྱུད་རྩ་བ་ཚེ་རིང་སྐོར་གསུམ་དང༌། ཕྱག་ཆེན་ཡེ་ཤེས་གསལ་བྱེད་གསང་བ་ངོ་སྤྲོད་གཉིས་ཆིག་ཁྲིད། དྭགས་པོ་སྙན་བརྒྱུད་ལས། མན་ངག་རྩ་བ་བརྗོད་བྱང་མ་ཆིག་ཁྲིད། ལུས་མེད་མཁའ་འགྲོའི་བརྒྱུད་འདེབས་བཅས་ཁྲིད་བརྒྱས་མདོར་བསྟན། ཏི་ལླི་པའི་གདམས་པ་ཞེས་པས་རྒྱས་ཁྲིད། མན་ངག་ཁྲིད་ཡིག་གིས་དོན་བསྡུས། ཡང་ཤོག་དྲིལ་བཞི་མདོར་རྒྱས་བསྡུས་སོ། ༈ སྙན་བརྒྱུད་སྐོར་འདི་རྣམས་ལས་ཉི་ཟླའི་རྟགས་ཅན་གྱི་དབང་ཁྲིད་རིགས་ཟུང་འཇུག་གྲུབ་བརྒྱའི་སྤྱི་མེས་རྗེ་བཙུན་ཆེན་པོའི་ཡེ་ཤེས་ཀྱི་རོལ་རྩེད་ངེས་པ་དོན་གྱི་རྡོ་རྗེ་འཆང་རྒྱལ་སྤྲུལ་རིན་པོ་ཆེ་ཀརྨ་ལུང་རྟོགས་ཕྲིན་ལས་ཀུན་ཁྱབ་དང༌། ངེས་དོན་སྙིང་པོའི་བསྟན་པའི་རྒྱན་མཆོག་གཏེར་ཆེན་རོལ་རྡོར་སྐུ་ཕྲེང་ལྔ་པ་ཀརྨ་དྲི་མེད་འོད་ཟེར་ཕྲིན་ལས་རོལ་པ་རྩལ་ལས་ཀྱང་ལན་རེ་ཐོབ་པའི་སྐལ་བཟང་བྱུང་བ་དང༌། དེའི་བརྒྱུད་ཚུལ་རྒྱས་པ་བདེ་མཆོག་སྙན་བརྒྱུད་ཐོབ་ཡིག་ཏུ་གསལ། སྙན་བརྒྱུད་སོ་སོའི་བཀའ་སྲོལ་ལས། རྩ་བ་དྭགས་པོ་གདན་སའི་ལུགས། ཆོས་དྲུག་ཁྲིད་ཆེན་གསང་ཆེན་དེ་ཉིད་གསལ་བ། ཕྱག་ཆེན་གཉུག་མའི་དེ་ཉིད་གསལ་བ། སྔོན་འགྲོ་ཐུན་བཞིའི་ཁྲིད། དྭགས་པོའི་ཆོས་བཞི་རྣམས་ཆིག་ཁྲིད། སེམས་ཁྲིད་ཡིད་བཞིན་ནོར་བུ་སུམ་ཁྲིད། འཕོ་བ་དོན་གྱི་གྲོང་འཇུག་ཁྲིད་ལུང་བཅས། ༈ ཚལ་པ་དཀའ་བརྒྱུད་ལས། ཕྱག་ཆེན་ལམ་མཆོག་མཐར་ཐུག་གིས་རྒྱས་ཁྲིད་བྱེད་པའི་མདོ་རྒྱས་བསྡུས། མ་མོ་ཆེན་མོའི་སྔོན་དངོས་ཆིག་ཁྲིད་བཅས་དང༌། ལུང་སྐོར་གཞུང་རྩ་འགྲེལ་ལས། ཕྱག་རྒྱ་ཆེན་པོ་དཔལ་རྙོག་པ་མེད་པའི་རྒྱུད། བྲམ་ཟེ་ཆེན་པོའི་དོ་ཧ་མཛོད། དེའི་བསྡུས་དོན། ཤ་ཝ་རི་པའི་སྙིང་པོ་དོན་གྱི་མན་ངག །ཏེ་ལོའི་ཕྱག་ཆེན་གངྒཱ་མ། དེའི་ས་བཅད་དང་འགྲེལ་བ། ནཱ་རོའི་ཚིག་བསྡུས། དེའི་འགྲེལ་ཆུང༌། མཻ་ཏྲེའི་དེ་ཉིད་བཅུ་པ། མར་པའི་ཡིད་ལ་མི་བྱེད་པའི་མགུར། མི་ལའི་ཡེ་ཤེས་གསལ་བྱེད། སྒམ་པོ་པའི་ལམ་ཆིག་ཆོག་བཅས་དང༌། ཆོས་དྲུག་བཅས་དང༌། ཆོས་དྲུག་གཞུང༌། བཀའ་ཡང་དག་པའི་ཚད་མ། སྙན་བརྒྱུད་རྡོ་རྗེའི་ཚིག་རྐང༌། ཀ་དཔེ་ཆེ་ཆུང༌། ཏཻ་ལོའི་ཆོས་དྲུག །ནཱ་རོའི་མགུར། མི་ལའི་གསལ་བ་སྐོར་གསུམ་བཅས་དང༌། དྭགས་པོ་སྙན་བརྒྱུད་ཡབ་ཀྱི་སྒྲུབ་ཐབས། དཀྱིལ་ཆོག ཡུམ་གྱི་སྒྲུབ་དཀྱིལ། རས་ཆུང་ལུགས་ཡབ་ཀྱི་སྒྲུབ་ཐབས། དཀྱིལ་ཆོག །ཡུམ་གྱི་སྒྲུབ་ཐབས། སྟག་ལུང་ཕག་མོའི་བརྡ་དབང་ཆོ་ག །ངན་རྫོང་བདེ་མཆོག་སྒྲུབ་དཀྱིལ་བཅས་སོ། ༈ གླེགས་བམ། ༼ཅ༽ པར། ཀརྨ་ཀཾ་ཚང་ལས། རྗེ་རང་བྱུང་བའི་ཕྱག་ཆེན་ལྷན་ཅིག་སྐྱེས་སྦྱོར་ལ་མདོ་རྒྱས་བསྡུས། དེ་བཞིན་ཆོས་དྲུག་གསེར་ཞུན་མདོ་རྒྱས་བསྡུས། ཕྱག་ཆེན་ཁྲིད་ཀྱི་སྤྱི་སྡོམ། ཁྲིད་ཡིག་ཆོས་སྐུ་མཛུབ་ཚུགས། རྡོ་རྗེ་རྣལ་འབྱོར་མའི་བསྐྱེད་རིམ་ལྷ་ཁྲིད། གཙུག་ལག་རྒྱ་མཚོའི་ཟིན་རྣམས་ཁྲིད་ལུང༌། རླུང་སེམས་གཉིས་མེད་རང་བྱུང་པའི་ཁྲིད་མདོར་བསྟན། བཻ་ལོའི་ལྷ་ཁྲིད་རྒྱས་ཁྲིད། ཁྲིད་བརྒྱས་དོན་བསྡུས་བཅས། ཆོས་དྲུག་སྔོན་འགྲོ་དང༌། བདུད་རྩི་ཉིང་ཁུ་ཆིག་ཁྲིད། སྐུ་གསུམ་ངོ་སྤྲོད་ཁྲིད་བརྒྱས་མདོར་བསྟན། རང་བྱུང་བའི་ཁྲིད་ཀྱིས་རྒྱས་ཁྲིད། རྗེ་བཙུན་བཞི་པའི་ཁྲིད་ཀྱི་དོན་བསྡུ། ནཱ་རོའི་གེགས་སེལ་གཟེར་ལྔ། ཐུན་བཞིའི་དམིགས་རིམ། རྡོ་རྗེ་འཆང་ཆུང་དམིགས་རིམ་རྣམས་ཆིག་ཁྲིད། ༈ ཟུར་མང་བཀའ་བརྒྱུད་ལས། རྨ་སེའི་ཕྱག་ཆེན་ཁྲིད། རི་ཆོས་བཻ་ཌཱུརྻའི་ཕྲེང་བ་གཉིས་ཆིག་ཁྲིད། ༈ གནས་མདོ་བཀའ་བརྒྱུད་ལས། བུ་ལུའི་དམར་ཁྲིད་ཆིག་བཤད། ༈ ཕག་གྲུ་རྩ་བའི་ཆོས་སྐོར་ལས། ཕག་གྲུའི་ཕྱག་ཆེན་མདོ་རྒྱས་བསྡུས་བླ་མ་བརྒྱུད་པ་གདམས་པའི་གནད་དབྱེ་ཁྲིད་ལུང༌། ༈ བཀའ་བརྒྱུད་ཆུང་བརྒྱད་ལ། འབྲི་གུང་ཕྱག་ཆེན་ལྔ་ལྡན་གཏོར་དབང་གནང༌། ལྔ་ལྡན་ཁྲིད་ཁྲིད་བརྒྱས་མདོ་བསྟན། རྗེ་དྷརྨ་ཀཱ་རའི་ཚིགས་བཅད་ལས་རྒྱས་ཁྲིད། ཞྭ་དམར་ཁྲིད་ཀྱིས་དོན་བསྡུ། དགོངས་གཅིག་ཁྲིད་བརྒྱས་མདོར་བསྟན། རྩ་བ་ལྷན་ཐབས་གཞུང་ཆིངས་བཅས་ཀྱིས་རྒྱས་བཤད་ཁོག་དབུབ་སྙིང་པོ་དོན་བསྡུ། ༈ སྟག་ལུང་ཕྱག་ཆེན་རྡོ་རྗེའི་ཚིག་རྐང་ཁྲིད་ལུང༌། སྟག་ལུང་ཆོས་དྲུག་མདོ་རྒྱས་བསྡུས། ༈ ཁྲོ་ཕུ་བཀའ་བརྒྱུད་ཀྱི་ཕྱག་རྒྱ་ཆེན་པོ་ལྔ་ལྡན་དང༌། ཡི་གེ་བཞི་པ་གཉིས་ཆིག་ཁྲིད། ༈ གླིང་རས་བཀའ་བརྒྱུད་འབྲུག་པའི་ཕྱག་ཆེན་སྔོན་འགྲོའི་ཟིན་རིས་དང༌། དངོས་གཞིའི་ཁྲིད། འབྲུག་ལུགས་ཐོད་དབང་མེ་ཡི་འཁོར་ལོའི་དབང་གནང༌། ཆོས་དྲུག་བསྡུས་པའི་ཟིན། སྤྱོད་པའི་ཆོས་ཀྱི་གླུ། རོ་སྙོམ་སྒང་དྲིལ། རྟེན་འབྲེལ་སྒོམ་རིམ། བླ་སྒྲུབ་ཕྱི་ནང་གསང་བ། ཟབ་ལམ་ཐུན་མོང༌། ཐུན་མིན་རྣམས་ཆིག་ཁྲིད། བར་འབྲུག་ཁྲིད་ཆེན་བརྒྱད་མཛེས་རྒྱན་ལ་མདོ་རྒྱས་བསྡུས། ཁྲིད་ཆུང་བརྒྱད་ཀྱི་གདམས་པ། དགེ་སློང་བདུན་པའི་ཉམས་ལེན་སྒང་དྲིལ་གཉིས་ཁྲིད་ལུང༌། སྨད་འབྲུག་ཐུབ་པ་ལྔ་ཡི་གདམས་ཁྲིད་ལ་མདོ་རྒྱས་བསྡུས། སྟོད་འབྲུག་རི་ཆོས་ཡོན་ཏན་ཀུན་འབྱུང་གི་སྙིང་པོ་མ་དྲུག་ལ་མདོ་རྒྱས་བསྡུས། ༈ ཡེལ་པ་ཡེ་ཤེས་བརྩེགས་ཀྱི་ཕྱག་ཆེན་ཁྲིད་ལུང༌། ༈ རྗེ་འབའ་ར་བའི་ཕྱག་ཆེན་ཏིང་འཛིན་གྱི་དབང་དམིགས་པ་གསལ་གདབ་ཀྱིས་གནང༌། ལྷན་ཅིག་སྐྱེས་སྦྱོར་སྔོན་འགྲོ། རྩ་ཚིག །གཞུང་ཆུང༌། གནད་ཡིག །ངོ་སྤྲོད་ཆོས་དྲུག་རྡོ་རྗེའི་གཞུང༌། གཏེར་གཞུང་བླ་སྒྲུབ་ཕྱག་ཆེན་ཆོས་དྲུག་བཅས་ཆིག་ཁྲིད་བཅས་དང༌། སྒྲུབ་བརྒྱུད་འདི་ཡི་བཀའ་སྲོལ་ལས་བྱོན་པའི་ཁྲིད་བརྒྱ་ནང་རྔོག་པའི་བསྲེ་འཕོ། རྡོ་རྗེ་གདན་བཞི། མ་ཧཱ་མཱ་ཡ། ཕྱག་རྡོར་གཏུམ་པོ། ཆོས་དྲུག་སྲས་མཁར། དོ་ཧ་རྣམས་གསུམ་ཁྲིད། ༈ མགོན་པོ་ཕྱག་བཞི་པ་ཐེལ་ལུགས། ལྷ་བཙུན་མའི་སྒྲུབ་རྗེས་བྱིན་རླབས་ཡང་སྙིང༌། ཚལ་ལུགས་སོ་སོའི་དབང་དང༌། བཀའ་སྲོལ་གཉིས་འདུས་ཏིང་ངེ་འཛིན་གྱི་དབང༌། དུད་སོལ་ལྷ་མོའི་རྗེས་གནང་བཀའ་བརྒྱུད་བསྟན་པའི་བ་དན་ལྟར། དབང་སྐྱབས་རྗེ་རྡོ་རྗེ་འཆང་འཇམ་དབྱངས་ཆོས་ཀྱི་བློ་གྲོས་རིན་པོ་ཆེ་ལས་ཀྱང་བཀའ་དྲིན་ཐོབ་པ་སྒྲུབ་བཏུས་ཐོབ་ཡིག་ཏུ་བརྒྱུད་པ་གསལ། ཁྲིད་ལ། མགོན་པོའི་སྐད་ཆིང་གིས་མདོར་བསྟན། སྐུ་རེག་འཁོར་ལོ་གཉིས་ཡན་རྒྱས་ཁྲིད་དོན་བསྡུ། བདེ་མཆོག་སྦྲག་སྒྲུབ་ཆིག་ཁྲིད། ལྗགས་ལུང་སྐོར་ལ། སྔ་མའི་དབང་ཆོག་རྣམས་ཀྱི་ཡིག་ཆུང་དང༌། མ་མགོན་གཏོར་ཆོག་དང་དབང་ཁྲིད་སྐོར་དཔེ་ཚན་ལྔ། བླ་མཆོད་བཀྲ་ཤིས་སྒྲ་དབྱངས་བཅས། མར་པ་བཀའ་བརྒྱུད་སྐོར་ལེགས་པར་གྲུབ་བོ། ༈ གླེགས་བམ། ༼ཆ༽ པར། གྲུབ་ཆེན་ཁྱུང་པོ་རྣལ་འབྱོར་གྱི་མན་ངག་ཤངས་པ་བཀའ་བརྒྱུད་ལས། ཐོག་མར་བྱིན་རླབས་སྒོ་འབྱེད་ཀྱི་བཀའ་གཉིས་ལས། དང་པོ། ནི་གུ་ལུགས་བདེ་མཆོག་ལྷ་ལྔའི་སྟ་གོན། དངོས་གཞི་དབང་བཞི་ཡོངས་རྫོགས་འདི་ཟབ་དོན་ཐང་བརྡལ་ནང༌། སྔོན་འགྲོ་སྐྱབས་སེམས་ནས། སྟོང་ར་ལ་ཐུག་བར་ཁྲིད་པར། ཁྲིད་ཡིག་འདི་ཉིད་དུ་གསལ་བར་ཡོད། བཀའ་གཉིས་པ། བདེ་ཆོག་ལྷ་ལྔའི་ཏིང་ངེ་འཛིན་གྱི་དབང༌། བརྒྱུད་འདེབས། ལོ་རྒྱུས་བཅས། ནི་གུ་ཆོས་དྲུག་ཁྲིད་ཟབ་དོན་ཐང་བརྡལ་ཀྱིས་རྒྱས་ཁྲིད་དབུས་ནས། དམིགས་སྐོར་ལྔ་པོའི་བར་སྔོན་འགྲོ་སྟོང་ར་མདོ་རྒྱས་བསྡུས། བྱིན་རླབས་ཁོག་དབུབ་བཀའ་གཉིས་ལས། དང་པོ་སྒྱུ་ལུས་དབང་མོ་ཆེ་འདི་འོད་གསལ་རྗེས་སུ་བསྐུར་དགོས་ཞེས་རྗེ་འཇམ་མགོན་གྱིས་གསུང༌། ཞེས་རྒྱུད་སྡེ་ལྔ་གཙོ་བསྡུས་ཀྱི་དབང་ཆེན་དང༌། བཀའ་གཉིས་པ་རྒྱུད་སྡེ་ལྔ་ཡི་ཏིང་ངེ་འཛིན་དབང་བཅས་ཐོབ། ལྗགས་ལུང་སྐོར་ལ། རྩ་བ་ཆོས་དྲུག །སྡོང་པོ་ཕྱག་ཆེན། ཡལ་ག་ལམ་ཁྱེར། འབྲས་བུ་འཆི་མེད་དང་བཅས་པའི་རྡོ་རྗེའི་ཚིག་རྐང༌། འགྲེལ་པ་བཅས་དང༌། མེ་ཏོག་མཁའ་སྤྱོད་རྩ་བའོ། བདེ་མཆོག་ལྷ་ལྔའི་མངོན་རྟོགས། དཀྱིལ་ཆོག །ཚོགས་ཀྱི་ཆོ་ག །སྒྲུབ་ཐབས་རྣམ་བཤད། རྒྱུད་སྡེ་ལྔ་གཙོ་བསྡུས་ཀྱི་སྒྲུབ་ཐབས། དཀྱིལ་ཆོག །བསྙེན་ཡིག་ཟབ་དོན་སྙིང་པོ། བརྒྱུད་འདེབས་བདེ་ཆེན་འབེབས་པ་བཅས། དེ་ནས་བདེ་མཆོག་ལྷ་ལྔ་ལ་བརྟེན་པའི་གཏུམ་མོའི་སྒོམ་བཀའ། གཏུམ་མོའི་ཁྲིད་མདོ་རྒྱས་བསྡུས། ལྷ་ལྔའི་སྒྱུ་ལུས་སྒོས་བཀའ། སྒྱུ་ལུས་ཁྲིད་དེ་བཞིན། རྒྱུད་སྡེ་ལྔ་བསྡུས་ཀྱི་རྨི་ལམ་སྒོས་བཀའ། རྨི་ལམ་ཁྲིད། བླ་མ་ཧེ་རུ་ཀའི་འོད་གསལ་སྒོས་བཀའ། འོད་གསལ་ཁྲིད། ཕག་མོ་ལྷ་ལྔའི་འཕོ་བའི་སྒོས་བཀའ། འཕོ་བའི་ཁྲིད། དགྱེས་རྡོར་ལྷ་དགུ་ལ་བརྟེན་བར་དེའི་སྒོས་བཀའ། བར་དོའི་ཁྲིད་མདོ་རྒྱས་བསྡུས་གསུམ། གཞུང་ཁྲིད་མ་མོའི་ལྷན་ཐབས། ཐང་སྟོང་པའི་ཁྲིད་ཀྱི་གནད་ཡིག །ཁྲིད་བསྡུས་སྟན་ཐོག་གཅིག་མ་རྣམས་ཁྲིད་ལུང་བཅས། རྒྱུད་སྡེ་ལྔའི་ཏིང་ངེ་འཛིན་གྱི་དབང་འདིར་བསྐུར་དགོས་ཞེས་སྒྲོལ་མགོན་གྱིས་གསུངས། གཞུང་བཀའ་ཕྱི་མའི་གྲལ། ཕྱག་རྒྱ་ཆེན་པོའི་བཀའ་ལྔ་ལས། ཕྱག་ཆེན་གྭའུ་མའི་དབང༌། དེའི་སྔོན་འགྲོའི་སྐོར་མདོ་རྒྱས་གཉིས་དང༌། ཐང་ལུགས་ཁྲིད་ཀྱི་སྔོན་འགྲོ་བཅས། ཕྱག་ཆེན་རྐུ་ཐབས་ཀྱི་ངོ་སྤྲོད་བྱིན་རླབས་གནང༌། དངོས་གཞིའི་ཁྲིད་མདོ་རྒྱས་བསྡུས་གསུམ་བཅས། སྡོང་པོ་ཕྱག་ཆེན་སྐོར་སོགས། ཡང་འབྲས་བུ་འཆི་མེད་འཆུག་མེད་ཀྱི་བྱིན་རླབས་གནང༌། ལུས་སེམས་འཆི་མེད་ཁྲིད་མདོ་རྒྱས་བསྡུས། ཡལ་ག་ལམ་ཁྱེར་སྐོར་གསུམ་ཞེས། དུག་ལྔ་ལམ་ཁྱེར། བླ་མ་ལམ་ཁྱེར། ཡི་དམ་ལམ་ཁྱེར་བཀའ་གསུམ་དང༌། ལམ་ཁྱེར་ཁྲིད་མདོ་རྒྱས་བསྡུས། སྣང་སེམས་སྒྱུ་མའི་ལམ་ཁྱེར་བཀའ་གོང་དུ་སྒྱུ་ལུས་དབང་མོ་ཆེ་སོང་བས་འཐུས། མེ་ཏོག་མཁའ་སྤྱོད་དཀར་དམར་ཞེས་པའི་དཀར་མོའི་དབང་བཀའ་གནང༌། དམར་མོའི་བྱིན་རླབས་གོང་གི་འཕོ་བའི་སྒོམ་བཀས་འཐུས། འཕོ་བ་ཚན་གཉིས་ཆིག་ཁྲིད། མཁའ་སྤྱོད་སུམ་འཕྲུག་གི་བྱིན་རླབས་ཐོབ། ཉམས་ལེན་དབུ་མའི་མདུད་གྲོལ་ཆིག་ཁྲིད། རྗེས་སུ་ཡི་རངས་བཀའ་རྒྱུན་མི་བཞུགས། སྨོན་ལམ་བཀའ་ནི་གུའི་སྨོན་ལམ་གསུངས་ལས་གྲུབ། གསང་སྒྲུབ་སྐོར་གསུམ་ཞེས། བདེ་མཆོག །ཕྱག་རྡོར། རྣམ་འཇོམས་གསུམ་གྱི་བཀའ་དང༌། སུ་ཁ་སིདྡྷིའི་བྱིན་རླབས་དབང་བཀའ་གནང༌། དེའི་ཁྲིད་མདོ་རྒྱས་བསྡུས། ལྟེ་བ་སྤྲུལ་འཁོར་མདོ་རྒྱས་བསྡུས། རཱ་ཧུའི་སྙན་བརྒྱུད་ལྷ་བཞི་དྲིལ་སྒྲུབ་བཀའ། དེའི་ཁྲིད་ཡེ་ཤེས་འོད་འཕྲོ་ཆིག་ཁྲིད་གཞུང་བཀའ་ཕྱི་མའི་དབང༌། མགོན་པོའི་རྗེས་གནང་བར་ཆད་ཀུན་སེལ་གྱི་དབང་བཅས། ལྗགས་ལུང༌། བརྒྱུད་འདེབས་གནས་སྦྱར་མ། ཡང་ཁ་སྐོང་ཅན། གཞུང་བཀའ་སྔ་ཕྱིའི་དབང་ཆོག །འཁྲུལ་འཁོར་རྩ་ཚིག །མཁའ་སྤྱོད་དཀར་མོའི་བསྟོད་པ་རྒྱ་གཞུང༌། སུ་ཁ་སིདྡྷིའི་ཆོས་སྐོར་རྒྱ་གཞུང༌། ལྷ་བཞིའི་ཉམས་ལེན་གསེར་ཆོས་སྔོན་རྗེས་ངག་འདོན། རྩ་ཚིག་འཁྲུལ་མེད་རྡོ་རྗེའི་རྒྱ་མདུད། ཤངས་པའི་བླ་མཆོད། མགུར་དབྱངས་བྱིན་རླབས་རྒྱ་མཚོ། ཆོས་སྤྱོད་ཨུ་དུམ་ཝ་ར། ཁ་སྐོང་བཅས། དེ་ནས་མགོན་བཀའ་བཅུ་དྲུག་ལས། རྩ་བའི་རྗེས་གནང་བར་ཆད་ཀུན་སེལ། ཞང་སྒོམ་པའི་བཀའ་སྲོལ་ལྟར་ཐུན་མིན་གནང༌། གཏོར་དབང་ཐུན་མོང་བ་ཟུར་དུ་མ་གནང་ཡང་བཀའ་གཉིས་པར་བགྲང༌། མགོན་དཀར་ཡིད་བཞིན་ནོར་བུ། ཕྱག་དྲུག་མཐིང་གི་གཏོར་དབང་ཐུན་མོང་བ་དང༌། མགོན་དཀར་ཡིད་བཞིན་ནོར་བུ་གཉིས་འཇམ་མགོན་བླ་མ་ཆོས་ཀྱི་བློ་གྲོས་མཆོག་ལས་ཀྱང་བཀའ་དྲིན་ཐོབ། མགོན་སེར་བློ་གྲོས་ནོར་འཕེལ། མགོན་དམར་དབང་གི་རྒྱལ་པོ། མགོན་ལྗང་ཚེ་ཡི་བདག་པོ། བླ་མགོན་དབྱེར་མེད། གྲིབ་སེལ་རྗེས་གནང༌། མཁའ་འགྲོ་དབང་བསྡུས་གནད་དབབ། གསང་སྒྲུབ་མཆིན་ཁ། ས་ར་ཧའི་ཞལ་གསུམ་ཕྱག་དྲུག །གསུང་སྒྲུབ་རྒྱན་ཅན། འདིའི་མཐར་སྤྱི་ཡི་མཐའ་རྟེན་རྗེས་གནང་སྦྱར། བྱིན་རླབས་ལྷ་བཞིའི་བཀའ་བཅས་དང༌། ཐང་རྒྱལ་ཕྱག་ཆེན་གྭའུ་མའི་ཁྲིད་ཡིག་མཐར་བཞུགས་པའི་བླ་མགོན་དབྱེར་མེད་ཆིག་ཁྲིད། སློབ་མ་ཉམས་ལེན་མཁན་ཉུང་བསྡུས་ལ། སྙིང་ཞུགས་རྗེས་གནང་སྲོག་གི་རྒྱ་ཅན་དང༌། སྙིང་ཞུགས་བླ་མའི་རྣལ་འབྱོར་ཁྲིད་ལུང༌། ཀྵེ་ཏྲ་པཱ་ལའི་སྲོག་གཏད་བཅས་གནང་ཞིང༌། དབང་ཆོག་རྣམས་ཀྱི་འབྲུ་ལུང་བཅས། ཡང་སློབ་མ་ལྷན་ལ་ཤངས་ལུགས་མཁའ་འགྲོ་སྡེ་ལྔའི་རྗེས་གནང་བསྩལ། ལུང་སྐོར་ལ། མགོན་བཀའི་ཡི་གེ་ཙིནྟཱ་མ་ཎི། ཕྱག་དྲུག་པའི་གཏོར་ཆོག །དེའི་ཁ་སྐོང༌། མགོན་པོ་དཀར་མཐིང་མངའ་གསོལ། གཏོར་ཆོག་བསྡུས་པ། མཁའ་འགྲོ་སྡེ་ལྔའི་མཆོད་གཏོར། དབང་ཡིག་བཅས་ཤངས་ཆོས་ལེགས་པར་གྲུབ་བོ། ༈ གླེགས་བམ། ༼ཇ༽ པར། རྗེ་དམ་པ་སངས་རྒྱས་ཀྱི་དམ་ཆོས་སྡུག་བསྔལ་ཞི་བྱེད་སྐོར་ལས། བཀའ་བབ་དང་པོ་སྒྲོལ་མ་རྣམ་གསུམ་སྤྱི་དབང་ཞེས་འཇམ་དཔལ་དབང་བཞི་དང༌། སྒྲོལ་མ། འཇམ་དཔལ། སྤྱན་གཟིགས་གསུམ་སོ་སོའི་རིགས་གཏད་ཐོབ། ཞི་བྱེད་ཁྲིད་ཡིག་བདུད་རྩིའི་སྙིང་ཁུ་ལས། སྒྲོལ་མ་རྣམ་གསུམ་ཆིག་ཁྲིད། ༈ བཀའ་བབ་བར་པ། རྨ་ལུགས་ཕྱག་ཆེན་དབང༌། ཕྱག་རྒྱ་ཆེན་པོའི་གདམས་ཁྲིད། སོ་ལུགས་བླ་མའི་བྱིན་རླབས། སོ་རིགས་པ་གཅེར་མཐོང་གི་ཁྲིད། ཀཾ་ལུགས་ཤེར་ཕྱིན་མའི་རིག་གཏད། དེའི་དོན་ཁྲིད་བརྒྱ་ནང་ཤེར་ཕྱིན་བཀའ་བབ་དྲུག་ཁྲིད། ཐུབ་ཁྲིད་དབང་བརྟུལ་གྱི་གང་ཟག་སྨིན་བྱེད་ཚོགས་ལམ་བློ་སྦྱོང༌། ཁྲིད་ལོ་ཆེན་གསུང་ལྟར། སྦྱོར་ལམ་དཀའ་ཐུབ་ཀྱི་དབང༌། ཁྲིད། མཐོང་ལམ་མི་རྟོགས་པའི་ཡེ་ཤེས་འཆར་བྱེད་དབང༌། དེའི་སྤྱོད་པ་རྗེས་ཀྱི་ཁྲིད། སྒོམ་ལམ་རོ་སྙོམས་བྱིན་རླབས། དེའི་རོ་སྙོམས་ཁྲིད། མཐར་ལམ་བྱ་བྲལ་སྒོམ་པ་བདག་གཏོད་བྱིན་རླབས་དབང་གནང༌། དེའི་ཁྲིད་མཐར་ལམ་བྱ་བྲལ་བཅས་ལམ་ལྔ་རྫོགས། ༈ དབང་པོ་འབྲིང་གི་སྨིན་བྱེད་ལམ་གསུམ་གཞུང་མ་ལས། བློ་སྦྱོང་དབང་ལམ་ལྔའི་སྔར་སོང་དེས་གོ་ཆོད་པར་མཛད་ནས། བཀའ་ཐུབ་དང་ཐར་ལམ་བདག་གཏོད་བྱིན་རླབས་ཐོབ། ༈ དབང་དོན་སྨིན་བྱེད་ཟབ་མོ་ཀུ་སུ་ལུའི་དབང་གནང༌། ལམ་ལྔའི་ཁྲིད་ཁྲིད་བརྒྱ་ལའང་བཞུགས་པ་མདོར་བསྟན་དང་སྔར་སོང༌། སྙེ་མདོ་པའི་ལམ་ལྔའི་ཁྲིད་ཡིག་དྲི་མེད་སྣང་བ་ཆིག་ཁྲིད་རྒྱས་བཤད། རྟེན་འབྲེལ་བདག་གཏོད་བྱིན་རླབས་བཅས་སོ། དེ་ནས་ཡང༌། ཐུགས་དམ་བདེ་གཤེགས་བཅུ་གཉིས་ཀྱི་དབང་གི་སྟ་གོན། དབང་བཞི་དངོས་ཆིག་རྫོགས། མཻ་ཏྲིའི་བདེ་མཆོག་ལྷ་བཅུ་གསུམ་མའི་དབང་བཞི། རྡོ་རྗེ་རྣལ་འབྱོར་མ་ཕྱི་སྒྲུབ་ཞལ་གཉིས་མའི་དབང་བཞི། ནང་སྒྲུབ་ཕག་མོ་དམར་ཆུང་གི་དབང་བཞི། གསང་སྒྲུབ་ཁྲོས་ནག་དབང་བཞི། ཡང་གསང་རྡོ་རྗེ་གཏུམ་པོ་མཁའ་འགྲོ་བདུད་རྩི་བུམ་པའི་དབང༌། གསང་བ་ལས་ཀྱང་ཆེས་གསང་བ་མགོན་པོ་བེར་ཨ་གྷོ་རའི་དབང་བཞི། གཏོར་མའི་རྗེས་གནང༌། ཞིང་སྐྱེས་མཁའ་འགྲོ་ཀུན་ཏུ་རི་དང༌། གནོད་སྦྱིན་ནོར་བུ་བཟང་པོའི་རྗེས་གནང་བཅས་དང༌། དམ་པའི་རྟེན་འབྲེལ་ཁང་འཇུག་གི་བྱིན་རླབས་ཕྱག་ལེན་ཞིབ་རྒྱས་སུ་བསྩལ་བ་ཐོབ། ལུང་སྐོར་ལ། རྩ་བའི་གཞུང་བསམ་མི་ཁྱབ་པའི་རྒྱུད་སྡེའི་དུམ་བུ། མཆན་འགྲེལ། ལམ་དྲི་མ་མེད་པ་དངུལ་སྒོང་དག་པའི་སྐོར། གསེར་སྒོང་དག་པ། ཤེལ་སྒོང་དག་པ། དིང་རི་བརྒྱད་ཅུ་རྡོ་རྗེའི་མགུར་ས་བཅད་བཅས་དང༌། ཞི་བྱེད་དབང་ཆོག །གསོལ་འདེབས་གསེར་ཕྲེང༌། ཐུགས་ཀྱི་ཞལ་ཆེམས་པདྨོ་བརྩེགས་པ། དམ་པའི་སྨོན་ལམ་སུམ་ཅུ། ཀུན་དགའི་སྨོན་ལམ་བཅུ་གསུམ། ཞི་བྱེད་བླ་མཆོད་བཅས་སོ། ༈ ད་ནི་མ་གཅིག་གི་གཅོད་ཡུལ་སྐོར་ལས། ཟུར་ལུགས་གཅོད་དབང་ནམ་མཁའ་སྒོ་འབྱེད་དང༌། རྒྱལ་ཐང་ལུགས་ཀྱི་གཅོད་དབང་ནམ་མཁའ་སྒོ་འབྱེད་བཅས་ཀྱི་བྱིན་རླབས་ཐོབ། རྒྱལ་ཐང་ལུགས་ཀྱི་གཅོད་དབང་དང་བཀའ་ཁྲིད་ཀུན་གཟིགས་འཇམ་པའི་དབྱངས་ཆོས་ཀྱི་བློ་གྲོས་ལས་ཀྱང་བཀའ་དྲིན་ཐོབ་པ་བརྒྱུད་པ་གཏེར་མཛོད་ཐོབ་ཡིག་ཏུ་གསལ། ཁྲིད་ཀྱི་སྐོར་ཀར་གཅོད་རང་བྱུང་རྡོ་རྗེའི་གཅོད་ཁྲིད་ཀྱིས་མདོར་བསྟན། དམིགས་ཟིན་ཤེལ་དཀར་མེ་ལོང་གིས་རྒྱས་ཁྲིད། ཀུན་དགའི་སྐྱེད་ཚལ་དོན་བསྡུའི་ཚུལ་དང༌། རི་འགྲིམ་ཟིན། ཞྭ་དམར་གཅོད་ཁྲིད། ཆགས་མེད་ལུས་སྦྱིན་རྣམས་ཁྲིད་ལུང༌། རྒྱལ་ཐང་ལུགས་ཁྲིད་བརྒྱ་ནང་ལྟར་མདོ་བསྟན། གནད་དོན་སྙིང་པོས་རྒྱས་ཁྲིད། སླར་དོན་བསྡུ་བཅས་དང༌། རྒྱལ་ཐང་ལུགས་ཀྱི་གཅོད་ཁྲིད་དགེ་མང་མཁན་རིན་པོ་ཆེ་འཇམ་དབྱངས་ཐེག་མཆོག་བསྟན་འཛིན་ལས་ཀྱང་བཀའ་དྲིན་དུ་ཐོབ་པ་རྒྱས་སྲས་གཞན་ཕན་མཐའ་ཡས། དཔལ་སྤྲུལ་རིན་པོ་ཆེ། ཨོ་རྒྱན་བསྟན་འཛིན་ནོར་བུ། མཁན་ཐེག་མཆོག་ལས་སོ། ལྗགས་ལུང་སྐོར། ཨཱརྻ་དེ་ཝའི་གཞུང་རྩ་བ། གཞུང་འགྲེལ་ཟག་མེད་སྦྲང་རྩི། མ་གཅིག་ནི་བཀའ་ཚོམ་ཆེན་མོ། དེའི་ས་བཅད་དང་འབྲེལ་པ་ཡང་ཚོམ་ཞུས་ལེན། ཉིང་ཚོམ་ཆོས་ཀྱི་རྩ་བ། ཐུན་མོང་ལེ་ལག ཐུན་མིན་ལེ་ལེན། ཁྱད་པར་གྱི་ལེ་ལན། ཤེས་རབ་སྐྲ་རྩེའི་ས་གཞུང་སྤེལ་མ། ཟབ་དོན་ཐུགས་སྙིང་དབང་ཆོག་ཚན་གསུམ། ཚོགས་ལས་ཡོན་ཏན་ཀུན་འབྱུང་གཞུང་དང༌། ཡན་ལག་སྐོང་བ་རྣམས་དང༌། ཌཱ་ཀི་མའི་གཏོར་འབུལ། བཀའ་བརྒྱུད་ཚོགས་ལས། ལུས་སྦྱིན་བཅས་དང༌། གཅོད་ཡུལ་སྙིང་པོ་གཏན་ཐོག་གཅིག་མ་བཅས་ཞི་གཅོད་སྐོར་རྫོགས། ༈ གླེགས་བམ། ༼ཉ༽ པར། དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ལས། གསུམ་པའི་མན་ངག་སྦྱོར་བ་ཡན་ལག་དྲུག་གི་སྐོར་ལས། དུས་འཁོར་ལྷ་དགུའི་དབང་ཆོག་ལ་བརྟེན། རྡོ་རྗེའི་ཡེ་ཤེས་འབེབས་པའི་མཆོག་དབང་ཐུན་མོང་མ་ཡིན་པ་དང༌། དུས་འཁོར་ལྷན་སྐྱེས་རྗེས་གནང༌། རྡོ་རྗེ་ཤུགས་ཀྱིས་རྗེས་གནང་བཅས་བསྩལ་ཞིང༌། རྗེས་གནང་འདི་གཉིས་དང་པོའི་སངས་རྒྱས་འཇམ་མགོན་བླ་མ་ཆོས་ཀྱི་བློ་གྲོས་ཀྱི་བཀའ་དྲིན་ལས་ཀྱང་ཐོབ་པ་བརྒྱུད་པ་སྒྲུབ་བཏུས་སྐབས་གསལ། ཁྲིད་ལ། སྦྱོར་དྲུག་ཁྲིད་ཀྱི་བརྒྱུད་འདེབས་ལོ་རྒྱུས་བཅས། ཁྲིད་བརྒྱ་ལྟར་མདོར་བསྟན། ཁྲིད་ཡིག་མཐོང་བ་དོན་ལྡན་གྱིས་རྒྱས་ཁྲིད། ཡང་དོན་བསྡུས་བཅས་དང༌། རྟགས་ཚད་ཡི་གེ་གེགས་སེལ། སྟན་ཐོག་གཅིག་མ། ལམ་ཟབ་བདུད་རྩིའི་ཐིག་ལེ་རྣམས་ཁྲིད་ལུང༌། ༈ སྦྱོར་དྲུག་འབྲིང་པོ། གྲུབ་ཆེན་དཔེ་མེད་འཚོའི་ལུགས་ཀྱི་རྣལ་འབྱོར་སྙིང་པོ། དེའི་ཁྲིད་རྡོ་རྗེའི་ཚིག་འབྱེད། ༈ སྦྱོར་དྲུག་བསྡུས་པ། ལྕེ་རྩེ་རྐན་སྦྱར་རྩ་བ། དེའི་ཁྲིད་རྡོ་རྗེ་འཛིན་པའི་ཉེ་ལམ་རྣམས་ཆིག་ཁྲིད། ཁྲིད་བརྒྱ་ནང༌། རྒ་ལོའི་སྦྱོར་དྲུག་ཁྲིད། དུས་འཁོར་སྙན་བརྒྱུད་གཉིས་སུམ་ཁྲིད་བཅས། ལྗགས་ལུང་སྐོར། དུས་འཁོར་རྒྱུད་ཀྱི་སྙིང་པོ། སྦྱོར་དྲུག་མན་ངག་དུས་ཞབས་སྙན་བརྒྱུད། ཤ་ཝ་རིའི་གཞུང་འབྲེལ། དུས་འཁོར་ལྷ་དགུའི་སྒྲུབ་ཐབས། མཆོད་ཆོག །མཆོག་དབང་ཆོ་ག །གསོལ་འདེབས་བརྒྱུད་འཛིན་མཆོག་རྒྱས། སྔོན་འགྲོའི་ངག་འདོན། སྦྱོར་དྲུག་རྩ་ཚིག །བརྒྱུད་འདེབས་བདེ་ཆེན་འབེབས་པ། འཁྲུལ་འཁོར་འགྲེལ། ལྷན་སྐྱེས་དང་རྡོ་རྗེ་ཤུགས་ཀྱི་རྗེས་གནང་སྔོན་དུ་སོང་བས་འཐུས། ཁྲིད་ལ། ཁྲིད་བརྒྱས་མདོར་བསྟན། ཟླ་བ་སེང་གེའི་རྒྱས་ཁྲིད། དོན་བསྡུ་བཅས་དང༌། བསྙེན་སྒྲུབ་གདན་རྫོགས་མའི་སྙིང་ཏིག་ཁྲིད་ལུང་བཅས། ལུང་ལ། གཞུང་རྩ་བ་རིགས་བཞི་མཁའ་འགྲོའི་ཐབས་ལམ་སྨོན་ལམ་རྡོ་རྗེའི་གླུ། བསྙེན་སྒྲུབ་འགྲེལ་བཤད། སྔོན་འགྲོའི་ཆོ་ག །སྨོན་ལམ་རྒྱལ་བ་རྒྱ་མཚོ་བཅས་སོ། ༈ གླེགས་བམ། ༼ཏ༽ པར། གདམས་ཕྲན་སྣ་ཚོགས་སྐོར་ལས། གྲུབ་ཆེན་བརྒྱད་བཅུ་རྩ་བཞིའི་བྱིན་རླབས། ཆོས་སྐྱོང་རྗེས་གནང་བཅས། ཁྲིད་རྫོགས་རིམ་རིན་ཆེན་ཕྲེང་བ་ལ་མདོ་རྒྱས་བསྡུས། ༈ གྲུབ་ཆེན་མི་ཏྲ་ཛོ་ཀིའི་མན་ངག །སྤྱན་རས་གཟིགས་རྒྱལ་བ་རྒྱ་མཚོའི་དབང་ཐོབ། ཁྲིད་བྱང་ཆུབ་ལམ་རིམ་དང༌། དམིགས་རིམ་གསེར་གྱི་ཐུར་མ་གཉིས་ཁྲིད་ལུང༌། འཇམ་དཔལ་རྗེས་གནང་སྤྲོས་མེད་དབང་བཞི་བཅས། སྐུ་ཡི་ཁྲིད་ཤེས་རབ་འཕེལ་བྱེད། ཕྱག་རྡོར་རྗེས་གནང༌། ཐུགས་ཁྲིད་བདུད་དཔུང་འཇོམས་བྱེད། ཚེ་དཔག་མེད་ཀྱི་རྗེས་གནང༌། ཡོན་ཏན་ཁྲིད་རྡོ་རྗེའི་སྐུ་སྒྲུབ། སྒྲོལ་མའི་རྗེས་གནང༌། ཕྲིན་ལས་ཁྲིད་འཇིགས་པ་བརྒྱད་སྐྱོབས། ཛཾ་བྷ་ལའི་རྗེས་གནང༌། དེའི་ཁྲིད་དངོས་གྲུབ་ཆར་འབེབས། བྲག་ལྷ་མགོན་པོའི་རྗེས་གནང་བཅས། ལྗགས་ལུང་ལ། གྲུབ་བརྒྱའི་དབང་ཆོག །གྲུབ་བརྒྱའི་བླ་མཆོད། བླ་མའི་རྣལ་འབྱོར་རྒྱ་གར་ལུགས། རྒྱལ་རྒྱམ་དབང་ཆོག །དེའི་མཆོད་འགྲིག །འཇམ་དབྱངས། ཕྱག་རྡོར། ཚེ་དཔག་མེད། སྒྲོལ་མ། ཛཾ་ལྷ། བྲག་མགོན་རྣམས་ཀྱི་དབང་ཆོག །བྲག་མགོན་གཏོར་ཆོག །སྤྱན་རས་གཟིགས་ལམ་རིམ་རྡོ་རྗེའི་ཚིག་རྐང༌། དེའི་བསྙེན་སྒྲུབ་བདུད་རྩིའི་ཆུ་རྒྱུན། ལམ་རིམ་བརྒྱུད་འདེབས་བཅས་སོ། ༈ མི་ཏྲ་ལུགས་སེམས་ཉིད་ངལ་གསོ། དེའི་ཁྲིད་མཁྱེན་བརྩེའི་དབང་པོའི་འཆད་ཐབས་བླ་མའི་ཞལ་ལུང་བདུད་རྩིའི་སྣང་བ་ཁྲིད་སྐོར་ལྡེབ་༡༧དུ་གསལ་བ་ལྟར། ཁྲིད་ཀྱི་ཟིན་བྲིས་ཉིན་དང་པོར་སྔོན་འགྲོ་ཉིས་ཁྲིད། ཉིན་གཉིས་པར་སྔོན་འགྲོ་ཆིག་ཁྲིད། དངོས་གཞི་ཉིན་ཁྲིད། ཉིན་གསུམ་པར་རྗེས་ཀྱི་རིམ་པའི་ཁྲིད། ཁྲིད་བརྒྱའི་རྒྱས་དོན་བསྡུ་བཅས་དང༌། ལུང་ལ། སེམས་ཉིད་ངལ་གསོའི་རྩ་བ། སྙིང་པོ་དོན་གྱི་ངོ་སྤྲོད། གཅེས་པའི་སྙིང་པོ། རྟོགས་བརྗོད་སུམ་ཅུ་པ། དེའི་འབྲུ་བཤད། རྗེ་བླ་མའི་གཞུང་འགྲེལ། ངལ་གསོའི་རྩ་བ་མདོ་རྒྱུད་ལུང་སྦྱོར། ཁྲིད་ཀྱི་ཉམས་གླུ། གསོལ་འདེབས་གནས་སྦྱར་མ་བཅས། ༈ མི་ཏྲ་ལུགས་སྙིང་པོ་དོན་གསུམ། དམར་ཁྲིད་གྲུབ་པ་མཆོག་གི་ཤིང་རྟ་ལ་མདོ་རྒྱས་བསྡུས། དེའི་ལུང་རྩ་བ་རྡོ་རྗེའི་ཚིག །བརྒྱུད་འདེབས། ཉམས་ལེན་ངག་འདོན་སྙིང་པོ་རྣམས་སོ། ༈ ཚེམ་བུ་ལུགས་ཁྲིད་བརྒྱ་ལྟར་སུམ་ཁྲིད། མཁྱེན་རབ་ཆོས་རྗེའི་ཁྲིད་ཡིག་རྒྱས་པ། ལུང་མཁྱེན་བརྩེའི་དབང་པོའི་གསུང་གསོལ་འདེབས། ཁྲིད་ཀྱི་ས་བཅད། བསྐྱེད་རྫོགས་སྙིང་པོར་དྲིལ་བ། ཉམས་ལེན་ཤིན་ཏུ་བསྡུས་པ་བཅས་སོ། ༈ ཡང༌། གཞུང་ཁྲིད་སོ་སོ་ལ་ཁྲིད་བརྒྱ་ལྟར་མདོར་བསྟན་དོན་བསྡུ་སྦྱར་བས། སྐྱེར་སྒོམ་ལུགས། སྤྱན་རས་གཟིགས་སྙིང་རྗེ་མཁའ་ཁྱབ། ༈ དཔལ་མོ་ལུགས་ཞལ་སྐྱིན་མོ་ཐུགས་རྗེ་ཆེན་པོའི་དམར་ཁྲིད། ༈ ཟླ་རྒྱལ་ལུགས་ཉམས་ལེན་སྙིང་པོ། ༈ རྒྱལ་པོ་ལུགས་ཉམས་ལེན་སྙིང་པོ་དྲིལ་བ་རྣམས་དང༌། ༈ ཐང་རྒྱལ་ཡིག་དྲུག་སྒོམ་ལུང་གནང༌། ༈ བོ་དོང་ཕྱག་ཆེན་ཁྲིད་ལུང༌། ༈ རས་ཆེན་དཔལ་འབྱོར་བའི་གཏུམ་མོ་ཞག་བདུན་ཁྲིད། ༈ ཀུན་མཁྱེན་བོ་དོང་བའི་ཐུབ་པ་མདོ་གཅོད་ཟབ་དོན་ཡང་སྙིང་སོགས་ཁྲིད་ཚན་གསུམ། ༈ རས་ཆེན་དཔལ་འབྱོར་བཟང་པོའི་འཕོ་བའི་ཁྲིད་ལུང༌། ༈ རོང་སྟོན་ཡུམ་ལ་གནང་བའི་འཕོ་ཁྲིད། ཁྲིད་བརྒྱ་ནང་ཕག་སེར་ཀུརྨ་ས་དའི་ཁྲིད། ༈ ཇོ་ནང་ཏཱ་ར་ན་ཐའི་གསར་འགྱུར་བཀའ་བབ་བདུན་གྱི་ཁྲིད་ལུང་སོ་སོའི་བརྒྱུད་འདེབས་བཅས་དང༌། མེ་ཏོག་བཅུད་ལེན་རིམ་ལྔ། ཆུ་ཡི་བཅུད་ལེན། སྙན་བརྒྱུད་རྡེའུ་དང༌། མེ་ཏོག་བཅུད་ལེན་རྣམས་ཁྲིད་ལུང་བཅས་སོ། ལྗགས་ལུང་ལ། སྐྱེར་སྒོམ་ལུགས་ཀྱི་བརྒྱུད་འདེབས། དཔལ་མོ་ལུགས་བརྒྱུད་འདེབས། ངག་འདོན་རྗེ་བླ་མའི་གསུང༌། ཟླ་རྒྱས་ལུགས་བརྒྱུད་འདེབས། རྒྱལ་པོ་ལུགས་ཀྱི་བརྒྱུད་འདེབས། ཐང་རྒྱལ་ཡིག་དྲུག་ཉམས་ལེན་གཞུང་གསལ་བྱེད། གསོལ་འདེབས། ཐང་རྒྱལ་ཉེ་བརྒྱུད་བླ་མའི་རྣལ་འབྱོར་གྱི་གདམས་པ། དེའི་ཁྲིད་ཡིག །བོ་དོང་ཕྱག་ཆེན་སྔོན་འགྲོའི་ངག་འདོན། ཟབ་གསལ་རིང་ལུགས་བརྒྱུད་འདེབས། རས་ཆེན་སྔོན་འགྲོའི་ངག་འདོན། ཐུབ་པ་མདོ་གཅོད་ངག་འདོན། རོང་སྟོན་འཕོ་བའི་གདམས་སྐོར་གཞུང་ལྷན་ཐབས། ཇོ་ནང་གསར་འགྱུར་བཀའ་བབ་བདུན་གྱི་རྩ་ཁྲིད་དང་རྒྱ་གཞུང༌། བརྒྱུད་འདེབས་བཅས་དང༌། ཁྲིད་བརྒྱའི་ཁུང་གླེང་བ། ྃརྟགས་ཅན་རྣམས་ཁྲིད་བརྒྱའི་དབུ་འཛུགས་པའི་གོང་དུ་གསུངས་དགོས། ཁྲིད་བརྒྱ་བརྒྱུད་པའི་གསོལྃ་འདེབས། སོ་སོའི་ལོ་རྒྱུས་ཀྱི་ཡིྃ་གེ །སྔོན་འགྲོ་ཐུན་མོངྃ་དང་ཐུན་མིནྃ་ཁྲིད་བརྒྱའི་ས་འགྲེལ་འཕྲུལ་གྱི་ལྡེ་མིག །ཁྲིད་བརྒྱའི་མཚན་སྡོམ། པོད་དབང་ཡིག་ཆ་ཞ་ལུས་གསུང༌། འདུལ་བའི་ལས་ཆོག་མཐོང་བ་དོན་ལྡན། སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་བླ་མཆོད། དཀར་ཆག་བཀྲ་ཤིས་གྲགས་པའི་རྒྱ་མཚོ་བཅས། ༈ གླེགས་བམ། ༼ཀ༽ པར། གསང་སྔགས་སྔ་འགྱུར་རྙིང་མ་ཞེས་ཡོ་ག་སྡེ་གསུམ་དུ་བཞུགས་པའི་སྨིན་གྲོལ་སྐོར་ལས། དང་པོ་མ་ཧཱ་ཡོ་གའི་སྐོར། སྨིན་བྱེད་སྔོན་དུ་ཐོབ་ཟིན་པའི་དབང་དུ་བཏང་ཏེ་ཁྲིད་ཀྱི་རིམ་པར་པདྨ་ལམ་རིམ་སྤྱི་ཆོས་རིན་ཆེན་སྤུངས་པའི་མཐའ་ཡི་རྒད་པོ་མཁར་བཙུགས་དང༌། རྒན་མོ་མཛུབ་བཙུགས་གཉིས་ལ་མདོ་རྒྱས་བསྡུས། སྒྱུ་འཕྲུལ་དྲྭ་བའི་གྲོལ་བྱེད་ལམ་གྱི་སྙིང་པོའི་དོན་ཁྲིད་བཅས། ལུང་ལ། སངས་རྒྱས་གསང་པའི་ལམ་ཆུང༌། མདོ་སྔགས་སྤྱི་ཆོས་རིན་ཆེན་སྤུངས་པ། སློབ་དཔོན་པདྨའི་མན་ངག་ལྟ་ཕྲེང༌། དེའི་འགྲེལ་པ་ཉི་མའི་འོད་ཟེར། མ་མོ་གསང་བ་ལས་ཀྱི་ཐིག་ལེ་བཅས། གཉིས་པ་ཨ་ནུ་ཡོ་གའི་སྨིན་ཁྲིད་ལ་སྨིན་བྱེད་འདུས་མདོ་བཀའ་གཏེར་གང་རུང་སྔོན་དུ་སོང་ཟིན་བའི་དབང་དུ་མཛད་ནས། འདུས་པ་མདོ་ཡི་ངང་སྒོམ་ཁྲིད་དང༌། དོངས་སྤྲུགས་ཁྲིད་ཟབ་ལམ་སྣང་བྱེད་གཉིས། ཆིག་ཁྲིད། བདེ་བ་གསལ་མཛད་ཀྱི་རྣལ་འབྱོར་བཞི་རིམ་བཅས། གསུམ་པ་ཨ་ཏི་ཡོ་ག་ལ་གསུམ་ལས། ཕྱི་སེམས་སྡེའི་སྨིན་བྱེད་ལ། དངོས་གཞི་རིག་པ་རྩལ་གྱི་དབང་བཅོ་བརྒྱད་པོ་རེ་རེ་བཞིན་དབང་ཐོག་མ་ལ་མཚམས་སྦྱོར་བཅས་ཀུན་བཟང་དོན་ཕྲིན་མཐར་བུམ་དབང་དང་སྦུབ་མཆུའི་ངོ་སྤྲོད། དགོངས་ཉམས་གླུ་བཅས་བདག་བརྟགས་པའི་མན་ངག་གི་དབང་དང་པོ་གནང༌། དེ་ནས་གཞན་རྣམས་སྔོན་བཞིན་ལ་དོན་ཕྲིན་མཚམས་སྦྱོར་བསྡུས་པ་བཅས། ཡེ་ཤེས་ངོས་བཟུང་གིས་དབང་གཉིས་པ་རིག་པ་སྤྱི་བླུགས་ཀྱི་དབང་གསུམ་སྤྲུལ་སྐུ་ཐུག་ཕྲད་ཀྱིས་དབང་བཞི་པ། ཚོགས་བརྒྱད་ལྷུག་པས་དབང་ལྔ་པ། ཆོས་ཉིད་ཀློང་བརྡོལ་གྱིས་དབང་དྲུག་པ། དུག་ལྔ་རང་གྲོལ་གྱིས་དབང་བདུན་པ། འཁོར་བ་དོངས་སྤྲུགས་ཀྱིས་དབང་བརྒྱད་པ། ཡེ་ཤེས་གསལ་བས་དབང་དགུ་པ། བདེ་ཆེན་པོས་དབང་བཅུ་པ། སེམས་ཀྱི་འདས་དབང་བཅུ་གཅིག་པ། རིག་པ་མི་གཡོ་བས་དབང་བཅུ་གཉིས་པ། སེམས་རྫོགས་པས་དབང་བཅུ་གསུམ་པ། གཉིས་མེད་ངང་གིས་དབང་བཅུ་བཞི་པ། རྡོ་རྗེ་རང་འཁྲུང་གིས་དབང་བཅོ་ལྔ་པ། བཏང་སྙོམས་ཆེན་པོས་བཅུ་དྲུག་པ། རྩེ་གཅིག་པས་དབང་བཅུ་བདུན་པ། ལྷུན་གྲུབ་མན་ངག་གིས་དབང་བཅོ་བརྒྱད་བཅས་ཡོངས་སུ་རྫོགས་པ་དང༌། སླར་གཏང་རག་ཚོགས་མཆོད། གདམས་ངག་མགུར། རྗེས་རིམ་བཅས་གྲུབ་པ་དང༌། ཁྲིད་ལ་ཀུན་བྱེད་རྒྱལ་པོའི་དོན་ཁྲིད། ཉང་ལུགས་ཁྲིད། ཁམས་ལུགས་ཁྲིད། ཨ་རོ་ལུགས་རྣམས་ཚིག་ཁྲིད་དུ་བསྩལ། གཉིས་པ་ནང་ཀློང་སྡེའི་སྐོར། སྨིན་བྱེད་རྡོ་རྗེ་ཟམ་པའི་སྒོམ་ཚུལ་བླ་མའི་བྱིན་རླབས་དབང་ཆོག་ཡེ་ཤེས་ཆུ་རྒྱུན་ལྟར་ཐོབ། ཀློང་སྡེའི་སྒོམ་ཁྲིད་འོལ་ཇོ་སྲས་ལུགས་དང་ཞྭ་དམར་སྤྱན་སྔའི་ཁྲིད་སྐལ་བཟང་མིག་འབྱེད་གཉིས་ཁྲིད་ལུང་བཅས། གསུམ་པ་མན་ངག་སྡེའི་སྨིན་བྱེད་སྤྲོས་བཅས་དབང་ཆོག་ཚང་བའི་དྲྭ་བ་ལྟར་ཐོབ། སྙིང་ཏིག་མ་བུའི་ཁྲིད་ཡིག་དྲི་མེད་ཞལ་ལུང་གི་སྔོན་འགྲོ་ཚིག་ཁྲིད། སྤྲོས་མེད་དབང་རིན་པོ་ཆེའི་དྲྭ་བ་ལྟར་གནང་སྟེ། ཁྲེགས་ཆོད་དངོས་གཞི་ཆིག་ཁྲིད་དུ་བསྩལ། ཤིན་ཏུ་སྤྲོས་མེད་དང༌། རབ་ཏུ་སྤྲོས་མེད་ཀྱི་དབང་གནང་ཏེ་ཐོད་བརྒལ་ཁྲིད་ནས་ཡོངས་སུ་རྫོགས་ཀྱི་བར་ཆིག་ཁྲིད་དུ་གསུངས། སླར་ཡང་སྔོན་འགྲོ་སེམས་སྦྱངས་བདུན། ཁྲེགས་ཆོད་ཡེ་བབ་སོར་བཞག །འོད་གསལ་སྙིང་གི་དོན་ཁྲིད་བཅས་དོན་ཁྲིད་སྐོར་གསུམ་ཁྲིད་དུ་གསུང༌། གསང་སྐོར་གཏོར་མའི་དབང་ལག་ལེན་གསལ་སྒྲོན་ལྟར་ཐོབ། མཆོག་གསང་ལམ་ཁྲིད་ཆེན་མོ་ཆིག་ཁྲིད། པད་ལུགས་མཁའ་འགྲོ་ཡང་ཏིག་ཁྲིད་ཡིག་རིན་ཆེན་གསེར་ཕྲེང༌། ཀློང་ཆེན་པའི་སེམས་ཉིད་ངལ་གསོ་དགེ་བ་གསུམ་གྱི་དོན་ཁྲིད་དང༌། རང་གྲོལ་སྐོར་གསུམ་རྣམས་ཁྲིད་ལུང༌། ཁྲིད་བརྒྱ་ནང་ནོར་བུ་མཐོང་གྲོལ་སུམ་ཁྲིད་བཅས། དེ་ལྟར་སེམས་ཀློང་མན་ངག་སྡེ་གསུམ་གྱི་སྨིན་བྱེད། བཀའ་སྲུང་སྡེ་བདུན་རྗེས་གནང་དང༌། མན་ངག་སྡེའི་ཁྲིད་དོན་ཁྲིད་སྐོར་གསུམ། པད་ལུགས་རིན་ཆེན་གསེར་ཕྲེང་ཁྲིད་བཅས་བི་མ་དངོས་སྣང་འཇམ་དབྱངས་བླ་མ་ཆོས་ཀྱི་བློ་གྲོས་རིན་པོ་ཆེ་ལས་ཀྱང་དགྱེས་པས་བཀའ་དྲིན་དུ་ཐོབ། བླ་མ་ཡང་ཏིག་དོན་ཁྲིད་སྐོར་གསུམ་ཐེག་པ་མཆོག་གི་རྣལ་འབྱོར་པ་ཀུན་དགའ་དཔལ་ལྡན་ལས་ཀྱང་བཀའ་དྲིན་ལན་གཅིག་ཐོབ་པའི་བརྒྱུད་རིམ་སྙིང་ཐིག་ཡ་བཞིའི་ཐོབ་ཡིག་ཏུ་གསལ། ལུང་གི་སྐོར། ཀུན་བྱེད་རྒྱལ་པོའི་རྒྱུད་ཁོལ་ཕྱུང་མཆན་ཅན། སེམས་སྡེའི་སློབ་དཔོན་བཅོ་བརྒྱད་ཀྱི་རྡོ་རྗེའི་གླུ། སྙིང་པོའི་བསྟན་བཅོས་བྱང་ཆུབ་སེམས་སྒོམ་པ་རྡོ་ལ་གསེར་ཞུན། སེམས་སྡེའི་དབང་ཆོག །བརྒྱུད་འདེབས་ཁ་སྐོང་ཅན། ཀློང་ཆེན་རབ་འབྱམས་རྒྱུད་ཁོལ་ཕྱུང༌། རྡོ་རྗེ་ཟམ་པའི་གཞུང་མན་ངག་ཞལ་གདམས་བཅས། ཟམ་ཆུང་བསྡུས་པ། བཀའ་བརྒྱུད་རིན་པོ་ཆེའི་ཉམས་ཀྱི་ཕྲེང་བ། བྱང་ཆུབ་སེམས་ཀྱི་ཕན་ཡོན་མགུར་དུ་བཞེངས་པ། ཞལ་གདམས་རིན་པོ་ཆེའི་ཕྲེང་བ། མངོན་རྫོགས་རྒྱལ་པོའི་ཕྲིན་ལས། སྒོམ་ཚུལ་བླ་མའི་དབང་ཆོག །སྒོམ་རྟེན་གྱི་ཡི་གེ །མན་ངག་སྡེའི་གདན་ཀྱི་བཅུད་ཕུར་སངས་རྒྱས་ཀྱི་འདས་རྗེས། དེའི་འགྲེལ་པ་སྣང་བའི་རྒྱན། རིག་འཛིན་བཞི་ཡི་འདས་རྗེས། སྤྲོས་བཅས་དབང་ཆོག །མིང་གི་རིམ་པ། མཎྜལ་ཚོགས་གཉིས་སྤྲིན་ཚོགས། སྤྲོས་མེད་དབང་ཆོག །གནད་ཡིག་བུམ་པའི་བརྡ་དོན། བྱིན་རླབས་སྤྲིན་ཕུང༌། ཤིན་ཏུ་སྤྲོས་མེད་དབང་ཆོག །རྒྱན་གྱུར་མཎྜལ། རབ་ཏུ་སྤྲོས་མེད་དབང་ཆོག །ལྔ་ཚན་མཎྜལ། ཚོགས་མཆོད་ཡིད་བཞིན་རྒྱ་མཚོ། གསང་སྐོར་དབང་ཆོག །སྙིང་ཏིག་བླ་མཆོད་ཀུན་བཟང་རྣམ་པར་རོལ་པའི་རྒྱན་བཅས་དང་བཀའ་སྲུང་ཨེ་ཀ་ཛ་ཊཱི་སྡེ་བདུན་གྱི་རྗེས་གནང་བཅས་བསྩལ་ཞིང༌། དེའི་དབང་ཆོག་ལུང་བཅས། རྙིང་མ་སྐོར་རྫོགས། ཐ་མར་དགེ་བ། གླེགས་བམ། ༼ཨ༽ ནང༌། མི་ཏྲ་ལུགས་ཚེ་དཔག་དཀར་པོའི་རྗེས་གནང༌། ཚེ་འཛིན་དཀར་པོ་ཁྲིད་བརྒྱ་ལྟར་སུམ་ཁྲིད། ཏི་པུ་པའི་ཉེ་བརྒྱུད་ཚེ་སྒྲུབ་ཞག་བདུན་མའི་ཉམས་ལེན། གཙུག་ཏོར་རྣམ་རྒྱལ་རྗེས་གནང༌། སྒྲོལ་དཀར་བ་རི་ལུགས་ཀྱི་རྗེས་གནང༌། དེའི་ཚེ་ཁྲིད་བདེ་ལྡན་མགོན་པོའི་ཞལ་ལུང་ཉིད། འཆད་ཐབས་སྐལ་བཟང་རྣ་བའི་དགའ་སྟོན་ལྟར་སུམ་ཁྲིད་ཞག་ལྔ་ལ་གསུངས་ཤིང༌། ཁྲིད་བརྒྱའི་དོན་བསྡུས་བཅས་དང༌། ཚར་ལུགས་སྒྲོལ་དཀར་གྱི་རྗེས་གནང་དང་ཁྲིད། ཚེ་ལྷ་རྣམ་གསུམ་གཅིག་བསྡུས་ཀྱི་རྗེས་གནང་བཅས་འཇམ་མགོན་ཆོས་ཀྱི་བློ་གྲོས་རིན་པོ་ཆེ་ལ་བཀའ་དྲིན་ཐོབ་པའི་སྐལ་བཟང་ཉམས་སུ་མྱོང་བའི་བརྒྱུད་པ་སྒྲུབ་བཏུས་སྐབས་སུ་གསལ། ཁྲིད་བརྒྱ་ནང་གྲུབ་རྒྱལ་ཚེ་ཁྲིད་སུམ་ཁྲིད་བཅས་དང༌། དེ་ལྟར་ཁྲིད་གྲུབ་པའི་རྗེས་སུ་ཁྲིད་བརྒྱའི་པོད་དབང་ལྟར་གདམས་མཛོད་པོད་བཅུ་པོ་ཡོངས་རྫོགས་ཀྱི་དཔེ་དབང་ཐོབ། ལུང་སྐོར་ལ། ཚེ་དཀར་དབང་ཆོག །རྣམ་རྒྱལ་དབང་ཆོག །སྟོང་མཆོད་ཆོ་ག །སྒྲོལ་དཀར་དབང་ཆོག །ཉམས་ལེན་བསྡུས་པ། ཚེ་ལྷ་རྣམ་གསུམ་གྱི་དབང་ཆོག །དེའི་མཆོད་ཆོག་བཅས། སླར་ཡང་མཐའ་རྟེན་དུ་མཁའ་འགྲོ་ནིྃ་གུ་དང་སུྃ་ཁ་སིདྡྷིའི་ཚེ་དབང་དབང་ཆོག་ལུང་བཅས་གངས་ཅན་སྒྲུབ་བརྒྱུད་ཤིང་རྟ་བརྒྱད་གདམས་ཕྲན་དང་བཅས་པའི་སྨིན་ཁྲིད་རྒྱབ་རྟེན་བཅས་ལེགས་པར་རྫོགས་སོ། དེ་ལྟར་འཇམ་མགོན་ཆོས་ཀྱི་རྒྱལ་པོ་རྣམ་གཉིས་ཀྱི་རྒྱལ་བསྟན་རིན་པོ་ཆེ་གཞིར་བཞེངས་སུ་གནང་བར་མཛད་པའི་ཕྱག་རྗེས་ཀྱི་གཙོ་བོ་གངས་ཅན་སྒྲུབ་བརྒྱུད་བསྟན་པའི་སྲོག་གི་ཟུངས་ལྟ་བུར་གྱུར་པ་གདམས་ངག་རིན་པོ་ཆེའི་གསང་མཛོད་ནོར་བུ་དབྱིག་གི་གྲམ་བུ་ཐང་མར་བརྡལ་བ་འདིས་སྨིན་གྲོལ་ཡོངས་རྫོགས་རྩ་བའི་བརྒྱུད་པ་ནི། ཀུན་གཟིགས་འཇམ་པའི་རྡོ་རྗེ་བློ་གྲོས་མཐའ་ཡས་པའི་ཞལ་སྔ་ནས་བདག་གི་བླ་མ་རིན་པོ་ཆེ་རྒྱལ་ཚབ་རྡོ་རྗེ་འཆང་ཆེན་པོ་ལ་གདམས་ངག་རིན་པོ་ཆེའི་མཛོད་ཀྱི་དཀར་ཆག་ལ་གཟིགས་རྟོགས་ཞིབ་ཏུ་གནང་བར་བཀས་བསྐུལ་བར་རྒྱལ་བསྟན་ཡོངས་རྫོགས་ཀྱི་སྙིང་པོ་ཟབ་རྒྱས་ངོ་མཚར་དུ་བྱུང་བའི་གསེར་ཆོས་སུ་ཐུགས་ཤེས་འདྲོང་བའི་རྒྱུ་མཚན་སྙན་དུ་གསོལ་བས། ཕྱིན་ཆད་ངོས་ནས་སྨིན་གྲོལ་ཆོས་འཁོར་བསྐོར་རྒྱུ་བྱུང་ན་གསན་འོས་པ་དང༌། ཅིས་ཀྱང་མ་བྱུང་ཚེ་སློབ་བརྒྱུད་གང་ལས་གསན་ཀྱང་བརྒྱུད་པ་ཁོ་བོ་ལས་འདྲེན་ཆོག་ཅེས་ཕེབས་པ་ལྟར། མཁས་བཙུན་བཟང་པོའི་བདག་ཉིད་མཁས་ཆེན་བླ་མ་བཀྲ་ཤིས་འོད་ཟེར་ཞི་བའི་སྙིང་པོ་མཆོག་ལས་འཇམ་མགོན་རྣམ་པ་གསུམ་གྱི་ཐུ་བོ་ཞེ་ཆེན་པ་འགྱུར་མེད་པདྨ་རྣམ་རྒྱལ་དཔལ་བཟང་པོའམ་པདྨ་བི་ཛ་ཡས་གསན། གང་དེས་ཚད་མེད་པའི་ཐུགས་རྗེ་དང་བཀའ་དྲིན་ཆེན་པོས་བདག་ཅག་རྣམས་ལ་དགྱེས་ཤིང་བརྩེ་བ་ཆེན་པོས་རྗེས་སུ་བཟུང་བའི་སྐལ་ལྡན་དུ་གྱུར་ཏོ། འཕགས་ཡུལ་དུ་འབྱོར་སྐབས་དཔལ་ཀརྨའི་ཆོས་སྒར་རྒྱལ་དབང་ཀརྨ་པ་བཅུ་དྲུག་རིག་པའི་རྡོ་རྗེ་ལས་སྨིན་གྲོལ་རྒྱབ་བརྟེན་བཅས་ཐོབ་ཚུལ་རྗེ་ཉིད་ཀྱི་གསན་ཡིག་ལྟར་ཤེས་པར་བྱ་དགོས་སོ།།}} | ||
</onlyinclude> | </onlyinclude> |
Revision as of 13:36, 14 December 2022
Wylie title | gdams ngag rin po che'i mdzod kyi smin grol rgyab rten dang bcas pa'i thob yig nor bu sna tshogs kyi phreng ba | |
---|---|---|
Location | dil mgo mkhyen brtse bka' 'bum Volume 25, Text 1, Pages 1-20 (Folios 1a to 20a6) | |
Author | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |
Less details More details | ||
Citation | Khyentse, Dilgo. Gdams ngag rin po che'i mdzod kyi smin grol rgyab rten dang bcas pa'i thob yig nor bu sna tshogs kyi phreng ba. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 25: 1-20. Delhi: Shechen Publications, 1994. | |
Genre | Records of Teachings Received - thob yig - gsan yig | |
Colophon |
དེ་ལྟར་འཇམ་མགོན་ཆོས་ཀྱི་རྒྱལ་པོ་རྣམ་གཉིས་ཀྱི་རྒྱལ་བསྟན་རིན་པོ་ཆེ་གཞིར་བཞེངས་སུ་གནང་བར་མཛད་པའི་ཕྱག་རྗེས་ཀྱི་གཙོ་བོ་གངས་ཅན་སྒྲུབ་བརྒྱུད་བསྟན་པའི་སྲོག་གི་ཟུངས་ལྟ་བུར་གྱུར་པ་གདམས་ངག་རིན་པོ་ཆེའི་གསང་མཛོད་ནོར་བུ་དབྱིག་གི་གྲམ་བུ་ཐང་མར་བརྡལ་བ་འདིས་སྨིན་གྲོལ་ཡོངས་རྫོགས་རྩ་བའི་བརྒྱུད་པ་ནི། ཀུན་གཟིགས་འཇམ་པའི་རྡོ་རྗེ་བློ་གྲོས་མཐའ་ཡས་པའི་ཞལ་སྔ་ནས་བདག་གི་བླ་མ་རིན་པོ་ཆེ་རྒྱལ་ཚབ་རྡོ་རྗེ་འཆང་ཆེན་པོ་ལ་གདམས་ངག་རིན་པོ་ཆེའི་མཛོད་ཀྱི་དཀར་ཆག་ལ་གཟིགས་རྟོགས་ཞིབ་ཏུ་གནང་བར་བཀས་བསྐུལ་བར་རྒྱལ་བསྟན་ཡོངས་རྫོགས་ཀྱི་སྙིང་པོ་ཟབ་རྒྱས་ངོ་མཚར་དུ་བྱུང་བའི་གསེར་ཆོས་སུ་ཐུགས་ཤེས་འདྲོང་བའི་རྒྱུ་མཚན་སྙན་དུ་གསོལ་བས། ཕྱིན་ཆད་ངོས་ནས་སྨིན་གྲོལ་ཆོས་འཁོར་བསྐོར་རྒྱུ་བྱུང་ན་གསན་འོས་པ་དང༌། ཅིས་ཀྱང་མ་བྱུང་ཚེ་སློབ་བརྒྱུད་གང་ལས་གསན་ཀྱང་བརྒྱུད་པ་ཁོ་བོ་ལས་འདྲེན་ཆོག་ཅེས་ཕེབས་པ་ལྟར། མཁས་བཙུན་བཟང་པོའི་བདག་ཉིད་མཁས་ཆེན་བླ་མ་བཀྲ་ཤིས་འོད་ཟེར་ཞི་བའི་སྙིང་པོ་མཆོག་ལས་འཇམ་མགོན་རྣམ་པ་གསུམ་གྱི་ཐུ་བོ་ཞེ་ཆེན་པ་འགྱུར་མེད་པདྨ་རྣམ་རྒྱལ་དཔལ་བཟང་པོའམ་པདྨ་བི་ཛ་ཡས་གསན། གང་དེས་ཚད་མེད་པའི་ཐུགས་རྗེ་དང་བཀའ་དྲིན་ཆེན་པོས་བདག་ཅག་རྣམས་ལ་དགྱེས་ཤིང་བརྩེ་བ་ཆེན་པོས་རྗེས་སུ་བཟུང་བའི་སྐལ་ལྡན་དུ་གྱུར་ཏོ། འཕགས་ཡུལ་དུ་འབྱོར་སྐབས་དཔལ་ཀརྨའི་ཆོས་སྒར་རྒྱལ་དབང་ཀརྨ་པ་བཅུ་དྲུག་རིག་པའི་རྡོ་རྗེ་ལས་སྨིན་གྲོལ་རྒྱབ་བརྟེན་བཅས་ཐོབ་ཚུལ་རྗེ་ཉིད་ཀྱི་གསན་ཡིག་ལྟར་ཤེས་པར་བྱ་དགོས་སོ། | |
de ltar 'jam mgon chos kyi rgyal po rnam gnyis kyi rgyal bstan rin po che gzhir bzhengs su gnang bar mdzad pa'i phyag rjes kyi gtso bo gangs can sgrub brgyud bstan pa'i srog gi zungs lta bur gyur pa gdams ngag rin po che'i gsang mdzod nor bu dbyig gi gram bu thang mar brdal ba 'dis smin grol yongs rdzogs rtsa ba'i brgyud pa ni/_kun gzigs 'jam pa'i rdo rje blo gros mtha' yas pa'i zhal snga nas bdag gi bla ma rin po che rgyal tshab rdo rje 'chang chen po la gdams ngag rin po che'i mdzod kyi dkar chag la gzigs rtogs zhib tu gnang bar bkas bskul bar rgyal bstan yongs rdzogs kyi snying po zab rgyas ngo mtshar du byung ba'i gser chos su thugs shes 'drong ba'i rgyu mtshan snyan du gsol bas/_phyin chad ngos nas smin grol chos 'khor bskor rgyu byung na gsan 'os pa dang*/_cis kyang ma byung tshe slob brgyud gang las gsan kyang brgyud pa kho bo las 'dren chog ces phebs pa ltar/_mkhas btsun bzang po'i bdag nyid mkhas chen bla ma bkra shis 'od zer zhi ba'i snying po mchog las 'jam mgon rnam pa gsum gyi thu bo zhe chen pa 'gyur med pad+ma rnam rgyal dpal bzang po'am pad+ma bi dza yas gsan/_gang des tshad med pa'i thugs rje dang bka' drin chen pos bdag cag rnams la dgyes shing brtse ba chen pos rjes su bzung ba'i skal ldan du gyur to/_'phags yul du 'byor skabs dpal karma'i chos sgar rgyal dbang karma pa bcu drug rig pa'i rdo rje las smin grol rgyab brten bcas thob tshul rje nyid kyi gsan yig ltar shes par bya dgos so/ |