DKR-KABUM-18-TSHA-002: Difference between revisions

From Khyentse Lineage - A Tsadra Foundation Project
DKR-KABUM-18-TSHA-002
No edit summary
No edit summary
Line 2: Line 2:
|classification=Tibetan Publications
|classification=Tibetan Publications
|subclass=Tibetan Texts
|subclass=Tibetan Texts
|fulltitletib=
|sectionheading=No
|fulltitle=
|fulltitletib=རིག་འཛིན་ཌཱ་ཀིའི་སྲོག་གི་ཏི་ལ་ཀ༔ རྡོ་རྗེ་སྙིང་པོ་དོན་གྱི་ཐོལ་གླུ༔
|citation=[[Khyentse, Dilgo]]. ''''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 18: . Delhi: Shechen Publications, 1994.
|fulltitle=rig 'dzin DA ki'i srog gi ti la ka: rdo rje snying po don gyi thol glu
|citation=[[Khyentse, Dilgo]]. ''Rig 'dzin DA ki'i srog gi ti la ka rdo rje snying po don gyi thol glu''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 18: 3-12. Delhi: Shechen Publications, 1994.
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ།
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ།
|collectiontitle=dil mgo mkhyen brtse bka' 'bum
|collectiontitle=dil mgo mkhyen brtse bka' 'bum
|author=Khyentse, Dilgo
|author=Khyentse, Dilgo
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
|sourcerevealer=Khyentse, Dilgo
|sourcerevealertib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
|sourcerevealertib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
|sourcerevealer=Khyentse, Dilgo
|tibgenre=Root Treasure - gter gzhung
|sourceauthor=
|sourceauthortib=
|associatedpeople=
|associatedpeopletib=
|tibgenre=Sadhanas - Evocation Ritual - sgrub thabs
|terma=Yes
|terma=Yes
|dkroutline=Six
|dkroutline=Six
|language=Tibetan
|deity=
|cycle=rdo rje snying po don gyi thol glu
|cycle=rdo rje snying po don gyi thol glu
|cycletib=རྡོ་རྗེ་སྙིང་པོ་དོན་གྱི་ཐོལ་གླུ་
|cycletib=རྡོ་རྗེ་སྙིང་པོ་དོན་གྱི་ཐོལ་གླུ་
|parentcycle=
|language=Tibetan
|parentcycletib=
|volumenumber=018
|volumenumber=018
|volnumtib=༡༨
|volnumtib=༡༨
|volyigtib=ཚ་
|volyigtib=ཚ་
|totalvolumes=25
|totalvolumes=25
|textnuminvol=002
|pagenumbers=3-12
|totalpages=20
|beginfolioline=1a
|beginfolioline=1a
|rectonotes=
|endfolioline=10b6
|totalfolios=10
|multivolumework=No
|rectonotes=gter gzhung
|versonotes=rdo rje snying po don gyi thol glu
|versonotes=rdo rje snying po don gyi thol glu
|textnuminvol=002
|colophontib=སྐལ་བཟང་གཏད་མེད་ཡོ་གིའི་མངྒ་ལ། །ཡངས་པའི་རྒྱལ་ཁམས་ཉུལ་བའི་སྐབས་ཤིག་ཏུ། །སྦས་པའི་གནས་མཆོག་འབྲས་ལྗོངས་ལྷ་ཡི་རི། །བཀྲ་ཤིས་སྡིང་དུ་སྟེས་དབང་ཞིག་གིས་ཕྱིན། །དགའ་སྐྱོའི་སྣང་བ་ན་བུན་བཞིན་དུ་འཁྲིགས། །བདེ་སྡུག་རྐྱེན་གྱི་སེར་བུ་བར་མེད་ལྡང༌། །བློ་གཏད་བླ་མར་བཅའ་པའི་གདུང་ཤུགས་ཀྱིས། །གསོལ་འདེབས་རྒྱང་གླུས་ཐུགས་ཡིད་བསྲེས་པའི་ཚེ། །ཀློང་ཆེན་རིག་པ་རང་བྱུང་ཧེ་རུ་ཀ །མངོན་སུམ་མཇལ་ནས་བརྡ་ཐབས་དབང་ཡང་བསྐུར། །བྱིན་རླབས་ཆོས་ཀྱི་སྙིང་པོ་འདི་ཡང་རྙེད། །ཡིད་ཆེས་ངང་ནས་ཤོག་སྐྱའི་ལོགས་སུ་ཕབ། །དངོས་གཅིག་དུ་མའི་ཆོ་འཕྲུལ་མ་ངེས་པས། །འཇམ་མགོན་བླ་མ་དགྱེས་པའི་ཞལ་ཡང་མཐོང༌། །རྟོག་མེད་དགོངས་པའི་ཀློང་དུ་སད་པའི་ཚེ། །དབུགས་འབྱིན་ཐུགས་རྗེའི་བྱིན་རླབས་ཡང་ཡང་ཐོབ། །ཨེ་མ་བུ་ཁྱོད་སྒྱུ་མའི་ལྟད་མོ་ལྟོས། །སྐྱེ་ཤི་ཐམས་ཅད་འཁྲུལ་པས་བཏགས་པ་ཙམ། །དོན་ལ་མི་གནས་ང་ལ་འགྲོ་འོང་མེད། །ཐ་དད་འཛིན་པའི་འཁྲུལ་པ་དབྱིངས་སུ་སྐྱོལ། །ཕ་རྒན་བློ་གྲོས་དག་པའི་ཞིང་མང་ཉུལ། །རིགས་ཀྱི་སྐྱེས་བུས་རྟག་ཏུ་གཞན་ཕན་སྤྱོད། །ཕ་བུ་མི་འབྲལ་ཆོས་ཉིད་ཀློང་ན་གཅིག །སྒྱུ་མ་ལྟ་བུའི་སྣང་ཡུལ་རྗེས་མི་འབྲང༌། །བདེ་སྡུག་སྨིག་རྒྱུ་རོ་གཅིག་ལྟ་བས་གཟིར། །རྟེན་འབྱུང་དག་པས་བསྟན་འགྲོར་ཕན་པ་བསྒྲུབ། །གཉིས་མེད་གཉིས་སྣང་ཆུ་ཟླའི་བཀོད་པ་མཐོང༌། །དུས་ལས་མ་ཡོལ་བར་ཆད་སྲུང་ལ་བརྩོན། །ཕྱི་ནང་གསང་བའི་རྟེན་འབྲེལ་ཡང་དག་པ། །རང་འགྲིག་རང་དབང་འབྱུང་བས་ཐོག་བབ་སྤྱོད། །བདུན་གྱི་བདུན་པར་མི་མཐུན་ཀུན་ལས་རྒྱལ། །གསང་བའི་ལུང་བཞིན་གཞན་དུ་མ་འཆོལ་གཅེས། །ཐེག་ལེའི་ཆོ་འཕྲུལ་རླུང་གི་ལྕགས་ཀྱུས་ཐོབ། །སྦས་པའི་གསང་བ་སྙིང་གི་བཅུད་དུ་བསྐྱིལ། །བཅུ་དྲུག་དགའ་བའི་དབུགས་འབྱིན་འབྱུང་སྲིད་པས། །བློ་བདེའི་ངང་ནས་པིར་གྱི་ཁ་བཞིན་སྡོམས། །ཨེ་ཀ་ཙ་ཏི་དབྱིངས་ཀྱི་རྒྱལ་མོའི་གྲོགས། །ཕན་པ་གང་བྱུང་སྒྲ་གཅན་ཞལ་གྱིས་སྟེར། །དུས་སུ་མི་བསླུ་ངེས་པའི་ལུང་དོན་བཞིན། །འཁྱོལ་བས་འཕོ་མེད་ཆོས་སྐུར་རྒྱས་ཐོབ་ཅིག །ས་མ་ཡ༔ རྒྱ་རྒྱ་རྒྱ༔  ྀཨཐི༔ བརྡ་ཐིམ། གུཧྱ༔
|colophonwylie=skal bzang gtad med yo gi'i mang+ga la/_/yangs pa'i rgyal khams nyul ba'i skabs shig tu/_/sbas pa'i gnas mchog 'bras ljongs lha yi ri/_/bkra shis sding du stes dbang zhig gis phyin/_/dga' skyo'i snang ba na bun bzhin du 'khrigs/_/bde sdug rkyen gyi ser bu bar med ldang*/_/blo gtad bla mar bca' pa'i gdung shugs kyis/_/gsol 'debs rgyang glus thugs yid bsres pa'i tshe/_/klong chen rig pa rang byung he ru ka_/mngon sum mjal nas brda thabs dbang yang bskur/_/byin rlabs chos kyi snying po 'di yang rnyed/_/yid ches ngang nas shog skya'i logs su phab/_/dngos gcig du ma'i cho 'phrul ma nges pas/_/'jam mgon bla ma dgyes pa'i zhal yang mthong*/_/rtog med dgongs pa'i klong du sad pa'i tshe/_/dbugs 'byin thugs rje'i byin rlabs yang yang thob/_/e ma bu khyod sgyu ma'i ltad mo ltos/_/skye shi thams cad 'khrul pas btags pa tsam/_/don la mi gnas nga la 'gro 'ong med/_/tha dad 'dzin pa'i 'khrul pa dbyings su skyol/_/pha rgan blo gros dag pa'i zhing mang nyul/_/rigs kyi skyes bus rtag tu gzhan phan spyod/_/pha bu mi 'bral chos nyid klong na gcig_/sgyu ma lta bu'i snang yul rjes mi 'brang*/_/bde sdug smig rgyu ro gcig lta bas gzir/_/rten 'byung dag pas bstan 'gror phan pa bsgrub/_/gnyis med gnyis snang chu zla'i bkod pa mthong*/_/dus las ma yol bar chad srung la brtson/_/phyi nang gsang ba'i rten 'brel yang dag pa/_/rang 'grig rang dbang 'byung bas thog bab spyod/_/bdun gyi bdun par mi mthun kun las rgyal/_/gsang ba'i lung bzhin gzhan du ma 'chol gces/_/theg le'i cho 'phrul rlung gi lcags kyus thob/_/sbas pa'i gsang ba snying gi bcud du bskyil/_/bcu drug dga' ba'i dbugs 'byin 'byung srid pas/_/blo bde'i ngang nas pir gyi kha bzhin sdoms/_/e ka tsa ti dbyings kyi rgyal mo'i grogs/_/phan pa gang byung sgra gcan zhal gyis ster/_/dus su mi bslu nges pa'i lung don bzhin/_/'khyol bas 'pho med chos skur rgyas thob cig_/sa ma ya:_rgya rgya rgya:__ithi:_brda thim/_guh+ya:
|pdflink=File:DKR-KABUM-18-TSHA-002.pdf
|pdflink=File:DKR-KABUM-18-TSHA-002.pdf
}}
}}
Line 37: Line 38:
<h1 style="font-size: 24px !important;">Tibetan Text</h1>
<h1 style="font-size: 24px !important;">Tibetan Text</h1>
<onlyinclude>
<onlyinclude>
{{TibP|སྐྱ རིག་འཛིན་ཌཱ་ཀིའི་སྲོག་གི་ཏི་ལ་ཀ༔ རྡོ་རྗེ་སྙིང་པོ་དོན་གྱི་ཐོལ་གླུ་བཞུགས༔
{{TibP|རིག་འཛིན་ཌཱ་ཀིའི་སྲོག་གི་ཏི་ལ་ཀ༔ རྡོ་རྗེ་སྙིང་པོ་དོན་གྱི་ཐོལ་གླུ་བཞུགས༔<br><br>
སྐྱ  རང་བྱུང་རིག་པའི་བླ་མར་འདུད༔ སྣང་སྲིད་འོད་གསལ་བླ་མའི་དབྱིངས༔ མངོན་སུམ་སྒྲུབ་པའི་གང་ཟག་གིས༔ སྔོན་དངོས་རྗེས་ཀྱིས་ཉམས་སུ་ལེན༔ ས་མ་ཡ༔ ཨ༔ ཆོས་དབྱིངས་འོད་གསལ་རྡོ་རྗེ་སྙིང་པོའི་གཞིར༔ སྐུ་གསུམ་ལྷུན་རྫོགས་བླ་མར་སྐྱབས་སུ་མཆི༔ རང་ངོ་མ་ཤེས་གློ་བུར་འཁྲུལ་པའི་འགྲོ༔ བདེ་ཆེན་དབྱིངས་སུ་བསྒྲལ་བར་སེམས་བསྐྱེད་དོ༔  ཨ༔ རིག་པ་རང་སྣང་བླ་མར་ཕྱག་འཚལ་ཞིང༔ སྣང་སྲིད་བདེ་སྟོང་རོལ་པའི་མཆོད་སྤྲིན་འབུལ༔ བློས་བྱས་འཁྲུལ་པ་ཀ་དག་དབྱིངས་སུ་བཤགས༔ ཟག་མེད་ཡོན་ཏན་རྫོགས་ལ་རྗེས་ཡི་རང༔ ཟབ་གསལ་རྡོ་རྗེའི་ཆོས་ཀྱི་འཁོར་ལོ་བསྐོར༔ གཟོད་ནས་སྐྱེ་འཆི་བྲལ་བར་བཞུགས་གསོལ་འདེབས༔ འགྲོ་ཀུན་རང་གྲོལ་གོ་འཕང་ཐོབ་ཕྱིར་བསྔོ༔ ཡང་དག་དོན་གྱི་ཀློང་དུ་བྱང་ཆུབ་ཤོག༔  ཨ༔ དེ་ཉིད་མ་རྟོགས་གཟུང་འཛིན་འཁྲུལ་བའི་བགེགས༔ བདེན་མེད་སྒྱུ་མའི་གཏོར་མ་འདི་ལོངས་ལ༔ ཡེ་གྲོལ་སྟོང་ཆེན་དབྱིངས་ཀྱི་ཕ་མཐར་དེངས༔ ཁོར་ཡུག་ཡེ་ཤེས་ཕྱག་རྒྱས་མཚམས་བཅད་དོ༔ ཛྙཱ་ན་དྷཱ་ཏུ་རཀྵ་བྷྲཱུྃ༔ ཨ༔ དབྱིངས་ལས་རང་ཤར་འགག་མེད་རྩ་གསུམ་ལྷ༔ ཐུགས་རྗེའི་ཆོ་འཕྲུལ་རྡོ་རྗེའི་བྱིན་ཆེན་ཕོབ༔ འོད་གསལ་བཀོད་པ་ལྷུན་རྫོགས་མཆོད་པའི་སྤྲིན༔ འཕེལ་འགྲིབ་བྲལ་བའི་རྒྱན་དུ་བཟོད་ནས་ཤར༔ ཨོཾ་ཨཱཿཧཱུྃ་ཛྙཱ་ན་ཨ་བེ་ཤ་ཡ་ཨ་ཨ༔ མ་ཧཱ་སུ་ཁ་པཱུ་ཛ་མུ་དྲ་ཧོ༔  ཨ༔ ཤིན་ཏུ་རྣམ་དག་རྡོ་རྗེ་བཙུན་མོའི་དབྱིངས༔ འཇའ་ཟེར་འོད་ཀྱི་དྲྭ་བ་ཀུན་ཏུ་སྣང༔ འགག་མེད་ཐུགས་རྗེ་རྒྱུ་ཡི་ས་བོན་ཨ༔ མཐིང་ག་ཁྱབ་པ་ཆེན་པོའི་སྒྲོན་མར་ཤར༔ ཀུན་ཁྱབ་ཀུན་ཏུ་སྣང་བའི་གཞལ་མེད་ཁང༔ དབྱིངས་དང་མཉམ་པའི་བཀོད་པ་འབྱམས་ཀླས་དབུས༔ ཡི་གེ་ཡོངས་གྱུར་རྩ་གསུམ་རྒྱ་མཚོའི་བདག༔ རིག་འཛིན་བླ་མ་འོད་སྐུར་འདུས་པའི་བཅུད༔ ནམ་མཁའ་འཇིགས་མེད་སྒྱུ་མའི་རྣལ་འབྱོར་པ༔ ཧེ་རུ་ཀ་དཔལ་སྲིད་ཞི་ཡོངས་ཀྱི་བདག༔ འཕོ་ཆེན་རྡོ་རྗེའི་འོད་ཀྱི་མཚན་དཔེ་ནི༔ དབྱིངས་ཆེན་རྣམ་དག་ནམ་མཁའི་མདོག་ཏུ་སྒེག༔ ཁྲོ་གཏུམ་བརྗིད་ཆགས་ལྟ་སྟངས་མཁའ་ལ་གཟིར༔ རལ་པའི་ཟུར་ཕུད་རྒྱུད་ཀྱི་གླེགས་བམ་འཆིང༔ ཐོད་སྐམ་དབུ་རྒྱན་རུས་པའི་ཕྱག་རྒྱས་སྤྲས༔ སེར་ཞིང་དམར་བའི་སྨར་སྨིན་མེ་ཟེར་འཕྲོ༔ ཕྱག་གཡས་སྡིགས་མཛུབ་དང་བཅས་མི་རྐང་གླིང༔ འབུམ་ཕྲག་མཁའ་འགྲོ་སྡུད་པའི་རོལ་མོ་འཁྲོལ༔ གཡོན་པས་ཟག་མེད་ཡེ་ཤེས་བདུད་རྩིའི་བཅུད༔ འཕྱུར་ཞིང་ལུད་པའི་བྷནྡྷ་མཁའ་ལ་གཏོད༔ སྐུ་གསུམ་ཡོངས་རྫོགས་རང་བྱུང་ཁ་ཊྭཱཾ་ཀ༔ མཆན་གཡོན་བསྒྲེངས་ནས་ཕྱེད་པའི་སྐྱིལ་ཀྲུང་གིས༔ སྟག་ལྤགས་ཤམ་ཐབས་དང་བཅས་རོལ་སྟབས་བཞུགས༔ སྣང་སྲིད་ཟིལ་གནོན་ཞིང་གི་གཡང་གཞི་བཏིང༔ རིག་རྩལ་རྡོ་རྗེའི་ཐོག་ཆར་སྐར་ལྟར་འཕྲོ༔ ཙིཏྟ་རིན་ཆེན་གསང་བའི་ཏི་ལ་ཀར༔ ཡེ་ཤེས་དབྱིངས་ཀྱི་ཞི་བ་བཞི་བཅུ་གཉིས༔ དུང་ཁང་བྷནྡྷའི་གཞལ་མེད་ཁང་ཆེན་པོར༔ ཁྲག་འཐུང་ལྔ་བཅུ་རང་བྱུང་ཉིད་དུ་ཤར༔ མཁའ་ཁྱབ་ཡེ་ཤེས་སྐུ་ནི་གཤིན་རྗེའི་གཤེད༔ གྲགས་སྟོང་རྡོ་རྗེའི་ནཱ་ད་ཧྱ་གྲྀ༔ ཡང་དག་གྲུབ་པའི་ཐིག་ལེ་རྡོ་རྗེའི་ཐུགས༔ ཡོན་ཏན་ལྷུན་རྫོགས་ཆེ་མཆོག་ལྟེ་བར་བཞུགས༔ ཕྲིན་ལས་ལྷུན་གྲུབ་གསང་གནས་ཀཱི་ལ་ཡ༔ མཆོད་བསྟོད་དྲག་སྔགས་ལས་ཀྱི་དབང་པོ་སྟེ༔ རིག་འཛིན་བླ་མ་འདུས་པའི་བདག་ཉིད་རྫོགས༔ ཆོས་ཀུན་སྙིང་པོ་ཡེ་ཤེས་ཕྱག་རྒྱའི་སྐུ༔ གཞོན་ནུ་བུམ་སྐུ་ཟག་པ་མེད་པའི་སྦུབས༔ སྐྱེ་འཆི་ལས་འདས་འཕོ་མེད་རྡོ་རྗེའི་དབྱིངས༔ ཁྱབ་བརྡལ་ཆོས་ཀུན་ཀློང་དུ་སད་པ་ཡི༔ རང་རིག་བླ་མ་འདུས་པའི་དཀྱིལ་འཁོར་ལ༔ ཡེ་ཤེས་འདུ་འབྲལ་མེད་པར་དགྱེས་བཞུགས་པས༔ དོན་གྱི་བྱིན་རླབས་མངོན་སུམ་འབེབས་པའི་ཕྱིར༔ འོད་གསལ་སྤྲིན་གྱི་འཁོར་ལོར་ས་མཱ་ཛཿ ཨ༔ ངོ་བོ་ཆོས་སྐུ་ཀུན་བཟང་འོད་མཐའ་ཡས༔ གཞོན་ནུ་བུམ་སྐུ་ཆོས་དབྱིངས་ཀློང་ནས་གཤེགས༔ ཀ་དག་ཟང་ཐལ་ཆེན་པོའི་བྱིན་ཕོབ་ལ༔ ཀུན་འབྱུང་འཁྲུལ་པ་གཞིར་ཟད་དངོས་གྲུབ་སྩོལ༔ རང་བཞིན་ལོངས་སྐུ་ཞི་ཁྲོ་རབ་འབྱམས་ལྷ༔ ཡེ་ཤེས་ཀུན་ལ་ཁྱབ་པའི་དབྱིངས་ནས་གཤེགས༔ འོད་གསལ་རྡོ་རྗེ་དབྱིངས་ཀྱི་འཁོར་ལོ་ཡིས༔ སྐུ་གསུམ་ལམ་སྣང་རྫོགས་པའི་དངོས་གྲུབ་སྩོལ༔ ཐུགས་རྗེ་སྤྲུལ་སྐུ་ཕྱོགས་ལྷུང་མེད་པ་ནས༔ རིག་འཛིན་དཔལ་མགོན་བླ་མ་མངོན་སུམ་གཤེགས༔ རང་གྲོལ་ཆོས་དབྱིངས་དོན་གྱི་དགོངས་བརྒྱུད་ཀྱིས༔ རྟོགས་པ་མཁའ་དང་མཉམ་པའི་དངོས་གྲུབ་སྩོལ༔ མངོན་སུམ་ཆོས་ཉིད་གནས་འདིར་བྱིན་ཕོབ་ལ༔ ཉམས་རྟོགས་གོང་འཕེལ་མཆོག་ཐུན་དངོས་གྲུབ་སྩོལ༔ རིག་པ་ཚད་ཕེབས་ཡིད་དཔྱོད་བར་ཆད་སོལ༔ བློ་འདས་ཆོས་ཉིད་ཟད་པའི་ཀློང་ཐིམ་མཛོད༔ ཨོཾ་མ་ཧཱ་གུ་རུ་ཛྙཱ་ན་ཙཀྲ་ས་མ་ཡ་ཛཿཛཿ ཨ༔ རོ་མཉམ་རྡོ་རྗེའི་དམ་ཚིག་སེམས་དཔའ་ལ༔ རིག་སྟོང་ཡེ་ཤེས་འཁོར་ལོ་གཉིས་མེད་བཞུགས༔ དོན་དམ་རང་ཞལ་མཇལ་བ་ལྟ་བའི་ཕྱག༔ བཟང་ངན་ཀུན་རྟོག་བྲལ་བས་འཚལ་བར་བགྱི༔ ཏིཥྛ་ལྷན༔ ན་མོ་ཧཱུྃ༔ ཨ༔ རང་བྱུང་རང་ཤར་མཆོད་པའི་ཕྱག་རྒྱ་ཆེ༔ སེམས་ཀྱི་ཡིད་བཞིན་རིན་ཆེན་གཏེར་ལས་སྤྲུལ༔ ཞེན་མེད་རྡོ་རྗེའི་རོལ་མོ་བསམ་ཡས་པ༔ ཀུན་ཁྱབ་ཀུན་བཟང་སྒྱུ་འཕྲུལ་དྲྭ་བར་བཀོད༔ མ་ཧཱ་སུ་ཁ་པཱུ་ཛ་མུ་དྲ་ཧོཿ ཨ༔ ཆོས་དབྱིངས་སྤྲོས་བྲལ་ཀུན་བཟང་གདོད་མའི་མགོན༔ རྣམ་མང་རྒྱུད་སྡེའི་དཀྱིལ་འཁོར་ལྷུན་གྱིས་རྫོགས༔ དཔལ་མགོན་བླ་མ་རིག་འཛིན་ཌཱ་ཀིའི་དལ༔ ཅིར་ཡང་འབྱུང་ཞིང་སྡུད་པའི་བྱེད་པོར་བསྟོད༔ ཐུགས་ཀར་རང་བཞིན་གཞི་ཡི་ཀུན་ཏུ་བཟང༔ དྭངས་མའི་ཐིག་ལེ་སྟོང་པའི་སྒྲོན་མའི་ཚུལ༔ ཕྲ་ལ་གསལ་འཚེར་གཟི་བརྗིད་འོད་དུ་འབར༔ ཤིན་ཏུ་བརྟག་དཀའ་མི་ཤིགས་དྭངས་མའི་སྲོག༔ ཨ་ཡིག་མཐིང་གསལ་རྡོ་རྗེའི་སྔགས་ཀྱིས་བསྐོར༔ འོད་ཟེར་སྤྲོ་བསྡུས་དོན་གཉིས་འབད་མེད་བསྒྲུབས༔ ཁྱད་པར་འོད་གསལ་རྡོ་རྗེ་སྙིང་པོ་ཡི༔ བརྒྱུད་གསུམ་བླ་མའི་བྱིན་རླབས་འུབ་ཀྱིས་བསྡུས༔ གཉིས་མེད་ཐིམ་པས་དགོངས་པའི་རྩལ་རྫོགས་པའི༔ ལྷུན་གྲུབ་བདེ་ཆེན་རྡོ་རྗེའི་ཀློང་དུ་ཤར༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་ག་ག་ན་ཨ་བྷ་ཡ་ཛྙཱ་ན་སིདྡྷི་ཧཱུྃ༔ ཨོཾ་ནི་རང་བྱུང་ཀུན་བཟང་དང་པོའི་མགོན༔ ཨཱཿཡིག་རྣམ་སྣང་རང་བྱུང་ལོངས་སྤྱོད་རྫོགས༔ ཧཱུྃ་གི་ཐུགས་སྲོག་ཡེ་ཤེས་བླ་མ་རྗེ༔ བཛྲ་སྐུ་གསུམ་དབྱེར་མེད་ངོ་བོ་ཉིད༔ མ་ཧཱ་གུ་རུ་མི་འགྱུར་རྡོ་རྗེའི་སྐུ༔ ག་ག་ན་སྟེ་ཞི་བ་རྡོ་རྗེ་དབྱིངས༔ ཨ་བྷ་ཡ་ཞེས་རང་བྱུང་ཧེ་རུ་ཀ༔ ཛྙཱ་ན་ལྷན་སྐྱེས་ཌཱ་ཀིའི་རྡོ་རྗེའི་སྲོག༔ སིདྡྷི་མཆོག་དང་ཐུན་མོང་གཉིས་སུ་མེད༔ ཧཱུྃ་གིས་སྩོལ་ཅེས་རྗེས་སུ་བསྐུལ་བའི་སྲོག༔ མ་བཅོས་འཛིན་མེད་གཉུག་མའི་ངང་ནས་བཟླ༔ གཞིར་གནས་ཨ་ལས་དབྱིངས་ཀྱི་འོད་དཀར་སྤྲོས༔ མི་མཐུན་ཀུན་ཞི་ཆོས་ཉིད་མངོན་སུམ་རྫོགས༔ ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཨ་ལས་བྱུང་བའི་འོད་ཟེར་བཙོ་མའི་གསེར༔ སྲིད་ཞིའི་དཔལ་འབྱོར་རྫོགས་པའི་ཉམས་རྟོགས་འཕེལ༔ པུཥྚིཾ་ཀུ་རུ་ཝརྡྷ་ཨོཾ༔ ཨ་ཡིག་ལས་འཕྲོས་དམར་གསལ་རྗེས་ཆགས་འོད༔ རིག་པ་ཚད་ཕེབས་བདེ་ཆེན་དཔྱིད་དུ་བསྡུས༔ ཝཱ་ཤཾ་ཀུ་རུ་ཧོཿ ཨ་ལས་འཕྲོས་པའི་ལྗང་ནག་མཚོན་ཆའི་ཐོག༔ འཕྲོས་པས་འཁོར་ཆོས་བློ་ཟད་དབྱིངས་སུ་བསྒྲལ༔ མཱ་ར་ཡ་ཕཊ༔  ཨ༔ ཨ་ལས་བྱུང་བའི་དབྱིངས་ཀྱི་བྷཉྫའི་ཀློང༔ ཧཾ་ལས་བདེ་ཆེན་རིགས་ལྔའི་དམ་ཚིག་རྫས༔ གཉིས་མེད་དགའ་བཞིའི་ཉམས་འགྱུར་འབུམ་ཕྲག་འཕྲོ༔ ཀུན་ཁྱབ་ཚོགས་ཀྱི་ལོངས་སྤྱོད་ཆེན་པོར་ཤར༔ ཨ༔ རང་ཤར་འཇའ་སྐུར་དེངས་པའི་རྩ་གསུམ་ལྷ༔ ཆོས་དབྱིངས་རྡོ་རྗེ་བཀོད་པའི་ཞིང་ནས་བཞེངས༔ ཁྱབ་བརྡལ་ཡེ་ཤེས་ཆེན་པོའི་བྱིན་ཕོབ་ལ༔ བརྟུལ་ཞུགས་རིག་པའི་རང་རྩལ་སྦར་དུ་གསོལ༔ སརྦ་ས་མ་ཡ་ཛཿཛཿ ཨ༔ ཀུན་ཏུ་དགའ་བའི་ཉམས་འགྱུར་འབུམ་ཕྲག་གིས༔ སྒེག་པའི་རྡོ་རྗེའི་ལྷ་མོའི་མཆོད་པའི་སྤྲིན༔ ཐབས་ཤེས་ཚོགས་ཀྱི་འཁོར་ལོའི་ལོངས་སྤྱོད་ཆེ༔ རྒྱལ་བའི་དཀྱིལ་འཁོར་དག་པ་ཆེན་པོར་འབུལ༔ ག་ཎ་ཙཀྲ་པཱུ་ཛ་ཧོཿ  ཨ༔ གདོད་ནས་དག་པའི་ཡེ་ཤེས་ཆེན་པོ་ལ༔ ཀུན་རྟོག་མཚན་མའི་འདུ་བྱེད་ཀ་ནས་དག༔ ཡིད་དཔྱོད་དངོས་མཚན་སྒྲིབ་པའི་ནོངས་པ་ཀུན༔ བཤགས་སོ་དག་ཅིང་ཚངས་པར་བྱིན་གྱིས་རློབས༔ ས་མ་ཡ་ཤུདྡྷེ་ཨཱཿ  ཨ༔ རྟག་ཆད་བདག་ཏུ་ལྟ་བའི་དགྲ་དང་བགེགས༔ ཡེ་ཤེས་རོལ་པའི་མཚོན་ཆས་ཀློང་དུ་བསྒྲལ༔ རང་མདངས་བདེ་བ་ཆེན་པོའི་དམ་རྫས་ཀྱིས༔ རྟག་ཏུ་དགྱེས་པའི་དམ་ཚིག་ཕྱག་རྒྱར་བཞེས༔ མཱ་ར་ཡ་ཕཊ༔ མཾ་ས་རཀྟ་ཀེཾ་ནི་རི་ཏི་ཁཱ་ཧི༔  ཨ༔ ཐབས་ཤེས་ཨེ་ཝྃ་སྡོམ་པའི་ཕྱག་རྒྱ་ནི༔ གསང་ཆེན་རྡོ་རྗེའི་དངོས་པོར་བཀོད་ནས་རྫོགས༔ ངོ་མཚར་ཚོགས་ཀྱི་འཁོར་ལོའི་དེ་ཁོ་ན༔ རང་བཞིན་གཉུག་མའི་རྡོ་རྗེའི་སེམས་དཔའོ༔  ཨ༔ ཀུན་ཉོན་མ་རིག་རྟོག་པའི་ལྷག་མའི་རྫས༔ ཡེ་ཤེས་དཀྱིལ་འཁོར་ཆེན་པོའི་མཐའ་སྐྱོང་བདག༔ སྐྱེ་འགག་གནས་མེད་ཌཱ་ཀིའི་ཚོགས་ལ་འབུལ༔ དོན་གྱི་མི་རྟོག་དེ་ཁོ་ན་རུ་རྫོགས༔ ཨོཾ་ཨུཙྪིཥྚ་བྷཀྵ་སི་ཧོཿ ཨ༔ གློ་བུར་དུག་གསུམ་ཉོན་མོངས་ཀ་དག་སྦུབས༔ བདེ་གསལ་མི་རྟོག་མགོན་པོ་མ་ནིང་ནག༔ མདོ་རྒྱུད་སྔགས་ཀྱི་བདག་མོ་ཆོས་སྲུང་གིས༔ ཅིར་སྣང་ཡེ་ཤེས་རོལ་པའི་སྐྱེམས་ཕུད་བཞེས༔ རྩོལ་བྲལ་ཕྲིན་ལས་ལྷུན་གྱིས་གྲུབ་པ་ཡི༔ འོད་གསལ་སྙིང་པོའི་བསྟན་པ་དར་རྒྱས་མཛོད༔  ཨ༔ བདེན་དོན་རྟེན་འབྲེལ་དག་པའི་མ་མོ་རྣམས༔ ལུགས་ལྡོག་ཐིག་ལེའི་བཤལ་ཆུའི་བདུད་རྩིས་མཆོད༔ ལུགས་འབྱུང་ཀླ་ཀློའི་དམག་དཔུང་ཞི་བ་དང༔ དགའ་བཞིའི་ཕྲིན་ལས་འདུ་འབྲལ་མེད་པར་སྐྱོངས༔  ཨ༔ རྣམ་ཐར་སྒོ་གསུམ་དབྱིངས་ཀྱི་ཨེ་ཀློང་དུ༔ མ་རིག་དམ་སྲི་སྤྱི་ཚུགས་མནན་ནས་ཀྱང༔ མི་འགྱུར་རྡོ་རྗེའི་རྒྱ་ཡིས་རྒྱས་བཏབ་པས༔ ཆོས་ཉིད་མཐའ་དབུས་བྲལ་བའི་ངོ་བོར་ཨ༔ ཨ༔ ཕྱིར་གསལ་ཡེ་ཤེས་ལྔ་ཡི་རང་མདངས་ཀུན༔ གཞོན་ནུ་བུམ་སྐུ་ཐིག་ལེ་གཅིག་ཏུ་ཨ༔ སླར་ཡང་ཐུགས་རྗེའི་རོལ་རྩལ་འགག་པ་མེད༔ ནམ་མཁའ་ཇི་སྲིད་རྟག་ཁྱབ་ལྷུན་གྱིས་གྲུབ༔  ཨ༔ རྩལ་སྣང་ལེགས་པར་སྤྱད་པའི་དགེ་བའི་ཚོགས༔ ཆོས་དབྱིངས་གཏིང་གསལ་འདུས་མ་བྱས་པར་བསྔོ༔ ཟག་མེད་ཀུན་བཟང་ཡེ་ཤེས་འབྲས་བུའི་ཆོས༔ མི་ཟད་ཕན་བདེའི་གཏེར་དུ་འགྱུར་བར་ཤོག༔  ཨ༔ ཆོས་ཀུན་རང་བྱུང་ཡེ་ཤེས་བདེ་བ་ཆེ༔ རྟག་ཏུ་རྒུད་བྲལ་ཤིས་པའི་མཆོག་དམ་པས༔ སྲིད་ཞི་མ་ལུས་རྟག་པ་དམ་པའི་ཆོས༔ བཀྲ་ཤིས་རང་བྱུང་དཔལ་དུ་འབར་བར་ཤོག༔ ས་མ་ཡ༔ རྡོ་རྗེ་སྙིང་པོ་དོན་གྱི་ཐོལ་གླུ་ལས་རྩ་བ་ཕྲིན་ལས་ཀྱི་རིམ་པ་དང་པའོ༔  སྐྱ བླ་མའི་མཆོག་ནི་ཆོས་དབྱིངས་སྐྱེ་བ་མེད༔ འགག་མེད་རྩལ་སྣང་སྐུ་གསུམ་སྒྱུ་འཕྲུལ་དྲྭ༔ གདུལ་བྱའི་སྣང་ཆར་བཀོད་པ་སྣ་ཚོགས་ཅན༔ ཐབས་དང་བརྡ་ཡི་བྱེད་པ་ཆུ་ཟླ་བཞིན༔ རྟག་ཏུ་འཆར་བས་ཀུན་རྫོབ་རིམ་པ་ལ༔ བརྟེན་ནས་སྨིན་པ་སྔགས་ཀྱི་ཁྱད་ཆོས་སོ༔ དེ་ཕྱིར་འོད་ཟླུམ་ཐིག་ལེའི་དཀྱིལ་འཁོར་དུ༔ བུམ་པ་བཅུད་ལྡན་བདུད་རྩིའི་བྷནྡྷ་དང༔ མན་ཤེལ་རྨ་བྱའི་མདོངས་ཐིག་སྐུ་འབག་བཤམས༔ ཕྱི་ནང་མཆོད་པ་ཚོགས་ཀྱི་དམ་ཚིག་རྫས༔ ལེགས་བཀོད་བདག་མདུན་སྒྲུབ་གཞུང་བུམ་བཟླས་དང༔ དབང་ལེན་སློབ་མ་འཇུག་པར་གསོལ་བ་གདབ༔ སྣོད་དུ་རུང་བའི་ལས་ཅན་གསུམ་མམ་བདུན༔ ཁྲུས་བྱས་བྱུར་བསལ་བགེགས་གཟིར་མཚམས་ཀྱང་བཅད༔  ལོ་རྒྱུས་བརྗོད་པས་ངེས་ཤེས་བསྐྱེད་པ་གཅེས༔ མཎྜལ་ཕུལ་ཏེ་གསོལ་བ་གདབ་པ་ནི༔ དང་པོའི་སངས་རྒྱས་བླ་མ་རིན་པོ་ཆེ༔ དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་དགོངས་སུ་གསོལ༔ ཁྱོད་ཀྱི་རྡོ་རྗེ་བཞི་ཡི་འཁོར་ལོ་རུ༔ འཇུག་ཅིང་སྨིན་པའི་བཀའ་དྲིན་བསྩལ་དུ་གསོལ༔ སྐྱབས་སེམས་རྒྱུད་སྦྱངས་སྡོམ་པ་བརྟན་པོར་བཟུང༔ དངོས་གཞི་བླ་མའི་ཕུང་ཁམས་ལྷ་རུ་བསྒོམས༔ ཡེ་ཤེས་དབབ་གཟིར་དགོངས་བརྒྱུད་རིག་རྩལ་སྤར༔ ཡེ་ཤེས་བརྟན་བྱས་བུམ་པ་སྤྱི་བོར་བཞག༔  ཨོཾ༔ སྣང་སྲིད་ཡོངས་རྫོགས་བཀྲ་ཤིས་ལྷའི་བུམ་པ༔ ཡེ་ཤེས་སྙིང་པོ་བདུད་རྩིའི་བཅུད་ཀྱིས་གཏམས༔ དུག་ལྔ་རྣམ་དག་རྡོ་རྗེའི་དབང་བསྐུར་བས༔ སྐྱེ་འཆི་ཀ་དག་རྡོ་རྗེའི་སྐུ་ཐོབ་ཤོག༔ ཨོཾ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཨོཾ༔  ཨོཾ༔ ཁྱོད་ཀྱི་ཕུང་ཁམས་རྒྱལ་བ་རྟག་པ་སྟེ༔ ཡེ་ཤེས་ལུས་ཅན་འཇམ་དཔལ་སྐུའི་འཁོར་ལོ༔ གཉིས་མེད་ཕྱག་རྒྱ་ཆེན་པོའི་དབང་བསྐུར་བས༔ སྣང་སྟོང་ལྷུན་གྲུབ་སྒྱུ་འཕྲུལ་དབྱིངས་རྫོགས་ཤོག༔ ཨོཾ་ཡ་མཱནྟ་ཀ་ཧཱུྃ་ཕཊཿ ཨ་བྷི་ཥིཉྩ་ཨོཾ༔  ཨཱ༔ ངག་རླུང་འགྲོ་འོང་པདྨ་གསུང་གི་དལ༔ གར་གྱི་དབང་ཕྱུག་རྟ་མཆོག་བཞད་པ་བརྒྱས༔ རྡོ་རྗེ་ནཱ་ད་ཆོས་ཀྱི་སྐུར་རྫོགས་པས༔ ཆོས་སྒོ་རབ་འབྱམས་སྤྲོ་ལ་ཐོགས་མེད་ཤོག༔ ཧྲཱིཿཔདྨནྟ་ཀྲྀ་ཏ་ཕཊ྄༔ ཨ་བྷི་ཥིཉྩ་ཨཱ༔ ཧཱུྃ༔ སེམས་ཀྱི་ཀུན་རྟོག་གཟུང་འཛིན་ཀ་ནས་དག༔ མི་བསྐྱོད་རྡོ་རྗེ་ཐིག་ལེ་གཅིག་ཏུ་ཟླུམ༔ ཡང་དག་གྲུབ་པའི་དགོངས་པ་བློ་ལས་འདས༔ ལྷན་སྐྱེས་རྡོ་རྗེའི་ཆོས་ཉིད་རྟོགས་པར་ཤོག༔ ཨོཾ་ཤྲཱི་ཧེ་རུ་ཀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཨ་བྷི་ཥིཉྩ་ཧཱུྃ༔ སྭཱ༔ སྒོ་གསུམ་རྣམ་དག་ཟག་བཅས་འོད་སྐུར་དེངས༔ རྡོ་རྗེ་ཉི་མ་སྣོད་བཅུད་བདུད་རྩིར་འཆར༔ འཕོ་ཆེན་འཁོར་འདས་ཁྱབ་བདག་ཧེ་རུ་ཀ༔ རྨད་བྱུང་སྤྱི་དཔལ་ཆེན་པོའི་དབང་བསྐུར་རོ༔ ཨོཾ་སརྦ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ༔ ཨ་བྷི་ཥིཉྩ་ཏྲཱྃ༔ ཧཱཿ བྱ་བྱེད་རྣམ་དག་ཕྲིན་ལས་རྟ་ཡི་རྒྱལ༔ རྡོ་རྗེ་གཞོན་ནུ་ཐལ་འབྱིན་དགོངས་པ་རྣོ༔ རྟག་ཁྱབ་ལྷུན་གྱིས་གྲུབ་པའི་ཡེ་ཤེས་གཟུགས༔ གཉིས་མེད་ཆོས་ཀྱི་ཕྱག་རྒྱའི་དབང་བསྐུར་སྦྱིན༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ༔ ཨ་བྷི་ཥིཉྩ་ཨཱཿ བྷྱོ༔ ཕུང་པོ་རྩ་རླུང་ཐིག་ལེ་རྣམ་དག་དབྱིངས༔ རང་ཤར་མངོན་རྫོགས་མ་མོའི་དགའ་མ་སྟེ༔ ཉིད་ཞི་བདེ་མཆོག་མུ་ཁ་ལེ་ཆེན་མོས༔ རྡོ་རྗེ་གསང་བར་སྦྱོར་བའི་དབང་བསྐུར་རོ༔ ཨོཾ་མ་མ་ཡོ་གི་ནི་གུ་ཧྱ་ཧཱུྃ༔ ཨ་བྷི་ཥིཉྩ་བྃ༔ ཧཱུྃ༔ ཞེ་སྡང་རང་གྲོལ་རྡོ་རྗེ་དྲེགས་པའི་རྒྱལ༔ རཀྴ་སྲིན་པོ་སྡེ་བརྒྱད་རྟོག་ཚོགས་འདུལ༔ གསལ་འབར་ཁྱབ་འཕྲོ་ཕོ་ཉའི་ལས་བྱེད་པའི༔ བཀའ་སྡོད་འབར་བ་རྫོགས་པའི་དབང་བསྐུར་རོ༔  ཨོཾ་ཨཿཡཿམཿདུཿརུཿཙཿཤཿནཿ ཨ་བྷི་ཥིཉྩ་ཧཱུྃ༔ ཨེ༔ སྲིད་གསུམ་ང་རྒྱལ་གདུག་པ་གནས་དག་པའི༔ གཏུམ་ཆེན་ཨེ་དབྱིངས་དྲག་པོ་སྔགས་ཀྱི་མཚོན༔ དུག་ལྔ་འཇོམས་པའི་ཁྲོ་རྒྱལ་སྟོབས་པོ་ཆེ༔ རང་གྲོལ་མཉམ་ཉིད་དོན་གྱི་དབང་བསྐུར་རོ༔ ཨོཾ་ཨེ་སརྦ་དུཥྚན་ཨེ་ཛཿབྷྱོ༔ ཨ་བྷི་ཥིཉྩ་ཨེ༔ ཨོཾ་ཨཱཿཧཱུྃ༔ རབ་འབྱམས་རིགས་ལྔ་ཞི་ཁྲོ་ཡོངས་འདུས་དཔལ༔ རྩ་གསུམ་ཁྱབ་བདག་དང་པོའི་ཧེ་རུ་ཀ༔ རིག་འཛིན་འདུས་པ་བླ་མའི་རྡོ་རྗེའི་སྐུར༔ དབང་བསྐུར་ཕུང་ཁམས་ལྷ་སྐུར་རྫོགས་པར་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧྲཱིཿ ཐབས་ཀྱི་རྡོ་རྗེ་བདེ་ཆེན་འཁོར་ལོ་ཝྃ༔ ཤེས་རབ་ཨེ་ཡི་པདྨར་མཉམ་སྦྱོར་བའི༔ ཟུང་འཇུག་ལྷག་པའི་སེམས་སྤྲིན་རྒྱལ་ཀུན་འདུས༔ རྟོག་བྲལ་རིགས་ཀྱི་བུ་ལ་མཉམ་པར་སྦྱིན༔ གུ་ཧྱ་དྷཱ་ཏུ་ཨ་བྷི་ཥིཉྩ་ཧོཿ ཧྲཱིཿ འཕོ་མེད་དགའ་བ་མཆོག་གི་དཔལ་སྟེར་བའི༔ རྡོ་རྗེ་བཙུན་མོ་གསང་བའི་ཆུ་སྐྱེས་ཅན༔ སྒྱུ་མ་ཆེན་མོ་ཡུམ་གྱི་དབང་བསྐུར་བས༔ འཛག་བདེའི་འཁྲུལ་པ་གཞི་ལ་དག་པར་མཛོད༔ པདྨ་པྲཛྙཱ་ཛྙཱ་ན་ཨ་བྷི་ཥིཉྩ་ཧྲཱིཿ  ཨ༔ སེམས་ཀྱི་འགྱུ་བ་རང་གྲོལ་རྡོ་རྗེའི་དབྱིངས༔ ངོ་བོ་རྣམ་དག་དྲི་མེད་ཤེལ་ལྟར་དྭངས༔ ལྷུན་གྲུབ་འཇའ་གུར་འོད་ཀྱི་ཐིག་ལེའི་སྦུབས༔ སྒྲོན་མ་དྲུག་གི་ཆོ་འཕྲུལ་བརྡ་རྟགས་སྦྱིན༔ ཨེ་ཀ་ཨ་ཏི་དྷཱ་ཏུ་ཧོཿ ཨོཾ་ཨཱཿཧཱུྃ༔ ཆོས་དབྱིངས་ཀ་དག་ཀུན་བཟང་ཆོས་སྐུའི་དབྱིངས༔ ངོ་བོ་སྟོང་ཉིད་སེམས་ཀྱི་གཤིས་སུ་བཞུགས༔ བླ་མ་ཆོས་སྐུ་རིགས་ཀྱི་བུ་ལ་ཡོད༔ ཡེངས་འཁྲུལ་བྲལ་བའི་དགོངས་པ་སྐྱོང་རེ་རན༔ རང་རིག་ལྷུན་གྲུབ་མཐའ་དབུས་མེད་པའི་དབྱིངས༔ རང་བཞིན་འོད་གསལ་སེམས་ཀྱི་མདངས་སུ་ཤར༔ མ་འགགས་གསལ་བའི་བླ་མ་ཡེ་རེ་བ༔ འཁྲུལ་རྟོག་བར་ལག་གྱེས་པའི་ཀློང་ནས་མཇལ༔ འཁོར་འདས་ཀུན་ཁྱབ་ཟང་ཐལ་བརྡལ་བ་ཆེ༔ ཐུགས་རྗེ་ཁྱབ་པ་སེམས་ཀྱི་རྩལ་དུ་བཞུགས༔ རང་ངོ་ཤེས་ན་བླ་མ་སྤྲུལ་པའི་སྐུ༔ རང་སྣང་ཞེན་མེད་གྲོལ་བའི་བབ་ལ་ལྟོས༔ ལྟ་བ་མེད་དེ་ཆོས་ཉིད་སྟོང་པ་ཉིད༔ མཐོང་བ་མེད་དེ་ཡུལ་དང་དབང་པོ་བྲལ༔ ནམ་མཁའི་རྣལ་འབྱོར་ཧེ་རུ་ཀ་ཆེན་པོ༔ ཨ་ཧོ་ཨ་ཏི་རང་ལས་གཞན་དུ་མེད༔ འདི་ལ་བསལ་བཞག་དགག་སྒྲུབ་འཛིན་པ་བྲལ༔ ཆོས་ཉིད་རྗེན་པ་རང་བྱུང་རྒྱན་དུ་ཁྱེར༔ དགོངས་པས་དབང་བསྐུར་བརྡ་ཡི་ཐབས་བསྟན་པས༔ བུ་ཁྱོད་མ་ཆགས་པདྨའི་ས་ལ་ཤོག༔ མཚོན་བྱ་དོན་གྱི་རྟོགས་པ་མངོན་གྱུར་ཕྱིར༔ མཚོན་བྱེད་རིག་པ་རྩལ་གྱི་དབང་གི་མཆོག༔ བསྐུར་བྱ་སྐུར་བྱེད་བྲལ་བའི་ཡེ་ཤེས་འཕོ༔ དོན་དམ་ནམ་མཁའི་འཁོར་ལོར་སྦྱོར་ཅིག་ཨ༔ གཉིས་མེད་ཡེ་ཤེས་གསང་བའི་ལམ་བསྟན་ཅིང༔ དམ་ཚིག་གནད་བཀར་སྒོ་གསུམ་མཎྜལ་ཕུལ༔ ཌཱ་ཀི་ཚོགས་དང་ཆོས་སྐྱོང་གཏོར་མས་བརྔན༔ ཉམས་ལེན་མ་བུ་གབ་སྤྲད་སྨིན་པར་གནད༔ ས་མ་ཡ༔ རྡོ་རྗེ་སྙིང་པོ་དོན་གྱི་ཐོལ་གླུའི་སྨིན་བྱེད་དབང་གི་རིམ་པ་གཉིས་པའོ༔ བློ་བྲལ་ཁྱབ་བརྡལ་ནམ་མཁའི་ཁོར་ཡུག་ལ༔ འཁྲུལ་པ་གདོད་ནས་མི་གནས་ཀ་དག་ཀློང༔ ཡེ་ཤེས་རྒྱུན་ཆད་མེད་པའི་བཞུགས་ཚུལ་ལ༔ མ་བཅོས་ཅོག་བཞག་རྒྱལ་པོའི་གནད་ཀྱིས་ལྟོས༔ སེམས་ནི་སྣ་ཚོགས་རྟོག་པའི་ཕྲེང་བ་སྟེ༔ ལུ་གུ་རྒྱུད་དུ་རྒྱུན་མི་ཆད་ན་ཡང༔ སེམས་ཀྱིས་སེམས་འཚོལ་སེམས་ཀྱི་རྫུན་ཕུག་རིག༔ དུས་གསུམ་ལས་འདས་དུས་མེད་གནད་ཀྱང་མཐོང༔ ཕྱོགས་སུ་མ་ལྷུང་ཀུན་ཁྱབ་ས་ལེ་བ༔ བློ་ལས་འདས་ཀྱང་ཡེ་ཤེས་སྤྱོད་ཡུལ་ཅན༔ ཐལ་བྱུང་གཅེར་བུ་ནམ་མཁར་ལྡིང་བའི་ཚེ༔ གཏད་མེད་རིག་པའི་ངོ་བོ་ལྷོད་དེ་གསལ༔ སྣ་ཚོགས་ཡུལ་སྣང་རྫུན་པའི་བསླུ་བྲིད་ཆེ༔ ཆགས་སྡང་མདུད་པ་བྲལ་བར་ལྟ་ཤེས་ན༔ གཟུང་འཛིན་རྒྱ་ཆད་སྟོང་གསལ་རྟེན་འབྲེལ་གདངས༔ ཅིར་ཡང་འཆར་ཞིང་ཅིར་ཡང་རུང་བར་ཤེས༔ དབང་པོ་མི་སྒུལ་དབྱིངས་རིག་གནད་ལ་གཟིར༔ ཚོགས་དྲུག་དགག་སྒྲུབ་བྲལ་བའི་རྒྱན་དུ་ཁྱེར༔ ཡུལ་ཕྱིར་མི་ཤོར་རྩལ་སྣང་ཀློང་དུ་སྡུད༔ མ་འགགས་རོལ་པའི་ལྟད་མོ་ད་གདོད་ཤེས༔ ནང་གི་སེམས་ཀྱི་འཇུར་མདུད་བཤིག་བྱས་པས༔ ཕྱི་སྣང་སྒྱུ་མས་ཅིར་ཡང་ཕྱིན་པ་མེད༔ དོན་དམ་སྦུབས་སུ་བཙན་ས་ཟིན་པའི་ཚེ༔ རང་གྲོལ་ལྷུག་པའི་བཞུགས་ཚུལ་བབ་ཀྱིས་ཤེས༔ དབྱིངས་ཀྱི་ངོ་བོ་ཆོས་སྐུ་དྲི་མ་མེད༔ རང་བཞིན་གསལ་ཁྱབ་འཁོར་འདས་མཐར་མ་ལྷུང༔ དོན་གྱི་བདེ་ཆེན་རིག་རྩལ་ཁྱབ་པ་ཆེ༔ གཞི་འབྲས་དབྱེར་མེད་དགོངས་པ་གནད་དུ་བསྣུན༔ སྒྲོན་མེའི་འོད་གསལ་སྐུ་གསུམ་འོད་པོ་ཆེ༔ གནད་ཀྱིས་གཅུན་པས་དབྱིངས་རིག་ཁྱབ་བརྡལ་ཤར༔ རང་གྲོལ་རིག་པ་མ་བུ་ངོ་འཕྲོད་པས༔ གདོས་བཅས་འཁྲུལ་པ་ཟང་མ་ཐལ་བྱུང་ཟད༔ མངོན་སུམ་རྟོགས་པའི་ངེས་ཤེས་གནད་དུ་ཐེབས༔ སྣང་བ་ཆེན་པོའི་ཉམས་ཀྱི་རྩལ་ཁ་བྱེ༔ རིག་པ་འཕོ་མེད་སྒོམ་པ་ཚད་དུ་ཕེབས༔ ཆོས་ཟད་ཀློང་ཡངས་དབྱིངས་སུ་ཁྱིལ་བས་བདེ༔ ཟག་པ་འབྱུང་བ་རང་ཟད་དབྱིངས་སུ་དེངས༔ གཏད་མེད་ཀློང་ཆེན་འཇའ་སྐུ་བཅུད་དུ་འཁྱིལ༔ རྟག་ཏུ་མི་གཡོ་ཆོས་ཉིད་ཕ་མཐའ་ཡས༔ ལྷུན་གྲུབ་རྡོ་རྗེའི་གསང་བ་ཨ་ཏི་ཧོཿ རྒྱུ་འབྲས་མཐར་ཕྱིན་གྲོལ་བ་ཚད་ལ་ཕེབས༔ ལུས་སེམས་ཡ་བྲལ་བར་དོར་རླུང་དང་སེམས༔ ངེས་མེད་ཕྱད་ཕྱོད་གང་ལྟར་སྣང་ན་ཡང༔ ལྷུན་གྲུབ་ནང་གསལ་སྦུབས་སུ་བཙན་ས་ཟིན༔ འཁྲུལ་པས་སྒྲོ་བཏགས་སྣང་བ་སྣ་ཚོགས་གར༔ ཀུན་ཏུ་ཤར་ཚེ་དབྱིངས་རིག་གོ་འཕོ་ཡིས༔ སྤྲུལ་པའི་རང་བཞིན་ཞིང་གི་སྟོན་པ་མཇལ༔ ལམ་ཀུན་རྫོགས་པ་འདའ་ཀའི་མན་ངག་གཅེས༔ སྣང་བའི་བདེ་སྡུག་བར་གྱི་ལྷ་དང་འདྲེ༔ ནང་གི་གཟུང་འཛིན་དུག་ལྔའི་འཁྲི་ཤིང་ལ༔ ཤེས་རབ་ཕར་ཕྱིན་ཡུམ་གྱི་དགོངས་པའི་དོན༔ ཕཊ་ཀྱིས་བཅད་ལ་རིག་རྩལ་བརྟུལ་ཞུགས་སྤྱོད༔ ཆོས་ཀུན་བདེན་མེད་སྒྱུ་མ་ཟང་ཐལ་ལ༔ གཏད་མེད་རང་གྲོལ་དབྱིངས་སུ་བསྐྱལ་ཤེས་ན༔ འཁྲུལ་པ་དབྱིངས་སྡུད་དབྱིངས་སྣང་འོད་གསལ་གྱི༔ བཀོད་པའི་ཆོ་འཕྲུལ་གསལ་ཞིང་རྣམ་པར་འཕྲོ༔ དེ་སྐད་རང་རིག་དབྱིངས་ཀྱི་རྒྱལ་ཁབ་ནས༔ ཧེ་རུ་ཀ་དཔལ་ནམ་མཁའ་འཇིགས་པ་མེད༔ རང་སྣང་ཞལ་གྱི་གསང་ཚིག་བཅུད་ཕུར་འདི༔ རིག་རྩལ་ཡི་གེའི་སྤྲིན་གྱི་བརྡ་རུ་ཤར༔ ཉུང་ངུར་གདམས་ཀྱང་ཟབ་དོན་མན་ངག་གི༔ ཉིང་ཁུ་གབ་སྦས་དཀྲུགས་མེད་ཐང་མལ་བརྡལ༔ ཌཱ་ཀི་འབུམ་གྱི་སྙིང་གི་ཏི་ལ་ཀ༔ རྟོག་གེ་བཀའ་འདས་སྣོད་མིན་ཨ་ཐཾ་རྒྱ༔ ཐེག་མཆོག་རྡོ་རྗེའི་ལམ་ལ་མཆོག་ཏུ་མོས༔ ཟབ་དོན་གནད་གསང་རིག་པའི་སྐལ་བ་ཅན༔ དད་མོས་ཤེས་རབ་བརྩོན་འགྲུས་མཆོག་ལྡན་པའི༔ ལས་ཅན་འགའ་ལ་ཕན་པ་འབྱུང་ཡང་སྲིད༔ ཐོལ་བྱུང་གླུ་ཡི་རྒྱལ་པོ་རྡོ་རྗེའི་ཚིག༔ འོད་གསལ་བརྡ་ཡི་རིག་རྩལ་མ་འགག་པར༔ ཇི་ལྟར་ཤར་བ་ཆོས་སྐུའི་འདྲ་འབག་དངོས༔ དུས་མཐར་སྣང་ཞིང་དོན་ཡང་བྱེད་གྱུར་ཅིག༔  ས་མ་ཡ༔ རྡོ་རྗེ་སྙིང་པོ་དོན་གྱི་ཐོལ་གླུ་ལས༔ ཟབ་དོན་མན་ངག་གི་རིམ་པ་གསུམ་པས་རྫོགས་སོ༔ སྐལ་བཟང་གཏད་མེད་ཡོ་གིའི་མངྒ་ལ། །ཡངས་པའི་རྒྱལ་ཁམས་ཉུལ་བའི་སྐབས་ཤིག་ཏུ། །སྦས་པའི་གནས་མཆོག་འབྲས་ལྗོངས་ལྷ་ཡི་རི། །བཀྲ་ཤིས་སྡིང་དུ་སྟེས་དབང་ཞིག་གིས་ཕྱིན། །དགའ་སྐྱོའི་སྣང་བ་ན་བུན་བཞིན་དུ་འཁྲིགས། །བདེ་སྡུག་རྐྱེན་གྱི་སེར་བུ་བར་མེད་ལྡང༌། །བློ་གཏད་བླ་མར་བཅའ་པའི་གདུང་ཤུགས་ཀྱིས། །གསོལ་འདེབས་རྒྱང་གླུས་ཐུགས་ཡིད་བསྲེས་པའི་ཚེ། །ཀློང་ཆེན་རིག་པ་རང་བྱུང་ཧེ་རུ་ཀ །མངོན་སུམ་མཇལ་ནས་བརྡ་ཐབས་དབང་ཡང་བསྐུར། །བྱིན་རླབས་ཆོས་ཀྱི་སྙིང་པོ་འདི་ཡང་རྙེད། །ཡིད་ཆེས་ངང་ནས་ཤོག་སྐྱའི་ལོགས་སུ་ཕབ། །དངོས་གཅིག་དུ་མའི་ཆོ་འཕྲུལ་མ་ངེས་པས། །འཇམ་མགོན་བླ་མ་དགྱེས་པའི་ཞལ་ཡང་མཐོང༌། །རྟོག་མེད་དགོངས་པའི་ཀློང་དུ་སད་པའི་ཚེ། །དབུགས་འབྱིན་ཐུགས་རྗེའི་བྱིན་རླབས་ཡང་ཡང་ཐོབ། །ཨེ་མ་བུ་ཁྱོད་སྒྱུ་མའི་ལྟད་མོ་ལྟོས། །སྐྱེ་ཤི་ཐམས་ཅད་འཁྲུལ་པས་བཏགས་པ་ཙམ། །དོན་ལ་མི་གནས་ང་ལ་འགྲོ་འོང་མེད། །ཐ་དད་འཛིན་པའི་འཁྲུལ་པ་དབྱིངས་སུ་སྐྱོལ། །ཕ་རྒན་བློ་གྲོས་དག་པའི་ཞིང་མང་ཉུལ། །རིགས་ཀྱི་སྐྱེས་བུས་རྟག་ཏུ་གཞན་ཕན་སྤྱོད། །ཕ་བུ་མི་འབྲལ་ཆོས་ཉིད་ཀློང་ན་གཅིག །སྒྱུ་མ་ལྟ་བུའི་སྣང་ཡུལ་རྗེས་མི་འབྲང༌། །བདེ་སྡུག་སྨིག་རྒྱུ་རོ་གཅིག་ལྟ་བས་གཟིར། །རྟེན་འབྱུང་དག་པས་བསྟན་འགྲོར་ཕན་པ་བསྒྲུབ། །གཉིས་མེད་གཉིས་སྣང་ཆུ་ཟླའི་བཀོད་པ་མཐོང༌། །དུས་ལས་མ་ཡོལ་བར་ཆད་སྲུང་ལ་བརྩོན། །ཕྱི་ནང་གསང་བའི་རྟེན་འབྲེལ་ཡང་དག་པ། །རང་འགྲིག་རང་དབང་འབྱུང་བས་ཐོག་བབ་སྤྱོད། །བདུན་གྱི་བདུན་པར་མི་མཐུན་ཀུན་ལས་རྒྱལ། །གསང་བའི་ལུང་བཞིན་གཞན་དུ་མ་འཆོལ་གཅེས། །ཐེག་ལེའི་ཆོ་འཕྲུལ་རླུང་གི་ལྕགས་ཀྱུས་ཐོབ། །སྦས་པའི་གསང་བ་སྙིང་གི་བཅུད་དུ་བསྐྱིལ། །བཅུ་དྲུག་དགའ་བའི་དབུགས་འབྱིན་འབྱུང་སྲིད་པས། །བློ་བདེའི་ངང་ནས་པིར་གྱི་ཁ་བཞིན་སྡོམས། །ཨེ་ཀ་ཙ་ཏི་དབྱིངས་ཀྱི་རྒྱལ་མོའི་གྲོགས། །ཕན་པ་གང་བྱུང་སྒྲ་གཅན་ཞལ་གྱིས་སྟེར། །དུས་སུ་མི་བསླུ་ངེས་པའི་ལུང་དོན་བཞིན། །འཁྱོལ་བས་འཕོ་མེད་ཆོས་སྐུར་རྒྱས་ཐོབ་ཅིག །ས་མ་ཡ༔ རྒྱ་རྒྱ་རྒྱ༔  ྀཨཐི༔ བརྡ་ཐིམ། གུཧྱ༔}}
རང་བྱུང་རིག་པའི་བླ་མར་འདུད༔ སྣང་སྲིད་འོད་གསལ་བླ་མའི་དབྱིངས༔ མངོན་སུམ་སྒྲུབ་པའི་གང་ཟག་གིས༔ སྔོན་དངོས་རྗེས་ཀྱིས་ཉམས་སུ་ལེན༔ ས་མ་ཡ༔ ཨ༔ ཆོས་དབྱིངས་འོད་གསལ་རྡོ་རྗེ་སྙིང་པོའི་གཞིར༔ སྐུ་གསུམ་ལྷུན་རྫོགས་བླ་མར་སྐྱབས་སུ་མཆི༔ རང་ངོ་མ་ཤེས་གློ་བུར་འཁྲུལ་པའི་འགྲོ༔ བདེ་ཆེན་དབྱིངས་སུ་བསྒྲལ་བར་སེམས་བསྐྱེད་དོ༔  ཨ༔ རིག་པ་རང་སྣང་བླ་མར་ཕྱག་འཚལ་ཞིང༔ སྣང་སྲིད་བདེ་སྟོང་རོལ་པའི་མཆོད་སྤྲིན་འབུལ༔ བློས་བྱས་འཁྲུལ་པ་ཀ་དག་དབྱིངས་སུ་བཤགས༔ ཟག་མེད་ཡོན་ཏན་རྫོགས་ལ་རྗེས་ཡི་རང༔ ཟབ་གསལ་རྡོ་རྗེའི་ཆོས་ཀྱི་འཁོར་ལོ་བསྐོར༔ གཟོད་ནས་སྐྱེ་འཆི་བྲལ་བར་བཞུགས་གསོལ་འདེབས༔ འགྲོ་ཀུན་རང་གྲོལ་གོ་འཕང་ཐོབ་ཕྱིར་བསྔོ༔ ཡང་དག་དོན་གྱི་ཀློང་དུ་བྱང་ཆུབ་ཤོག༔  ཨ༔ དེ་ཉིད་མ་རྟོགས་གཟུང་འཛིན་འཁྲུལ་བའི་བགེགས༔ བདེན་མེད་སྒྱུ་མའི་གཏོར་མ་འདི་ལོངས་ལ༔ ཡེ་གྲོལ་སྟོང་ཆེན་དབྱིངས་ཀྱི་ཕ་མཐར་དེངས༔ ཁོར་ཡུག་ཡེ་ཤེས་ཕྱག་རྒྱས་མཚམས་བཅད་དོ༔ ཛྙཱ་ན་དྷཱ་ཏུ་རཀྵ་བྷྲཱུྃ༔ ཨ༔ དབྱིངས་ལས་རང་ཤར་འགག་མེད་རྩ་གསུམ་ལྷ༔ ཐུགས་རྗེའི་ཆོ་འཕྲུལ་རྡོ་རྗེའི་བྱིན་ཆེན་ཕོབ༔ འོད་གསལ་བཀོད་པ་ལྷུན་རྫོགས་མཆོད་པའི་སྤྲིན༔ འཕེལ་འགྲིབ་བྲལ་བའི་རྒྱན་དུ་བཟོད་ནས་ཤར༔ ཨོཾ་ཨཱཿཧཱུྃ་ཛྙཱ་ན་ཨ་བེ་ཤ་ཡ་ཨ་ཨ༔ མ་ཧཱ་སུ་ཁ་པཱུ་ཛ་མུ་དྲ་ཧོ༔  ཨ༔ ཤིན་ཏུ་རྣམ་དག་རྡོ་རྗེ་བཙུན་མོའི་དབྱིངས༔ འཇའ་ཟེར་འོད་ཀྱི་དྲྭ་བ་ཀུན་ཏུ་སྣང༔ འགག་མེད་ཐུགས་རྗེ་རྒྱུ་ཡི་ས་བོན་ཨ༔ མཐིང་ག་ཁྱབ་པ་ཆེན་པོའི་སྒྲོན་མར་ཤར༔ ཀུན་ཁྱབ་ཀུན་ཏུ་སྣང་བའི་གཞལ་མེད་ཁང༔ དབྱིངས་དང་མཉམ་པའི་བཀོད་པ་འབྱམས་ཀླས་དབུས༔ ཡི་གེ་ཡོངས་གྱུར་རྩ་གསུམ་རྒྱ་མཚོའི་བདག༔ རིག་འཛིན་བླ་མ་འོད་སྐུར་འདུས་པའི་བཅུད༔ ནམ་མཁའ་འཇིགས་མེད་སྒྱུ་མའི་རྣལ་འབྱོར་པ༔ ཧེ་རུ་ཀ་དཔལ་སྲིད་ཞི་ཡོངས་ཀྱི་བདག༔ འཕོ་ཆེན་རྡོ་རྗེའི་འོད་ཀྱི་མཚན་དཔེ་ནི༔ དབྱིངས་ཆེན་རྣམ་དག་ནམ་མཁའི་མདོག་ཏུ་སྒེག༔ ཁྲོ་གཏུམ་བརྗིད་ཆགས་ལྟ་སྟངས་མཁའ་ལ་གཟིར༔ རལ་པའི་ཟུར་ཕུད་རྒྱུད་ཀྱི་གླེགས་བམ་འཆིང༔ ཐོད་སྐམ་དབུ་རྒྱན་རུས་པའི་ཕྱག་རྒྱས་སྤྲས༔ སེར་ཞིང་དམར་བའི་སྨར་སྨིན་མེ་ཟེར་འཕྲོ༔ ཕྱག་གཡས་སྡིགས་མཛུབ་དང་བཅས་མི་རྐང་གླིང༔ འབུམ་ཕྲག་མཁའ་འགྲོ་སྡུད་པའི་རོལ་མོ་འཁྲོལ༔ གཡོན་པས་ཟག་མེད་ཡེ་ཤེས་བདུད་རྩིའི་བཅུད༔ འཕྱུར་ཞིང་ལུད་པའི་བྷནྡྷ་མཁའ་ལ་གཏོད༔ སྐུ་གསུམ་ཡོངས་རྫོགས་རང་བྱུང་ཁ་ཊྭཱཾ་ཀ༔ མཆན་གཡོན་བསྒྲེངས་ནས་ཕྱེད་པའི་སྐྱིལ་ཀྲུང་གིས༔ སྟག་ལྤགས་ཤམ་ཐབས་དང་བཅས་རོལ་སྟབས་བཞུགས༔ སྣང་སྲིད་ཟིལ་གནོན་ཞིང་གི་གཡང་གཞི་བཏིང༔ རིག་རྩལ་རྡོ་རྗེའི་ཐོག་ཆར་སྐར་ལྟར་འཕྲོ༔ ཙིཏྟ་རིན་ཆེན་གསང་བའི་ཏི་ལ་ཀར༔ ཡེ་ཤེས་དབྱིངས་ཀྱི་ཞི་བ་བཞི་བཅུ་གཉིས༔ དུང་ཁང་བྷནྡྷའི་གཞལ་མེད་ཁང་ཆེན་པོར༔ ཁྲག་འཐུང་ལྔ་བཅུ་རང་བྱུང་ཉིད་དུ་ཤར༔ མཁའ་ཁྱབ་ཡེ་ཤེས་སྐུ་ནི་གཤིན་རྗེའི་གཤེད༔ གྲགས་སྟོང་རྡོ་རྗེའི་ནཱ་ད་ཧྱ་གྲྀ༔ ཡང་དག་གྲུབ་པའི་ཐིག་ལེ་རྡོ་རྗེའི་ཐུགས༔ ཡོན་ཏན་ལྷུན་རྫོགས་ཆེ་མཆོག་ལྟེ་བར་བཞུགས༔ ཕྲིན་ལས་ལྷུན་གྲུབ་གསང་གནས་ཀཱི་ལ་ཡ༔ མཆོད་བསྟོད་དྲག་སྔགས་ལས་ཀྱི་དབང་པོ་སྟེ༔ རིག་འཛིན་བླ་མ་འདུས་པའི་བདག་ཉིད་རྫོགས༔ ཆོས་ཀུན་སྙིང་པོ་ཡེ་ཤེས་ཕྱག་རྒྱའི་སྐུ༔ གཞོན་ནུ་བུམ་སྐུ་ཟག་པ་མེད་པའི་སྦུབས༔ སྐྱེ་འཆི་ལས་འདས་འཕོ་མེད་རྡོ་རྗེའི་དབྱིངས༔ ཁྱབ་བརྡལ་ཆོས་ཀུན་ཀློང་དུ་སད་པ་ཡི༔ རང་རིག་བླ་མ་འདུས་པའི་དཀྱིལ་འཁོར་ལ༔ ཡེ་ཤེས་འདུ་འབྲལ་མེད་པར་དགྱེས་བཞུགས་པས༔ དོན་གྱི་བྱིན་རླབས་མངོན་སུམ་འབེབས་པའི་ཕྱིར༔ འོད་གསལ་སྤྲིན་གྱི་འཁོར་ལོར་ས་མཱ་ཛཿ ཨ༔ ངོ་བོ་ཆོས་སྐུ་ཀུན་བཟང་འོད་མཐའ་ཡས༔ གཞོན་ནུ་བུམ་སྐུ་ཆོས་དབྱིངས་ཀློང་ནས་གཤེགས༔ ཀ་དག་ཟང་ཐལ་ཆེན་པོའི་བྱིན་ཕོབ་ལ༔ ཀུན་འབྱུང་འཁྲུལ་པ་གཞིར་ཟད་དངོས་གྲུབ་སྩོལ༔ རང་བཞིན་ལོངས་སྐུ་ཞི་ཁྲོ་རབ་འབྱམས་ལྷ༔ ཡེ་ཤེས་ཀུན་ལ་ཁྱབ་པའི་དབྱིངས་ནས་གཤེགས༔ འོད་གསལ་རྡོ་རྗེ་དབྱིངས་ཀྱི་འཁོར་ལོ་ཡིས༔ སྐུ་གསུམ་ལམ་སྣང་རྫོགས་པའི་དངོས་གྲུབ་སྩོལ༔ ཐུགས་རྗེ་སྤྲུལ་སྐུ་ཕྱོགས་ལྷུང་མེད་པ་ནས༔ རིག་འཛིན་དཔལ་མགོན་བླ་མ་མངོན་སུམ་གཤེགས༔ རང་གྲོལ་ཆོས་དབྱིངས་དོན་གྱི་དགོངས་བརྒྱུད་ཀྱིས༔ རྟོགས་པ་མཁའ་དང་མཉམ་པའི་དངོས་གྲུབ་སྩོལ༔ མངོན་སུམ་ཆོས་ཉིད་གནས་འདིར་བྱིན་ཕོབ་ལ༔ ཉམས་རྟོགས་གོང་འཕེལ་མཆོག་ཐུན་དངོས་གྲུབ་སྩོལ༔ རིག་པ་ཚད་ཕེབས་ཡིད་དཔྱོད་བར་ཆད་སོལ༔ བློ་འདས་ཆོས་ཉིད་ཟད་པའི་ཀློང་ཐིམ་མཛོད༔ ཨོཾ་མ་ཧཱ་གུ་རུ་ཛྙཱ་ན་ཙཀྲ་ས་མ་ཡ་ཛཿཛཿ ཨ༔ རོ་མཉམ་རྡོ་རྗེའི་དམ་ཚིག་སེམས་དཔའ་ལ༔ རིག་སྟོང་ཡེ་ཤེས་འཁོར་ལོ་གཉིས་མེད་བཞུགས༔ དོན་དམ་རང་ཞལ་མཇལ་བ་ལྟ་བའི་ཕྱག༔ བཟང་ངན་ཀུན་རྟོག་བྲལ་བས་འཚལ་བར་བགྱི༔ ཏིཥྛ་ལྷན༔ ན་མོ་ཧཱུྃ༔ ཨ༔ རང་བྱུང་རང་ཤར་མཆོད་པའི་ཕྱག་རྒྱ་ཆེ༔ སེམས་ཀྱི་ཡིད་བཞིན་རིན་ཆེན་གཏེར་ལས་སྤྲུལ༔ ཞེན་མེད་རྡོ་རྗེའི་རོལ་མོ་བསམ་ཡས་པ༔ ཀུན་ཁྱབ་ཀུན་བཟང་སྒྱུ་འཕྲུལ་དྲྭ་བར་བཀོད༔ མ་ཧཱ་སུ་ཁ་པཱུ་ཛ་མུ་དྲ་ཧོཿ ཨ༔ ཆོས་དབྱིངས་སྤྲོས་བྲལ་ཀུན་བཟང་གདོད་མའི་མགོན༔ རྣམ་མང་རྒྱུད་སྡེའི་དཀྱིལ་འཁོར་ལྷུན་གྱིས་རྫོགས༔ དཔལ་མགོན་བླ་མ་རིག་འཛིན་ཌཱ་ཀིའི་དལ༔ ཅིར་ཡང་འབྱུང་ཞིང་སྡུད་པའི་བྱེད་པོར་བསྟོད༔ ཐུགས་ཀར་རང་བཞིན་གཞི་ཡི་ཀུན་ཏུ་བཟང༔ དྭངས་མའི་ཐིག་ལེ་སྟོང་པའི་སྒྲོན་མའི་ཚུལ༔ ཕྲ་ལ་གསལ་འཚེར་གཟི་བརྗིད་འོད་དུ་འབར༔ ཤིན་ཏུ་བརྟག་དཀའ་མི་ཤིགས་དྭངས་མའི་སྲོག༔ ཨ་ཡིག་མཐིང་གསལ་རྡོ་རྗེའི་སྔགས་ཀྱིས་བསྐོར༔ འོད་ཟེར་སྤྲོ་བསྡུས་དོན་གཉིས་འབད་མེད་བསྒྲུབས༔ ཁྱད་པར་འོད་གསལ་རྡོ་རྗེ་སྙིང་པོ་ཡི༔ བརྒྱུད་གསུམ་བླ་མའི་བྱིན་རླབས་འུབ་ཀྱིས་བསྡུས༔ གཉིས་མེད་ཐིམ་པས་དགོངས་པའི་རྩལ་རྫོགས་པའི༔ ལྷུན་གྲུབ་བདེ་ཆེན་རྡོ་རྗེའི་ཀློང་དུ་ཤར༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་ག་ག་ན་ཨ་བྷ་ཡ་ཛྙཱ་ན་སིདྡྷི་ཧཱུྃ༔ ཨོཾ་ནི་རང་བྱུང་ཀུན་བཟང་དང་པོའི་མགོན༔ ཨཱཿཡིག་རྣམ་སྣང་རང་བྱུང་ལོངས་སྤྱོད་རྫོགས༔ ཧཱུྃ་གི་ཐུགས་སྲོག་ཡེ་ཤེས་བླ་མ་རྗེ༔ བཛྲ་སྐུ་གསུམ་དབྱེར་མེད་ངོ་བོ་ཉིད༔ མ་ཧཱ་གུ་རུ་མི་འགྱུར་རྡོ་རྗེའི་སྐུ༔ ག་ག་ན་སྟེ་ཞི་བ་རྡོ་རྗེ་དབྱིངས༔ ཨ་བྷ་ཡ་ཞེས་རང་བྱུང་ཧེ་རུ་ཀ༔ ཛྙཱ་ན་ལྷན་སྐྱེས་ཌཱ་ཀིའི་རྡོ་རྗེའི་སྲོག༔ སིདྡྷི་མཆོག་དང་ཐུན་མོང་གཉིས་སུ་མེད༔ ཧཱུྃ་གིས་སྩོལ་ཅེས་རྗེས་སུ་བསྐུལ་བའི་སྲོག༔ མ་བཅོས་འཛིན་མེད་གཉུག་མའི་ངང་ནས་བཟླ༔ གཞིར་གནས་ཨ་ལས་དབྱིངས་ཀྱི་འོད་དཀར་སྤྲོས༔ མི་མཐུན་ཀུན་ཞི་ཆོས་ཉིད་མངོན་སུམ་རྫོགས༔ ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཨ་ལས་བྱུང་བའི་འོད་ཟེར་བཙོ་མའི་གསེར༔ སྲིད་ཞིའི་དཔལ་འབྱོར་རྫོགས་པའི་ཉམས་རྟོགས་འཕེལ༔ པུཥྚིཾ་ཀུ་རུ་ཝརྡྷ་ཨོཾ༔ ཨ་ཡིག་ལས་འཕྲོས་དམར་གསལ་རྗེས་ཆགས་འོད༔ རིག་པ་ཚད་ཕེབས་བདེ་ཆེན་དཔྱིད་དུ་བསྡུས༔ ཝཱ་ཤཾ་ཀུ་རུ་ཧོཿ ཨ་ལས་འཕྲོས་པའི་ལྗང་ནག་མཚོན་ཆའི་ཐོག༔ འཕྲོས་པས་འཁོར་ཆོས་བློ་ཟད་དབྱིངས་སུ་བསྒྲལ༔ མཱ་ར་ཡ་ཕཊ༔  ཨ༔ ཨ་ལས་བྱུང་བའི་དབྱིངས་ཀྱི་བྷཉྫའི་ཀློང༔ ཧཾ་ལས་བདེ་ཆེན་རིགས་ལྔའི་དམ་ཚིག་རྫས༔ གཉིས་མེད་དགའ་བཞིའི་ཉམས་འགྱུར་འབུམ་ཕྲག་འཕྲོ༔ ཀུན་ཁྱབ་ཚོགས་ཀྱི་ལོངས་སྤྱོད་ཆེན་པོར་ཤར༔ ཨ༔ རང་ཤར་འཇའ་སྐུར་དེངས་པའི་རྩ་གསུམ་ལྷ༔ ཆོས་དབྱིངས་རྡོ་རྗེ་བཀོད་པའི་ཞིང་ནས་བཞེངས༔ ཁྱབ་བརྡལ་ཡེ་ཤེས་ཆེན་པོའི་བྱིན་ཕོབ་ལ༔ བརྟུལ་ཞུགས་རིག་པའི་རང་རྩལ་སྦར་དུ་གསོལ༔ སརྦ་ས་མ་ཡ་ཛཿཛཿ ཨ༔ ཀུན་ཏུ་དགའ་བའི་ཉམས་འགྱུར་འབུམ་ཕྲག་གིས༔ སྒེག་པའི་རྡོ་རྗེའི་ལྷ་མོའི་མཆོད་པའི་སྤྲིན༔ ཐབས་ཤེས་ཚོགས་ཀྱི་འཁོར་ལོའི་ལོངས་སྤྱོད་ཆེ༔ རྒྱལ་བའི་དཀྱིལ་འཁོར་དག་པ་ཆེན་པོར་འབུལ༔ ག་ཎ་ཙཀྲ་པཱུ་ཛ་ཧོཿ  ཨ༔ གདོད་ནས་དག་པའི་ཡེ་ཤེས་ཆེན་པོ་ལ༔ ཀུན་རྟོག་མཚན་མའི་འདུ་བྱེད་ཀ་ནས་དག༔ ཡིད་དཔྱོད་དངོས་མཚན་སྒྲིབ་པའི་ནོངས་པ་ཀུན༔ བཤགས་སོ་དག་ཅིང་ཚངས་པར་བྱིན་གྱིས་རློབས༔ ས་མ་ཡ་ཤུདྡྷེ་ཨཱཿ  ཨ༔ རྟག་ཆད་བདག་ཏུ་ལྟ་བའི་དགྲ་དང་བགེགས༔ ཡེ་ཤེས་རོལ་པའི་མཚོན་ཆས་ཀློང་དུ་བསྒྲལ༔ རང་མདངས་བདེ་བ་ཆེན་པོའི་དམ་རྫས་ཀྱིས༔ རྟག་ཏུ་དགྱེས་པའི་དམ་ཚིག་ཕྱག་རྒྱར་བཞེས༔ མཱ་ར་ཡ་ཕཊ༔ མཾ་ས་རཀྟ་ཀེཾ་ནི་རི་ཏི་ཁཱ་ཧི༔  ཨ༔ ཐབས་ཤེས་ཨེ་ཝྃ་སྡོམ་པའི་ཕྱག་རྒྱ་ནི༔ གསང་ཆེན་རྡོ་རྗེའི་དངོས་པོར་བཀོད་ནས་རྫོགས༔ ངོ་མཚར་ཚོགས་ཀྱི་འཁོར་ལོའི་དེ་ཁོ་ན༔ རང་བཞིན་གཉུག་མའི་རྡོ་རྗེའི་སེམས་དཔའོ༔  ཨ༔ ཀུན་ཉོན་མ་རིག་རྟོག་པའི་ལྷག་མའི་རྫས༔ ཡེ་ཤེས་དཀྱིལ་འཁོར་ཆེན་པོའི་མཐའ་སྐྱོང་བདག༔ སྐྱེ་འགག་གནས་མེད་ཌཱ་ཀིའི་ཚོགས་ལ་འབུལ༔ དོན་གྱི་མི་རྟོག་དེ་ཁོ་ན་རུ་རྫོགས༔ ཨོཾ་ཨུཙྪིཥྚ་བྷཀྵ་སི་ཧོཿ ཨ༔ གློ་བུར་དུག་གསུམ་ཉོན་མོངས་ཀ་དག་སྦུབས༔ བདེ་གསལ་མི་རྟོག་མགོན་པོ་མ་ནིང་ནག༔ མདོ་རྒྱུད་སྔགས་ཀྱི་བདག་མོ་ཆོས་སྲུང་གིས༔ ཅིར་སྣང་ཡེ་ཤེས་རོལ་པའི་སྐྱེམས་ཕུད་བཞེས༔ རྩོལ་བྲལ་ཕྲིན་ལས་ལྷུན་གྱིས་གྲུབ་པ་ཡི༔ འོད་གསལ་སྙིང་པོའི་བསྟན་པ་དར་རྒྱས་མཛོད༔  ཨ༔ བདེན་དོན་རྟེན་འབྲེལ་དག་པའི་མ་མོ་རྣམས༔ ལུགས་ལྡོག་ཐིག་ལེའི་བཤལ་ཆུའི་བདུད་རྩིས་མཆོད༔ ལུགས་འབྱུང་ཀླ་ཀློའི་དམག་དཔུང་ཞི་བ་དང༔ དགའ་བཞིའི་ཕྲིན་ལས་འདུ་འབྲལ་མེད་པར་སྐྱོངས༔  ཨ༔ རྣམ་ཐར་སྒོ་གསུམ་དབྱིངས་ཀྱི་ཨེ་ཀློང་དུ༔ མ་རིག་དམ་སྲི་སྤྱི་ཚུགས་མནན་ནས་ཀྱང༔ མི་འགྱུར་རྡོ་རྗེའི་རྒྱ་ཡིས་རྒྱས་བཏབ་པས༔ ཆོས་ཉིད་མཐའ་དབུས་བྲལ་བའི་ངོ་བོར་ཨ༔ ཨ༔ ཕྱིར་གསལ་ཡེ་ཤེས་ལྔ་ཡི་རང་མདངས་ཀུན༔ གཞོན་ནུ་བུམ་སྐུ་ཐིག་ལེ་གཅིག་ཏུ་ཨ༔ སླར་ཡང་ཐུགས་རྗེའི་རོལ་རྩལ་འགག་པ་མེད༔ ནམ་མཁའ་ཇི་སྲིད་རྟག་ཁྱབ་ལྷུན་གྱིས་གྲུབ༔  ཨ༔ རྩལ་སྣང་ལེགས་པར་སྤྱད་པའི་དགེ་བའི་ཚོགས༔ ཆོས་དབྱིངས་གཏིང་གསལ་འདུས་མ་བྱས་པར་བསྔོ༔ ཟག་མེད་ཀུན་བཟང་ཡེ་ཤེས་འབྲས་བུའི་ཆོས༔ མི་ཟད་ཕན་བདེའི་གཏེར་དུ་འགྱུར་བར་ཤོག༔  ཨ༔ ཆོས་ཀུན་རང་བྱུང་ཡེ་ཤེས་བདེ་བ་ཆེ༔ རྟག་ཏུ་རྒུད་བྲལ་ཤིས་པའི་མཆོག་དམ་པས༔ སྲིད་ཞི་མ་ལུས་རྟག་པ་དམ་པའི་ཆོས༔ བཀྲ་ཤིས་རང་བྱུང་དཔལ་དུ་འབར་བར་ཤོག༔ ས་མ་ཡ༔ རྡོ་རྗེ་སྙིང་པོ་དོན་གྱི་ཐོལ་གླུ་ལས་རྩ་བ་ཕྲིན་ལས་ཀྱི་རིམ་པ་དང་པའོ༔  སྐྱ བླ་མའི་མཆོག་ནི་ཆོས་དབྱིངས་སྐྱེ་བ་མེད༔ འགག་མེད་རྩལ་སྣང་སྐུ་གསུམ་སྒྱུ་འཕྲུལ་དྲྭ༔ གདུལ་བྱའི་སྣང་ཆར་བཀོད་པ་སྣ་ཚོགས་ཅན༔ ཐབས་དང་བརྡ་ཡི་བྱེད་པ་ཆུ་ཟླ་བཞིན༔ རྟག་ཏུ་འཆར་བས་ཀུན་རྫོབ་རིམ་པ་ལ༔ བརྟེན་ནས་སྨིན་པ་སྔགས་ཀྱི་ཁྱད་ཆོས་སོ༔ དེ་ཕྱིར་འོད་ཟླུམ་ཐིག་ལེའི་དཀྱིལ་འཁོར་དུ༔ བུམ་པ་བཅུད་ལྡན་བདུད་རྩིའི་བྷནྡྷ་དང༔ མན་ཤེལ་རྨ་བྱའི་མདོངས་ཐིག་སྐུ་འབག་བཤམས༔ ཕྱི་ནང་མཆོད་པ་ཚོགས་ཀྱི་དམ་ཚིག་རྫས༔ ལེགས་བཀོད་བདག་མདུན་སྒྲུབ་གཞུང་བུམ་བཟླས་དང༔ དབང་ལེན་སློབ་མ་འཇུག་པར་གསོལ་བ་གདབ༔ སྣོད་དུ་རུང་བའི་ལས་ཅན་གསུམ་མམ་བདུན༔ ཁྲུས་བྱས་བྱུར་བསལ་བགེགས་གཟིར་མཚམས་ཀྱང་བཅད༔  ལོ་རྒྱུས་བརྗོད་པས་ངེས་ཤེས་བསྐྱེད་པ་གཅེས༔ མཎྜལ་ཕུལ་ཏེ་གསོལ་བ་གདབ་པ་ནི༔ དང་པོའི་སངས་རྒྱས་བླ་མ་རིན་པོ་ཆེ༔ དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་དགོངས་སུ་གསོལ༔ ཁྱོད་ཀྱི་རྡོ་རྗེ་བཞི་ཡི་འཁོར་ལོ་རུ༔ འཇུག་ཅིང་སྨིན་པའི་བཀའ་དྲིན་བསྩལ་དུ་གསོལ༔ སྐྱབས་སེམས་རྒྱུད་སྦྱངས་སྡོམ་པ་བརྟན་པོར་བཟུང༔ དངོས་གཞི་བླ་མའི་ཕུང་ཁམས་ལྷ་རུ་བསྒོམས༔ ཡེ་ཤེས་དབབ་གཟིར་དགོངས་བརྒྱུད་རིག་རྩལ་སྤར༔ ཡེ་ཤེས་བརྟན་བྱས་བུམ་པ་སྤྱི་བོར་བཞག༔  ཨོཾ༔ སྣང་སྲིད་ཡོངས་རྫོགས་བཀྲ་ཤིས་ལྷའི་བུམ་པ༔ ཡེ་ཤེས་སྙིང་པོ་བདུད་རྩིའི་བཅུད་ཀྱིས་གཏམས༔ དུག་ལྔ་རྣམ་དག་རྡོ་རྗེའི་དབང་བསྐུར་བས༔ སྐྱེ་འཆི་ཀ་དག་རྡོ་རྗེའི་སྐུ་ཐོབ་ཤོག༔ ཨོཾ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཨོཾ༔  ཨོཾ༔ ཁྱོད་ཀྱི་ཕུང་ཁམས་རྒྱལ་བ་རྟག་པ་སྟེ༔ ཡེ་ཤེས་ལུས་ཅན་འཇམ་དཔལ་སྐུའི་འཁོར་ལོ༔ གཉིས་མེད་ཕྱག་རྒྱ་ཆེན་པོའི་དབང་བསྐུར་བས༔ སྣང་སྟོང་ལྷུན་གྲུབ་སྒྱུ་འཕྲུལ་དབྱིངས་རྫོགས་ཤོག༔ ཨོཾ་ཡ་མཱནྟ་ཀ་ཧཱུྃ་ཕཊཿ ཨ་བྷི་ཥིཉྩ་ཨོཾ༔  ཨཱ༔ ངག་རླུང་འགྲོ་འོང་པདྨ་གསུང་གི་དལ༔ གར་གྱི་དབང་ཕྱུག་རྟ་མཆོག་བཞད་པ་བརྒྱས༔ རྡོ་རྗེ་ནཱ་ད་ཆོས་ཀྱི་སྐུར་རྫོགས་པས༔ ཆོས་སྒོ་རབ་འབྱམས་སྤྲོ་ལ་ཐོགས་མེད་ཤོག༔ ཧྲཱིཿཔདྨནྟ་ཀྲྀ་ཏ་ཕཊ྄༔ ཨ་བྷི་ཥིཉྩ་ཨཱ༔ ཧཱུྃ༔ སེམས་ཀྱི་ཀུན་རྟོག་གཟུང་འཛིན་ཀ་ནས་དག༔ མི་བསྐྱོད་རྡོ་རྗེ་ཐིག་ལེ་གཅིག་ཏུ་ཟླུམ༔ ཡང་དག་གྲུབ་པའི་དགོངས་པ་བློ་ལས་འདས༔ ལྷན་སྐྱེས་རྡོ་རྗེའི་ཆོས་ཉིད་རྟོགས་པར་ཤོག༔ ཨོཾ་ཤྲཱི་ཧེ་རུ་ཀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཨ་བྷི་ཥིཉྩ་ཧཱུྃ༔ སྭཱ༔ སྒོ་གསུམ་རྣམ་དག་ཟག་བཅས་འོད་སྐུར་དེངས༔ རྡོ་རྗེ་ཉི་མ་སྣོད་བཅུད་བདུད་རྩིར་འཆར༔ འཕོ་ཆེན་འཁོར་འདས་ཁྱབ་བདག་ཧེ་རུ་ཀ༔ རྨད་བྱུང་སྤྱི་དཔལ་ཆེན་པོའི་དབང་བསྐུར་རོ༔ ཨོཾ་སརྦ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ༔ ཨ་བྷི་ཥིཉྩ་ཏྲཱྃ༔ ཧཱཿ བྱ་བྱེད་རྣམ་དག་ཕྲིན་ལས་རྟ་ཡི་རྒྱལ༔ རྡོ་རྗེ་གཞོན་ནུ་ཐལ་འབྱིན་དགོངས་པ་རྣོ༔ རྟག་ཁྱབ་ལྷུན་གྱིས་གྲུབ་པའི་ཡེ་ཤེས་གཟུགས༔ གཉིས་མེད་ཆོས་ཀྱི་ཕྱག་རྒྱའི་དབང་བསྐུར་སྦྱིན༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ༔ ཨ་བྷི་ཥིཉྩ་ཨཱཿ བྷྱོ༔ ཕུང་པོ་རྩ་རླུང་ཐིག་ལེ་རྣམ་དག་དབྱིངས༔ རང་ཤར་མངོན་རྫོགས་མ་མོའི་དགའ་མ་སྟེ༔ ཉིད་ཞི་བདེ་མཆོག་མུ་ཁ་ལེ་ཆེན་མོས༔ རྡོ་རྗེ་གསང་བར་སྦྱོར་བའི་དབང་བསྐུར་རོ༔ ཨོཾ་མ་མ་ཡོ་གི་ནི་གུ་ཧྱ་ཧཱུྃ༔ ཨ་བྷི་ཥིཉྩ་བྃ༔ ཧཱུྃ༔ ཞེ་སྡང་རང་གྲོལ་རྡོ་རྗེ་དྲེགས་པའི་རྒྱལ༔ རཀྴ་སྲིན་པོ་སྡེ་བརྒྱད་རྟོག་ཚོགས་འདུལ༔ གསལ་འབར་ཁྱབ་འཕྲོ་ཕོ་ཉའི་ལས་བྱེད་པའི༔ བཀའ་སྡོད་འབར་བ་རྫོགས་པའི་དབང་བསྐུར་རོ༔  ཨོཾ་ཨཿཡཿམཿདུཿརུཿཙཿཤཿནཿ ཨ་བྷི་ཥིཉྩ་ཧཱུྃ༔ ཨེ༔ སྲིད་གསུམ་ང་རྒྱལ་གདུག་པ་གནས་དག་པའི༔ གཏུམ་ཆེན་ཨེ་དབྱིངས་དྲག་པོ་སྔགས་ཀྱི་མཚོན༔ དུག་ལྔ་འཇོམས་པའི་ཁྲོ་རྒྱལ་སྟོབས་པོ་ཆེ༔ རང་གྲོལ་མཉམ་ཉིད་དོན་གྱི་དབང་བསྐུར་རོ༔ ཨོཾ་ཨེ་སརྦ་དུཥྚན་ཨེ་ཛཿབྷྱོ༔ ཨ་བྷི་ཥིཉྩ་ཨེ༔ ཨོཾ་ཨཱཿཧཱུྃ༔ རབ་འབྱམས་རིགས་ལྔ་ཞི་ཁྲོ་ཡོངས་འདུས་དཔལ༔ རྩ་གསུམ་ཁྱབ་བདག་དང་པོའི་ཧེ་རུ་ཀ༔ རིག་འཛིན་འདུས་པ་བླ་མའི་རྡོ་རྗེའི་སྐུར༔ དབང་བསྐུར་ཕུང་ཁམས་ལྷ་སྐུར་རྫོགས་པར་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧྲཱིཿ ཐབས་ཀྱི་རྡོ་རྗེ་བདེ་ཆེན་འཁོར་ལོ་ཝྃ༔ ཤེས་རབ་ཨེ་ཡི་པདྨར་མཉམ་སྦྱོར་བའི༔ ཟུང་འཇུག་ལྷག་པའི་སེམས་སྤྲིན་རྒྱལ་ཀུན་འདུས༔ རྟོག་བྲལ་རིགས་ཀྱི་བུ་ལ་མཉམ་པར་སྦྱིན༔ གུ་ཧྱ་དྷཱ་ཏུ་ཨ་བྷི་ཥིཉྩ་ཧོཿ ཧྲཱིཿ འཕོ་མེད་དགའ་བ་མཆོག་གི་དཔལ་སྟེར་བའི༔ རྡོ་རྗེ་བཙུན་མོ་གསང་བའི་ཆུ་སྐྱེས་ཅན༔ སྒྱུ་མ་ཆེན་མོ་ཡུམ་གྱི་དབང་བསྐུར་བས༔ འཛག་བདེའི་འཁྲུལ་པ་གཞི་ལ་དག་པར་མཛོད༔ པདྨ་པྲཛྙཱ་ཛྙཱ་ན་ཨ་བྷི་ཥིཉྩ་ཧྲཱིཿ  ཨ༔ སེམས་ཀྱི་འགྱུ་བ་རང་གྲོལ་རྡོ་རྗེའི་དབྱིངས༔ ངོ་བོ་རྣམ་དག་དྲི་མེད་ཤེལ་ལྟར་དྭངས༔ ལྷུན་གྲུབ་འཇའ་གུར་འོད་ཀྱི་ཐིག་ལེའི་སྦུབས༔ སྒྲོན་མ་དྲུག་གི་ཆོ་འཕྲུལ་བརྡ་རྟགས་སྦྱིན༔ ཨེ་ཀ་ཨ་ཏི་དྷཱ་ཏུ་ཧོཿ ཨོཾ་ཨཱཿཧཱུྃ༔ ཆོས་དབྱིངས་ཀ་དག་ཀུན་བཟང་ཆོས་སྐུའི་དབྱིངས༔ ངོ་བོ་སྟོང་ཉིད་སེམས་ཀྱི་གཤིས་སུ་བཞུགས༔ བླ་མ་ཆོས་སྐུ་རིགས་ཀྱི་བུ་ལ་ཡོད༔ ཡེངས་འཁྲུལ་བྲལ་བའི་དགོངས་པ་སྐྱོང་རེ་རན༔ རང་རིག་ལྷུན་གྲུབ་མཐའ་དབུས་མེད་པའི་དབྱིངས༔ རང་བཞིན་འོད་གསལ་སེམས་ཀྱི་མདངས་སུ་ཤར༔ མ་འགགས་གསལ་བའི་བླ་མ་ཡེ་རེ་བ༔ འཁྲུལ་རྟོག་བར་ལག་གྱེས་པའི་ཀློང་ནས་མཇལ༔ འཁོར་འདས་ཀུན་ཁྱབ་ཟང་ཐལ་བརྡལ་བ་ཆེ༔ ཐུགས་རྗེ་ཁྱབ་པ་སེམས་ཀྱི་རྩལ་དུ་བཞུགས༔ རང་ངོ་ཤེས་ན་བླ་མ་སྤྲུལ་པའི་སྐུ༔ རང་སྣང་ཞེན་མེད་གྲོལ་བའི་བབ་ལ་ལྟོས༔ ལྟ་བ་མེད་དེ་ཆོས་ཉིད་སྟོང་པ་ཉིད༔ མཐོང་བ་མེད་དེ་ཡུལ་དང་དབང་པོ་བྲལ༔ ནམ་མཁའི་རྣལ་འབྱོར་ཧེ་རུ་ཀ་ཆེན་པོ༔ ཨ་ཧོ་ཨ་ཏི་རང་ལས་གཞན་དུ་མེད༔ འདི་ལ་བསལ་བཞག་དགག་སྒྲུབ་འཛིན་པ་བྲལ༔ ཆོས་ཉིད་རྗེན་པ་རང་བྱུང་རྒྱན་དུ་ཁྱེར༔ དགོངས་པས་དབང་བསྐུར་བརྡ་ཡི་ཐབས་བསྟན་པས༔ བུ་ཁྱོད་མ་ཆགས་པདྨའི་ས་ལ་ཤོག༔ མཚོན་བྱ་དོན་གྱི་རྟོགས་པ་མངོན་གྱུར་ཕྱིར༔ མཚོན་བྱེད་རིག་པ་རྩལ་གྱི་དབང་གི་མཆོག༔ བསྐུར་བྱ་སྐུར་བྱེད་བྲལ་བའི་ཡེ་ཤེས་འཕོ༔ དོན་དམ་ནམ་མཁའི་འཁོར་ལོར་སྦྱོར་ཅིག་ཨ༔ གཉིས་མེད་ཡེ་ཤེས་གསང་བའི་ལམ་བསྟན་ཅིང༔ དམ་ཚིག་གནད་བཀར་སྒོ་གསུམ་མཎྜལ་ཕུལ༔ ཌཱ་ཀི་ཚོགས་དང་ཆོས་སྐྱོང་གཏོར་མས་བརྔན༔ ཉམས་ལེན་མ་བུ་གབ་སྤྲད་སྨིན་པར་གནད༔ ས་མ་ཡ༔ རྡོ་རྗེ་སྙིང་པོ་དོན་གྱི་ཐོལ་གླུའི་སྨིན་བྱེད་དབང་གི་རིམ་པ་གཉིས་པའོ༔ བློ་བྲལ་ཁྱབ་བརྡལ་ནམ་མཁའི་ཁོར་ཡུག་ལ༔ འཁྲུལ་པ་གདོད་ནས་མི་གནས་ཀ་དག་ཀློང༔ ཡེ་ཤེས་རྒྱུན་ཆད་མེད་པའི་བཞུགས་ཚུལ་ལ༔ མ་བཅོས་ཅོག་བཞག་རྒྱལ་པོའི་གནད་ཀྱིས་ལྟོས༔ སེམས་ནི་སྣ་ཚོགས་རྟོག་པའི་ཕྲེང་བ་སྟེ༔ ལུ་གུ་རྒྱུད་དུ་རྒྱུན་མི་ཆད་ན་ཡང༔ སེམས་ཀྱིས་སེམས་འཚོལ་སེམས་ཀྱི་རྫུན་ཕུག་རིག༔ དུས་གསུམ་ལས་འདས་དུས་མེད་གནད་ཀྱང་མཐོང༔ ཕྱོགས་སུ་མ་ལྷུང་ཀུན་ཁྱབ་ས་ལེ་བ༔ བློ་ལས་འདས་ཀྱང་ཡེ་ཤེས་སྤྱོད་ཡུལ་ཅན༔ ཐལ་བྱུང་གཅེར་བུ་ནམ་མཁར་ལྡིང་བའི་ཚེ༔ གཏད་མེད་རིག་པའི་ངོ་བོ་ལྷོད་དེ་གསལ༔ སྣ་ཚོགས་ཡུལ་སྣང་རྫུན་པའི་བསླུ་བྲིད་ཆེ༔ ཆགས་སྡང་མདུད་པ་བྲལ་བར་ལྟ་ཤེས་ན༔ གཟུང་འཛིན་རྒྱ་ཆད་སྟོང་གསལ་རྟེན་འབྲེལ་གདངས༔ ཅིར་ཡང་འཆར་ཞིང་ཅིར་ཡང་རུང་བར་ཤེས༔ དབང་པོ་མི་སྒུལ་དབྱིངས་རིག་གནད་ལ་གཟིར༔ ཚོགས་དྲུག་དགག་སྒྲུབ་བྲལ་བའི་རྒྱན་དུ་ཁྱེར༔ ཡུལ་ཕྱིར་མི་ཤོར་རྩལ་སྣང་ཀློང་དུ་སྡུད༔ མ་འགགས་རོལ་པའི་ལྟད་མོ་ད་གདོད་ཤེས༔ ནང་གི་སེམས་ཀྱི་འཇུར་མདུད་བཤིག་བྱས་པས༔ ཕྱི་སྣང་སྒྱུ་མས་ཅིར་ཡང་ཕྱིན་པ་མེད༔ དོན་དམ་སྦུབས་སུ་བཙན་ས་ཟིན་པའི་ཚེ༔ རང་གྲོལ་ལྷུག་པའི་བཞུགས་ཚུལ་བབ་ཀྱིས་ཤེས༔ དབྱིངས་ཀྱི་ངོ་བོ་ཆོས་སྐུ་དྲི་མ་མེད༔ རང་བཞིན་གསལ་ཁྱབ་འཁོར་འདས་མཐར་མ་ལྷུང༔ དོན་གྱི་བདེ་ཆེན་རིག་རྩལ་ཁྱབ་པ་ཆེ༔ གཞི་འབྲས་དབྱེར་མེད་དགོངས་པ་གནད་དུ་བསྣུན༔ སྒྲོན་མེའི་འོད་གསལ་སྐུ་གསུམ་འོད་པོ་ཆེ༔ གནད་ཀྱིས་གཅུན་པས་དབྱིངས་རིག་ཁྱབ་བརྡལ་ཤར༔ རང་གྲོལ་རིག་པ་མ་བུ་ངོ་འཕྲོད་པས༔ གདོས་བཅས་འཁྲུལ་པ་ཟང་མ་ཐལ་བྱུང་ཟད༔ མངོན་སུམ་རྟོགས་པའི་ངེས་ཤེས་གནད་དུ་ཐེབས༔ སྣང་བ་ཆེན་པོའི་ཉམས་ཀྱི་རྩལ་ཁ་བྱེ༔ རིག་པ་འཕོ་མེད་སྒོམ་པ་ཚད་དུ་ཕེབས༔ ཆོས་ཟད་ཀློང་ཡངས་དབྱིངས་སུ་ཁྱིལ་བས་བདེ༔ ཟག་པ་འབྱུང་བ་རང་ཟད་དབྱིངས་སུ་དེངས༔ གཏད་མེད་ཀློང་ཆེན་འཇའ་སྐུ་བཅུད་དུ་འཁྱིལ༔ རྟག་ཏུ་མི་གཡོ་ཆོས་ཉིད་ཕ་མཐའ་ཡས༔ ལྷུན་གྲུབ་རྡོ་རྗེའི་གསང་བ་ཨ་ཏི་ཧོཿ རྒྱུ་འབྲས་མཐར་ཕྱིན་གྲོལ་བ་ཚད་ལ་ཕེབས༔ ལུས་སེམས་ཡ་བྲལ་བར་དོར་རླུང་དང་སེམས༔ ངེས་མེད་ཕྱད་ཕྱོད་གང་ལྟར་སྣང་ན་ཡང༔ ལྷུན་གྲུབ་ནང་གསལ་སྦུབས་སུ་བཙན་ས་ཟིན༔ འཁྲུལ་པས་སྒྲོ་བཏགས་སྣང་བ་སྣ་ཚོགས་གར༔ ཀུན་ཏུ་ཤར་ཚེ་དབྱིངས་རིག་གོ་འཕོ་ཡིས༔ སྤྲུལ་པའི་རང་བཞིན་ཞིང་གི་སྟོན་པ་མཇལ༔ ལམ་ཀུན་རྫོགས་པ་འདའ་ཀའི་མན་ངག་གཅེས༔ སྣང་བའི་བདེ་སྡུག་བར་གྱི་ལྷ་དང་འདྲེ༔ ནང་གི་གཟུང་འཛིན་དུག་ལྔའི་འཁྲི་ཤིང་ལ༔ ཤེས་རབ་ཕར་ཕྱིན་ཡུམ་གྱི་དགོངས་པའི་དོན༔ ཕཊ་ཀྱིས་བཅད་ལ་རིག་རྩལ་བརྟུལ་ཞུགས་སྤྱོད༔ ཆོས་ཀུན་བདེན་མེད་སྒྱུ་མ་ཟང་ཐལ་ལ༔ གཏད་མེད་རང་གྲོལ་དབྱིངས་སུ་བསྐྱལ་ཤེས་ན༔ འཁྲུལ་པ་དབྱིངས་སྡུད་དབྱིངས་སྣང་འོད་གསལ་གྱི༔ བཀོད་པའི་ཆོ་འཕྲུལ་གསལ་ཞིང་རྣམ་པར་འཕྲོ༔ དེ་སྐད་རང་རིག་དབྱིངས་ཀྱི་རྒྱལ་ཁབ་ནས༔ ཧེ་རུ་ཀ་དཔལ་ནམ་མཁའ་འཇིགས་པ་མེད༔ རང་སྣང་ཞལ་གྱི་གསང་ཚིག་བཅུད་ཕུར་འདི༔ རིག་རྩལ་ཡི་གེའི་སྤྲིན་གྱི་བརྡ་རུ་ཤར༔ ཉུང་ངུར་གདམས་ཀྱང་ཟབ་དོན་མན་ངག་གི༔ ཉིང་ཁུ་གབ་སྦས་དཀྲུགས་མེད་ཐང་མལ་བརྡལ༔ ཌཱ་ཀི་འབུམ་གྱི་སྙིང་གི་ཏི་ལ་ཀ༔ རྟོག་གེ་བཀའ་འདས་སྣོད་མིན་ཨ་ཐཾ་རྒྱ༔ ཐེག་མཆོག་རྡོ་རྗེའི་ལམ་ལ་མཆོག་ཏུ་མོས༔ ཟབ་དོན་གནད་གསང་རིག་པའི་སྐལ་བ་ཅན༔ དད་མོས་ཤེས་རབ་བརྩོན་འགྲུས་མཆོག་ལྡན་པའི༔ ལས་ཅན་འགའ་ལ་ཕན་པ་འབྱུང་ཡང་སྲིད༔ ཐོལ་བྱུང་གླུ་ཡི་རྒྱལ་པོ་རྡོ་རྗེའི་ཚིག༔ འོད་གསལ་བརྡ་ཡི་རིག་རྩལ་མ་འགག་པར༔ ཇི་ལྟར་ཤར་བ་ཆོས་སྐུའི་འདྲ་འབག་དངོས༔ དུས་མཐར་སྣང་ཞིང་དོན་ཡང་བྱེད་གྱུར་ཅིག༔  ས་མ་ཡ༔ རྡོ་རྗེ་སྙིང་པོ་དོན་གྱི་ཐོལ་གླུ་ལས༔ ཟབ་དོན་མན་ངག་གི་རིམ་པ་གསུམ་པས་རྫོགས་སོ༔ སྐལ་བཟང་གཏད་མེད་ཡོ་གིའི་མངྒ་ལ། །ཡངས་པའི་རྒྱལ་ཁམས་ཉུལ་བའི་སྐབས་ཤིག་ཏུ། །སྦས་པའི་གནས་མཆོག་འབྲས་ལྗོངས་ལྷ་ཡི་རི། །བཀྲ་ཤིས་སྡིང་དུ་སྟེས་དབང་ཞིག་གིས་ཕྱིན། །དགའ་སྐྱོའི་སྣང་བ་ན་བུན་བཞིན་དུ་འཁྲིགས། །བདེ་སྡུག་རྐྱེན་གྱི་སེར་བུ་བར་མེད་ལྡང༌། །བློ་གཏད་བླ་མར་བཅའ་པའི་གདུང་ཤུགས་ཀྱིས། །གསོལ་འདེབས་རྒྱང་གླུས་ཐུགས་ཡིད་བསྲེས་པའི་ཚེ། །ཀློང་ཆེན་རིག་པ་རང་བྱུང་ཧེ་རུ་ཀ །མངོན་སུམ་མཇལ་ནས་བརྡ་ཐབས་དབང་ཡང་བསྐུར། །བྱིན་རླབས་ཆོས་ཀྱི་སྙིང་པོ་འདི་ཡང་རྙེད། །ཡིད་ཆེས་ངང་ནས་ཤོག་སྐྱའི་ལོགས་སུ་ཕབ། །དངོས་གཅིག་དུ་མའི་ཆོ་འཕྲུལ་མ་ངེས་པས། །འཇམ་མགོན་བླ་མ་དགྱེས་པའི་ཞལ་ཡང་མཐོང༌། །རྟོག་མེད་དགོངས་པའི་ཀློང་དུ་སད་པའི་ཚེ། །དབུགས་འབྱིན་ཐུགས་རྗེའི་བྱིན་རླབས་ཡང་ཡང་ཐོབ། །ཨེ་མ་བུ་ཁྱོད་སྒྱུ་མའི་ལྟད་མོ་ལྟོས། །སྐྱེ་ཤི་ཐམས་ཅད་འཁྲུལ་པས་བཏགས་པ་ཙམ། །དོན་ལ་མི་གནས་ང་ལ་འགྲོ་འོང་མེད། །ཐ་དད་འཛིན་པའི་འཁྲུལ་པ་དབྱིངས་སུ་སྐྱོལ། །ཕ་རྒན་བློ་གྲོས་དག་པའི་ཞིང་མང་ཉུལ། །རིགས་ཀྱི་སྐྱེས་བུས་རྟག་ཏུ་གཞན་ཕན་སྤྱོད། །ཕ་བུ་མི་འབྲལ་ཆོས་ཉིད་ཀློང་ན་གཅིག །སྒྱུ་མ་ལྟ་བུའི་སྣང་ཡུལ་རྗེས་མི་འབྲང༌། །བདེ་སྡུག་སྨིག་རྒྱུ་རོ་གཅིག་ལྟ་བས་གཟིར། །རྟེན་འབྱུང་དག་པས་བསྟན་འགྲོར་ཕན་པ་བསྒྲུབ། །གཉིས་མེད་གཉིས་སྣང་ཆུ་ཟླའི་བཀོད་པ་མཐོང༌། །དུས་ལས་མ་ཡོལ་བར་ཆད་སྲུང་ལ་བརྩོན། །ཕྱི་ནང་གསང་བའི་རྟེན་འབྲེལ་ཡང་དག་པ། །རང་འགྲིག་རང་དབང་འབྱུང་བས་ཐོག་བབ་སྤྱོད། །བདུན་གྱི་བདུན་པར་མི་མཐུན་ཀུན་ལས་རྒྱལ། །གསང་བའི་ལུང་བཞིན་གཞན་དུ་མ་འཆོལ་གཅེས། །ཐེག་ལེའི་ཆོ་འཕྲུལ་རླུང་གི་ལྕགས་ཀྱུས་ཐོབ། །སྦས་པའི་གསང་བ་སྙིང་གི་བཅུད་དུ་བསྐྱིལ། །བཅུ་དྲུག་དགའ་བའི་དབུགས་འབྱིན་འབྱུང་སྲིད་པས། །བློ་བདེའི་ངང་ནས་པིར་གྱི་ཁ་བཞིན་སྡོམས། །ཨེ་ཀ་ཙ་ཏི་དབྱིངས་ཀྱི་རྒྱལ་མོའི་གྲོགས། །ཕན་པ་གང་བྱུང་སྒྲ་གཅན་ཞལ་གྱིས་སྟེར། །དུས་སུ་མི་བསླུ་ངེས་པའི་ལུང་དོན་བཞིན། །འཁྱོལ་བས་འཕོ་མེད་ཆོས་སྐུར་རྒྱས་ཐོབ་ཅིག །ས་མ་ཡ༔ རྒྱ་རྒྱ་རྒྱ༔  ྀཨཐི༔ བརྡ་ཐིམ། གུཧྱ༔}}
</onlyinclude>
</onlyinclude>
{{TsagliCall}}
{{TsagliCall}}
Line 46: Line 47:
==Other Information==
==Other Information==
{{Footer}}
{{Footer}}
[[Category:DKR-KABUM-Volume-18-TSHA]]
[[Category:DKR-KABUM-Volume-18-TSHA]]
[[Category:DKR-KABUM-Volume-18-TSHA]]
[[Category:Khyentse Lineage Project]]
[[Category:Khyentse Lineage Project]]

Revision as of 09:45, 8 December 2022

རིག་འཛིན་ཌཱ་ཀིའི་སྲོག་གི་ཏི་ལ་ཀ༔ རྡོ་རྗེ་སྙིང་པོ་དོན་གྱི་ཐོལ་གླུ༔
Wylie title rig 'dzin DA ki'i srog gi ti la ka: rdo rje snying po don gyi thol glu DKR-KABUM-18-TSHA-002.pdf
Location dil mgo mkhyen brtse bka' 'bum
Volume 18, Text 2, Pages 3-12 (Folios 1a to 10b6)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Tertön དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ (Khyentse, Dilgo)
Citation Khyentse, Dilgo. Rig 'dzin DA ki'i srog gi ti la ka rdo rje snying po don gyi thol glu. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 18: 3-12. Delhi: Shechen Publications, 1994.
Genre Root Treasure - gter gzhung
Cycle རྡོ་རྗེ་སྙིང་པོ་དོན་གྱི་ཐོལ་གླུ་ (rdo rje snying po don gyi thol glu)
Colophon

སྐལ་བཟང་གཏད་མེད་ཡོ་གིའི་མངྒ་ལ། །ཡངས་པའི་རྒྱལ་ཁམས་ཉུལ་བའི་སྐབས་ཤིག་ཏུ། །སྦས་པའི་གནས་མཆོག་འབྲས་ལྗོངས་ལྷ་ཡི་རི། །བཀྲ་ཤིས་སྡིང་དུ་སྟེས་དབང་ཞིག་གིས་ཕྱིན། །དགའ་སྐྱོའི་སྣང་བ་ན་བུན་བཞིན་དུ་འཁྲིགས། །བདེ་སྡུག་རྐྱེན་གྱི་སེར་བུ་བར་མེད་ལྡང༌། །བློ་གཏད་བླ་མར་བཅའ་པའི་གདུང་ཤུགས་ཀྱིས། །གསོལ་འདེབས་རྒྱང་གླུས་ཐུགས་ཡིད་བསྲེས་པའི་ཚེ། །ཀློང་ཆེན་རིག་པ་རང་བྱུང་ཧེ་རུ་ཀ །མངོན་སུམ་མཇལ་ནས་བརྡ་ཐབས་དབང་ཡང་བསྐུར། །བྱིན་རླབས་ཆོས་ཀྱི་སྙིང་པོ་འདི་ཡང་རྙེད། །ཡིད་ཆེས་ངང་ནས་ཤོག་སྐྱའི་ལོགས་སུ་ཕབ། །དངོས་གཅིག་དུ་མའི་ཆོ་འཕྲུལ་མ་ངེས་པས། །འཇམ་མགོན་བླ་མ་དགྱེས་པའི་ཞལ་ཡང་མཐོང༌། །རྟོག་མེད་དགོངས་པའི་ཀློང་དུ་སད་པའི་ཚེ། །དབུགས་འབྱིན་ཐུགས་རྗེའི་བྱིན་རླབས་ཡང་ཡང་ཐོབ། །ཨེ་མ་བུ་ཁྱོད་སྒྱུ་མའི་ལྟད་མོ་ལྟོས། །སྐྱེ་ཤི་ཐམས་ཅད་འཁྲུལ་པས་བཏགས་པ་ཙམ། །དོན་ལ་མི་གནས་ང་ལ་འགྲོ་འོང་མེད། །ཐ་དད་འཛིན་པའི་འཁྲུལ་པ་དབྱིངས་སུ་སྐྱོལ། །ཕ་རྒན་བློ་གྲོས་དག་པའི་ཞིང་མང་ཉུལ། །རིགས་ཀྱི་སྐྱེས་བུས་རྟག་ཏུ་གཞན་ཕན་སྤྱོད། །ཕ་བུ་མི་འབྲལ་ཆོས་ཉིད་ཀློང་ན་གཅིག །སྒྱུ་མ་ལྟ་བུའི་སྣང་ཡུལ་རྗེས་མི་འབྲང༌། །བདེ་སྡུག་སྨིག་རྒྱུ་རོ་གཅིག་ལྟ་བས་གཟིར། །རྟེན་འབྱུང་དག་པས་བསྟན་འགྲོར་ཕན་པ་བསྒྲུབ། །གཉིས་མེད་གཉིས་སྣང་ཆུ་ཟླའི་བཀོད་པ་མཐོང༌། །དུས་ལས་མ་ཡོལ་བར་ཆད་སྲུང་ལ་བརྩོན། །ཕྱི་ནང་གསང་བའི་རྟེན་འབྲེལ་ཡང་དག་པ། །རང་འགྲིག་རང་དབང་འབྱུང་བས་ཐོག་བབ་སྤྱོད། །བདུན་གྱི་བདུན་པར་མི་མཐུན་ཀུན་ལས་རྒྱལ། །གསང་བའི་ལུང་བཞིན་གཞན་དུ་མ་འཆོལ་གཅེས། །ཐེག་ལེའི་ཆོ་འཕྲུལ་རླུང་གི་ལྕགས་ཀྱུས་ཐོབ། །སྦས་པའི་གསང་བ་སྙིང་གི་བཅུད་དུ་བསྐྱིལ། །བཅུ་དྲུག་དགའ་བའི་དབུགས་འབྱིན་འབྱུང་སྲིད་པས། །བློ་བདེའི་ངང་ནས་པིར་གྱི་ཁ་བཞིན་སྡོམས། །ཨེ་ཀ་ཙ་ཏི་དབྱིངས་ཀྱི་རྒྱལ་མོའི་གྲོགས། །ཕན་པ་གང་བྱུང་སྒྲ་གཅན་ཞལ་གྱིས་སྟེར། །དུས་སུ་མི་བསླུ་ངེས་པའི་ལུང་དོན་བཞིན། །འཁྱོལ་བས་འཕོ་མེད་ཆོས་སྐུར་རྒྱས་ཐོབ་ཅིག །ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྀཨཐི༔ བརྡ་ཐིམ། གུཧྱ༔

skal bzang gtad med yo gi'i mang+ga la/_/yangs pa'i rgyal khams nyul ba'i skabs shig tu/_/sbas pa'i gnas mchog 'bras ljongs lha yi ri/_/bkra shis sding du stes dbang zhig gis phyin/_/dga' skyo'i snang ba na bun bzhin du 'khrigs/_/bde sdug rkyen gyi ser bu bar med ldang*/_/blo gtad bla mar bca' pa'i gdung shugs kyis/_/gsol 'debs rgyang glus thugs yid bsres pa'i tshe/_/klong chen rig pa rang byung he ru ka_/mngon sum mjal nas brda thabs dbang yang bskur/_/byin rlabs chos kyi snying po 'di yang rnyed/_/yid ches ngang nas shog skya'i logs su phab/_/dngos gcig du ma'i cho 'phrul ma nges pas/_/'jam mgon bla ma dgyes pa'i zhal yang mthong*/_/rtog med dgongs pa'i klong du sad pa'i tshe/_/dbugs 'byin thugs rje'i byin rlabs yang yang thob/_/e ma bu khyod sgyu ma'i ltad mo ltos/_/skye shi thams cad 'khrul pas btags pa tsam/_/don la mi gnas nga la 'gro 'ong med/_/tha dad 'dzin pa'i 'khrul pa dbyings su skyol/_/pha rgan blo gros dag pa'i zhing mang nyul/_/rigs kyi skyes bus rtag tu gzhan phan spyod/_/pha bu mi 'bral chos nyid klong na gcig_/sgyu ma lta bu'i snang yul rjes mi 'brang*/_/bde sdug smig rgyu ro gcig lta bas gzir/_/rten 'byung dag pas bstan 'gror phan pa bsgrub/_/gnyis med gnyis snang chu zla'i bkod pa mthong*/_/dus las ma yol bar chad srung la brtson/_/phyi nang gsang ba'i rten 'brel yang dag pa/_/rang 'grig rang dbang 'byung bas thog bab spyod/_/bdun gyi bdun par mi mthun kun las rgyal/_/gsang ba'i lung bzhin gzhan du ma 'chol gces/_/theg le'i cho 'phrul rlung gi lcags kyus thob/_/sbas pa'i gsang ba snying gi bcud du bskyil/_/bcu drug dga' ba'i dbugs 'byin 'byung srid pas/_/blo bde'i ngang nas pir gyi kha bzhin sdoms/_/e ka tsa ti dbyings kyi rgyal mo'i grogs/_/phan pa gang byung sgra gcan zhal gyis ster/_/dus su mi bslu nges pa'i lung don bzhin/_/'khyol bas 'pho med chos skur rgyas thob cig_/sa ma ya:_rgya rgya rgya:__ithi:_brda thim/_guh+ya:

[edit]
རིག་འཛིན་ཌཱ་ཀིའི་སྲོག་གི་ཏི་ལ་ཀ༔ རྡོ་རྗེ་སྙིང་པོ་དོན་གྱི་ཐོལ་གླུ་བཞུགས༔

རང་བྱུང་རིག་པའི་བླ་མར་འདུད༔ སྣང་སྲིད་འོད་གསལ་བླ་མའི་དབྱིངས༔ མངོན་སུམ་སྒྲུབ་པའི་གང་ཟག་གིས༔ སྔོན་དངོས་རྗེས་ཀྱིས་ཉམས་སུ་ལེན༔ ས་མ་ཡ༔ ཨ༔ ཆོས་དབྱིངས་འོད་གསལ་རྡོ་རྗེ་སྙིང་པོའི་གཞིར༔ སྐུ་གསུམ་ལྷུན་རྫོགས་བླ་མར་སྐྱབས་སུ་མཆི༔ རང་ངོ་མ་ཤེས་གློ་བུར་འཁྲུལ་པའི་འགྲོ༔ བདེ་ཆེན་དབྱིངས་སུ་བསྒྲལ་བར་སེམས་བསྐྱེད་དོ༔ ཨ༔ རིག་པ་རང་སྣང་བླ་མར་ཕྱག་འཚལ་ཞིང༔ སྣང་སྲིད་བདེ་སྟོང་རོལ་པའི་མཆོད་སྤྲིན་འབུལ༔ བློས་བྱས་འཁྲུལ་པ་ཀ་དག་དབྱིངས་སུ་བཤགས༔ ཟག་མེད་ཡོན་ཏན་རྫོགས་ལ་རྗེས་ཡི་རང༔ ཟབ་གསལ་རྡོ་རྗེའི་ཆོས་ཀྱི་འཁོར་ལོ་བསྐོར༔ གཟོད་ནས་སྐྱེ་འཆི་བྲལ་བར་བཞུགས་གསོལ་འདེབས༔ འགྲོ་ཀུན་རང་གྲོལ་གོ་འཕང་ཐོབ་ཕྱིར་བསྔོ༔ ཡང་དག་དོན་གྱི་ཀློང་དུ་བྱང་ཆུབ་ཤོག༔ ཨ༔ དེ་ཉིད་མ་རྟོགས་གཟུང་འཛིན་འཁྲུལ་བའི་བགེགས༔ བདེན་མེད་སྒྱུ་མའི་གཏོར་མ་འདི་ལོངས་ལ༔ ཡེ་གྲོལ་སྟོང་ཆེན་དབྱིངས་ཀྱི་ཕ་མཐར་དེངས༔ ཁོར་ཡུག་ཡེ་ཤེས་ཕྱག་རྒྱས་མཚམས་བཅད་དོ༔ ཛྙཱ་ན་དྷཱ་ཏུ་རཀྵ་བྷྲཱུྃ༔ ཨ༔ དབྱིངས་ལས་རང་ཤར་འགག་མེད་རྩ་གསུམ་ལྷ༔ ཐུགས་རྗེའི་ཆོ་འཕྲུལ་རྡོ་རྗེའི་བྱིན་ཆེན་ཕོབ༔ འོད་གསལ་བཀོད་པ་ལྷུན་རྫོགས་མཆོད་པའི་སྤྲིན༔ འཕེལ་འགྲིབ་བྲལ་བའི་རྒྱན་དུ་བཟོད་ནས་ཤར༔ ཨོཾ་ཨཱཿཧཱུྃ་ཛྙཱ་ན་ཨ་བེ་ཤ་ཡ་ཨ་ཨ༔ མ་ཧཱ་སུ་ཁ་པཱུ་ཛ་མུ་དྲ་ཧོ༔ ཨ༔ ཤིན་ཏུ་རྣམ་དག་རྡོ་རྗེ་བཙུན་མོའི་དབྱིངས༔ འཇའ་ཟེར་འོད་ཀྱི་དྲྭ་བ་ཀུན་ཏུ་སྣང༔ འགག་མེད་ཐུགས་རྗེ་རྒྱུ་ཡི་ས་བོན་ཨ༔ མཐིང་ག་ཁྱབ་པ་ཆེན་པོའི་སྒྲོན་མར་ཤར༔ ཀུན་ཁྱབ་ཀུན་ཏུ་སྣང་བའི་གཞལ་མེད་ཁང༔ དབྱིངས་དང་མཉམ་པའི་བཀོད་པ་འབྱམས་ཀླས་དབུས༔ ཡི་གེ་ཡོངས་གྱུར་རྩ་གསུམ་རྒྱ་མཚོའི་བདག༔ རིག་འཛིན་བླ་མ་འོད་སྐུར་འདུས་པའི་བཅུད༔ ནམ་མཁའ་འཇིགས་མེད་སྒྱུ་མའི་རྣལ་འབྱོར་པ༔ ཧེ་རུ་ཀ་དཔལ་སྲིད་ཞི་ཡོངས་ཀྱི་བདག༔ འཕོ་ཆེན་རྡོ་རྗེའི་འོད་ཀྱི་མཚན་དཔེ་ནི༔ དབྱིངས་ཆེན་རྣམ་དག་ནམ་མཁའི་མདོག་ཏུ་སྒེག༔ ཁྲོ་གཏུམ་བརྗིད་ཆགས་ལྟ་སྟངས་མཁའ་ལ་གཟིར༔ རལ་པའི་ཟུར་ཕུད་རྒྱུད་ཀྱི་གླེགས་བམ་འཆིང༔ ཐོད་སྐམ་དབུ་རྒྱན་རུས་པའི་ཕྱག་རྒྱས་སྤྲས༔ སེར་ཞིང་དམར་བའི་སྨར་སྨིན་མེ་ཟེར་འཕྲོ༔ ཕྱག་གཡས་སྡིགས་མཛུབ་དང་བཅས་མི་རྐང་གླིང༔ འབུམ་ཕྲག་མཁའ་འགྲོ་སྡུད་པའི་རོལ་མོ་འཁྲོལ༔ གཡོན་པས་ཟག་མེད་ཡེ་ཤེས་བདུད་རྩིའི་བཅུད༔ འཕྱུར་ཞིང་ལུད་པའི་བྷནྡྷ་མཁའ་ལ་གཏོད༔ སྐུ་གསུམ་ཡོངས་རྫོགས་རང་བྱུང་ཁ་ཊྭཱཾ་ཀ༔ མཆན་གཡོན་བསྒྲེངས་ནས་ཕྱེད་པའི་སྐྱིལ་ཀྲུང་གིས༔ སྟག་ལྤགས་ཤམ་ཐབས་དང་བཅས་རོལ་སྟབས་བཞུགས༔ སྣང་སྲིད་ཟིལ་གནོན་ཞིང་གི་གཡང་གཞི་བཏིང༔ རིག་རྩལ་རྡོ་རྗེའི་ཐོག་ཆར་སྐར་ལྟར་འཕྲོ༔ ཙིཏྟ་རིན་ཆེན་གསང་བའི་ཏི་ལ་ཀར༔ ཡེ་ཤེས་དབྱིངས་ཀྱི་ཞི་བ་བཞི་བཅུ་གཉིས༔ དུང་ཁང་བྷནྡྷའི་གཞལ་མེད་ཁང་ཆེན་པོར༔ ཁྲག་འཐུང་ལྔ་བཅུ་རང་བྱུང་ཉིད་དུ་ཤར༔ མཁའ་ཁྱབ་ཡེ་ཤེས་སྐུ་ནི་གཤིན་རྗེའི་གཤེད༔ གྲགས་སྟོང་རྡོ་རྗེའི་ནཱ་ད་ཧྱ་གྲྀ༔ ཡང་དག་གྲུབ་པའི་ཐིག་ལེ་རྡོ་རྗེའི་ཐུགས༔ ཡོན་ཏན་ལྷུན་རྫོགས་ཆེ་མཆོག་ལྟེ་བར་བཞུགས༔ ཕྲིན་ལས་ལྷུན་གྲུབ་གསང་གནས་ཀཱི་ལ་ཡ༔ མཆོད་བསྟོད་དྲག་སྔགས་ལས་ཀྱི་དབང་པོ་སྟེ༔ རིག་འཛིན་བླ་མ་འདུས་པའི་བདག་ཉིད་རྫོགས༔ ཆོས་ཀུན་སྙིང་པོ་ཡེ་ཤེས་ཕྱག་རྒྱའི་སྐུ༔ གཞོན་ནུ་བུམ་སྐུ་ཟག་པ་མེད་པའི་སྦུབས༔ སྐྱེ་འཆི་ལས་འདས་འཕོ་མེད་རྡོ་རྗེའི་དབྱིངས༔ ཁྱབ་བརྡལ་ཆོས་ཀུན་ཀློང་དུ་སད་པ་ཡི༔ རང་རིག་བླ་མ་འདུས་པའི་དཀྱིལ་འཁོར་ལ༔ ཡེ་ཤེས་འདུ་འབྲལ་མེད་པར་དགྱེས་བཞུགས་པས༔ དོན་གྱི་བྱིན་རླབས་མངོན་སུམ་འབེབས་པའི་ཕྱིར༔ འོད་གསལ་སྤྲིན་གྱི་འཁོར་ལོར་ས་མཱ་ཛཿ ཨ༔ ངོ་བོ་ཆོས་སྐུ་ཀུན་བཟང་འོད་མཐའ་ཡས༔ གཞོན་ནུ་བུམ་སྐུ་ཆོས་དབྱིངས་ཀློང་ནས་གཤེགས༔ ཀ་དག་ཟང་ཐལ་ཆེན་པོའི་བྱིན་ཕོབ་ལ༔ ཀུན་འབྱུང་འཁྲུལ་པ་གཞིར་ཟད་དངོས་གྲུབ་སྩོལ༔ རང་བཞིན་ལོངས་སྐུ་ཞི་ཁྲོ་རབ་འབྱམས་ལྷ༔ ཡེ་ཤེས་ཀུན་ལ་ཁྱབ་པའི་དབྱིངས་ནས་གཤེགས༔ འོད་གསལ་རྡོ་རྗེ་དབྱིངས་ཀྱི་འཁོར་ལོ་ཡིས༔ སྐུ་གསུམ་ལམ་སྣང་རྫོགས་པའི་དངོས་གྲུབ་སྩོལ༔ ཐུགས་རྗེ་སྤྲུལ་སྐུ་ཕྱོགས་ལྷུང་མེད་པ་ནས༔ རིག་འཛིན་དཔལ་མགོན་བླ་མ་མངོན་སུམ་གཤེགས༔ རང་གྲོལ་ཆོས་དབྱིངས་དོན་གྱི་དགོངས་བརྒྱུད་ཀྱིས༔ རྟོགས་པ་མཁའ་དང་མཉམ་པའི་དངོས་གྲུབ་སྩོལ༔ མངོན་སུམ་ཆོས་ཉིད་གནས་འདིར་བྱིན་ཕོབ་ལ༔ ཉམས་རྟོགས་གོང་འཕེལ་མཆོག་ཐུན་དངོས་གྲུབ་སྩོལ༔ རིག་པ་ཚད་ཕེབས་ཡིད་དཔྱོད་བར་ཆད་སོལ༔ བློ་འདས་ཆོས་ཉིད་ཟད་པའི་ཀློང་ཐིམ་མཛོད༔ ཨོཾ་མ་ཧཱ་གུ་རུ་ཛྙཱ་ན་ཙཀྲ་ས་མ་ཡ་ཛཿཛཿ ཨ༔ རོ་མཉམ་རྡོ་རྗེའི་དམ་ཚིག་སེམས་དཔའ་ལ༔ རིག་སྟོང་ཡེ་ཤེས་འཁོར་ལོ་གཉིས་མེད་བཞུགས༔ དོན་དམ་རང་ཞལ་མཇལ་བ་ལྟ་བའི་ཕྱག༔ བཟང་ངན་ཀུན་རྟོག་བྲལ་བས་འཚལ་བར་བགྱི༔ ཏིཥྛ་ལྷན༔ ན་མོ་ཧཱུྃ༔ ཨ༔ རང་བྱུང་རང་ཤར་མཆོད་པའི་ཕྱག་རྒྱ་ཆེ༔ སེམས་ཀྱི་ཡིད་བཞིན་རིན་ཆེན་གཏེར་ལས་སྤྲུལ༔ ཞེན་མེད་རྡོ་རྗེའི་རོལ་མོ་བསམ་ཡས་པ༔ ཀུན་ཁྱབ་ཀུན་བཟང་སྒྱུ་འཕྲུལ་དྲྭ་བར་བཀོད༔ མ་ཧཱ་སུ་ཁ་པཱུ་ཛ་མུ་དྲ་ཧོཿ ཨ༔ ཆོས་དབྱིངས་སྤྲོས་བྲལ་ཀུན་བཟང་གདོད་མའི་མགོན༔ རྣམ་མང་རྒྱུད་སྡེའི་དཀྱིལ་འཁོར་ལྷུན་གྱིས་རྫོགས༔ དཔལ་མགོན་བླ་མ་རིག་འཛིན་ཌཱ་ཀིའི་དལ༔ ཅིར་ཡང་འབྱུང་ཞིང་སྡུད་པའི་བྱེད་པོར་བསྟོད༔ ཐུགས་ཀར་རང་བཞིན་གཞི་ཡི་ཀུན་ཏུ་བཟང༔ དྭངས་མའི་ཐིག་ལེ་སྟོང་པའི་སྒྲོན་མའི་ཚུལ༔ ཕྲ་ལ་གསལ་འཚེར་གཟི་བརྗིད་འོད་དུ་འབར༔ ཤིན་ཏུ་བརྟག་དཀའ་མི་ཤིགས་དྭངས་མའི་སྲོག༔ ཨ་ཡིག་མཐིང་གསལ་རྡོ་རྗེའི་སྔགས་ཀྱིས་བསྐོར༔ འོད་ཟེར་སྤྲོ་བསྡུས་དོན་གཉིས་འབད་མེད་བསྒྲུབས༔ ཁྱད་པར་འོད་གསལ་རྡོ་རྗེ་སྙིང་པོ་ཡི༔ བརྒྱུད་གསུམ་བླ་མའི་བྱིན་རླབས་འུབ་ཀྱིས་བསྡུས༔ གཉིས་མེད་ཐིམ་པས་དགོངས་པའི་རྩལ་རྫོགས་པའི༔ ལྷུན་གྲུབ་བདེ་ཆེན་རྡོ་རྗེའི་ཀློང་དུ་ཤར༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་ག་ག་ན་ཨ་བྷ་ཡ་ཛྙཱ་ན་སིདྡྷི་ཧཱུྃ༔ ཨོཾ་ནི་རང་བྱུང་ཀུན་བཟང་དང་པོའི་མགོན༔ ཨཱཿཡིག་རྣམ་སྣང་རང་བྱུང་ལོངས་སྤྱོད་རྫོགས༔ ཧཱུྃ་གི་ཐུགས་སྲོག་ཡེ་ཤེས་བླ་མ་རྗེ༔ བཛྲ་སྐུ་གསུམ་དབྱེར་མེད་ངོ་བོ་ཉིད༔ མ་ཧཱ་གུ་རུ་མི་འགྱུར་རྡོ་རྗེའི་སྐུ༔ ག་ག་ན་སྟེ་ཞི་བ་རྡོ་རྗེ་དབྱིངས༔ ཨ་བྷ་ཡ་ཞེས་རང་བྱུང་ཧེ་རུ་ཀ༔ ཛྙཱ་ན་ལྷན་སྐྱེས་ཌཱ་ཀིའི་རྡོ་རྗེའི་སྲོག༔ སིདྡྷི་མཆོག་དང་ཐུན་མོང་གཉིས་སུ་མེད༔ ཧཱུྃ་གིས་སྩོལ་ཅེས་རྗེས་སུ་བསྐུལ་བའི་སྲོག༔ མ་བཅོས་འཛིན་མེད་གཉུག་མའི་ངང་ནས་བཟླ༔ གཞིར་གནས་ཨ་ལས་དབྱིངས་ཀྱི་འོད་དཀར་སྤྲོས༔ མི་མཐུན་ཀུན་ཞི་ཆོས་ཉིད་མངོན་སུམ་རྫོགས༔ ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཨ་ལས་བྱུང་བའི་འོད་ཟེར་བཙོ་མའི་གསེར༔ སྲིད་ཞིའི་དཔལ་འབྱོར་རྫོགས་པའི་ཉམས་རྟོགས་འཕེལ༔ པུཥྚིཾ་ཀུ་རུ་ཝརྡྷ་ཨོཾ༔ ཨ་ཡིག་ལས་འཕྲོས་དམར་གསལ་རྗེས་ཆགས་འོད༔ རིག་པ་ཚད་ཕེབས་བདེ་ཆེན་དཔྱིད་དུ་བསྡུས༔ ཝཱ་ཤཾ་ཀུ་རུ་ཧོཿ ཨ་ལས་འཕྲོས་པའི་ལྗང་ནག་མཚོན་ཆའི་ཐོག༔ འཕྲོས་པས་འཁོར་ཆོས་བློ་ཟད་དབྱིངས་སུ་བསྒྲལ༔ མཱ་ར་ཡ་ཕཊ༔ ཨ༔ ཨ་ལས་བྱུང་བའི་དབྱིངས་ཀྱི་བྷཉྫའི་ཀློང༔ ཧཾ་ལས་བདེ་ཆེན་རིགས་ལྔའི་དམ་ཚིག་རྫས༔ གཉིས་མེད་དགའ་བཞིའི་ཉམས་འགྱུར་འབུམ་ཕྲག་འཕྲོ༔ ཀུན་ཁྱབ་ཚོགས་ཀྱི་ལོངས་སྤྱོད་ཆེན་པོར་ཤར༔ ཨ༔ རང་ཤར་འཇའ་སྐུར་དེངས་པའི་རྩ་གསུམ་ལྷ༔ ཆོས་དབྱིངས་རྡོ་རྗེ་བཀོད་པའི་ཞིང་ནས་བཞེངས༔ ཁྱབ་བརྡལ་ཡེ་ཤེས་ཆེན་པོའི་བྱིན་ཕོབ་ལ༔ བརྟུལ་ཞུགས་རིག་པའི་རང་རྩལ་སྦར་དུ་གསོལ༔ སརྦ་ས་མ་ཡ་ཛཿཛཿ ཨ༔ ཀུན་ཏུ་དགའ་བའི་ཉམས་འགྱུར་འབུམ་ཕྲག་གིས༔ སྒེག་པའི་རྡོ་རྗེའི་ལྷ་མོའི་མཆོད་པའི་སྤྲིན༔ ཐབས་ཤེས་ཚོགས་ཀྱི་འཁོར་ལོའི་ལོངས་སྤྱོད་ཆེ༔ རྒྱལ་བའི་དཀྱིལ་འཁོར་དག་པ་ཆེན་པོར་འབུལ༔ ག་ཎ་ཙཀྲ་པཱུ་ཛ་ཧོཿ ཨ༔ གདོད་ནས་དག་པའི་ཡེ་ཤེས་ཆེན་པོ་ལ༔ ཀུན་རྟོག་མཚན་མའི་འདུ་བྱེད་ཀ་ནས་དག༔ ཡིད་དཔྱོད་དངོས་མཚན་སྒྲིབ་པའི་ནོངས་པ་ཀུན༔ བཤགས་སོ་དག་ཅིང་ཚངས་པར་བྱིན་གྱིས་རློབས༔ ས་མ་ཡ་ཤུདྡྷེ་ཨཱཿ ཨ༔ རྟག་ཆད་བདག་ཏུ་ལྟ་བའི་དགྲ་དང་བགེགས༔ ཡེ་ཤེས་རོལ་པའི་མཚོན་ཆས་ཀློང་དུ་བསྒྲལ༔ རང་མདངས་བདེ་བ་ཆེན་པོའི་དམ་རྫས་ཀྱིས༔ རྟག་ཏུ་དགྱེས་པའི་དམ་ཚིག་ཕྱག་རྒྱར་བཞེས༔ མཱ་ར་ཡ་ཕཊ༔ མཾ་ས་རཀྟ་ཀེཾ་ནི་རི་ཏི་ཁཱ་ཧི༔ ཨ༔ ཐབས་ཤེས་ཨེ་ཝྃ་སྡོམ་པའི་ཕྱག་རྒྱ་ནི༔ གསང་ཆེན་རྡོ་རྗེའི་དངོས་པོར་བཀོད་ནས་རྫོགས༔ ངོ་མཚར་ཚོགས་ཀྱི་འཁོར་ལོའི་དེ་ཁོ་ན༔ རང་བཞིན་གཉུག་མའི་རྡོ་རྗེའི་སེམས་དཔའོ༔ ཨ༔ ཀུན་ཉོན་མ་རིག་རྟོག་པའི་ལྷག་མའི་རྫས༔ ཡེ་ཤེས་དཀྱིལ་འཁོར་ཆེན་པོའི་མཐའ་སྐྱོང་བདག༔ སྐྱེ་འགག་གནས་མེད་ཌཱ་ཀིའི་ཚོགས་ལ་འབུལ༔ དོན་གྱི་མི་རྟོག་དེ་ཁོ་ན་རུ་རྫོགས༔ ཨོཾ་ཨུཙྪིཥྚ་བྷཀྵ་སི་ཧོཿ ཨ༔ གློ་བུར་དུག་གསུམ་ཉོན་མོངས་ཀ་དག་སྦུབས༔ བདེ་གསལ་མི་རྟོག་མགོན་པོ་མ་ནིང་ནག༔ མདོ་རྒྱུད་སྔགས་ཀྱི་བདག་མོ་ཆོས་སྲུང་གིས༔ ཅིར་སྣང་ཡེ་ཤེས་རོལ་པའི་སྐྱེམས་ཕུད་བཞེས༔ རྩོལ་བྲལ་ཕྲིན་ལས་ལྷུན་གྱིས་གྲུབ་པ་ཡི༔ འོད་གསལ་སྙིང་པོའི་བསྟན་པ་དར་རྒྱས་མཛོད༔ ཨ༔ བདེན་དོན་རྟེན་འབྲེལ་དག་པའི་མ་མོ་རྣམས༔ ལུགས་ལྡོག་ཐིག་ལེའི་བཤལ་ཆུའི་བདུད་རྩིས་མཆོད༔ ལུགས་འབྱུང་ཀླ་ཀློའི་དམག་དཔུང་ཞི་བ་དང༔ དགའ་བཞིའི་ཕྲིན་ལས་འདུ་འབྲལ་མེད་པར་སྐྱོངས༔ ཨ༔ རྣམ་ཐར་སྒོ་གསུམ་དབྱིངས་ཀྱི་ཨེ་ཀློང་དུ༔ མ་རིག་དམ་སྲི་སྤྱི་ཚུགས་མནན་ནས་ཀྱང༔ མི་འགྱུར་རྡོ་རྗེའི་རྒྱ་ཡིས་རྒྱས་བཏབ་པས༔ ཆོས་ཉིད་མཐའ་དབུས་བྲལ་བའི་ངོ་བོར་ཨ༔ ཨ༔ ཕྱིར་གསལ་ཡེ་ཤེས་ལྔ་ཡི་རང་མདངས་ཀུན༔ གཞོན་ནུ་བུམ་སྐུ་ཐིག་ལེ་གཅིག་ཏུ་ཨ༔ སླར་ཡང་ཐུགས་རྗེའི་རོལ་རྩལ་འགག་པ་མེད༔ ནམ་མཁའ་ཇི་སྲིད་རྟག་ཁྱབ་ལྷུན་གྱིས་གྲུབ༔ ཨ༔ རྩལ་སྣང་ལེགས་པར་སྤྱད་པའི་དགེ་བའི་ཚོགས༔ ཆོས་དབྱིངས་གཏིང་གསལ་འདུས་མ་བྱས་པར་བསྔོ༔ ཟག་མེད་ཀུན་བཟང་ཡེ་ཤེས་འབྲས་བུའི་ཆོས༔ མི་ཟད་ཕན་བདེའི་གཏེར་དུ་འགྱུར་བར་ཤོག༔ ཨ༔ ཆོས་ཀུན་རང་བྱུང་ཡེ་ཤེས་བདེ་བ་ཆེ༔ རྟག་ཏུ་རྒུད་བྲལ་ཤིས་པའི་མཆོག་དམ་པས༔ སྲིད་ཞི་མ་ལུས་རྟག་པ་དམ་པའི་ཆོས༔ བཀྲ་ཤིས་རང་བྱུང་དཔལ་དུ་འབར་བར་ཤོག༔ ས་མ་ཡ༔ རྡོ་རྗེ་སྙིང་པོ་དོན་གྱི་ཐོལ་གླུ་ལས་རྩ་བ་ཕྲིན་ལས་ཀྱི་རིམ་པ་དང་པའོ༔ སྐྱ བླ་མའི་མཆོག་ནི་ཆོས་དབྱིངས་སྐྱེ་བ་མེད༔ འགག་མེད་རྩལ་སྣང་སྐུ་གསུམ་སྒྱུ་འཕྲུལ་དྲྭ༔ གདུལ་བྱའི་སྣང་ཆར་བཀོད་པ་སྣ་ཚོགས་ཅན༔ ཐབས་དང་བརྡ་ཡི་བྱེད་པ་ཆུ་ཟླ་བཞིན༔ རྟག་ཏུ་འཆར་བས་ཀུན་རྫོབ་རིམ་པ་ལ༔ བརྟེན་ནས་སྨིན་པ་སྔགས་ཀྱི་ཁྱད་ཆོས་སོ༔ དེ་ཕྱིར་འོད་ཟླུམ་ཐིག་ལེའི་དཀྱིལ་འཁོར་དུ༔ བུམ་པ་བཅུད་ལྡན་བདུད་རྩིའི་བྷནྡྷ་དང༔ མན་ཤེལ་རྨ་བྱའི་མདོངས་ཐིག་སྐུ་འབག་བཤམས༔ ཕྱི་ནང་མཆོད་པ་ཚོགས་ཀྱི་དམ་ཚིག་རྫས༔ ལེགས་བཀོད་བདག་མདུན་སྒྲུབ་གཞུང་བུམ་བཟླས་དང༔ དབང་ལེན་སློབ་མ་འཇུག་པར་གསོལ་བ་གདབ༔ སྣོད་དུ་རུང་བའི་ལས་ཅན་གསུམ་མམ་བདུན༔ ཁྲུས་བྱས་བྱུར་བསལ་བགེགས་གཟིར་མཚམས་ཀྱང་བཅད༔ ལོ་རྒྱུས་བརྗོད་པས་ངེས་ཤེས་བསྐྱེད་པ་གཅེས༔ མཎྜལ་ཕུལ་ཏེ་གསོལ་བ་གདབ་པ་ནི༔ དང་པོའི་སངས་རྒྱས་བླ་མ་རིན་པོ་ཆེ༔ དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་དགོངས་སུ་གསོལ༔ ཁྱོད་ཀྱི་རྡོ་རྗེ་བཞི་ཡི་འཁོར་ལོ་རུ༔ འཇུག་ཅིང་སྨིན་པའི་བཀའ་དྲིན་བསྩལ་དུ་གསོལ༔ སྐྱབས་སེམས་རྒྱུད་སྦྱངས་སྡོམ་པ་བརྟན་པོར་བཟུང༔ དངོས་གཞི་བླ་མའི་ཕུང་ཁམས་ལྷ་རུ་བསྒོམས༔ ཡེ་ཤེས་དབབ་གཟིར་དགོངས་བརྒྱུད་རིག་རྩལ་སྤར༔ ཡེ་ཤེས་བརྟན་བྱས་བུམ་པ་སྤྱི་བོར་བཞག༔ ཨོཾ༔ སྣང་སྲིད་ཡོངས་རྫོགས་བཀྲ་ཤིས་ལྷའི་བུམ་པ༔ ཡེ་ཤེས་སྙིང་པོ་བདུད་རྩིའི་བཅུད་ཀྱིས་གཏམས༔ དུག་ལྔ་རྣམ་དག་རྡོ་རྗེའི་དབང་བསྐུར་བས༔ སྐྱེ་འཆི་ཀ་དག་རྡོ་རྗེའི་སྐུ་ཐོབ་ཤོག༔ ཨོཾ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཨོཾ༔ ཨོཾ༔ ཁྱོད་ཀྱི་ཕུང་ཁམས་རྒྱལ་བ་རྟག་པ་སྟེ༔ ཡེ་ཤེས་ལུས་ཅན་འཇམ་དཔལ་སྐུའི་འཁོར་ལོ༔ གཉིས་མེད་ཕྱག་རྒྱ་ཆེན་པོའི་དབང་བསྐུར་བས༔ སྣང་སྟོང་ལྷུན་གྲུབ་སྒྱུ་འཕྲུལ་དབྱིངས་རྫོགས་ཤོག༔ ཨོཾ་ཡ་མཱནྟ་ཀ་ཧཱུྃ་ཕཊཿ ཨ་བྷི་ཥིཉྩ་ཨོཾ༔ ཨཱ༔ ངག་རླུང་འགྲོ་འོང་པདྨ་གསུང་གི་དལ༔ གར་གྱི་དབང་ཕྱུག་རྟ་མཆོག་བཞད་པ་བརྒྱས༔ རྡོ་རྗེ་ནཱ་ད་ཆོས་ཀྱི་སྐུར་རྫོགས་པས༔ ཆོས་སྒོ་རབ་འབྱམས་སྤྲོ་ལ་ཐོགས་མེད་ཤོག༔ ཧྲཱིཿཔདྨནྟ་ཀྲྀ་ཏ་ཕཊ྄༔ ཨ་བྷི་ཥིཉྩ་ཨཱ༔ ཧཱུྃ༔ སེམས་ཀྱི་ཀུན་རྟོག་གཟུང་འཛིན་ཀ་ནས་དག༔ མི་བསྐྱོད་རྡོ་རྗེ་ཐིག་ལེ་གཅིག་ཏུ་ཟླུམ༔ ཡང་དག་གྲུབ་པའི་དགོངས་པ་བློ་ལས་འདས༔ ལྷན་སྐྱེས་རྡོ་རྗེའི་ཆོས་ཉིད་རྟོགས་པར་ཤོག༔ ཨོཾ་ཤྲཱི་ཧེ་རུ་ཀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཨ་བྷི་ཥིཉྩ་ཧཱུྃ༔ སྭཱ༔ སྒོ་གསུམ་རྣམ་དག་ཟག་བཅས་འོད་སྐུར་དེངས༔ རྡོ་རྗེ་ཉི་མ་སྣོད་བཅུད་བདུད་རྩིར་འཆར༔ འཕོ་ཆེན་འཁོར་འདས་ཁྱབ་བདག་ཧེ་རུ་ཀ༔ རྨད་བྱུང་སྤྱི་དཔལ་ཆེན་པོའི་དབང་བསྐུར་རོ༔ ཨོཾ་སརྦ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ༔ ཨ་བྷི་ཥིཉྩ་ཏྲཱྃ༔ ཧཱཿ བྱ་བྱེད་རྣམ་དག་ཕྲིན་ལས་རྟ་ཡི་རྒྱལ༔ རྡོ་རྗེ་གཞོན་ནུ་ཐལ་འབྱིན་དགོངས་པ་རྣོ༔ རྟག་ཁྱབ་ལྷུན་གྱིས་གྲུབ་པའི་ཡེ་ཤེས་གཟུགས༔ གཉིས་མེད་ཆོས་ཀྱི་ཕྱག་རྒྱའི་དབང་བསྐུར་སྦྱིན༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ༔ ཨ་བྷི་ཥིཉྩ་ཨཱཿ བྷྱོ༔ ཕུང་པོ་རྩ་རླུང་ཐིག་ལེ་རྣམ་དག་དབྱིངས༔ རང་ཤར་མངོན་རྫོགས་མ་མོའི་དགའ་མ་སྟེ༔ ཉིད་ཞི་བདེ་མཆོག་མུ་ཁ་ལེ་ཆེན་མོས༔ རྡོ་རྗེ་གསང་བར་སྦྱོར་བའི་དབང་བསྐུར་རོ༔ ཨོཾ་མ་མ་ཡོ་གི་ནི་གུ་ཧྱ་ཧཱུྃ༔ ཨ་བྷི་ཥིཉྩ་བྃ༔ ཧཱུྃ༔ ཞེ་སྡང་རང་གྲོལ་རྡོ་རྗེ་དྲེགས་པའི་རྒྱལ༔ རཀྴ་སྲིན་པོ་སྡེ་བརྒྱད་རྟོག་ཚོགས་འདུལ༔ གསལ་འབར་ཁྱབ་འཕྲོ་ཕོ་ཉའི་ལས་བྱེད་པའི༔ བཀའ་སྡོད་འབར་བ་རྫོགས་པའི་དབང་བསྐུར་རོ༔ ཨོཾ་ཨཿཡཿམཿདུཿརུཿཙཿཤཿནཿ ཨ་བྷི་ཥིཉྩ་ཧཱུྃ༔ ཨེ༔ སྲིད་གསུམ་ང་རྒྱལ་གདུག་པ་གནས་དག་པའི༔ གཏུམ་ཆེན་ཨེ་དབྱིངས་དྲག་པོ་སྔགས་ཀྱི་མཚོན༔ དུག་ལྔ་འཇོམས་པའི་ཁྲོ་རྒྱལ་སྟོབས་པོ་ཆེ༔ རང་གྲོལ་མཉམ་ཉིད་དོན་གྱི་དབང་བསྐུར་རོ༔ ཨོཾ་ཨེ་སརྦ་དུཥྚན་ཨེ་ཛཿབྷྱོ༔ ཨ་བྷི་ཥིཉྩ་ཨེ༔ ཨོཾ་ཨཱཿཧཱུྃ༔ རབ་འབྱམས་རིགས་ལྔ་ཞི་ཁྲོ་ཡོངས་འདུས་དཔལ༔ རྩ་གསུམ་ཁྱབ་བདག་དང་པོའི་ཧེ་རུ་ཀ༔ རིག་འཛིན་འདུས་པ་བླ་མའི་རྡོ་རྗེའི་སྐུར༔ དབང་བསྐུར་ཕུང་ཁམས་ལྷ་སྐུར་རྫོགས་པར་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧྲཱིཿ ཐབས་ཀྱི་རྡོ་རྗེ་བདེ་ཆེན་འཁོར་ལོ་ཝྃ༔ ཤེས་རབ་ཨེ་ཡི་པདྨར་མཉམ་སྦྱོར་བའི༔ ཟུང་འཇུག་ལྷག་པའི་སེམས་སྤྲིན་རྒྱལ་ཀུན་འདུས༔ རྟོག་བྲལ་རིགས་ཀྱི་བུ་ལ་མཉམ་པར་སྦྱིན༔ གུ་ཧྱ་དྷཱ་ཏུ་ཨ་བྷི་ཥིཉྩ་ཧོཿ ཧྲཱིཿ འཕོ་མེད་དགའ་བ་མཆོག་གི་དཔལ་སྟེར་བའི༔ རྡོ་རྗེ་བཙུན་མོ་གསང་བའི་ཆུ་སྐྱེས་ཅན༔ སྒྱུ་མ་ཆེན་མོ་ཡུམ་གྱི་དབང་བསྐུར་བས༔ འཛག་བདེའི་འཁྲུལ་པ་གཞི་ལ་དག་པར་མཛོད༔ པདྨ་པྲཛྙཱ་ཛྙཱ་ན་ཨ་བྷི་ཥིཉྩ་ཧྲཱིཿ ཨ༔ སེམས་ཀྱི་འགྱུ་བ་རང་གྲོལ་རྡོ་རྗེའི་དབྱིངས༔ ངོ་བོ་རྣམ་དག་དྲི་མེད་ཤེལ་ལྟར་དྭངས༔ ལྷུན་གྲུབ་འཇའ་གུར་འོད་ཀྱི་ཐིག་ལེའི་སྦུབས༔ སྒྲོན་མ་དྲུག་གི་ཆོ་འཕྲུལ་བརྡ་རྟགས་སྦྱིན༔ ཨེ་ཀ་ཨ་ཏི་དྷཱ་ཏུ་ཧོཿ ཨོཾ་ཨཱཿཧཱུྃ༔ ཆོས་དབྱིངས་ཀ་དག་ཀུན་བཟང་ཆོས་སྐུའི་དབྱིངས༔ ངོ་བོ་སྟོང་ཉིད་སེམས་ཀྱི་གཤིས་སུ་བཞུགས༔ བླ་མ་ཆོས་སྐུ་རིགས་ཀྱི་བུ་ལ་ཡོད༔ ཡེངས་འཁྲུལ་བྲལ་བའི་དགོངས་པ་སྐྱོང་རེ་རན༔ རང་རིག་ལྷུན་གྲུབ་མཐའ་དབུས་མེད་པའི་དབྱིངས༔ རང་བཞིན་འོད་གསལ་སེམས་ཀྱི་མདངས་སུ་ཤར༔ མ་འགགས་གསལ་བའི་བླ་མ་ཡེ་རེ་བ༔ འཁྲུལ་རྟོག་བར་ལག་གྱེས་པའི་ཀློང་ནས་མཇལ༔ འཁོར་འདས་ཀུན་ཁྱབ་ཟང་ཐལ་བརྡལ་བ་ཆེ༔ ཐུགས་རྗེ་ཁྱབ་པ་སེམས་ཀྱི་རྩལ་དུ་བཞུགས༔ རང་ངོ་ཤེས་ན་བླ་མ་སྤྲུལ་པའི་སྐུ༔ རང་སྣང་ཞེན་མེད་གྲོལ་བའི་བབ་ལ་ལྟོས༔ ལྟ་བ་མེད་དེ་ཆོས་ཉིད་སྟོང་པ་ཉིད༔ མཐོང་བ་མེད་དེ་ཡུལ་དང་དབང་པོ་བྲལ༔ ནམ་མཁའི་རྣལ་འབྱོར་ཧེ་རུ་ཀ་ཆེན་པོ༔ ཨ་ཧོ་ཨ་ཏི་རང་ལས་གཞན་དུ་མེད༔ འདི་ལ་བསལ་བཞག་དགག་སྒྲུབ་འཛིན་པ་བྲལ༔ ཆོས་ཉིད་རྗེན་པ་རང་བྱུང་རྒྱན་དུ་ཁྱེར༔ དགོངས་པས་དབང་བསྐུར་བརྡ་ཡི་ཐབས་བསྟན་པས༔ བུ་ཁྱོད་མ་ཆགས་པདྨའི་ས་ལ་ཤོག༔ མཚོན་བྱ་དོན་གྱི་རྟོགས་པ་མངོན་གྱུར་ཕྱིར༔ མཚོན་བྱེད་རིག་པ་རྩལ་གྱི་དབང་གི་མཆོག༔ བསྐུར་བྱ་སྐུར་བྱེད་བྲལ་བའི་ཡེ་ཤེས་འཕོ༔ དོན་དམ་ནམ་མཁའི་འཁོར་ལོར་སྦྱོར་ཅིག་ཨ༔ གཉིས་མེད་ཡེ་ཤེས་གསང་བའི་ལམ་བསྟན་ཅིང༔ དམ་ཚིག་གནད་བཀར་སྒོ་གསུམ་མཎྜལ་ཕུལ༔ ཌཱ་ཀི་ཚོགས་དང་ཆོས་སྐྱོང་གཏོར་མས་བརྔན༔ ཉམས་ལེན་མ་བུ་གབ་སྤྲད་སྨིན་པར་གནད༔ ས་མ་ཡ༔ རྡོ་རྗེ་སྙིང་པོ་དོན་གྱི་ཐོལ་གླུའི་སྨིན་བྱེད་དབང་གི་རིམ་པ་གཉིས་པའོ༔ བློ་བྲལ་ཁྱབ་བརྡལ་ནམ་མཁའི་ཁོར་ཡུག་ལ༔ འཁྲུལ་པ་གདོད་ནས་མི་གནས་ཀ་དག་ཀློང༔ ཡེ་ཤེས་རྒྱུན་ཆད་མེད་པའི་བཞུགས་ཚུལ་ལ༔ མ་བཅོས་ཅོག་བཞག་རྒྱལ་པོའི་གནད་ཀྱིས་ལྟོས༔ སེམས་ནི་སྣ་ཚོགས་རྟོག་པའི་ཕྲེང་བ་སྟེ༔ ལུ་གུ་རྒྱུད་དུ་རྒྱུན་མི་ཆད་ན་ཡང༔ སེམས་ཀྱིས་སེམས་འཚོལ་སེམས་ཀྱི་རྫུན་ཕུག་རིག༔ དུས་གསུམ་ལས་འདས་དུས་མེད་གནད་ཀྱང་མཐོང༔ ཕྱོགས་སུ་མ་ལྷུང་ཀུན་ཁྱབ་ས་ལེ་བ༔ བློ་ལས་འདས་ཀྱང་ཡེ་ཤེས་སྤྱོད་ཡུལ་ཅན༔ ཐལ་བྱུང་གཅེར་བུ་ནམ་མཁར་ལྡིང་བའི་ཚེ༔ གཏད་མེད་རིག་པའི་ངོ་བོ་ལྷོད་དེ་གསལ༔ སྣ་ཚོགས་ཡུལ་སྣང་རྫུན་པའི་བསླུ་བྲིད་ཆེ༔ ཆགས་སྡང་མདུད་པ་བྲལ་བར་ལྟ་ཤེས་ན༔ གཟུང་འཛིན་རྒྱ་ཆད་སྟོང་གསལ་རྟེན་འབྲེལ་གདངས༔ ཅིར་ཡང་འཆར་ཞིང་ཅིར་ཡང་རུང་བར་ཤེས༔ དབང་པོ་མི་སྒུལ་དབྱིངས་རིག་གནད་ལ་གཟིར༔ ཚོགས་དྲུག་དགག་སྒྲུབ་བྲལ་བའི་རྒྱན་དུ་ཁྱེར༔ ཡུལ་ཕྱིར་མི་ཤོར་རྩལ་སྣང་ཀློང་དུ་སྡུད༔ མ་འགགས་རོལ་པའི་ལྟད་མོ་ད་གདོད་ཤེས༔ ནང་གི་སེམས་ཀྱི་འཇུར་མདུད་བཤིག་བྱས་པས༔ ཕྱི་སྣང་སྒྱུ་མས་ཅིར་ཡང་ཕྱིན་པ་མེད༔ དོན་དམ་སྦུབས་སུ་བཙན་ས་ཟིན་པའི་ཚེ༔ རང་གྲོལ་ལྷུག་པའི་བཞུགས་ཚུལ་བབ་ཀྱིས་ཤེས༔ དབྱིངས་ཀྱི་ངོ་བོ་ཆོས་སྐུ་དྲི་མ་མེད༔ རང་བཞིན་གསལ་ཁྱབ་འཁོར་འདས་མཐར་མ་ལྷུང༔ དོན་གྱི་བདེ་ཆེན་རིག་རྩལ་ཁྱབ་པ་ཆེ༔ གཞི་འབྲས་དབྱེར་མེད་དགོངས་པ་གནད་དུ་བསྣུན༔ སྒྲོན་མེའི་འོད་གསལ་སྐུ་གསུམ་འོད་པོ་ཆེ༔ གནད་ཀྱིས་གཅུན་པས་དབྱིངས་རིག་ཁྱབ་བརྡལ་ཤར༔ རང་གྲོལ་རིག་པ་མ་བུ་ངོ་འཕྲོད་པས༔ གདོས་བཅས་འཁྲུལ་པ་ཟང་མ་ཐལ་བྱུང་ཟད༔ མངོན་སུམ་རྟོགས་པའི་ངེས་ཤེས་གནད་དུ་ཐེབས༔ སྣང་བ་ཆེན་པོའི་ཉམས་ཀྱི་རྩལ་ཁ་བྱེ༔ རིག་པ་འཕོ་མེད་སྒོམ་པ་ཚད་དུ་ཕེབས༔ ཆོས་ཟད་ཀློང་ཡངས་དབྱིངས་སུ་ཁྱིལ་བས་བདེ༔ ཟག་པ་འབྱུང་བ་རང་ཟད་དབྱིངས་སུ་དེངས༔ གཏད་མེད་ཀློང་ཆེན་འཇའ་སྐུ་བཅུད་དུ་འཁྱིལ༔ རྟག་ཏུ་མི་གཡོ་ཆོས་ཉིད་ཕ་མཐའ་ཡས༔ ལྷུན་གྲུབ་རྡོ་རྗེའི་གསང་བ་ཨ་ཏི་ཧོཿ རྒྱུ་འབྲས་མཐར་ཕྱིན་གྲོལ་བ་ཚད་ལ་ཕེབས༔ ལུས་སེམས་ཡ་བྲལ་བར་དོར་རླུང་དང་སེམས༔ ངེས་མེད་ཕྱད་ཕྱོད་གང་ལྟར་སྣང་ན་ཡང༔ ལྷུན་གྲུབ་ནང་གསལ་སྦུབས་སུ་བཙན་ས་ཟིན༔ འཁྲུལ་པས་སྒྲོ་བཏགས་སྣང་བ་སྣ་ཚོགས་གར༔ ཀུན་ཏུ་ཤར་ཚེ་དབྱིངས་རིག་གོ་འཕོ་ཡིས༔ སྤྲུལ་པའི་རང་བཞིན་ཞིང་གི་སྟོན་པ་མཇལ༔ ལམ་ཀུན་རྫོགས་པ་འདའ་ཀའི་མན་ངག་གཅེས༔ སྣང་བའི་བདེ་སྡུག་བར་གྱི་ལྷ་དང་འདྲེ༔ ནང་གི་གཟུང་འཛིན་དུག་ལྔའི་འཁྲི་ཤིང་ལ༔ ཤེས་རབ་ཕར་ཕྱིན་ཡུམ་གྱི་དགོངས་པའི་དོན༔ ཕཊ་ཀྱིས་བཅད་ལ་རིག་རྩལ་བརྟུལ་ཞུགས་སྤྱོད༔ ཆོས་ཀུན་བདེན་མེད་སྒྱུ་མ་ཟང་ཐལ་ལ༔ གཏད་མེད་རང་གྲོལ་དབྱིངས་སུ་བསྐྱལ་ཤེས་ན༔ འཁྲུལ་པ་དབྱིངས་སྡུད་དབྱིངས་སྣང་འོད་གསལ་གྱི༔ བཀོད་པའི་ཆོ་འཕྲུལ་གསལ་ཞིང་རྣམ་པར་འཕྲོ༔ དེ་སྐད་རང་རིག་དབྱིངས་ཀྱི་རྒྱལ་ཁབ་ནས༔ ཧེ་རུ་ཀ་དཔལ་ནམ་མཁའ་འཇིགས་པ་མེད༔ རང་སྣང་ཞལ་གྱི་གསང་ཚིག་བཅུད་ཕུར་འདི༔ རིག་རྩལ་ཡི་གེའི་སྤྲིན་གྱི་བརྡ་རུ་ཤར༔ ཉུང་ངུར་གདམས་ཀྱང་ཟབ་དོན་མན་ངག་གི༔ ཉིང་ཁུ་གབ་སྦས་དཀྲུགས་མེད་ཐང་མལ་བརྡལ༔ ཌཱ་ཀི་འབུམ་གྱི་སྙིང་གི་ཏི་ལ་ཀ༔ རྟོག་གེ་བཀའ་འདས་སྣོད་མིན་ཨ་ཐཾ་རྒྱ༔ ཐེག་མཆོག་རྡོ་རྗེའི་ལམ་ལ་མཆོག་ཏུ་མོས༔ ཟབ་དོན་གནད་གསང་རིག་པའི་སྐལ་བ་ཅན༔ དད་མོས་ཤེས་རབ་བརྩོན་འགྲུས་མཆོག་ལྡན་པའི༔ ལས་ཅན་འགའ་ལ་ཕན་པ་འབྱུང་ཡང་སྲིད༔ ཐོལ་བྱུང་གླུ་ཡི་རྒྱལ་པོ་རྡོ་རྗེའི་ཚིག༔ འོད་གསལ་བརྡ་ཡི་རིག་རྩལ་མ་འགག་པར༔ ཇི་ལྟར་ཤར་བ་ཆོས་སྐུའི་འདྲ་འབག་དངོས༔ དུས་མཐར་སྣང་ཞིང་དོན་ཡང་བྱེད་གྱུར་ཅིག༔ ས་མ་ཡ༔ རྡོ་རྗེ་སྙིང་པོ་དོན་གྱི་ཐོལ་གླུ་ལས༔ ཟབ་དོན་མན་ངག་གི་རིམ་པ་གསུམ་པས་རྫོགས་སོ༔ སྐལ་བཟང་གཏད་མེད་ཡོ་གིའི་མངྒ་ལ། །ཡངས་པའི་རྒྱལ་ཁམས་ཉུལ་བའི་སྐབས་ཤིག་ཏུ། །སྦས་པའི་གནས་མཆོག་འབྲས་ལྗོངས་ལྷ་ཡི་རི། །བཀྲ་ཤིས་སྡིང་དུ་སྟེས་དབང་ཞིག་གིས་ཕྱིན། །དགའ་སྐྱོའི་སྣང་བ་ན་བུན་བཞིན་དུ་འཁྲིགས། །བདེ་སྡུག་རྐྱེན་གྱི་སེར་བུ་བར་མེད་ལྡང༌། །བློ་གཏད་བླ་མར་བཅའ་པའི་གདུང་ཤུགས་ཀྱིས། །གསོལ་འདེབས་རྒྱང་གླུས་ཐུགས་ཡིད་བསྲེས་པའི་ཚེ། །ཀློང་ཆེན་རིག་པ་རང་བྱུང་ཧེ་རུ་ཀ །མངོན་སུམ་མཇལ་ནས་བརྡ་ཐབས་དབང་ཡང་བསྐུར། །བྱིན་རླབས་ཆོས་ཀྱི་སྙིང་པོ་འདི་ཡང་རྙེད། །ཡིད་ཆེས་ངང་ནས་ཤོག་སྐྱའི་ལོགས་སུ་ཕབ། །དངོས་གཅིག་དུ་མའི་ཆོ་འཕྲུལ་མ་ངེས་པས། །འཇམ་མགོན་བླ་མ་དགྱེས་པའི་ཞལ་ཡང་མཐོང༌། །རྟོག་མེད་དགོངས་པའི་ཀློང་དུ་སད་པའི་ཚེ། །དབུགས་འབྱིན་ཐུགས་རྗེའི་བྱིན་རླབས་ཡང་ཡང་ཐོབ། །ཨེ་མ་བུ་ཁྱོད་སྒྱུ་མའི་ལྟད་མོ་ལྟོས། །སྐྱེ་ཤི་ཐམས་ཅད་འཁྲུལ་པས་བཏགས་པ་ཙམ། །དོན་ལ་མི་གནས་ང་ལ་འགྲོ་འོང་མེད། །ཐ་དད་འཛིན་པའི་འཁྲུལ་པ་དབྱིངས་སུ་སྐྱོལ། །ཕ་རྒན་བློ་གྲོས་དག་པའི་ཞིང་མང་ཉུལ། །རིགས་ཀྱི་སྐྱེས་བུས་རྟག་ཏུ་གཞན་ཕན་སྤྱོད། །ཕ་བུ་མི་འབྲལ་ཆོས་ཉིད་ཀློང་ན་གཅིག །སྒྱུ་མ་ལྟ་བུའི་སྣང་ཡུལ་རྗེས་མི་འབྲང༌། །བདེ་སྡུག་སྨིག་རྒྱུ་རོ་གཅིག་ལྟ་བས་གཟིར། །རྟེན་འབྱུང་དག་པས་བསྟན་འགྲོར་ཕན་པ་བསྒྲུབ། །གཉིས་མེད་གཉིས་སྣང་ཆུ་ཟླའི་བཀོད་པ་མཐོང༌། །དུས་ལས་མ་ཡོལ་བར་ཆད་སྲུང་ལ་བརྩོན། །ཕྱི་ནང་གསང་བའི་རྟེན་འབྲེལ་ཡང་དག་པ། །རང་འགྲིག་རང་དབང་འབྱུང་བས་ཐོག་བབ་སྤྱོད། །བདུན་གྱི་བདུན་པར་མི་མཐུན་ཀུན་ལས་རྒྱལ། །གསང་བའི་ལུང་བཞིན་གཞན་དུ་མ་འཆོལ་གཅེས། །ཐེག་ལེའི་ཆོ་འཕྲུལ་རླུང་གི་ལྕགས་ཀྱུས་ཐོབ། །སྦས་པའི་གསང་བ་སྙིང་གི་བཅུད་དུ་བསྐྱིལ། །བཅུ་དྲུག་དགའ་བའི་དབུགས་འབྱིན་འབྱུང་སྲིད་པས། །བློ་བདེའི་ངང་ནས་པིར་གྱི་ཁ་བཞིན་སྡོམས། །ཨེ་ཀ་ཙ་ཏི་དབྱིངས་ཀྱི་རྒྱལ་མོའི་གྲོགས། །ཕན་པ་གང་བྱུང་སྒྲ་གཅན་ཞལ་གྱིས་སྟེར། །དུས་སུ་མི་བསླུ་ངེས་པའི་ལུང་དོན་བཞིན། །འཁྱོལ་བས་འཕོ་མེད་ཆོས་སྐུར་རྒྱས་ཐོབ་ཅིག །ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྀཨཐི༔ བརྡ་ཐིམ། གུཧྱ༔
[edit]

skya_rig 'dzin DA ki'i srog gi ti la ka:_rdo rje snying po don gyi thol glu bzhugs: skya__rang byung rig pa'i bla mar 'dud:_snang srid 'od gsal bla ma'i dbyings:_mngon sum sgrub pa'i gang zag gis:_sngon dngos rjes kyis nyams su len:_sa ma ya:_a:_chos dbyings 'od gsal rdo rje snying po'i gzhir:_sku gsum lhun rdzogs bla mar skyabs su mchi:_rang ngo ma shes glo bur 'khrul pa'i 'gro:_bde chen dbyings su bsgral bar sems bskyed do:__a:_rig pa rang snang bla mar phyag 'tshal zhing:_snang srid bde stong rol pa'i mchod sprin 'bul:_blos byas 'khrul pa ka dag dbyings su bshags:_zag med yon tan rdzogs la rjes yi rang:_zab gsal rdo rje'i chos kyi 'khor lo bskor:_gzod nas skye 'chi bral bar bzhugs gsol 'debs:_'gro kun rang grol go 'phang thob phyir bsngo:_yang dag don gyi klong du byang chub shog:__a:_de nyid ma rtogs gzung 'dzin 'khrul ba'i bgegs:_bden med sgyu ma'i gtor ma 'di longs la:_ye grol stong chen dbyings kyi pha mthar dengs:_khor yug ye shes phyag rgyas mtshams bcad do:_dz+nyA na d+hA tu rak+Sha b+h+rU~M:_a:_dbyings las rang shar 'gag med rtsa gsum lha:_thugs rje'i cho 'phrul rdo rje'i byin chen phob:_'od gsal bkod pa lhun rdzogs mchod pa'i sprin:_'phel 'grib bral ba'i rgyan du bzod nas shar:_oM AHhU~M dz+nyA na a be sha ya a a:_ma hA su kha pU dza mu dra ho:__a:_shin tu rnam dag rdo rje btsun mo'i dbyings:_'ja' zer 'od kyi drwa ba kun tu snang:_'gag med thugs rje rgyu yi sa bon a:_mthing ga khyab pa chen po'i sgron mar shar:_kun khyab kun tu snang ba'i gzhal med khang:_dbyings dang mnyam pa'i bkod pa 'byams klas dbus:_yi ge yongs gyur rtsa gsum rgya mtsho'i bdag:_rig 'dzin bla ma 'od skur 'dus pa'i bcud:_nam mkha' 'jigs med sgyu ma'i rnal 'byor pa:_he ru ka dpal srid zhi yongs kyi bdag:_'pho chen rdo rje'i 'od kyi mtshan dpe ni:_dbyings chen rnam dag nam mkha'i mdog tu sgeg:_khro gtum brjid chags lta stangs mkha' la gzir:_ral pa'i zur phud rgyud kyi glegs bam 'ching:_thod skam dbu rgyan rus pa'i phyag rgyas spras:_ser zhing dmar ba'i smar smin me zer 'phro:_phyag g.yas sdigs mdzub dang bcas mi rkang gling:_'bum phrag mkha' 'gro sdud pa'i rol mo 'khrol:_g.yon pas zag med ye shes bdud rtsi'i bcud:_'phyur zhing lud pa'i b+han+d+ha mkha' la gtod:_sku gsum yongs rdzogs rang byung kha T+wAM ka:_mchan g.yon bsgrengs nas phyed pa'i skyil krung gis:_stag lpags sham thabs dang bcas rol stabs bzhugs:_snang srid zil gnon zhing gi g.yang gzhi bting:_rig rtsal rdo rje'i thog char skar ltar 'phro:_tsit+ta rin chen gsang ba'i ti la kar:_ye shes dbyings kyi zhi ba bzhi bcu gnyis:_dung khang b+han+d+ha'i gzhal med khang chen por:_khrag 'thung lnga bcu rang byung nyid du shar:_mkha' khyab ye shes sku ni gshin rje'i gshed:_grags stong rdo rje'i nA da h+ya gr-i:_yang dag grub pa'i thig le rdo rje'i thugs:_yon tan lhun rdzogs che mchog lte bar bzhugs:_phrin las lhun grub gsang gnas kI la ya:_mchod bstod drag sngags las kyi dbang po ste:_rig 'dzin bla ma 'dus pa'i bdag nyid rdzogs:_chos kun snying po ye shes phyag rgya'i sku:_gzhon nu bum sku zag pa med pa'i sbubs:_skye 'chi las 'das 'pho med rdo rje'i dbyings:_khyab brdal chos kun klong du sad pa yi:_rang rig bla ma 'dus pa'i dkyil 'khor la:_ye shes 'du 'bral med par dgyes bzhugs pas:_don gyi byin rlabs mngon sum 'bebs pa'i phyir:_'od gsal sprin gyi 'khor lor sa mA dzaH_a:_ngo bo chos sku kun bzang 'od mtha' yas:_gzhon nu bum sku chos dbyings klong nas gshegs:_ka dag zang thal chen po'i byin phob la:_kun 'byung 'khrul pa gzhir zad dngos grub stsol:_rang bzhin longs sku zhi khro rab 'byams lha:_ye shes kun la khyab pa'i dbyings nas gshegs:_'od gsal rdo rje dbyings kyi 'khor lo yis:_sku gsum lam snang rdzogs pa'i dngos grub stsol:_thugs rje sprul sku phyogs lhung med pa nas:_rig 'dzin dpal mgon bla ma mngon sum gshegs:_rang grol chos dbyings don gyi dgongs brgyud kyis:_rtogs pa mkha' dang mnyam pa'i dngos grub stsol:_mngon sum chos nyid gnas 'dir byin phob la:_nyams rtogs gong 'phel mchog thun dngos grub stsol:_rig pa tshad phebs yid dpyod bar chad sol:_blo 'das chos nyid zad pa'i klong thim mdzod:_oM ma hA gu ru dz+nyA na tsakra sa ma ya dzaHdzaH_a:_ro mnyam rdo rje'i dam tshig sems dpa' la:_rig stong ye shes 'khor lo gnyis med bzhugs:_don dam rang zhal mjal ba lta ba'i phyag:_bzang ngan kun rtog bral bas 'tshal bar bgyi:_tiSh+Tha lhan:_na mo hU~M:_a:_rang byung rang shar mchod pa'i phyag rgya che:_sems kyi yid bzhin rin chen gter las sprul:_zhen med rdo rje'i rol mo bsam yas pa:_kun khyab kun bzang sgyu 'phrul drwa bar bkod:_ma hA su kha pU dza mu dra hoH_a:_chos dbyings spros bral kun bzang gdod ma'i mgon:_rnam mang rgyud sde'i dkyil 'khor lhun gyis rdzogs:_dpal mgon bla ma rig 'dzin DA ki'i dal:_cir yang 'byung zhing sdud pa'i byed por bstod:_thugs kar rang bzhin gzhi yi kun tu bzang:_dwangs ma'i thig le stong pa'i sgron ma'i tshul:_phra la gsal 'tsher gzi brjid 'od du 'bar:_shin tu brtag dka' mi shigs dwangs ma'i srog:_a yig mthing gsal rdo rje'i sngags kyis bskor:_'od zer spro bsdus don gnyis 'bad med bsgrubs:_khyad par 'od gsal rdo rje snying po yi:_brgyud gsum bla ma'i byin rlabs 'ub kyis bsdus:_gnyis med thim pas dgongs pa'i rtsal rdzogs pa'i:_lhun grub bde chen rdo rje'i klong du shar:_oM AHhU~M badz+ra ma hA gu ru ga ga na a b+ha ya dz+nyA na sid+d+hi hU~M:_oM ni rang byung kun bzang dang po'i mgon:_AHyig rnam snang rang byung longs spyod rdzogs:_hU~M gi thugs srog ye shes bla ma rje:_badz+ra sku gsum dbyer med ngo bo nyid:_ma hA gu ru mi 'gyur rdo rje'i sku:_ga ga na ste zhi ba rdo rje dbyings:_a b+ha ya zhes rang byung he ru ka:_dz+nyA na lhan skyes DA ki'i rdo rje'i srog:_sid+d+hi mchog dang thun mong gnyis su med:_hU~M gis stsol ces rjes su bskul ba'i srog:_ma bcos 'dzin med gnyug ma'i ngang nas bzla:_gzhir gnas a las dbyings kyi 'od dkar spros:_mi mthun kun zhi chos nyid mngon sum rdzogs:_shAn+tiM ku ru swA hA:_a las byung ba'i 'od zer btso ma'i gser:_srid zhi'i dpal 'byor rdzogs pa'i nyams rtogs 'phel:_puSh+TiM ku ru war+d+ha oM:_a yig las 'phros dmar gsal rjes chags 'od:_rig pa tshad phebs bde chen dpyid du bsdus:_wA shaM ku ru hoH_a las 'phros pa'i ljang nag mtshon cha'i thog:_'phros pas 'khor chos blo zad dbyings su bsgral:_mA ra ya phaT:__a:_a las byung ba'i dbyings kyi b+hany+dza'i klong:_haM las bde chen rigs lnga'i dam tshig rdzas:_gnyis med dga' bzhi'i nyams 'gyur 'bum phrag 'phro:_kun khyab tshogs kyi longs spyod chen por shar:_a:_rang shar 'ja' skur dengs pa'i rtsa gsum lha:_chos dbyings rdo rje bkod pa'i zhing nas bzhengs:_khyab brdal ye shes chen po'i byin phob la:_brtul zhugs rig pa'i rang rtsal sbar du gsol:_sarba sa ma ya dzaHdzaH_a:_kun tu dga' ba'i nyams 'gyur 'bum phrag gis:_sgeg pa'i rdo rje'i lha mo'i mchod pa'i sprin:_thabs shes tshogs kyi 'khor lo'i longs spyod che:_rgyal ba'i dkyil 'khor dag pa chen por 'bul:_ga Na tsakra pU dza hoH__a:_gdod nas dag pa'i ye shes chen po la:_kun rtog mtshan ma'i 'du byed ka nas dag:_yid dpyod dngos mtshan sgrib pa'i nongs pa kun:_bshags so dag cing tshangs par byin gyis rlobs:_sa ma ya shud+d+he AH__a:_rtag chad bdag tu lta ba'i dgra dang bgegs:_ye shes rol pa'i mtshon chas klong du bsgral:_rang mdangs bde ba chen po'i dam rdzas kyis:_rtag tu dgyes pa'i dam tshig phyag rgyar bzhes:_mA ra ya phaT:_maM sa rak+ta keM ni ri ti khA hi:__a:_thabs shes e wa~M sdom pa'i phyag rgya ni:_gsang chen rdo rje'i dngos por bkod nas rdzogs:_ngo mtshar tshogs kyi 'khor lo'i de kho na:_rang bzhin gnyug ma'i rdo rje'i sems dpa'o:__a:_kun nyon ma rig rtog pa'i lhag ma'i rdzas:_ye shes dkyil 'khor chen po'i mtha' skyong bdag:_skye 'gag gnas med DA ki'i tshogs la 'bul:_don gyi mi rtog de kho na ru rdzogs:_oM uts+tshiSh+Ta b+hak+Sha si hoH_a:_glo bur dug gsum nyon mongs ka dag sbubs:_bde gsal mi rtog mgon po ma ning nag:_mdo rgyud sngags kyi bdag mo chos srung gis:_cir snang ye shes rol pa'i skyems phud bzhes:_rtsol bral phrin las lhun gyis grub pa yi:_'od gsal snying po'i bstan pa dar rgyas mdzod:__a:_bden don rten 'brel dag pa'i ma mo rnams:_lugs ldog thig le'i bshal chu'i bdud rtsis mchod:_lugs 'byung kla klo'i dmag dpung zhi ba dang:_dga' bzhi'i phrin las 'du 'bral med par skyongs:__a:_rnam thar sgo gsum dbyings kyi e klong du:_ma rig dam sri spyi tshugs mnan nas kyang:_mi 'gyur rdo rje'i rgya yis rgyas btab pas:_chos nyid mtha' dbus bral ba'i ngo bor a:_a:_phyir gsal ye shes lnga yi rang mdangs kun:_gzhon nu bum sku thig le gcig tu a:_slar yang thugs rje'i rol rtsal 'gag pa med:_nam mkha' ji srid rtag khyab lhun gyis grub:__a:_rtsal snang legs par spyad pa'i dge ba'i tshogs:_chos dbyings gting gsal 'dus ma byas par bsngo:_zag med kun bzang ye shes 'bras bu'i chos:_mi zad phan bde'i gter du 'gyur bar shog:__a:_chos kun rang byung ye shes bde ba che:_rtag tu rgud bral shis pa'i mchog dam pas:_srid zhi ma lus rtag pa dam pa'i chos:_bkra shis rang byung dpal du 'bar bar shog:_sa ma ya:_rdo rje snying po don gyi thol glu las rtsa ba phrin las kyi rim pa dang pa'o:__skya_bla ma'i mchog ni chos dbyings skye ba med:_'gag med rtsal snang sku gsum sgyu 'phrul drwa:_gdul bya'i snang char bkod pa sna tshogs can:_thabs dang brda yi byed pa chu zla bzhin:_rtag tu 'char bas kun rdzob rim pa la:_brten nas smin pa sngags kyi khyad chos so:_de phyir 'od zlum thig le'i dkyil 'khor du:_bum pa bcud ldan bdud rtsi'i b+han+d+ha dang:_man shel rma bya'i mdongs thig sku 'bag bshams:_phyi nang mchod pa tshogs kyi dam tshig rdzas:_legs bkod bdag mdun sgrub gzhung bum bzlas dang:_dbang len slob ma 'jug par gsol ba gdab:_snod du rung ba'i las can gsum mam bdun:_khrus byas byur bsal bgegs gzir mtshams kyang bcad:__lo rgyus brjod pas nges shes bskyed pa gces:_maN+Dal phul te gsol ba gdab pa ni:_dang po'i sangs rgyas bla ma rin po che:_dkyil 'khor rgya mtsho'i khyab bdag dgongs su gsol:_khyod kyi rdo rje bzhi yi 'khor lo ru:_'jug cing smin pa'i bka' drin bstsal du gsol:_skyabs sems rgyud sbyangs sdom pa brtan por bzung:_dngos gzhi bla ma'i phung khams lha ru bsgoms:_ye shes dbab gzir dgongs brgyud rig rtsal spar:_ye shes brtan byas bum pa spyi bor bzhag:__oM:_snang srid yongs rdzogs bkra shis lha'i bum pa:_ye shes snying po bdud rtsi'i bcud kyis gtams:_dug lnga rnam dag rdo rje'i dbang bskur bas:_skye 'chi ka dag rdo rje'i sku thob shog:_oM ka la sha a b+hi Shiny+tsa oM:__oM:_khyod kyi phung khams rgyal ba rtag pa ste:_ye shes lus can 'jam dpal sku'i 'khor lo:_gnyis med phyag rgya chen po'i dbang bskur bas:_snang stong lhun grub sgyu 'phrul dbyings rdzogs shog:_oM ya mAn+ta ka hU~M phaTaH_a b+hi Shiny+tsa oM:__A:_ngag rlung 'gro 'ong pad+ma gsung gi dal:_gar gyi dbang phyug rta mchog bzhad pa brgyas:_rdo rje nA da chos kyi skur rdzogs pas:_chos sgo rab 'byams spro la thogs med shog:_hrIHpad+man+ta kr-i ta phaTa?:_a b+hi Shiny+tsa A:_hU~M:_sems kyi kun rtog gzung 'dzin ka nas dag:_mi bskyod rdo rje thig le gcig tu zlum:_yang dag grub pa'i dgongs pa blo las 'das:_lhan skyes rdo rje'i chos nyid rtogs par shog:_oM shrI he ru ka ru lu ru lu hU~M b+h+yo hU~M:_a b+hi Shiny+tsa hU~M:_swA:_sgo gsum rnam dag zag bcas 'od skur dengs:_rdo rje nyi ma snod bcud bdud rtsir 'char:_'pho chen 'khor 'das khyab bdag he ru ka:_rmad byung spyi dpal chen po'i dbang bskur ro:_oM sarba ma hA shrI he ru ka hU~M:_a b+hi Shiny+tsa trA~M:_hAH_bya byed rnam dag phrin las rta yi rgyal:_rdo rje gzhon nu thal 'byin dgongs pa rno:_rtag khyab lhun gyis grub pa'i ye shes gzugs:_gnyis med chos kyi phyag rgya'i dbang bskur sbyin:_oM badz+ra kI li kI la ya hU~M:_a b+hi Shiny+tsa AH_b+h+yo:_phung po rtsa rlung thig le rnam dag dbyings:_rang shar mngon rdzogs ma mo'i dga' ma ste:_nyid zhi bde mchog mu kha le chen mos:_rdo rje gsang bar sbyor ba'i dbang bskur ro:_oM ma ma yo gi ni gu h+ya hU~M:_a b+hi Shiny+tsa ba~M:_hU~M:_zhe sdang rang grol rdo rje dregs pa'i rgyal:_rak+sha srin po sde brgyad rtog tshogs 'dul:_gsal 'bar khyab 'phro pho nya'i las byed pa'i:_bka' sdod 'bar ba rdzogs pa'i dbang bskur ro:__oM aHyaHmaHduHruHtsaHshaHnaH_a b+hi Shiny+tsa hU~M:_e:_srid gsum nga rgyal gdug pa gnas dag pa'i:_gtum chen e dbyings drag po sngags kyi mtshon:_dug lnga 'joms pa'i khro rgyal stobs po che:_rang grol mnyam nyid don gyi dbang bskur ro:_oM e sarba duSh+Tan e dzaHb+h+yo:_a b+hi Shiny+tsa e:_oM AHhU~M:_rab 'byams rigs lnga zhi khro yongs 'dus dpal:_rtsa gsum khyab bdag dang po'i he ru ka:_rig 'dzin 'dus pa bla ma'i rdo rje'i skur:_dbang bskur phung khams lha skur rdzogs par shog:_oM AHhU~M badz+ra ma hA gu ru sarba sid+d+hi hU~M:_a b+hi Shiny+tsa hU~M:_hrIH_thabs kyi rdo rje bde chen 'khor lo wa~M:_shes rab e yi pad+mar mnyam sbyor ba'i:_zung 'jug lhag pa'i sems sprin rgyal kun 'dus:_rtog bral rigs kyi bu la mnyam par sbyin:_gu h+ya d+hA tu a b+hi Shiny+tsa hoH_hrIH_'pho med dga' ba mchog gi dpal ster ba'i:_rdo rje btsun mo gsang ba'i chu skyes can:_sgyu ma chen mo yum gyi dbang bskur bas:_'dzag bde'i 'khrul pa gzhi la dag par mdzod:_pad+ma pradz+nyA dz+nyA na a b+hi Shiny+tsa hrIH__a:_sems kyi 'gyu ba rang grol rdo rje'i dbyings:_ngo bo rnam dag dri med shel ltar dwangs:_lhun grub 'ja' gur 'od kyi thig le'i sbubs:_sgron ma drug gi cho 'phrul brda rtags sbyin:_e ka a ti d+hA tu hoH_oM AHhU~M:_chos dbyings ka dag kun bzang chos sku'i dbyings:_ngo bo stong nyid sems kyi gshis su bzhugs:_bla ma chos sku rigs kyi bu la yod:_yengs 'khrul bral ba'i dgongs pa skyong re ran:_rang rig lhun grub mtha' dbus med pa'i dbyings:_rang bzhin 'od gsal sems kyi mdangs su shar:_ma 'gags gsal ba'i bla ma ye re ba:_'khrul rtog bar lag gyes pa'i klong nas mjal:_'khor 'das kun khyab zang thal brdal ba che:_thugs rje khyab pa sems kyi rtsal du bzhugs:_rang ngo shes na bla ma sprul pa'i sku:_rang snang zhen med grol ba'i bab la ltos:_lta ba med de chos nyid stong pa nyid:_mthong ba med de yul dang dbang po bral:_nam mkha'i rnal 'byor he ru ka chen po:_a ho a ti rang las gzhan du med:_'di la bsal bzhag dgag sgrub 'dzin pa bral:_chos nyid rjen pa rang byung rgyan du khyer:_dgongs pas dbang bskur brda yi thabs bstan pas:_bu khyod ma chags pad+ma'i sa la shog:_mtshon bya don gyi rtogs pa mngon gyur phyir:_mtshon byed rig pa rtsal gyi dbang gi mchog:_bskur bya skur byed bral ba'i ye shes 'pho:_don dam nam mkha'i 'khor lor sbyor cig a:_gnyis med ye shes gsang ba'i lam bstan cing:_dam tshig gnad bkar sgo gsum maN+Dal phul:_DA ki tshogs dang chos skyong gtor mas brngan:_nyams len ma bu gab sprad smin par gnad:_sa ma ya:_rdo rje snying po don gyi thol glu'i smin byed dbang gi rim pa gnyis pa'o:_blo bral khyab brdal nam mkha'i khor yug la:_'khrul pa gdod nas mi gnas ka dag klong:_ye shes rgyun chad med pa'i bzhugs tshul la:_ma bcos cog bzhag rgyal po'i gnad kyis ltos:_sems ni sna tshogs rtog pa'i phreng ba ste:_lu gu rgyud du rgyun mi chad na yang:_sems kyis sems 'tshol sems kyi rdzun phug rig:_dus gsum las 'das dus med gnad kyang mthong:_phyogs su ma lhung kun khyab sa le ba:_blo las 'das kyang ye shes spyod yul can:_thal byung gcer bu nam mkhar lding ba'i tshe:_gtad med rig pa'i ngo bo lhod de gsal:_sna tshogs yul snang rdzun pa'i bslu brid che:_chags sdang mdud pa bral bar lta shes na:_gzung 'dzin rgya chad stong gsal rten 'brel gdangs:_cir yang 'char zhing cir yang rung bar shes:_dbang po mi sgul dbyings rig gnad la gzir:_tshogs drug dgag sgrub bral ba'i rgyan du khyer:_yul phyir mi shor rtsal snang klong du sdud:_ma 'gags rol pa'i ltad mo da gdod shes:_nang gi sems kyi 'jur mdud bshig byas pas:_phyi snang sgyu mas cir yang phyin pa med:_don dam sbubs su btsan sa zin pa'i tshe:_rang grol lhug pa'i bzhugs tshul bab kyis shes:_dbyings kyi ngo bo chos sku dri ma med:_rang bzhin gsal khyab 'khor 'das mthar ma lhung:_don gyi bde chen rig rtsal khyab pa che:_gzhi 'bras dbyer med dgongs pa gnad du bsnun:_sgron me'i 'od gsal sku gsum 'od po che:_gnad kyis gcun pas dbyings rig khyab brdal shar:_rang grol rig pa ma bu ngo 'phrod pas:_gdos bcas 'khrul pa zang ma thal byung zad:_mngon sum rtogs pa'i nges shes gnad du thebs:_snang ba chen po'i nyams kyi rtsal kha bye:_rig pa 'pho med sgom pa tshad du phebs:_chos zad klong yangs dbyings su khyil bas bde:_zag pa 'byung ba rang zad dbyings su dengs:_gtad med klong chen 'ja' sku bcud du 'khyil:_rtag tu mi g.yo chos nyid pha mtha' yas:_lhun grub rdo rje'i gsang ba a ti hoH_rgyu 'bras mthar phyin grol ba tshad la phebs:_lus sems ya bral bar dor rlung dang sems:_nges med phyad phyod gang ltar snang na yang:_lhun grub nang gsal sbubs su btsan sa zin:_'khrul pas sgro btags snang ba sna tshogs gar:_kun tu shar tshe dbyings rig go 'pho yis:_sprul pa'i rang bzhin zhing gi ston pa mjal:_lam kun rdzogs pa 'da' ka'i man ngag gces:_snang ba'i bde sdug bar gyi lha dang 'dre:_nang gi gzung 'dzin dug lnga'i 'khri shing la:_shes rab phar phyin yum gyi dgongs pa'i don:_phaT kyis bcad la rig rtsal brtul zhugs spyod:_chos kun bden med sgyu ma zang thal la:_gtad med rang grol dbyings su bskyal shes na:_'khrul pa dbyings sdud dbyings snang 'od gsal gyi:_bkod pa'i cho 'phrul gsal zhing rnam par 'phro:_de skad rang rig dbyings kyi rgyal khab nas:_he ru ka dpal nam mkha' 'jigs pa med:_rang snang zhal gyi gsang tshig bcud phur 'di:_rig rtsal yi ge'i sprin gyi brda ru shar:_nyung ngur gdams kyang zab don man ngag gi:_nying khu gab sbas dkrugs med thang mal brdal:_DA ki 'bum gyi snying gi ti la ka:_rtog ge bka' 'das snod min a thaM rgya:_theg mchog rdo rje'i lam la mchog tu mos:_zab don gnad gsang rig pa'i skal ba can:_dad mos shes rab brtson 'grus mchog ldan pa'i:_las can 'ga' la phan pa 'byung yang srid:_thol byung glu yi rgyal po rdo rje'i tshig:_'od gsal brda yi rig rtsal ma 'gag par:_ji ltar shar ba chos sku'i 'dra 'bag dngos:_dus mthar snang zhing don yang byed gyur cig:__sa ma ya:_rdo rje snying po don gyi thol glu las:_zab don man ngag gi rim pa gsum pas rdzogs so:_skal bzang gtad med yo gi'i mang+ga la/_/yangs pa'i rgyal khams nyul ba'i skabs shig tu/_/sbas pa'i gnas mchog 'bras ljongs lha yi ri/_/bkra shis sding du stes dbang zhig gis phyin/_/dga' skyo'i snang ba na bun bzhin du 'khrigs/_/bde sdug rkyen gyi ser bu bar med ldang*/_/blo gtad bla mar bca' pa'i gdung shugs kyis/_/gsol 'debs rgyang glus thugs yid bsres pa'i tshe/_/klong chen rig pa rang byung he ru ka_/mngon sum mjal nas brda thabs dbang yang bskur/_/byin rlabs chos kyi snying po 'di yang rnyed/_/yid ches ngang nas shog skya'i logs su phab/_/dngos gcig du ma'i cho 'phrul ma nges pas/_/'jam mgon bla ma dgyes pa'i zhal yang mthong*/_/rtog med dgongs pa'i klong du sad pa'i tshe/_/dbugs 'byin thugs rje'i byin rlabs yang yang thob/_/e ma bu khyod sgyu ma'i ltad mo ltos/_/skye shi thams cad 'khrul pas btags pa tsam/_/don la mi gnas nga la 'gro 'ong med/_/tha dad 'dzin pa'i 'khrul pa dbyings su skyol/_/pha rgan blo gros dag pa'i zhing mang nyul/_/rigs kyi skyes bus rtag tu gzhan phan spyod/_/pha bu mi 'bral chos nyid klong na gcig_/sgyu ma lta bu'i snang yul rjes mi 'brang*/_/bde sdug smig rgyu ro gcig lta bas gzir/_/rten 'byung dag pas bstan 'gror phan pa bsgrub/_/gnyis med gnyis snang chu zla'i bkod pa mthong*/_/dus las ma yol bar chad srung la brtson/_/phyi nang gsang ba'i rten 'brel yang dag pa/_/rang 'grig rang dbang 'byung bas thog bab spyod/_/bdun gyi bdun par mi mthun kun las rgyal/_/gsang ba'i lung bzhin gzhan du ma 'chol gces/_/theg le'i cho 'phrul rlung gi lcags kyus thob/_/sbas pa'i gsang ba snying gi bcud du bskyil/_/bcu drug dga' ba'i dbugs 'byin 'byung srid pas/_/blo bde'i ngang nas pir gyi kha bzhin sdoms/_/e ka tsa ti dbyings kyi rgyal mo'i grogs/_/phan pa gang byung sgra gcan zhal gyis ster/_/dus su mi bslu nges pa'i lung don bzhin/_/'khyol bas 'pho med chos skur rgyas thob cig_/sa ma ya:_rgya rgya rgya:__\u0f80athi:_brda thim/_guh+ya:

Footnotes

Other Information