DKR-KABUM-09-TA-001: Difference between revisions
WikiBot2015 (talk | contribs) No edit summary |
No edit summary |
||
Line 2: | Line 2: | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|sectionheading=No | |||
|fulltitletib=སྤྲུལ་པའི་གཏེར་ཆེན་མཆོག་གྱུར་གླིང་པའི་ཟབ་གཏེར་གྱི་དཀར་ཆག་གསང་བ་རྒྱ་མཚོའི་མཛོད་ཀྱི་སྒོ་འབྱེད་རིན་ཆེན་འཕྲུལ་གྱི་ལྡེ་མིག། | |||
|fulltitle=sprul pa'i gter chen mchog gyur gling pa'i zab gter gyi dkar chag gsang ba rgya mtsho'i mdzod kyi sgo 'byed rin chen 'phrul gyi lde mig | |||
|citation=[[Khyentse, Dilgo]]. ''Sprul pa'i gter chen mchog gyur gling pa'i zab gter gyi dkar chag gsang ba rgya mtsho'i mdzod kyi sgo 'byed rin chen 'phrul gyi lde mig''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 9: 1-15. Delhi: Shechen Publications, 1994. | |||
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | |||
|collectiontitle=dil mgo mkhyen brtse bka' 'bum | |collectiontitle=dil mgo mkhyen brtse bka' 'bum | ||
|author=Khyentse, Dilgo | |author=Khyentse, Dilgo | ||
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | ||
|sourcerevealer=mchog gyur gling pa | |||
|sourcerevealertib=མཆོག་གྱུར་གླིང་པ་ | |||
|tibgenre=Catalogue of Contents - dkar chag | |||
|terma=Yes | |||
|dkroutline=Three | |||
|language=Tibetan | |language=Tibetan | ||
| | |volumenumber=009 | ||
| | |volnumtib=༩ | ||
|volyigtib=ཏ་ | |||
|totalvolumes=25 | |||
|textnuminvol=001 | |textnuminvol=001 | ||
|pagenumbers=1-15 | |||
|totalpages=30 | |||
|beginfolioline=1a | |||
|endfolioline=15b6 | |||
|totalfolios=155 | |||
|multivolumework=No | |||
|rectonotes=dkar chag | |||
|versonotes=mchog gling zab gter | |||
|colophontib=རབ་བྱུང་བཅུ་དྲུག་པ་ལྕགས་བྱ་ཟླ་བ་དགུ་བའི་དམར་ཕྱོགས་ཀྱི་བཟང་པོ་གཉིས་པ་རྒྱལ་བ་ལྷ་ལས་བབས་པའི་དུས་ཚེས་དགེ་བར། ༡༨ ༡༡ ༡༩༨༡ པདྨའི་ཨེ་ཝཾ་ཆོས་སྒར་གྱི་བྱང་འདྲེན་པ་འགྱུར་མེད་པདྨ་བཀྲ་ཤིས་ཀྱིས་མ་ཕྱི་གང་འབྱོར་པོད་བཞི་བཅུ་ཐམ་པ་འཕྲུལ་སྤར་གྱི་སྲི་ཞུའི་སྐབས་ཆོས་ཚན་བཞུགས་བྱང་གི་དཀར་ཆག་བལྟ་བདེར་འགོད་པ་ལ།། | |||
|colophonwylie=rab byung bcu drug pa lcags bya zla ba dgu ba'i dmar phyogs kyi bzang po gnyis pa rgyal ba lha las babs pa'i dus tshes dge bar/_18_11_1981_pad+ma'i e waM chos sgar gyi byang 'dren pa 'gyur med pad+ma bkra shis kyis ma phyi gang 'byor pod bzhi bcu tham pa 'phrul spar gyi sri zhu'i skabs chos tshan bzhugs byang gi dkar chag blta bder 'god pa la// | |||
|pdflink=File:DKR-KABUM-09-TA-001.pdf | |pdflink=File:DKR-KABUM-09-TA-001.pdf | ||
}} | }} | ||
Line 16: | Line 36: | ||
<h1 style="font-size: 24px !important;">Tibetan Text</h1> | <h1 style="font-size: 24px !important;">Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP|༄༅། །སྤྲུལ་པའི་གཏེར་ཆེན་མཆོག་གྱུར་གླིང་པའི་ཟབ་གཏེར་གྱི་དཀར་ཆག་གསང་བ་རྒྱ་མཚོའི་མཛོད་ཀྱི་སྒོ་འབྱེད་རིན་ཆེན་འཕྲུལ་གྱི་ལྡེ་མིག་ཅེས་བྱ་བ་བཞུགས་སོ།། | {{TibP|༄༅། །སྤྲུལ་པའི་གཏེར་ཆེན་མཆོག་གྱུར་གླིང་པའི་ཟབ་གཏེར་གྱི་དཀར་ཆག་གསང་བ་རྒྱ་མཚོའི་མཛོད་ཀྱི་སྒོ་འབྱེད་རིན་ཆེན་འཕྲུལ་གྱི་ལྡེ་མིག་ཅེས་བྱ་བ་བཞུགས་སོ།།<br><br> | ||
༄༅། །སྲིད་ཞིའི་མཆོག་གྱུར་སྲིད་ཞི་ལས་འདས་དབྱིངས། །བདེ་ཆེན་ཐབས་གྲོལ་ལམ་གྱིས་མངོན་གྱུར་ནས། །གཟུང་འཛིན་འཁྲུལ་ཞིག་གདོད་མའི་སངས་རྒྱས་དངོས། །ཛམ་གླིང་ཁྱོན་ན་མཆོག་གྱུར་གླིང་གྲགས་རྒྱལ། །མགོན་ཁྱོད་ཀྱིས་ཕྱེའི་མདོ་སྒྱུ་སེམས་ཕྱོགས་དང༌། །བླ་རྫོགས་ཐུགས་གསུམ་སྒྲུབ་སྡེ་བརྒྱད་ཀྱིས་མཚོན། །ཟབ་གཏེར་མཛོད་སྤེལ་ཀུན་གཟིགས་མཁྱེན་བརྩེའི་དབང༌། །འཇམ་མགོན་བླ་མ་ཡོན་ཏན་རྒྱ་མཚོར་གུས། །སྔོན་སྨོན་ཐུགས་བསྐྱེད་རིན་ཆེན་ཀེ་ལ་ཤ། །མཁས་གྲུབ་རྣམ་ཐར་བདུད་རྩིས་ལེགས་གཏམ་པའི། །ཐུགས་སྲས་ཟུང་དང་མཁན་ཆེན་རཏྣའི་མཚན། །ཚ་བ་ལོ་ཙཱ་རིན་ཆེན་རྣམ་རྒྱལ་དང༌། །གཏེར་ཆེན་བླ་མའི་མཆོག་སྤྲུལ་ཉི་ཟླ་ཟུང༌། །བསམ་གཏན་རྒྱ་མཚོ་འགྱུར་མེད་ཚེ་དབང་ཞབས། །རིགས་ཀུན་ཁྱབ་བདག་ཆོས་ཀྱི་བློ་གྲོས་སོགས། །བཀའ་སྲོལ་འཛིན་པའི་སྐྱེས་ཆེན་ཀུན་ལ་གུས། །བོད་ཁམས་སྐྱོབ་བྱེད་གུ་རུའི་ཐུགས་ཀྱི་བཅུད། །ཚད་མས་གྲུབ་པ་ཀུན་ལས་ཉི་ཟླ་ལྟར། །ཁྱད་འཕགས་ཟབ་གཏེར་སྒྲོམ་གྱི་གླེགས་བམ་ཆེ། །ཇི་ལྟར་བཞུགས་པའི་དཀར་ཆག་སྙིང་པོ་སྤེལ། །དེ་ལ་འདིར་སངས་རྒྱས་གཉིས་པ་སློབ་དཔོན་དབྱིག་གཉེན་གྱིས། །སྟོན་པའི་བསྟན་པ་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །དེ་འཛིན་བྱེད་དང་སྨྲ་བྱེད་པ། །སྒྲུབ་པར་བྱེད་པ་ཁོ་ནའོ། །ཞེས་པ་ལྟར་སྲིད་ཞིའི་ཁྱོན་ན་ཕན་བདེ་མ་ལུས་པའི་འབྱུང་གནས་ནི་རྒྱལ་བའི་བསྟན་པ་རིན་པོ་ཆེ་སྟེ། དེའི་སྙིང་པོ་ནི་ལུང་རྟོགས་ཀྱི་ཆོས་ཏེ་བསྒྲུབ་བྱ་མཐར་ཐུག་རྟོགས་པའི་ཆོས་ཡིན་ཀྱང་ཐོག་མར་ལུང་གི་ཆོས་ཀྱིས་དེ་ཉིད་གཏན་ལ་དབབ་དགོས་ཤིང༌། ལུང་གི་ཆོས་དེ་བསྡུ་ན། ཇི་སྐད་དུ། ཆོས་རྣམས་ཐམས་ཅད་བཀའ་དང་བསྟན་བཅོས་ཏེ། །ལེགས་པར་གསུང་དང་དེ་ཡི་དགོངས་འགྲེལ་བ། །དེ་ཡི་དབང་གིས་ཤཱཀྱའི་བསྟན་པ་ནི། །འཇིག་རྟེན་ཁམས་སུ་ཡུན་རིང་གནས་པར་འགྱུར། །ཞེས་གསུངས་པའི་བཀའ་ལ་སྡེ་སྣོད་གསུམ་དང་བཞིར་ངེས་པ་ལས། འདིར་རིག་པ་འཛིན་པའི་སྡེ་སྣོད་གསང་སྔགས་རྡོ་རྗེ་ཐེག་པའི་བསྟན་པ་དར་རྒྱས་ཆེ་ཞིང་མ་ཉམས་པ་ནི་བསིལ་ལྡན་གངས་ཅན་ལྗོངས་ཁོ་ན་སྟེ། དེ་ཉིད་རྒྱལ་བསྟན་རིན་པོ་ཆེ་འདྲེན་པའི་ཤིང་རྟ་ཆེན་པོ་གསར་རྙིང་གཉིས་སུ་གྲགས་པ་ལས། མདོ་སྔགས་ཀྱི་བསྟན་པ་ཡོངས་སུ་རྫོགས་པའི་ཕྱི་མོ་གངས་རིའི་ཁྲོད་དུ་ཐོག་མ་ཉིད་དུ་སྣང་བ་ནི། གསང་སྔགས་སྔ་འགྱུར་ཞེས་གྲགས་པ་དེ་ཡང་འཇིགས་བྲལ་གྱི་པཎ་ཆེན་ཨ་ཛི་ཏས། བདེན་གསུང་བཀའ་ཡི་རྒྱ་མཚོ་ཆེན་པོ་ལ། ཟབ་མོའི་ཆོས་གཏེར་ནོར་བུའི་མངོན་པར་མཛེས། །མདོ་དང་སྔགས་ཀྱི་ལམ་བཟང་ཟུང་དུ་འབྲེལ། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །ཅེས་གསུངས་པ་ལྟར། རྒྱ་ཆེབ་བཀའ་མ་དང༌། ཟབ་པ་གཏེར་གྱི་རིང་ལུགས་གཉིས་སུ་བཞུགས་པ་བསྟན་པའི་ཕྱི་མོ་སྔ་མ་ཡིན་ཀྱང༌། རྩོད་དུས་ཀྱི་གདུལ་བྱ་འདུལ་བའི་ཕྲིན་ལས་རླབས་ཆེ་བ་ནི་ཟབ་མོ་གཏེར་གྱི་རིང་ལུགས་ཏེ། དེའི་རྒྱུ་མཚན་བཀའ་མ་ལས། བཀའ་བབ་ལུང་བསྟན་སྨོན་ལམ་དབང་བསྐུར། མཁའ་འགྲོ་གཏད་རྒྱའི་བརྒྱུད་པ་གསུམ་གྱིས་ཁྱད་པར་དུ་འཕགས་པ་དང༌། གཙོ་བོར་གུ་རུ་རིན་པོ་ཆེ་ཉིད་སངས་རྒྱས་ཐམས་ཅད་ཀྱི་གསང་བའི་མཛོད་ལ་དབང་བསྒྱུར་བས། ཀུན་ཏུ་བཟང་པོ། རྡོ་རྗེ་སེམས་དཔའ། མཁའ་འགྲོ་ལས་ཀྱི་དབང་མོ་ཆེ་རྣམས་ལས་རྒྱུད་ལུང་མན་ངག་ཐམས་ཅད་གསན་ཅིང་ཐུགས་སུ་ཆུད། རང་ཉིད་དཀྱིལ་འཁོར་གྱི་བདག་པོ་དང་གཉིས་སུ་མེད་པའི་གོ་འཕང་བརྙེས། དུས་གསུམ་མཁྱེན་པའི་ཡེ་ཤེས་ཀྱི་གཟིགས་པ་གཙང་མས་ལས་ཅན་རྗེ་འབངས་རྣམས་ལ་སོ་སོའི་སྐལ་པ་དང་འཚམ་པའི་བླ་རྫོགས་ཐུགས་གསུམ་གྱི་ཆོས་བསྟན། དེས་ཀྱང་བཀའ་བཞིན་བསྒྲུབས་པས་ཡུན་རིང་པོའི་དུས་དཀའ་སྤྱད་ལ་མ་ལྟོས་པར་ལོ་ཟླ་ཙམ་གྱིས་རིག་འཛིན་གྱི་ས་ལ་གཤེགས། གུ་རུས་ཇི་ལྟར་ལུང་བསྟན་པ་བཞིན་སྐབས་དེར་རྒྱ་ཆེར་མ་སྤེལ་བར་མ་འོངས་ཕྱི་མའི་གདུལ་བྱ་ལ་དགོངས་པས་དུས་དང༌། གནས། འདུལ་བྱེད་ཀྱི་སྤྲུལ་པ། དེའི་སྤྱོད་ཚུལ། བསྟན་རྒྱུན་འཛིན་པའི་ཆོས་བདག་བཅས་རེ་རེ་བཞིན་ལུང་བསྟན་ནས་རི་བྲག་མཚོ་སོགས་སུ་སྦས་ཤིང༌། གཏེར་སྲུང་ལ་གཉེར་དུ་བཅོལ་ཏེ་གུ་རུ་རིན་པོ་ཆེ་རྗེ་འབངས་དང་བཅས་པས་ཐུགས་བསྐྱེད་སྨོན་ལམ་ཟབ་མོས་རྒྱས་བཏབ་པ་ཉིད། གངས་ཅན་གྱི་གདུལ་བྱའི་སྐལ་པར་ས་སྟེང་དུ་འདོན་པའི་དུས་ལ་བབ་པ་ན། རྗེ་འབངས་སོ་སོའི་ཐུགས་རྗེས་ཡང་སྤྲུལ་གྱིས་བསམ་བཞིན་རིག་པ་འཛིན་པའི་ཚུལ་དུ་བྱོན་ནས་སྔོན་གྱི་ལས་འཕྲོ་དང་སྨོན་ལམ་སད་དེ་ཁ་བྱང་ཡང་བྱང་གིས་གཏེར་དང་གནས། གཏེར་འདོན་པའི་དུས་གྲོགས་རྫས་སོགས་ངོས་ཟིན། གུ་རུ་རིན་པོ་ཆེ་དང་མཁའ་འགྲོའི་ལུང་གིས་བསྐུལ། ཟབ་གཏེར་ཐོན་ནས་གཏན་ལ་ཕབ་རིག་འཛིན་མཆོག་གི་གོ་འཕང་ལ་ཡུད་ཙམ་གྱིས་གཤེགས། བརྒྱུད་པ་དྲུག་ལྡན་གྱི་བཀའ་བབ་པས་མ་ཧཱ་གུ་རུ་དངོས་སུ་ཞལ་བསྙེན་ཏེ་སྨིན་གྲོལ་རྒྱུད་ལུང་མན་ངག་དང་བཅས་པ་སྔོན་ནས་ཐོབ་ཟིན་པའི་བག་ཆགས་གསོས་བཏབ་པས་ལས་འཕྲོ་སད་ཅིང་སྨོན་ལམ་དུས་སུ་བབ་པས་བསྟན་པའི་བདག་པོ་དངོས་ལ་ཐུག་པའི་ཕྱིར་བརྒྱུད་ཐག་ཉེ་བ་དང༌། བཀའ་བབ་པའི་གཏེར་ཆོས་དེ་དག་རང་བཟོའི་ཆོ་ག་ལྟ་ཅི། མཁས་པའི་མཁྱེན་རྩལ་གྱི་བསྟན་བཅོས་དང༌། རིགས་མཐུན་གུང་བསྡེབས་ལྟ་བུ་མ་ཡིན་པར་སྔོན་གུ་རུ་ཡིད་བཞིན་ནོར་བུ་དང༌། རྗེ་འབངས་ཞལ་འཛོམས་པའི་སྤྱན་སྔར་ཤོག་སེར་རིགས་ལྔ་ལ་མཁའ་འགྲོའི་བརྡ་ཡིག་གི་གྲོང་ཁྱེར་དུ་ཇི་ལྟར་བཀོད་པ་དེ་ལྟའི་གཏེར་སྟོན་གྱིས་གཟིགས་པ་ཙམ་གྱིས་སྐྱེ་བ་སྔ་མ་གུ་རུ་རིན་པོ་ཆེས་ཇི་ལྟར་བསྟན་པའི་གནས་དུས་གྲོགས་ཆོས་བཅས་ས་ལེར་དྲན་ནས། རང་ལ་བཀའ་བབ་པའི་ཆོས་དེ་རྒྱུད་ལུང་མན་ངག་གང་གི་ཁོངས་སུ་གཏོགས། བརྡ་བསྒྱུར་རྒྱས་འབྲིང་བསྡུས་པའི་རྣམ་བཞག་ཇི་ལྟར་ཡིན། མན་ངག་གབ་སྦས་ཇི་ཙམ་ཡོད་པ་སོགས་ཆོས་དེའི་ཚིག་དོན་མ་ནོར་མ་འདྲེས་པ་ལེགས་པར་མཁྱེན་ནས་གཏན་ལ་ཕབ་པའི་ཕྱིར། གཏེར་ཡིག་གི་དཔེ་དཔང་མངའ་བས་ཁུངས་བཙུན་པ་དང༌། མ་འོངས་པར་དུས་ཀྱི་ཁུག་པ་འདི་དང༌། སྣོད་ཀྱི་འབྱུང་བཞིའི་རྟགས་མཚན། ནང་གི་སྐྱེ་འགྲོའི་བྱ་སྤྱོད། གདུལ་བྱའི་སྐལ་པ་ཇི་མཚམས་དང་སྒོ་བསྟུན་ནས། ཐུན་མོང་ཐུན་མིན་ཁྱད་པར་གནད་དོན། གཏེར་ཆེན་གཏེར་ཕྲན། མིང་ཅན་མིང་མེད། སྤྱི་གཏེར་སྒོས་གཏེར། རང་དོན་གཞན་དོན་གང་ལ་གང་འཚམ་དུས་སྐབས་དེའི་གཉེན་པོར་ཆེ་བའི་རྒྱལ་བ་བྱམས་པའི་བསྟན་པ་མ་ཤར་གྱི་བར་ཟབ་ལམ་ནུབ་པ་མེད་པར་འབྱུང་བས་སྙིགས་དུས་ཀྱི་བསྟན་འགྲོའི་གསོས་སྨན་ཁྱད་པར་དུ་འཕགས་པས་རྒྱལ་བའི་བསྟན་པ་རིན་པོ་ཆེའི་བསྟན་མཇུག་གཏེར་གྱིས་སྐྱོང་བས་གསང་ཞིང་སྤེལ་དགོས་པ་དང༌། སྤྱིར་སོ་སྐྱེའི་བློ་ཅོལ་ཆུང་ཞིང་ཁྱད་པར་བོད་མི་ཐམས་ཅད་གསར་ངེས་ཆེ་བར་དགོངས་ནས་ཆེད་དུ་བསྔགས་པའི་ཚུལ། ཤིན་ཏུ་ཟབ་པའི་མཐར་ཐུག་སྙིང་པོ་རྣམས། །སྤྱིར་ཡང་བོད་ཁམས་གསར་ངས་ཆེ་བ་དང༌། །སྙིགས་མའི་འགྲོ་ལ་ལྷག་པར་སྙིང་བརྩེ་བས། །མཐའ་དབུས་ཐམས་ཅད་གཏེར་གྱི་བཀང་ནས་བཞག །ལས་ཅན་བུ་དང་འཕྲད་པའི་སྨོན་ལམ་བཏབ། །མ་འོངས་དུས་སུ་རྟོག་གེ་ཐ་སྙད་མཁན། །སྒོམ་ཆེན་ལ་སོགས་ཕྱོགས་དང་ཁེང་དྲེགས་ཅན། །རང་ཆེ་འབྱིན་ཅིང་གཏེར་ལ་རྩོད་ན་ཡང༌། །སྙིགས་མའི་ཆོས་བྱེད་ཕལ་ཆེར་གཏེར་གྱིས་འདྲེན། །ཟབ་ལ་ཁ་ཚང་མ་སྒྲིམས་མཐའ་རྒྱས་ཤིང༌། །གདམས་པ་སྣ་རེས་གང་ཟག་གྲོལ་བར་ངེས། །དེ་བས་འདས་དང་སྐལ་ལྡན་སྦྱངས་པ་ཅན། །འཆི་བ་དྲན་ན་གཏེར་ཆོས་ཉམས་སུ་ལོངས། །ཚེ་གཅིག་ཐར་པ་ཐོབ་བོ་རྗེ་འབངས་རྣམས། །ཞེས་གསུངས་པ་ལྟར་རོ། །དེའི་བཀའ་སྲོལ་འདྲེན་པར་མཛད་པའི་སྟོན་པ་ལའང༌། གཏེར་ཆེན་གཏེར་ཕྲན་གཉིས་སུ་མཆིས་པ་ལས་སྐབས་སུ་བབ་པ་སྔ་མ་སྟེ། དེའི་ཚུལ་ནི་བོད་ཡུལ་བསྟན་པའི་ཤིང་རྟ་ལྷ་སྲས་རྒྱལ་པོ་ཚངས་པ་ལྷའི་མེ་ཏོག་གི་ཐུགས་བསྐྱེད་དུས་སུ་བབ་སྟེ་མདོ་སྔགས་བསྟན་པ་ཡོངས་རྫོགས་ཀྱི་ཤིང་རྟ་གངས་ཅན་གདུལ་བྱའི་ལེགས་བྱས་ཀྱི་སྐྱེད་ཚལ་དུ་ཆས་པ་ན་འཕགས་མཆོག་འཇིག་རྟེན་དབང་ཕྱུག་གི་ཕྱག་མཚན་དུ་བཞེས་པའི་གྲགས་པ་དོན་དང་ལྡན་པར་གྱུར་པའི་ཚེ། རྗེ་བཙུན་ཟུར་ཕུད་ལྔ་པ་བོད་ཡུལ་ཡངས་པའི་མངའ་རིས་རྗེས་སུ་སྐྱོང་ཕྱིར་མིའི་དབང་པོའི་སྐུར་བཞེངས་པ་ཡབ་གཅིག་ཁྲི་སྲོང་ལྡེའུ་བཙན་གྱི་ལྷ་སྲས་བར་པ་ཡབ་ཀྱིས་མཚན་གསོལ་བ་མུ་རུབ་བཙད་པོ། ཡུམ་གྱིས་མཚན་གསོལ་བ་ལྷ་སྲས་དམ་འཛིན། གུ་རུ་རིན་པོ་ཆེས་དགེ་བསྙེན་སེང་གེ་བཟང་པོར་མཚན་གསོལ་བ་བླ་མ་དགོངས་འདུས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བའི་གསང་མཚན་ཡེ་ཤེས་རོལ་པ་རྩལ་ཞེས་བྱ་རིག་པའི་གནས་ཐམས་ཅད་ཐུགས་སུ་ཆུད་ཅིང་མདོ་རྒྱུད་བསྟན་བཅོས་ཀྱི་ཆོས་རྣམས་རྒྱ་སྐད་ལས་བསྒྱུར་ནུས་པས་ལྷ་སྲས་ལོ་ཙཱ་ཞེས་མ་ཧཱ་གུ་རུའི་བསྔགས་པའི་འོས་སུ་གྱུར་པ། ཡབ་ཀྱི་བཀའ་བཞིན་དུ་མཐའ་ཡི་རྒྱལ་ཁམས་ཐམས་ཅད་སྟོབས་ཀྱི་དཔུང་པས་དབང་དུ་བསྡུས་པས་ཆོས་རྒྱལ་ཆེན་པོའི་ཕྲིན་ལས་ཀྱི་ཛམ་གླིང་སུམ་གཉིས་ཙམ་དུ་ཁྱབ་པར་མཛད། བཀའ་འདུས་བར་པ་བླ་མ་དགོངས་པ་འདུས་པའི་གསེར་ཆོས་དང༌། གུ་རུའི་ཐུགས་དམ་ཟབ་པ་སྐོར་བདུན་སོགས་ཀྱི་སྣོད་ལྡན་དུ་གྱུར་པས་སྨིན་གྲོལ་གདམས་པས་རྗེས་སུ་བཟུང་སྟེ་རྡོ་རྗེའི་རིག་འཛིན་གྱི་ས་ལ་དབུགས་དབྱུང༌། གདམས་ངག་རྣམས་མདོ་ཁམས་སྨད་ཀྱི་གངས་བྲག་མཚོ་གསུམ་དུ་ཨོ་རྒྱན་རིན་པོ་ཆེ་སྤྲུལ་པའི་རྗེ་འབངས་དང་བཅས་པ་སྤྱན་དྲངས་ནས་བསྒྲུབ་པའི་གནས་ཆེན་ཉེར་ལྔ་ལ་སོགས་པ་བྱིན་གྱིས་བརླབ། ཟབ་གཏེར་གྱི་རྒྱས་བཏབ་པ་སོགས་མཛད་ནས་གདམས་ངག་རྣམས་རྩེ་གཅིག་ཏུ་ཉམས་སུ་བཞེས་པས་རྡོ་རྗེའི་ནང་གི་ས་ལམ་མཐར་ཕྱིན་ནས་ལྷ་སྲས་ས་བཅུའི་དབང་ཕྱུག་ཏུ་གྲགས་པ་སྐུ་ཚེ་དེ་ཉིད་ཀྱིས་ཐོག་ནས་མཐར་འཕོ་ཆེན་ཡེ་ཤེས་ཀྱི་སྐུ་མངོན་སུམ་དུ་གྲུབ། ཕྱིའི་མཚན་ལྷ་སྲས་མུ་རུབ་བཙད་པོ། གསང་བའི་མཚན་ཡེ་ཤེས་རོལ་པ་རྩལ་ཞེས་བྱ་བ་གང་ཉིད། རྒྱལ་བློན་ཐུགས་འགལ་བྱུང་ན་ཡང༔ ད་དུང་བློ་སེམས་མ་ལོག་པས༔ བོད་ལ་ཕན་ཕྱིར་འདི་བཞིན་བྲིས༔ ཕྱི་རབས་པ་རྣམས་དྲན་པར་གྱིས༔ ཞེས་ལྷ་སྲས་ཉིད་ཀྱིས་ཕྲིན་ལས་དུ་གདམས་པ་བཞིན་སྤྲུལ་པའི་རོལ་གར་ཀྱང༌། གཏེར་ཆེན་སངས་རྒྱས་གླིང་པ། ཞིག་གླིང་འོད་གསལ་སྒྱུ་མ་སོགས་ཟབ་གཏེར་འདྲེན་པའི་སྐྱེས་མཆོག་གྲུབ་ཐོབ་ཡོངས་ཀྱི་རྒྱལ་པོ་དུ་མས་བོད་ཡུལ་ཕྱི་མའི་གདུལ་བྱ་རྗེས་སུ་བསྐྱངས་ཤིང༌། བླ་དགོངས་པ་འདུས་པའི་གསེར་ཆོས་དང༌། ཐུགས་རྗེ་ཆེན་པོ་འཁོར་བ་ལས་སྒྲོལ། རྫོགས་ཆེན་གསང་བ་སྙིང་ཏིག་སོགས་ཆོས་གཏེར་ཟབ་ཅིང་རྒྱ་ཆེ་བ་ས་སྟེང་དུ་སྤྱན་དྲངས་ནས་དོན་གཉིས་ལྷུན་གྲུབ་ཀྱི་ཕྲིན་ལས་རྒྱ་ཆེ་མུ་མེད་དུ་བརྡལ་བ་དང་ཆོས་མཚུངས་པར། དེང་འདིར་བདག་ཅག་གི་སྐལ་པར་སྤྲུལ་པའི་གཏེར་སྟོན་གྲུབ་ཐོབ་ཡོངས་ཀྱི་རྒྱལ་པོ་ཨོ་རྒྱན་མཆོག་གྱུར་བདེ་ཆེན་ཞིག་པོ་གླིང་པ་སྟེ། དེ་ནི་སྔོན་གྱི་དུས་སུ་སྐུའི་སྐྱེ་བའི་ཕྲེང་བ་མཁན་སློབ་ཆོས་གསུམ་གྱིས་མཆོད་རྟེན་བྱ་རུང་ཁ་ཤོར་བཞེངས་པའི་ཚེ་སྨོན་ལམ་གྱི་འབྲས་བུ་རྒྱ་གར་རྡོ་རྗེ་གདན་དུ་གནས་བརྟན་དྷརྨ་བཱ་ཏྲའི་བུ་ཀིརྟི་ཛྙཱ་ན། དགའ་ལྡན་ལྷ་ཡུལ་དུ་དམ་པ་ཏོག་དཀར་པོའི་དྲུང་དུ་ལྷ་བུ་དྲི་མེད་གྲགས་པ། སྟོན་པ་ཐུབ་པའི་དབང་པོའི་དྲུང་དུ་དགྲ་བཅོམ་མ་འགག་པ། སྲོང་བཙན་སྒམ་པོའི་ཆོས་བློན་མགར་སྟོང་བཙན། རྗེ་འབངས་ལས་ལྷ་ལུང་དཔལ་གྱི་རྡོ་རྗེ། གཞན་ཡང་ཟུར་ཆུང་ཤེས་རབ་གྲགས་པ། གནུབས་ཁུ་ལུང་བ་ཡོན་ཏན་རྒྱ་མཚོ། འབའ་ཚ་སྟག་ཐུལ། སྐྱུ་ར་དཔལ་གྱི་མཚན། སྡེ་སྲིད་སངས་རྒྱས་རྒྱ་མཚོ། འབྲི་གུང་རིན་ཆེན་ཕུན་ཚོགས། གཏེར་ཆེན་སངས་རྒྱས་གླིང་སོགས་རིམ་པར་བྱོན་ནས་བསྟན་འགྲོའི་དོན་ཤིན་ཏུ་རྒྱ་ཆེ་བར་མཛད་པའི་རྗེས། དེང་སངས་དུས་ཀྱི་ཐ་མ་སྙིགས་མ་ལྔ་བདོ་བའི་སྐབས་སུ་བབ་པ་ན་མཆོག་གི་རིག་འཛིན་གྲུབ་པའི་དད་དཔོན་ཆེན་པོ་དེ་ཉིད། ཆོས་རྒྱལ་རཏྣ་གླིང་པའི་ལུང་བསྟན་ལས། ནོར་བུའི་མིང་ཅན་ཁམས་ཀྱི་ལྷོ་ཕྱོགས་འབྱུང༔ ཞེས་དང༌། ཨོ་རྒྱན་དྲི་མེད་ཀུན་དགའི་གཏེར་ལུང་ལས། ཡེར་སྟོད་གྲྭ་ཡི་ལ་བར་དུ༔ རཏྣ་ཨོ་རྒྱན་མཚན་འཆང་བ༔ མཆོག་གཏེར་ཆོས་ལ་ལོངས་སྤྱོད་པ༔ ཆོས་བདག་པདྨའི་ཐུགས་སྤྲུལ་འབྱུང༔ ཞེས་པ་ལྟར་མདོ་ཁམས་ལྷོ་རྒྱུད་ཡེར་སྟོད་སྒོམ་སྡེ་གྲྭ་ནང་གི་སའི་ཆར། ནང་ཆེན་ཆིང་ཧུའི་བློན་ཆེན་ཨ་ལྕགས་འགྲུའི་རིགས། ཡབ་སྔགས་འཆང་སྡོམ་པ་པདྨ་དབང་ཕྱུག་དང༌། ཡུམ་ཚེ་རིང་གཡང་མཚོ་གཉིས་ཀྱི་སྲས་སུ་ས་མོ་གླང་ལོ་ཆུ་སྟོད་ཟླ་བའི་ཚེས་བཅུར་འཇའ་འོད་སོགས་ལྟས་བཟང་པོ་དང་བཅས་ཏེ་འཁྲུངས། སྐུ་ཆུང་ངུ་ནས་དམ་པའི་སྤྱོད་པ་ངོ་མཚར་བ་བསྟན་ཅིང་ཡི་གེའི་འབྲི་ཀློག་ཀྱང་ཚེགས་ཆུང་ངུས་མཁྱེན། བླ་དྭགས་ཀྱི་མཚན་ནོར་བུ་བསྟན་འཛིན་དུ་གྲགས། ལྷོ་ཀུན་བཟང་མཆོག་སྤྲུལ་ལ་གཙུག་ཕུད་ཕུལ་བའི་མཚན་དཀོན་མཆོག་བསྟན་འཛིན་གསོལ་བ། དཀོན་མཆོག་གི་སྐད་དོད་རཏྣ་ཞེས་པ་ལུང་དོན་དང་འབྱོར། དགུང་ལོ་བཅུ་གསུམ་པར་མ་ཎི་ཁར་རོལ་རྩེད་དུ་བྱོན་སྐབས་ཨོ་རྒྱན་རིན་པོ་ཆེ་དངོས་སུ་བྱོན་ནས་ས་ཆ་སོགས་ཀྱི་མིང་དྲི་བ་ལྟར་མཛད་དེ། ས་ལ་མ་ཎི་ཀ །ཁྱོད་ལ་ནོར་བུ་བསྟན་འཛིན། ལུང་པ་ལ་ཨཱརྻ་ནང་ཟེར་བས་ཁྱེད་འཇིག་རྟེན་ན་ཁྱད་པར་འཕགས་པ་ཞིག་འབྱུང་བར་ལུང་བསྟན་ནས་བྱིན་གྱིས་བརླབས་པས་ལྷ་སྲས་ཀྱི་ཐུགས་དམ་རྟེན་སོགས་དངོས་གྲུབ་ཐོབ་པས་ཚད་མས་གྲུབ་པའི་ཚུལ་རྗེ་གུ་ཎའི་ཞབས་ཀྱིས། ཐུགས་བསྐྱེད་ཁྱད་འཕགས་སྙིག་མའི་འགྲོ་ལ་དགོངས། །ཕྲིན་ལས་ཁྱད་འཕགས་གང་འདུལ་དེར་མཐུན་སྟོན། །རྣམ་ཐར་ཁྱད་འཕགས་སྔོན་མེད་གསང་མཛོད་འཆང༌། །ཁྱད་འཕགས་གསུམ་ལྡན་ཁྱེད་ལ་གསོལ་བ་འདེབས། །ཞེས་གསུངས་པ་ལྟར། རྣམ་ཐར་གྱི་ཆེ་བ་གསན་བསམ་སྒོམ་པའི་སྦྱོར་བརྩོན་གྱི་ཡོན་ཏན་གྱི་ལྷན་སྐྱེས་འཕགས་པའི་ཡོན་ཏན་རྒྱས་པར་མཛད་པའི་ཕྱིར། ཐོག་མར་དགེ་བའི་བཤེས་གཉེན་བསྟན་ཚུལ། ཕྱི་སོ་ཐར་གྱི་སྡོམ་པ་དགེ་ཚུལ་གྱི་མཁན་པོ་ལོ་ཆེན་སྐ་བ་དཔལ་བརྩེགས་ཀྱི་རྣམ་འཕྲུལ་སྟག་ལུང་མ་སྤྲུལ་རིན་པོ་ཆེ་ངག་དབང་བསྟན་པའི་ཉི་མ། ནང་བྱང་སེམས་ཀྱི་དགེ་བའི་བཤེས་གཉེན། གཉགས་ཆེན་ཛྙཱ་ན་ཀུ་མ་རའི་རྣམ་འཕྲུལ་ཟླ་སྤྲུལ་ཀརྨ་ངེས་དོན་བསྟན་པ་རབ་རྒྱས་ལས་བྱང་ཆུབ་སེམས་ཀྱི་སྡོམ་པ་མནོས། གསང་བ་སྔགས་ཀྱི་རྡོ་རྗེ་སློབ་དཔོན་བཻ་རོའི་རྣམ་འཕྲུལ་རྒྱལ་བས་ལུང་བསྟན་ཛམ་གླིང་ཆོས་ཀྱི་ཤིང་རྟ་པདྨ་གར་དབང་བློ་གྲོས་མཐའ་ཡས་ལས་སྨིན་གཏེར་ཐུགས་ཆེན་བདེ་གཤེགས་ཀུན་འདུས་ཀྱིས་ཐོག་དྲངས། བཀའ་མ་སྒྱུ་འཕྲུལ་ཞི་ཁྲོའི་དབང་དང༌། རྒྱུད་བཤད་ཀྱིས་གཙོར་མཛད་སྔ་འགྱུར་བཀའ་མའི་སྐོར་དང༌། བླ་མ་དགོངས་འདུས་གཙོར་གྱུར་གཏེར་རྙིང་མང་པོ་གསན་བཞེས་མཛད། མཐར་ཐུག་ངེས་པ་དོན་གྱི་བླ་མ་པཎ་ཆེན་བི་མ་དངོས་བྱོན་པདྨ་འོད་གསལ་མདོ་སྔགས་གླིང་པ་རྣམས་སོ་སོར་གཏན་ཚིགས་དང་བཅས་ཏེ་བཀའ་དྲིན་ཆེ་བའི་བླ་མ་བཞི་དང༌། དཔའ་བོ་བརྒྱད་པ་གཙུག་ལག་ཆོས་ཀྱི་རྒྱལ་པོས་བླ་མ་དགོངས་འདུས་ཐུགས་སྒྲུབ་ཚ་བ་དམར་ཐག་དང༌། ལས་བྱང་མེ་ཏོག་ཕྲེང་མཛེས་ཀྱི་དཔེ་ལུང་བྱིན་རླབས་ནན་དུ་གནང་ནས་འདི་ལ་ཉམས་བཞེས་མཛད་ན་ལེགས་པར་གདམས་ཤིང་དོན་གྱི་གཏེར་བརྒྱུད་གཏད། དགུང་གྲངས་ཉེར་ལྔའི་སྟེང་ཆུ་གླང་ཆོ་འཕྲུལ་ཟླ་བར་བྱམས་མགོན་ཏཱའི་སི་ཏུ་པདྨ་ཉིན་བྱེད་དབང་པོ་དང་འཇལ། ཕུར་པ་དབང་ཆེན་བཞད་པ་སོགས་ཕུལ་བས་དགྱེས་བཞེས་ངོས་བར་ཆད་སེལ་བ་དང༌། ཞབས་པད་བརྟན་པའི་རྟེན་འབྲེལ་འགྲིགས། གཏེར་སྒྲུབ་དང་གསང་རྒྱ་མཐར་ཕྱིན་པ་དགོས་པའི་སློབ་སྟོན་ནང་མ་བསྩལ་བས་གསང་ལུང་ལྟར་རྟེན་འབྲེལ་གྱི་སྣ་ཁ་མ་ལོག །གཞན་ཡང་སྔ་ཕྱིར་རྒྱལ་དབང་ཀར་འབྲུག་ཡབ་སྲས། འབྲི་གུང་མཆོག་སྤྲུལ། ཟུར་མང་གདན་སའི་མཁན་སློབ་སོགས་ཡོངས་འཛིན་དུ་མ་ལས་མདོ་སྔགས་གསར་རྙིང་གི་དབང་ལུང་མན་ངག །བཤད་རྒྱུན་ཕྱག་ལེན། གར་ཐིག་དབྱངས་རོལ་སོགས་མཐའ་ཡས་པ་གསན་ཅིང་དེ་དག་གི་དོན་ཚེགས་ཆུང་ངུས་ཤིན་ཏུ་མཁས་པའི་ཚུལ་བསྟན། ཐམས་ཅད་མཁྱེན་གཟིགས་པདྨ་འོད་གསལ་མདོ་སྔགས་གླིང་པ་མཆོག་ནས་མངའ་བདག་སྐྱེས་རབས་རིམ་པར་བརྒྱུད་པའི་འབྲེལ་བར་དགོངས་ནས་ཐོག་མ་ཉིད་དུ་ཕུར་པ་ཡང་གསང་སྤུ་གྲི་དང༌། ཕྱིས་འཁོན་ལུགས་ཕུར་པའི་དབང་ཆེན་གསན་པས་ཕྱི་ནང་གསང་བའི་བར་ཆད་བསལ་བའི་མཚན་མ་དང༌། ཆོས་དབང་ཡང་དག་ལྷ་དགུའི་དབང་ཆེན་གསན་སྐབས་བླ་མ་ཧེ་རུ་ཀ་སྤྱི་བོ་ནས་ཐིམ་པའི་ཉམས་ཤར་བས་སྙིང་གི་རྩ་མདུད་གྲོལ། ཟབ་གཏེར་གྱི་ཚིག་དོན་ཀྱང་ཆེས་ཟབ་ཏུ་སོང༌། དེ་ནས་བརྩམས་རྡོ་རྗེའི་མགུར་གླུ་ཐོགས་མེད་དུ་གསུང༌། སྔོན་ཆད་ཐུགས་སྒྲུབ་བར་ཆད་ཀུན་སེལ་བརྡ་ཡིག་ཇི་བཞིན་མ་གྲོལ་བ་ཡང་ཚེགས་མེད་པར་མཁྱེན། བླ་མ་ཡང་ཏིག་ཡིད་བཞིན་ནོར་བུའི་དབང་གི་སྐབས་བླ་མ་པཎ་ཆེན་བི་མ་དབུ་ལ་རྨ་བྱའི་གདུགས་མཁའ་འགྲོ་མས་བཟུང་བ་ཞིག་དངོས་སུ་གཟིགས་པ་སོགས་དག་པའི་སྣང་བ་ཁྱད་པར་ཅན་ཤར་ཞིང་རིག་པ་རྗེན་པར་ངོ་འཕྲོད། སྔགས་སྲུང་མའི་སྲོག་གཏད་སྐབས་ས་གཡོ་བ་ལྟ་བུའི་ཟིལ་ཆེན་པོ་བྱུང་ཞིང་ཨེ་ཀ་ཛཱ་ཊི་དངོས་སུ་གཟིགས། དཔོན་སློབ་གཉིས་ཆར་ལ་ལོ་གསུམ་གྱི་མཚམས་དངོས་གྲུབ་སྦྱིན་པར་གསུངས་པ་ཕྱིས་རྫོགས་ཆེན་སྡེ་གསུམ་ཐོན་པའི་སྔ་ལྟས་སུ་གསུངས་པས་མཚོན་ཕྱི་ཐུན་མོང་གི་ཡོངས་འཛིན་བསྟེན་ཏེ་གསན་སྦྱང་མཛད་པ་ན། ནང་སྔོན་གྱི་ལས་འཕྲོ་དང་སྨོན་ལམ་སད་པའི་རྟེན་འབྲེལ་རྨད་དུ་བྱུང་བ་དང༌། ཡར་འཁྱིལ་དབེན་པའི་གནས་སུ་ཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི་བསྙེན་སྒྲུབ་ལ་བཞུགས་པས་ཐོག་དྲངས། གུ་རུའི་ལུང་བཞིན་འོག་མིན་ཀརྨའི་གདན་སར་ལོ་གསུམ་གྱི་བཅད་རྒྱར་བཞུགས་པ་གཙོར་གྱུར་པའི་ཐུགས་དམ་གྱི་རིམ་པ་ལ་བརྩོན་ཞིང་བསྐྱེད་རྫོགས་རྫོགས་པ་ཆེན་པོའི་ཉམས་བཞེས་མཐར་ཕྱིན་པར་མཛད་པས་གྲུབ་པའི་རྟགས་མཚན་མཐའ་ཡས་པ་མངོན་དུ་གྱུར་པ་དང༌། ཕྲིན་ལས་ཁྱད་པར་དུ་འཕགས་ཚུལ་ནི། ཁྱད་པར་རྟེན་འབྲེལ་མདོ་ཆིངས་ལས། ནམ་མཁའ་མཛོད་དུ་སྦས་པའི་ཟབ་གཏེར་རྣམས༔ མི་བཞག་འདོན་པའི་སྐྱེས་བུ་སྨོན་ལམ་ཅན༔ ལྷ་སྲས་ཁྱེད་ཀྱི་སྐྱེ་བའི་ཐ་མ་འབྱུང༔ དེ་དུས་ལོ་པཎ་རྗེ་འབངས་ཕལ་ཆེར་འཛོམས༔ ཁྱད་པར་མངའ་བདག་ཡབ་སྲས་མཇལ་ནས་སུ༔ གཅིག་གྲོགས་གཅིག་བྱེད་ལས་འཕྲོ་རིམ་པར་སད༔ ང་ཡི་གདམས་པ་མཐར་ཐུག་རྣམས་དང་མཇལ༔ དག་པའི་སྣང་བར་རང་ཉིད་དངོས་དང་འཕྲད༔ གསང་སྔགས་གདམས་པའི་ལག་ལེན་དམར་ཁྲིད་སྟོན༔ རང་ཉམས་བླངས་པས་འབད་མེད་གྲུབ་པ་ཐོབ༔ དངོས་གྲུབ་བརྙེས་པའི་སློབ་མ་མང་དུ་འབྱུང༔ ཞེས་སོགས་ལུང་བྱང་ཕྱི་ནང་གསང་བ་མང་པོས་ཤིན་ཏུ་གསལ་བ་ལྟར། རྗེ་ཉིད་དགུང་གྲང་ཉེར་ལྔའི་དབྱུག་པ་ཟླ་བར་ཐུབ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་རྗེ་བླ་མ་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་གསེར་ཞལ་མཇལ་ཏེ་བཀའ་ཆོས་ཟབ་རྒྱས་ཤིན་ཏུ་རྒྱ་ཆེར་གསན་ཅིང་ཐུན་མིན་ཐུགས་བརྩེ་ཆེན་པོས་རྗེས་འཛིན་མཛད་དེ། རྗེ་བླ་མ་མཁྱེན་བརྩེ་དབང་པོའི་ཟབ་གཏེར་ཐུགས་སྒྲུབ་བདེ་གཤེགས་འདུས་པ་དང༌། མཆོག་གླིང་བར་ཆད་ཀུན་སེལ་གཉིས་དོན་གཅིག་པ་མ་ཟད་ཚིག་རིས་ཕལ་ཆེར་མཐུན་པར་བྱུང་བས་ན། གྲོལ་ཏིག་དགོངས་པ་རང་གྲོལ་ལས། གསང་བའི་ལུང་བསྟན་མ་གཏོགས་ཞུ་དག་ཕེར༔ གཅིག་ལ་གཅིག་ཡིད་ཆེས་པས་འཁྲུལ་པ་བྲལ༔ ཞེས་གསུངས་པ་ལྟར་རྣམ་གཉིས་ལྷན་རྒྱས་ནས་མ་བུ་ཟུང་སྡེབ་ཀྱི་ཚུལ་དུ་ཆོས་བཀའ་ཡོངས་རྫོགས་བར་ཆད་མེད་པར་གཏན་ལ་ཕབ། གཏེར་སྒྲུབ་ཀྱང་ལྷན་ཅིག་ཏུ་མཛད་པས་གུ་རུ་ཡབ་ཡུམ་གྱིས་དངོས་སུ་རྗེས་སུ་བཟུང་ནས་གསོལ་འདེབས་ཚུལ་བཞིས་འཆད་པའི་གདམས་ངག་དང་རྗེས་སུ་གདམས་པ་བསྩལ། གཏེར་ཁ་དུ་མའི་ཁ་བྱང་ཕེབས་པ་སོགས་རྟེན་འབྲེལ་གྱི་སྒོ་མང་པོ་འགྲིགས། གཅིག་ལ་གཅིག་ཐུགས་ཡིད་ཆེས་པས་རྗེ་བླ་མས་ཀྱང་གཏེར་གསར་གྱི་སྨིན་གྲོལ་བདུད་རྩིར་བཞེས་ཤིང་མངའ་གསོལ་བས་རྩོད་མེད་ཡོངས་གྲགས་ཀྱི་གཏེར་ཆེན་དུ་ཉི་ཟླ་ལྟར་གྲགས་ཤིང་ཕྲིན་ལས་ཀྱིས་ཁྱབ། བླ་མའི་ཐུགས་སྒྲུབ་ཕྱི་ནང་གསང་བ་ཡང་གསང་བཞི། དགའ་རབ་དང་འཇམ་དཔལ་བཤེས་གཉེན་སོགས་ཀྱི་སྙིང་ཐིག་སྐོར་བདུན་རྣམས་ཡབ་སྲས་ལྷན་རྒྱས་ཀྱི་སྤྱི་གཏེར་དུ་གྱུར། རྡོ་རྗེའི་གནས་ཆེན་དུ་མའི་སྒོ་འབྱེད་ཀྱང་ལྷན་རྒྱས་ཀྱིས་གནང་ནས་ཁམས་དབུས་ཀུན་ཏུ་བསྟན་འགྲོའི་དགེ་མཚན་གྱི་སྒོ་དུ་མ་ཕྱེ། འཇིག་རྟེན་མིག་ཅིག་ལོ་ཆེན་བཻ་རོ་དངོས་བྱོན་འཇམ་མགོན་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པས་ཀྱང་ཟབ་གཏེར་བཞེས་པར་བསྐུལ་ཞིང༌། ཙཱ་འདྲ་རིན་ཆེན་བྲག་སོགས་གནས་ཆེན་སྒོ་འབྱེད་དང༌། ཁྱད་པར་རྒྱལ་དབང་ཕྱག་ན་པདྨོ་འཇིག་རྟེན་དབང་ཕྱུག་ཀརྨ་པ་ཐེག་མཆོག་རྡོ་རྗེ། འབྲུག་ཆེན་ཐམས་ཅད་མཁྱེན་པ། རྭ་སྒྲེང་ཁྲི་ཆེན། སྨིན་གླིང་ཁྲི་ཆེན་འགྱུར་མེད་ཡིད་བཞིན་དབང་རྒྱལ་སོགས་ལ་གཏེར་ཆེན་བླ་མའི་ཟབ་གཏེར་གྱི་སྒོ་ཐོག་མར་ཕྱེས། བོད་ཡུལ་དུ་གུ་རུ་རིན་པོ་ཆེའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱིས་མཚོན་པའི་གནས་ཆེན་རྙིང་པ་རྣམས་དང་ཆོས་འཁོར་རྣམ་པ་གསུམ་སོགས་མཐའ་འདུལ་གྱི་གཙུག་ལག་ཁང་རྣམས་སུ་ཐུགས་སྒྲུབ་བར་ཆད་ཀུན་སེལ། ཟབ་བདུན་རྩ་བ་ཡན་ལག་གི་བསྙེན་སྒྲུབ་ལས་སྦྱོར་གྱི་སྒྲུབ་པ། སྒྲུབ་ཆེན་གནས་ཆེན་བྱིན་འབེབས། ལྷ་སྲིན་དམ་བསྒྲགས་སོགས་ཀྱིས་ཐུན་མོང་མ་ཡིན་པའི་ཕྲིན་ལས་ཀྱི་ཤིང་རྟ་ཁྱབ་བརྡལ་དུ་དྲངས་ནས་སྐབས་དེ་ཙམ་ན་གྲུབ་མཐའ་རིས་སུ་མ་ཆད་པའི་སྐྱེས་ཆེན་གོང་སྨོས་རྣམས་དང༌། དཔལ་ས་སྐྱའི་བདག་ཁྲི། ངོར་གྱི་མཁན་ཞབས་དུ་མ། ཀཿདཔལ་ཞེ་རྫོགས་སོགས་ཀྱི་གདན་འཛིན་མཆོག་སྤྲུལ་རྣམས་དང༌། ཁྱད་པར་མཁན་ཆེན་བྱང་ཆུབ་སེམས་དཔའི་རྣམ་འཕྲུལ་ཡོངས་ཀྱི་འདྲེན་པ་ཀརྨ་བཀྲ་ཤིས་འོད་ཟེར་ཞི་བའི་སྙིང་པོ། ཟབ་ཆོས་ཀྱི་བདག་པོར་རྡོ་རྗེའི་ལུང་གིས་བསྔགས་ཤིང་མཉེས་པ་གསུམ་གྱིས་ཐུགས་ཟིན་ཀརྨའི་མཁན་ཆེན་རིན་ཆེན་དར་རྒྱས། གནུབས་བན་ནམ་སྙིང་གི་རྣམ་འཕྲུལ་མཁས་གྲུབ་ཀྱི་ཡོན་ཏན་དུ་མས་ཁྱད་དུ་འཕགས་པ་ཚ་བ་ལོ་ཙཱ་བ་རིན་ཆེན་རྣམ་རྒྱལ། གཉགས་ལོ་ཆེན་པོའི་རྣམ་འཕྲུལ་མཁས་བཙུན་བཟང་པོའི་ཕྲིན་ལས་འགྲན་ཟླ་བྲལ་བ་བཀའ་རྙིང་གི་བསྟན་པའི་སྣང་བྱེད་མཁན་ཆེན་ཟླ་བ་བཟང་པོ་ཀརྨ་ངེས་དོན་བསྟན་པ་རབ་རྒྱས། ལང་གྲོ་ལོ་ཙཱའི་རྣམ་འཕྲུལ་བསྟན་འགྲོར་སྨན་པའི་ཕྲིན་ལས་རླབས་ཆེན་སྐྱོང་བ་དཔལ་སྤུངས་དབོན་སྤྲུལ་ཀརྨ་སྒྲུབ་བརྒྱུད་བསྟན་འཛིན། རྒྱལ་སྲས་སེམས་དཔའ་ཆེན་པོ་དཔལ་སྤྲུལ་ཆོས་ཀྱི་དབང་པོ། རྗེ་བཙུན་འཇམ་དཔལ་དབྱངས་དངོས་མི་ཕམ་ཕྱོགས་ལས་རྣམས་རྒྱལ་སོགས་མཁས་གྲུབ་ཁྱད་པར་ཅན་རྣམས་ཀྱིས་ཟབ་ཆོས་འཆད་སྤེལ་ཉམས་བཞེས་གནང་ཞིང་ལྷ་སྲས་མུ་ནེ་བཙན་པོའི་རྣམ་འཕྲུལ་སྡེ་དགེ་ཆོས་རྒྱལ་ཆེན་པོ་དཔལ་ལྡན་འཆི་མེད་རྟག་པའི་རྡོ་རྗེ་མ་སྲས་སོགས་ཆེ་དགུ་དུ་མས་མཚོན་དེ་དག་ཀུན་ཀྱང་སྨོན་ལམ་དང་ཐུགས་བསྐྱེད་དུས་སུ་བབ་པས། གཏེར་ཆེན་བླ་མའི་ཟབ་གཏེར་གྱི་གསང་མཛོད་ལ་འཆད་རྩོམ་སྒྲུབ་པའི་མཛད་བཟང་གིས་མདོ་སྨད་ཀྱི་ལྗོངས། རྫོང་གསར་བཀྲ་ཤིས་ལྷ་རྩེ། དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང༌། སྡེ་དགེའི་རྒྱལ་ཁབ་ལུགས་བརྒྱའི་འདུན་ས་ལྷུན་གྲུབ་སྟེང་གིས་མཚོན་ཕྱོགས་ཐམས་ཅད་བསྟན་པའི་ཉིན་བྱེད་ཆེས་ཆེར་གསལ་བ་ནི་སྔོན་གྱི་དུས་དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་དུ་མཁན་སློབ་ཆོས་གསུམ་རྗེ་འབངས་འདུས་པའི་མཛད་པ་དང་ཐ་མི་དད་པར་གྱུར་ཅིང༌། མདོ་ཁམས་གནས་ཆེན་ཉེར་ལྔ། ཕྲིན་ལས་འགྲོ་འདུལ་སྤྲུལ་པའི་གནས་བརྒྱད་ལ་སོགས་པ་རྩ་བ་ཡན་ལག་གི་གནས་ཞལ་གསར་དུ་ཕྱེས། གནས་ཆེན་རེ་རེ་ལ་ལུང་ཟིན་ཆོས་བདག་སྐྱེས་བུ་རེ་འབྱུང་བར་གསུངས་པ་བཞིན། ཛཾ་ནང་པདྨ་ཤེལ་ཕུག །རོང་རྨེ་དཀར་མོ་སྟག་ཚང༌། གཏེར་ཀླུང་པདྨ་ཤེལ་རི་སོགས་མཁྱེན་བརྩེ་རིན་པོ་ཆེ་དང༌། ཙཱ་འདྲ་རིན་ཆེན་བྲག་རྫོང་ཤོད་བདེ་གཤེགས་འདུས་པ། ལྷ་མདོ་འབུར་མོ་སོགས་འཇམ་མགོན་རིན་པོ་ཆེས་ཞལ་བདག་མཛད་ཅིང༌། སྒྲུབ་སྡེ་གསར་ཚུགས་དང༌། ཛཾ་ནང་པདྨ་ཤེལ་ཕུག་ཏུ་གུ་རུ་བདེ་བ་ཆེན་པོའི་སྐུ་རབ་གནས་སྐབས་ཡེ་ཤེས་སེམས་དཔའ་དངོས་སུ་བྱོན་པའི་རྟགས་མཚན་ཅན་དང༌། པདྨ་ཤེལ་རིར་འཆི་མེད་མཚོ་སྐྱེས་སྙིང་ཐིག་གི་རྩ་གསུམ་བྱིན་རླབས་རང་བབ་དང༌། ཁྱད་པར་ཙཱ་འདྲ་རིན་ཆེན་བྲག་ཏུ་ཤང་མདའ་དཔལ་ཆེན་པོའི་སྐུ་དང་བྱིན་རླབས་མཉམ་པའི་དཔལ་ཆེན་ལྷ་ཁང་རྟེན་བརྟེན་པར་བཅས་པ། མྱུར་མཛད་ཡེ་ཤེས་མགོན་པོའི་གསང་རྟེན། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་ཐུགས་དམ་རྟེན་སྒྲོལ་མའི་སྐུ་གསུང་བྱོན་མ་གཙོ་བོར་གྱུར་པའི་རྟེན་གསུམ་ཁྱད་འཕགས་དུ་མས་གཏམས་པའི་གཙུག་ལག་ཁང་བཞེངས་པ་སོགས་དང་ཆབས་ཅིག་ཕྱོགས་དང་རིས་སུ་མ་ཆད་པའི་རྒྱལ་བསྟན་རིན་པོ་ཆེ་སྤོང་ཀློག་ལས་གསུམ་དབྱར་གྱི་ཆུ་གཏེར་ལྟར་འཕེལ་བས་མདོ་ཁམས་སྡེ་དགེའི་མངའ་རིས་འཕགས་ཡུལ་གཉིས་པ་ཞེས་ཡོངས་སུ་གྲགས་ཏེ་ཕན་བདེའི་ཕྲིན་ལས་ཁྱབ་བརྡལ་དུ་སྣང་བས་གུ་རུའི་གདུང་འཚོབ་རིག་འཛིན་རྩལ་འཆང་རྣམ་གསུམ་ཞེས་ཛཾ་བུ་གླིང་ན་ཉི་ཟླ་ལྟར་གྲགས་པ་དོན་དང་ལྡན་པའི་ཕྱག་བཞེས་ཀྱི་རེ་ཁཱ་ད་ལྟའང་མངོན་སུམ་དུ་གྱུར་བཞིན་པ་ལ། ཁྱད་པར་རྫོགས་ཆེན་སྡེ་གསུམ་གྱི་ལུང་བསྟན་ལས། བཀའ་ནས་བཀའ་བརྒྱུད་བར་མ་ཆད༔ ཟབ་མོ་དངོས་དང་དགོངས་པའི་གཏེར༔ ཡང་གཏེར་རྗེས་སུ་དྲན་པའི་གཏེར༔ དག་སྣང་སྙན་དུ་བརྒྱུད་པ་ཡི༔ བཀའ་བབ་བདུན་གྱི་ཆུ་བོ་ནི༔ མངའ་བདག་ཡབ་སྲས་སྐལ་པར་བཟང༔ སྙིགས་དུས་བསྟན་པའི་བཙས་ཆེན་བྱེད༔ ཟབ་རྒྱས་ཉི་འོད་ལྷག་པར་བརྡལ༔ ཞེས་སོགས་མང་དུ་འབྱུང་བ་ལྟར་མངའ་བདག་ཆོས་ཀྱི་རྒྱལ་པོ་ཡབ་སྲས་རྣམ་འཕྲུལ་གཏེར་ཆེན་རྣམ་པ་གཉིས་ལ་སོ་སོར་བཀའ་གཏེར་དག་སྣང་གསུམ་ལས་ཕྱེ་བའི་ཟབ་ཆོས་ཀྱི་བཀའ་བབ་བདུན་དང་ལྡན་པ་སྟེ། འདིར་དང་པོ་ནི་གཏེར་ཆེན་རིན་པོ་ཆེ་འཇམ་མགོན་མཁྱེན་བརྩེ་རྡོ་རྗེ་འཆང་གི་མདུན་ཐོག་མར་ཕེབས་སྐབས་ཀྱི་བཀའ་སློབ་ཏུ་རྙིང་མ་བཀའ་མ་སྤྱི་དང་ཁྱད་པར་སྒྱུ་འཕྲུལ་གསང་བ་སྙིང་པོ་ལ་གསན་བསམ་མཛད་པ་ཤིན་ཏུ་གལ་ཆེ་བའི་གསུང་འཕྲོས་བཞིན། ལོ་ཆེན་འཇམ་པའི་དབྱངས་ཡོན་ཏན་རྒྱ་མཚོ་ལས། སྒྱུ་འཕྲུལ་རྒྱུད་ཀྱི་དབང་དང་བཤད་བཀའ་གསན་སྦྱང་ནན་ཏན་གནང་སྟེ་ཐུགས་ཀྱི་གཙིགས་སུ་བྱུང་བ་བཞིན། དཔལ་གྱི་བསམ་ཡས་མཆིམས་ཕུར་རྫོགས་པ་ཆེན་པོ་བླ་མེད་ཀྱི་ཆོས་འཁོར་བསྐོར་བས་མཚོན། སྒྱུ་འཕྲུལ་ཞི་ཁྲོ། དོང་སྤྲུགས། ཡང་ཕུར། གཤིན་རྗེ། ཕུར་པའི་སྒྲུབ་ཆེན། དཔལ་རི་བོ་ཆེའི་རྙིང་མ་གྲྭ་ཚང་ལ་འདུས་པ་མདོ་དབང་ཆེན་མོ། འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་དང༌། ཨེ་ཝཾ་ཆོས་ཀྱི་སྒར་ཆེན་གྱི་མཁན་ཆེན་རྡོ་རྗེ་འཛིན་པ་རཏྣ། ཚ་བ་ལོ་ཙཱ་རིན་ཆེན་རྣམ་རྒྱལ། སྐུ་གསུང་ཐུགས་ཀྱི་སྲས་མཆོག་ཟུང་དང༌། གསང་བའི་གཟུངས་མ་སོགས་ལ་སྒྱུ་འཕྲུལ་ཞི་ཁྲོའི་དབང་དང་རྒྱུད་བཤད་འཆད་སྤེལ་ཡང་ཡང་མཛད་པ་དང༌། རྗེ་ཉིད་ཀྱི་གདན་ས་གནས་བརྟན་སྒང་དུ་སྔ་འགྱུར་བཀའ་མའི་རྒྱུན་འཛུགས་པར་མཛད་པ་དང༌། དེ་དག་འཆད་སྤེལ་ཉམས་བཞེས་ཀྱི་སྐབས་བླ་མ་ལྷ་དང་རིག་འཛིན་མཁའ་འགྲོས་རྗེས་སུ་བཟུང་བ་དང༌། སྐུའི་སྐྱེ་བ་ཐམས་ཅད་དུ་བཀའ་གཏེར་གྱི་བསྟན་པ་འཛིན་སྐྱོང་སྤེལ་བའི་བག་ཆགས་སད་པ་སོགས་ངོ་མཚར་བའི་རྣམ་ཐར་དུ་མ་མང་བ་གཞིར་བཅས་ཤིང༌། རྗེ་ཉིད་ཀྱི་ཟབ་གཏེར་ལས་གཏེར་ཁ་གཞན་ལ་མ་གྲགས་པའི་མདོ་དང་སྒྱུ་འཕྲུལ་སོགས་བཀའ་མའི་གཞུང་ཇི་ལྟ་བའི་ཆོས་སྐད་ཀྱིས་གྲུབ་མཐའ་སློང་ནུས་པའི་སྔོན་མེད་ངོ་མཚར་ཅན་བྱོན་པས། ཀུན་གཟིགས་མཁྱེན་བརྩེ་དབང་པོའི་གསུང་ལས་རྒྱུད་ཀྱི་ལུང་དང་འབྲེལ་བ་ཞེས་ཆེད་དུ་བསྔགས་པ་ལྟར་དོན་དུ་རྒྱ་ཆེན་བཀའ་མའི་ཟབ་རྒྱས་ཀྱི་ཤིང་རྟའི་བཀའ་བབ་པ་ཡིན་ནོ། ༈ བཀའ་བབ་གཉིས་པ་རང་སྐལ་རྒྱ་ཆེ་བ་སའི་གཏེར་ནི། དགུང་གྲངས་བཅུ་གསུམ་པར་བྲག་དཀར་རྫོང་ཆུང་ནས་ལྷ་སྲས་ཐུགས་དམ་སྒྲུབ་ཐབས་ཉེར་བཞི་དང༌། དགོངས་འདུས་བཀའ་རྟགས་རྡོ་རྗེ་ཐོད་པ་མེ་ལོང་རྣམས་བཞེས་པ་ནས་བརྩམས། དགུང་གྲངས་སོ་དགུ་པར་རྗེ་བླ་མས་ཁ་བྱང་དང་ཞབས་བསྐུལ་ཕུལ་བ་ལྟར་རྩི་ཀེ་ནོར་བུ་སྤུན་གསུམ་ནས་དམ་ཆོས་ནོར་བུ་སྐོར་བདུན། གུ་རུའི་སྐུ་ཚབ། སེང་སྒྲོགས་སྐུ་རྒྱན་རྣམས་སྤྱན་དྲངས་བའི་བར་མཆོག་གཏེར་སུམ་ཅུ་རྩ་བདུན་དང༌། དེ་དག་གི་ཁ་བྱང་ཡང་བྱང་གནད་བྱང་ལ་སོགས་པ་དང༌། གནས་གཏེར་རེ་རེ་ནས་ཀྱང་ཆོས་དང་དམ་རྫས་སྐུ་རྟེན་ཕྱག་མཚན་ཤིན་ཏུ་མང་པོ་བྱོན་ཅིང༌། དེ་དག་ཕལ་ཆེར་ཁྲོམ་གཏེར་དུ་མཛད་པས་ཀུན་གྱི་དབང་པོའི་སྤྱོད་ཕུལ་དུ་རྩོད་པ་དང་བྲལ་བར་གྱུར། མདོར་ན་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་གནས་གཏེར་བརྒྱ་རྩ། སྙིང་ཐིག་བརྒྱ་རྩ་མྱོང་གྲོལ་དུ་མའི་བཀའ་བབ་ཏུ་ལུང་གིས་གསལ་བ་ལྟར་དཔའ་བོ་དབང་ཆེན་བྲག་ནས་མདོ་ཁམས་གནས་ཆེན་ཉེར་ལྔའི་མདོ་བྱང་བཞེས་ཏེ་དེ་དག་གི་རྩ་བ་ཡན་ལག་གྱུར་པའི་གནས་ཞལ་དུ་མ་གསར་དུ་སྣང་བར་མཛད། གུ་རུའི་སྐུ་ཚབ་ཀྱི་རྒྱུ་རིམ་པ་གསུམ་ཙམ་གཏེར་ནས་སྤྱན་དྲངས་ཏེ་སྐུ་ཚབ་གཉིས་པ་མང་དུ་འཕེལ་བར་མཛད་པ་སོགས་ངོ་མཚར་བསམ་གྱིས་མི་ཁྱབ་པ་མངའ་བ་རྣམས་སོ། །གསུམ་པ་དེ་ལས་འཕྲོས་པའི་ཡང་གཏེར་ནི། རྗེ་ཉིད་སྐུའི་སྐྱེ་བ་གོང་མ་གཏེར་ཆེན་སངས་རྒྱས་གླིང་པའི་གུ་དྲག་ཧཱུྃ་དམར་སྙིང་ཐིག་བྱིན་རླབས་ཀྱི་སྟོབས་ལས་བཀའ་བབ་པ་ཆོས་ཚན་ཁ་ཤས་ལས་གཏན་ལ་མ་ཕབ་པ་དང་ཆོས་རྒྱུན་ཡང་སྤེལ་བར་མ་གནང༌། མཁའ་འགྲོ་མ་ཀུན་དགའ་འབུམ་པའི་མ་རྒྱུད་གསང་བ་ལམ་ཁྱེར་ཉེ་བརྒྱུད་དུ་བཀའ་བབ་པའི་སྨིན་གྲོལ་འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེར་བཙལ་བ་རིན་ཆེན་གཏེར་མཛོད་ཆེན་པོར་བཞུགས་སུ་གསོལ་བའོ། །བཞི་པ་ཟབ་མོ་དགོངས་པའི་གཏེར་ནི། སྐུ་གཞོན་པའི་སྐབས་ཟབ་གཏེར་གྱི་བཀའ་བབ་དང་པོ་བརྙེས་པའི་སྣ་འདྲེན་ལྟ་བུར་ཉམས་ཆོས་དང༌། དགོངས་གཏེར་མང་དུ་བབ་པ་འདྲ་ཡང་དམིགས་བསལ་ཕབ་སྤེལ་གཏན་ཁེལ་མ་གནང༌། རྗེ་མཁྱེན་བརྩེའི་གཏེར་བྱོན་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་ཐུགས་དམ་རྟེན་རྗེ་བཙུན་སྒྲོལ་མའི་སྐུ་དངོས་སུ་གྱུར་ཏེ་ལེགས་སོ་གསུམ་གྱིས་དབུགས་དབྱུང་བསྩལ་བ་ལ་བརྟེན་ཛམ་ནང་པདྨ་ཤེལ་ཕུག་ནས། སྒྲོལ་མའི་ཟབ་ཏིག་ཕྱི་ནང་གསང་སྒྲུབ། དབང་དང་རྫོགས་རིམ་བཀའ་སྲུང་བཅས་ཟབ་རྒྱས་ཁྱད་འཕགས་གཏན་ལ་ཕབ་པའོ། །ལྔ་བ་དེ་ལས་འཕྲོས་པའི་ཡང་ཟབ་རྗེས་སུ་དྲན་པའི་གཏེར་ནི། རྗེ་ཉིད་གནུབས་ཁུ་ལུང་པ་ཡོན་ཏན་རྒྱ་མཚོར་འཁྲུངས་པའི་སྐབས་ཀྱི་སྔོན་གནས་རྗེས་སུ་དྲན་པ་ལས། གནུབས་ཆེན་འདའ་ཀའི་ཞལ་ཆེམས་ལུང་རྡོ་རྗེ་བཀོད་པའི་གདམས་པ་གནང་བ་དང༌། གནུབས་ཀྱི་ཁ་ཕོ་ཙམ་མདོ་ཙམ་ཡི་གེར་བཀོད་པ་དང་རུ་ལུའི་འདྲེན་སྟངས་དང༌། ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཚོགས་གར། རྡོ་རྗེ་ཕུར་པའི་རྩ་འཆམ་སོགས་གར་གྱི་རྣམ་འགྱུར་མཐའ་ཀླས་པ། སངས་རྒྱས་གླིང་པའི་སྔོན་གནས་རྗེས་དྲན་ལ་བརྟེན་དགོངས་འདུས་རྩལ་སྤྲུགས་རྣམ་དགུའི་འཁྲུལ་འཁོར་ཕྱག་ཁྲིད་ཞིབ་མོར་གཏན་ལ་ཕབ་པ་སོགས་བཞུགས། དྲུག་པ་ཟབ་པ་དག་སྣང་ནི། གཏེར་ཀླུང་རི་བོ་དབང་ཞུའི་གནས་གཏེར་གྱི་སྒོ་འབྱེད་སྐབས་བི་མའི་སྒྲུབ་ཕུག་ཏུ་པཎ་ཆེན་ཉིད་ཀྱི་ཞལ་གཟིགས་ཏེ་གདམས་པ་བསྩལ་བ་བི་མ་ལའི་ཟབ་ཏིག་ཕྱི་ནང་གསང་སྒྲུབ། དབང་བཞི། དེའི་ལམ་བྱེད། བདུད་རྩི་སྨན་སྒྲུབ། བཅུད་ལེན་རིལ་བུ་སོགས་ཟབ་རྒྱས་བཞུགས་པར་སྣང་ངོ༌། །བདུན་པ་དེ་མཐུན་ཡང་ཟབ་སྙན་བརྒྱུད་ནི། དག་པའི་སྣང་བར་ཟངས་མདོག་དཔལ་རིར་ཕེབས་ཏེ་ཨོ་རྒྱན་རིན་པོ་ཆེ་ལས་ཨ་ཏི་ཟབ་དོན་སྙིང་ཐིག་གི་གདམས་ངག་གསན་པ་ཡི་གེར་བཀོད་དེ་གཏན་ལ་ཕབ་པ་སོགས་བཀའ་བབ་བདུན་གྱི་རྣམ་ཐར་མདོ་ཙམ་བཀོད་པ་ཡིན་ལ། སྔ་ཕྱི་ཅི་རིག་རྩ་བ་གསུམ་གྱི་ཞལ་གཟིགས་ལུང་བསྟན་པ་དང༌། ཆོས་གཏེར་སྲུང་མ་རྣམས་ཀྱི་ཕྲིན་ལས་སྒྲུབ་པ་དང༌། རྔ་ཡབ་དཔལ་རིར་ཕེབས་པའི་དག་སྣང་རྒྱས་བསྡུས་སྐོར་མང་ཡང་འདི་ཙམ་གྱི་མཚོན་པར་ནུས་སོ། །ཐུགས་བསྐྱེད་ཁྱད་པར་དུ་འཕགས་ཚུལ་ནི། སྤྱིར་སྐྱེས་བུ་དམ་པ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་མཛད་པ་ཆེ་ཕྲ་ཐམས་ཅད་གཞན་དོན་དུ་མ་གྱུར་པ་མེད་ཅིང༌། ལྷག་པར་གུ་རུའི་རྒྱལ་ཚབ་སྤྲུལ་པའི་གཏེར་ཆེན་རྣམས་ཀྱི་མཛད་པ་ནི། ཕྱིའི་གནས་བོད་ཁམས་བསྟན་འགྲོའི་ལེགས་སྤེལ་ཉེས་སེལ་གྱི་ས་གནད། ནང་དུ་གུ་རུའི་དུས་སྐབས་དེ་ལ་གཉེན་པོར་ཆེ་བའི་ལུང་བསྟན་དམིགས་གསལ། གསང་བ་རྗེ་འབངས་སོ་སོའི་སྨོན་ལམ་དུས་བབ་དང་འདུལ་སྐལ་ཕྲིན་ལས་ལ་ཆེད་དུ་བསྔགས་པ་ཐམས་ཅད་ནང་འཛོམ་པས་གནད་ཐོག་གི་མེ་བཙའ་ལྷ་བུ། ཆེན་པོར་རློམས་པའི་གང་ཟག་ཕལ་གྱིས་སྒྲུབ་པ་ལས་དགོས་པ་དང་ཕན་ཡོན་བརྒྱ་སྟོང་གིས་ཆེ་བའི་ཕྱིར་སྙིགས་མ་ལྔ་བདོའི་སེམས་ཅན་རྣམས་ལ་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོས་ཀུན་ནས་བསླངས་ཏེ་བསམ་བཞིན་སྲིད་པ་བཟུང་བ་དང༌། ཕྲིན་ལས་ཁྱད་པར་དུ་འཕགས་པ་དམ་པའི་རྣམ་ཐར་ངང་གིས་རྫོགས་ཤིང་ཆེ་བ་བཅུ་དང་ལྡན་པ་གདུལ་བྱ་གང་ལ་མཛད་པ་གང་གིས་འདུལ་བ་དེ་ལ་དེར་སྟོན་པ་གདུལ་དཀའ་འདུལ་བ་རྣམས་དབང་དུ་མཛད་ཅིང༌། རྣམ་ཐར་ཁྱད་པར་འཕགས་པ་བཀའ་བབས་བདུན་གྱི་གསང་མཛོད་ལ་མངའ་དབང་བསྒྱུར་ཏེ་ཟབ་གཏེར་རྒྱ་མཚོ་ལྟ་བུ། རྒྱུད་ལུང་མན་ངག་རྩ་བ་ཡན་ལག །རྒྱབ་ཆོས་དང་བཅས་པ་རྨད་དུ་བྱུང་བའི་ཆོས་སྡེ་ཆེན་པོ་རྒྱ་ཆེར་བཞུགས་ཀྱང༌། སྙིགས་དུས་རྒུད་པའི་རྐྱེན་དབང་ལ་བརྟེན་ནས་འཐོར་ཟགས་སུ་སོང་བ། སླད་ནས་རྒྱལ་བསྟན་ཉིན་བྱེད་འདྲེན་པའི་སྐྱ་རེངས་གསར་བ་ཤར་ཏེ། འཛམ་གླིང་ཐ་གྲུ་ཀུན་ཏུ་འདྲེན་སྤེལ་བྱ་རྒྱུའི་གོ་སྐབས་བཟང་པོ་ཐོབ་པའི་ཚེ། རབ་བྱུང་བཅུ་དྲུག་པ་ལྕགས་བྱ་ཟླ་བ་དགུ་བའི་དམར་ཕྱོགས་ཀྱི་བཟང་པོ་གཉིས་པ་རྒྱལ་བ་ལྷ་ལས་བབས་པའི་དུས་ཚེས་དགེ་བར། ༡༨ ༡༡ ༡༩༨༡ པདྨའི་ཨེ་ཝཾ་ཆོས་སྒར་གྱི་བྱང་འདྲེན་པ་འགྱུར་མེད་པདྨ་བཀྲ་ཤིས་ཀྱིས་མ་ཕྱི་གང་འབྱོར་པོད་བཞི་བཅུ་ཐམ་པ་འཕྲུལ་སྤར་གྱི་སྲི་ཞུའི་སྐབས་ཆོས་ཚན་བཞུགས་བྱང་གི་དཀར་ཆག་བལྟ་བདེར་འགོད་པ་ལ།། །།}} | ༄༅། །སྲིད་ཞིའི་མཆོག་གྱུར་སྲིད་ཞི་ལས་འདས་དབྱིངས། །བདེ་ཆེན་ཐབས་གྲོལ་ལམ་གྱིས་མངོན་གྱུར་ནས། །གཟུང་འཛིན་འཁྲུལ་ཞིག་གདོད་མའི་སངས་རྒྱས་དངོས། །ཛམ་གླིང་ཁྱོན་ན་མཆོག་གྱུར་གླིང་གྲགས་རྒྱལ། །མགོན་ཁྱོད་ཀྱིས་ཕྱེའི་མདོ་སྒྱུ་སེམས་ཕྱོགས་དང༌། །བླ་རྫོགས་ཐུགས་གསུམ་སྒྲུབ་སྡེ་བརྒྱད་ཀྱིས་མཚོན། །ཟབ་གཏེར་མཛོད་སྤེལ་ཀུན་གཟིགས་མཁྱེན་བརྩེའི་དབང༌། །འཇམ་མགོན་བླ་མ་ཡོན་ཏན་རྒྱ་མཚོར་གུས། །སྔོན་སྨོན་ཐུགས་བསྐྱེད་རིན་ཆེན་ཀེ་ལ་ཤ། །མཁས་གྲུབ་རྣམ་ཐར་བདུད་རྩིས་ལེགས་གཏམ་པའི། །ཐུགས་སྲས་ཟུང་དང་མཁན་ཆེན་རཏྣའི་མཚན། །ཚ་བ་ལོ་ཙཱ་རིན་ཆེན་རྣམ་རྒྱལ་དང༌། །གཏེར་ཆེན་བླ་མའི་མཆོག་སྤྲུལ་ཉི་ཟླ་ཟུང༌། །བསམ་གཏན་རྒྱ་མཚོ་འགྱུར་མེད་ཚེ་དབང་ཞབས། །རིགས་ཀུན་ཁྱབ་བདག་ཆོས་ཀྱི་བློ་གྲོས་སོགས། །བཀའ་སྲོལ་འཛིན་པའི་སྐྱེས་ཆེན་ཀུན་ལ་གུས། །བོད་ཁམས་སྐྱོབ་བྱེད་གུ་རུའི་ཐུགས་ཀྱི་བཅུད། །ཚད་མས་གྲུབ་པ་ཀུན་ལས་ཉི་ཟླ་ལྟར། །ཁྱད་འཕགས་ཟབ་གཏེར་སྒྲོམ་གྱི་གླེགས་བམ་ཆེ། །ཇི་ལྟར་བཞུགས་པའི་དཀར་ཆག་སྙིང་པོ་སྤེལ། །དེ་ལ་འདིར་སངས་རྒྱས་གཉིས་པ་སློབ་དཔོན་དབྱིག་གཉེན་གྱིས། །སྟོན་པའི་བསྟན་པ་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །དེ་འཛིན་བྱེད་དང་སྨྲ་བྱེད་པ། །སྒྲུབ་པར་བྱེད་པ་ཁོ་ནའོ། །ཞེས་པ་ལྟར་སྲིད་ཞིའི་ཁྱོན་ན་ཕན་བདེ་མ་ལུས་པའི་འབྱུང་གནས་ནི་རྒྱལ་བའི་བསྟན་པ་རིན་པོ་ཆེ་སྟེ། དེའི་སྙིང་པོ་ནི་ལུང་རྟོགས་ཀྱི་ཆོས་ཏེ་བསྒྲུབ་བྱ་མཐར་ཐུག་རྟོགས་པའི་ཆོས་ཡིན་ཀྱང་ཐོག་མར་ལུང་གི་ཆོས་ཀྱིས་དེ་ཉིད་གཏན་ལ་དབབ་དགོས་ཤིང༌། ལུང་གི་ཆོས་དེ་བསྡུ་ན། ཇི་སྐད་དུ། ཆོས་རྣམས་ཐམས་ཅད་བཀའ་དང་བསྟན་བཅོས་ཏེ། །ལེགས་པར་གསུང་དང་དེ་ཡི་དགོངས་འགྲེལ་བ། །དེ་ཡི་དབང་གིས་ཤཱཀྱའི་བསྟན་པ་ནི། །འཇིག་རྟེན་ཁམས་སུ་ཡུན་རིང་གནས་པར་འགྱུར། །ཞེས་གསུངས་པའི་བཀའ་ལ་སྡེ་སྣོད་གསུམ་དང་བཞིར་ངེས་པ་ལས། འདིར་རིག་པ་འཛིན་པའི་སྡེ་སྣོད་གསང་སྔགས་རྡོ་རྗེ་ཐེག་པའི་བསྟན་པ་དར་རྒྱས་ཆེ་ཞིང་མ་ཉམས་པ་ནི་བསིལ་ལྡན་གངས་ཅན་ལྗོངས་ཁོ་ན་སྟེ། དེ་ཉིད་རྒྱལ་བསྟན་རིན་པོ་ཆེ་འདྲེན་པའི་ཤིང་རྟ་ཆེན་པོ་གསར་རྙིང་གཉིས་སུ་གྲགས་པ་ལས། མདོ་སྔགས་ཀྱི་བསྟན་པ་ཡོངས་སུ་རྫོགས་པའི་ཕྱི་མོ་གངས་རིའི་ཁྲོད་དུ་ཐོག་མ་ཉིད་དུ་སྣང་བ་ནི། གསང་སྔགས་སྔ་འགྱུར་ཞེས་གྲགས་པ་དེ་ཡང་འཇིགས་བྲལ་གྱི་པཎ་ཆེན་ཨ་ཛི་ཏས། བདེན་གསུང་བཀའ་ཡི་རྒྱ་མཚོ་ཆེན་པོ་ལ། ཟབ་མོའི་ཆོས་གཏེར་ནོར་བུའི་མངོན་པར་མཛེས། །མདོ་དང་སྔགས་ཀྱི་ལམ་བཟང་ཟུང་དུ་འབྲེལ། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །ཅེས་གསུངས་པ་ལྟར། རྒྱ་ཆེབ་བཀའ་མ་དང༌། ཟབ་པ་གཏེར་གྱི་རིང་ལུགས་གཉིས་སུ་བཞུགས་པ་བསྟན་པའི་ཕྱི་མོ་སྔ་མ་ཡིན་ཀྱང༌། རྩོད་དུས་ཀྱི་གདུལ་བྱ་འདུལ་བའི་ཕྲིན་ལས་རླབས་ཆེ་བ་ནི་ཟབ་མོ་གཏེར་གྱི་རིང་ལུགས་ཏེ། དེའི་རྒྱུ་མཚན་བཀའ་མ་ལས། བཀའ་བབ་ལུང་བསྟན་སྨོན་ལམ་དབང་བསྐུར། མཁའ་འགྲོ་གཏད་རྒྱའི་བརྒྱུད་པ་གསུམ་གྱིས་ཁྱད་པར་དུ་འཕགས་པ་དང༌། གཙོ་བོར་གུ་རུ་རིན་པོ་ཆེ་ཉིད་སངས་རྒྱས་ཐམས་ཅད་ཀྱི་གསང་བའི་མཛོད་ལ་དབང་བསྒྱུར་བས། ཀུན་ཏུ་བཟང་པོ། རྡོ་རྗེ་སེམས་དཔའ། མཁའ་འགྲོ་ལས་ཀྱི་དབང་མོ་ཆེ་རྣམས་ལས་རྒྱུད་ལུང་མན་ངག་ཐམས་ཅད་གསན་ཅིང་ཐུགས་སུ་ཆུད། རང་ཉིད་དཀྱིལ་འཁོར་གྱི་བདག་པོ་དང་གཉིས་སུ་མེད་པའི་གོ་འཕང་བརྙེས། དུས་གསུམ་མཁྱེན་པའི་ཡེ་ཤེས་ཀྱི་གཟིགས་པ་གཙང་མས་ལས་ཅན་རྗེ་འབངས་རྣམས་ལ་སོ་སོའི་སྐལ་པ་དང་འཚམ་པའི་བླ་རྫོགས་ཐུགས་གསུམ་གྱི་ཆོས་བསྟན། དེས་ཀྱང་བཀའ་བཞིན་བསྒྲུབས་པས་ཡུན་རིང་པོའི་དུས་དཀའ་སྤྱད་ལ་མ་ལྟོས་པར་ལོ་ཟླ་ཙམ་གྱིས་རིག་འཛིན་གྱི་ས་ལ་གཤེགས། གུ་རུས་ཇི་ལྟར་ལུང་བསྟན་པ་བཞིན་སྐབས་དེར་རྒྱ་ཆེར་མ་སྤེལ་བར་མ་འོངས་ཕྱི་མའི་གདུལ་བྱ་ལ་དགོངས་པས་དུས་དང༌། གནས། འདུལ་བྱེད་ཀྱི་སྤྲུལ་པ། དེའི་སྤྱོད་ཚུལ། བསྟན་རྒྱུན་འཛིན་པའི་ཆོས་བདག་བཅས་རེ་རེ་བཞིན་ལུང་བསྟན་ནས་རི་བྲག་མཚོ་སོགས་སུ་སྦས་ཤིང༌། གཏེར་སྲུང་ལ་གཉེར་དུ་བཅོལ་ཏེ་གུ་རུ་རིན་པོ་ཆེ་རྗེ་འབངས་དང་བཅས་པས་ཐུགས་བསྐྱེད་སྨོན་ལམ་ཟབ་མོས་རྒྱས་བཏབ་པ་ཉིད། གངས་ཅན་གྱི་གདུལ་བྱའི་སྐལ་པར་ས་སྟེང་དུ་འདོན་པའི་དུས་ལ་བབ་པ་ན། རྗེ་འབངས་སོ་སོའི་ཐུགས་རྗེས་ཡང་སྤྲུལ་གྱིས་བསམ་བཞིན་རིག་པ་འཛིན་པའི་ཚུལ་དུ་བྱོན་ནས་སྔོན་གྱི་ལས་འཕྲོ་དང་སྨོན་ལམ་སད་དེ་ཁ་བྱང་ཡང་བྱང་གིས་གཏེར་དང་གནས། གཏེར་འདོན་པའི་དུས་གྲོགས་རྫས་སོགས་ངོས་ཟིན། གུ་རུ་རིན་པོ་ཆེ་དང་མཁའ་འགྲོའི་ལུང་གིས་བསྐུལ། ཟབ་གཏེར་ཐོན་ནས་གཏན་ལ་ཕབ་རིག་འཛིན་མཆོག་གི་གོ་འཕང་ལ་ཡུད་ཙམ་གྱིས་གཤེགས། བརྒྱུད་པ་དྲུག་ལྡན་གྱི་བཀའ་བབ་པས་མ་ཧཱ་གུ་རུ་དངོས་སུ་ཞལ་བསྙེན་ཏེ་སྨིན་གྲོལ་རྒྱུད་ལུང་མན་ངག་དང་བཅས་པ་སྔོན་ནས་ཐོབ་ཟིན་པའི་བག་ཆགས་གསོས་བཏབ་པས་ལས་འཕྲོ་སད་ཅིང་སྨོན་ལམ་དུས་སུ་བབ་པས་བསྟན་པའི་བདག་པོ་དངོས་ལ་ཐུག་པའི་ཕྱིར་བརྒྱུད་ཐག་ཉེ་བ་དང༌། བཀའ་བབ་པའི་གཏེར་ཆོས་དེ་དག་རང་བཟོའི་ཆོ་ག་ལྟ་ཅི། མཁས་པའི་མཁྱེན་རྩལ་གྱི་བསྟན་བཅོས་དང༌། རིགས་མཐུན་གུང་བསྡེབས་ལྟ་བུ་མ་ཡིན་པར་སྔོན་གུ་རུ་ཡིད་བཞིན་ནོར་བུ་དང༌། རྗེ་འབངས་ཞལ་འཛོམས་པའི་སྤྱན་སྔར་ཤོག་སེར་རིགས་ལྔ་ལ་མཁའ་འགྲོའི་བརྡ་ཡིག་གི་གྲོང་ཁྱེར་དུ་ཇི་ལྟར་བཀོད་པ་དེ་ལྟའི་གཏེར་སྟོན་གྱིས་གཟིགས་པ་ཙམ་གྱིས་སྐྱེ་བ་སྔ་མ་གུ་རུ་རིན་པོ་ཆེས་ཇི་ལྟར་བསྟན་པའི་གནས་དུས་གྲོགས་ཆོས་བཅས་ས་ལེར་དྲན་ནས། རང་ལ་བཀའ་བབ་པའི་ཆོས་དེ་རྒྱུད་ལུང་མན་ངག་གང་གི་ཁོངས་སུ་གཏོགས། བརྡ་བསྒྱུར་རྒྱས་འབྲིང་བསྡུས་པའི་རྣམ་བཞག་ཇི་ལྟར་ཡིན། མན་ངག་གབ་སྦས་ཇི་ཙམ་ཡོད་པ་སོགས་ཆོས་དེའི་ཚིག་དོན་མ་ནོར་མ་འདྲེས་པ་ལེགས་པར་མཁྱེན་ནས་གཏན་ལ་ཕབ་པའི་ཕྱིར། གཏེར་ཡིག་གི་དཔེ་དཔང་མངའ་བས་ཁུངས་བཙུན་པ་དང༌། མ་འོངས་པར་དུས་ཀྱི་ཁུག་པ་འདི་དང༌། སྣོད་ཀྱི་འབྱུང་བཞིའི་རྟགས་མཚན། ནང་གི་སྐྱེ་འགྲོའི་བྱ་སྤྱོད། གདུལ་བྱའི་སྐལ་པ་ཇི་མཚམས་དང་སྒོ་བསྟུན་ནས། ཐུན་མོང་ཐུན་མིན་ཁྱད་པར་གནད་དོན། གཏེར་ཆེན་གཏེར་ཕྲན། མིང་ཅན་མིང་མེད། སྤྱི་གཏེར་སྒོས་གཏེར། རང་དོན་གཞན་དོན་གང་ལ་གང་འཚམ་དུས་སྐབས་དེའི་གཉེན་པོར་ཆེ་བའི་རྒྱལ་བ་བྱམས་པའི་བསྟན་པ་མ་ཤར་གྱི་བར་ཟབ་ལམ་ནུབ་པ་མེད་པར་འབྱུང་བས་སྙིགས་དུས་ཀྱི་བསྟན་འགྲོའི་གསོས་སྨན་ཁྱད་པར་དུ་འཕགས་པས་རྒྱལ་བའི་བསྟན་པ་རིན་པོ་ཆེའི་བསྟན་མཇུག་གཏེར་གྱིས་སྐྱོང་བས་གསང་ཞིང་སྤེལ་དགོས་པ་དང༌། སྤྱིར་སོ་སྐྱེའི་བློ་ཅོལ་ཆུང་ཞིང་ཁྱད་པར་བོད་མི་ཐམས་ཅད་གསར་ངེས་ཆེ་བར་དགོངས་ནས་ཆེད་དུ་བསྔགས་པའི་ཚུལ། ཤིན་ཏུ་ཟབ་པའི་མཐར་ཐུག་སྙིང་པོ་རྣམས། །སྤྱིར་ཡང་བོད་ཁམས་གསར་ངས་ཆེ་བ་དང༌། །སྙིགས་མའི་འགྲོ་ལ་ལྷག་པར་སྙིང་བརྩེ་བས། །མཐའ་དབུས་ཐམས་ཅད་གཏེར་གྱི་བཀང་ནས་བཞག །ལས་ཅན་བུ་དང་འཕྲད་པའི་སྨོན་ལམ་བཏབ། །མ་འོངས་དུས་སུ་རྟོག་གེ་ཐ་སྙད་མཁན། །སྒོམ་ཆེན་ལ་སོགས་ཕྱོགས་དང་ཁེང་དྲེགས་ཅན། །རང་ཆེ་འབྱིན་ཅིང་གཏེར་ལ་རྩོད་ན་ཡང༌། །སྙིགས་མའི་ཆོས་བྱེད་ཕལ་ཆེར་གཏེར་གྱིས་འདྲེན། །ཟབ་ལ་ཁ་ཚང་མ་སྒྲིམས་མཐའ་རྒྱས་ཤིང༌། །གདམས་པ་སྣ་རེས་གང་ཟག་གྲོལ་བར་ངེས། །དེ་བས་འདས་དང་སྐལ་ལྡན་སྦྱངས་པ་ཅན། །འཆི་བ་དྲན་ན་གཏེར་ཆོས་ཉམས་སུ་ལོངས། །ཚེ་གཅིག་ཐར་པ་ཐོབ་བོ་རྗེ་འབངས་རྣམས། །ཞེས་གསུངས་པ་ལྟར་རོ། །དེའི་བཀའ་སྲོལ་འདྲེན་པར་མཛད་པའི་སྟོན་པ་ལའང༌། གཏེར་ཆེན་གཏེར་ཕྲན་གཉིས་སུ་མཆིས་པ་ལས་སྐབས་སུ་བབ་པ་སྔ་མ་སྟེ། དེའི་ཚུལ་ནི་བོད་ཡུལ་བསྟན་པའི་ཤིང་རྟ་ལྷ་སྲས་རྒྱལ་པོ་ཚངས་པ་ལྷའི་མེ་ཏོག་གི་ཐུགས་བསྐྱེད་དུས་སུ་བབ་སྟེ་མདོ་སྔགས་བསྟན་པ་ཡོངས་རྫོགས་ཀྱི་ཤིང་རྟ་གངས་ཅན་གདུལ་བྱའི་ལེགས་བྱས་ཀྱི་སྐྱེད་ཚལ་དུ་ཆས་པ་ན་འཕགས་མཆོག་འཇིག་རྟེན་དབང་ཕྱུག་གི་ཕྱག་མཚན་དུ་བཞེས་པའི་གྲགས་པ་དོན་དང་ལྡན་པར་གྱུར་པའི་ཚེ། རྗེ་བཙུན་ཟུར་ཕུད་ལྔ་པ་བོད་ཡུལ་ཡངས་པའི་མངའ་རིས་རྗེས་སུ་སྐྱོང་ཕྱིར་མིའི་དབང་པོའི་སྐུར་བཞེངས་པ་ཡབ་གཅིག་ཁྲི་སྲོང་ལྡེའུ་བཙན་གྱི་ལྷ་སྲས་བར་པ་ཡབ་ཀྱིས་མཚན་གསོལ་བ་མུ་རུབ་བཙད་པོ། ཡུམ་གྱིས་མཚན་གསོལ་བ་ལྷ་སྲས་དམ་འཛིན། གུ་རུ་རིན་པོ་ཆེས་དགེ་བསྙེན་སེང་གེ་བཟང་པོར་མཚན་གསོལ་བ་བླ་མ་དགོངས་འདུས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བའི་གསང་མཚན་ཡེ་ཤེས་རོལ་པ་རྩལ་ཞེས་བྱ་རིག་པའི་གནས་ཐམས་ཅད་ཐུགས་སུ་ཆུད་ཅིང་མདོ་རྒྱུད་བསྟན་བཅོས་ཀྱི་ཆོས་རྣམས་རྒྱ་སྐད་ལས་བསྒྱུར་ནུས་པས་ལྷ་སྲས་ལོ་ཙཱ་ཞེས་མ་ཧཱ་གུ་རུའི་བསྔགས་པའི་འོས་སུ་གྱུར་པ། ཡབ་ཀྱི་བཀའ་བཞིན་དུ་མཐའ་ཡི་རྒྱལ་ཁམས་ཐམས་ཅད་སྟོབས་ཀྱི་དཔུང་པས་དབང་དུ་བསྡུས་པས་ཆོས་རྒྱལ་ཆེན་པོའི་ཕྲིན་ལས་ཀྱི་ཛམ་གླིང་སུམ་གཉིས་ཙམ་དུ་ཁྱབ་པར་མཛད། བཀའ་འདུས་བར་པ་བླ་མ་དགོངས་པ་འདུས་པའི་གསེར་ཆོས་དང༌། གུ་རུའི་ཐུགས་དམ་ཟབ་པ་སྐོར་བདུན་སོགས་ཀྱི་སྣོད་ལྡན་དུ་གྱུར་པས་སྨིན་གྲོལ་གདམས་པས་རྗེས་སུ་བཟུང་སྟེ་རྡོ་རྗེའི་རིག་འཛིན་གྱི་ས་ལ་དབུགས་དབྱུང༌། གདམས་ངག་རྣམས་མདོ་ཁམས་སྨད་ཀྱི་གངས་བྲག་མཚོ་གསུམ་དུ་ཨོ་རྒྱན་རིན་པོ་ཆེ་སྤྲུལ་པའི་རྗེ་འབངས་དང་བཅས་པ་སྤྱན་དྲངས་ནས་བསྒྲུབ་པའི་གནས་ཆེན་ཉེར་ལྔ་ལ་སོགས་པ་བྱིན་གྱིས་བརླབ། ཟབ་གཏེར་གྱི་རྒྱས་བཏབ་པ་སོགས་མཛད་ནས་གདམས་ངག་རྣམས་རྩེ་གཅིག་ཏུ་ཉམས་སུ་བཞེས་པས་རྡོ་རྗེའི་ནང་གི་ས་ལམ་མཐར་ཕྱིན་ནས་ལྷ་སྲས་ས་བཅུའི་དབང་ཕྱུག་ཏུ་གྲགས་པ་སྐུ་ཚེ་དེ་ཉིད་ཀྱིས་ཐོག་ནས་མཐར་འཕོ་ཆེན་ཡེ་ཤེས་ཀྱི་སྐུ་མངོན་སུམ་དུ་གྲུབ། ཕྱིའི་མཚན་ལྷ་སྲས་མུ་རུབ་བཙད་པོ། གསང་བའི་མཚན་ཡེ་ཤེས་རོལ་པ་རྩལ་ཞེས་བྱ་བ་གང་ཉིད། རྒྱལ་བློན་ཐུགས་འགལ་བྱུང་ན་ཡང༔ ད་དུང་བློ་སེམས་མ་ལོག་པས༔ བོད་ལ་ཕན་ཕྱིར་འདི་བཞིན་བྲིས༔ ཕྱི་རབས་པ་རྣམས་དྲན་པར་གྱིས༔ ཞེས་ལྷ་སྲས་ཉིད་ཀྱིས་ཕྲིན་ལས་དུ་གདམས་པ་བཞིན་སྤྲུལ་པའི་རོལ་གར་ཀྱང༌། གཏེར་ཆེན་སངས་རྒྱས་གླིང་པ། ཞིག་གླིང་འོད་གསལ་སྒྱུ་མ་སོགས་ཟབ་གཏེར་འདྲེན་པའི་སྐྱེས་མཆོག་གྲུབ་ཐོབ་ཡོངས་ཀྱི་རྒྱལ་པོ་དུ་མས་བོད་ཡུལ་ཕྱི་མའི་གདུལ་བྱ་རྗེས་སུ་བསྐྱངས་ཤིང༌། བླ་དགོངས་པ་འདུས་པའི་གསེར་ཆོས་དང༌། ཐུགས་རྗེ་ཆེན་པོ་འཁོར་བ་ལས་སྒྲོལ། རྫོགས་ཆེན་གསང་བ་སྙིང་ཏིག་སོགས་ཆོས་གཏེར་ཟབ་ཅིང་རྒྱ་ཆེ་བ་ས་སྟེང་དུ་སྤྱན་དྲངས་ནས་དོན་གཉིས་ལྷུན་གྲུབ་ཀྱི་ཕྲིན་ལས་རྒྱ་ཆེ་མུ་མེད་དུ་བརྡལ་བ་དང་ཆོས་མཚུངས་པར། དེང་འདིར་བདག་ཅག་གི་སྐལ་པར་སྤྲུལ་པའི་གཏེར་སྟོན་གྲུབ་ཐོབ་ཡོངས་ཀྱི་རྒྱལ་པོ་ཨོ་རྒྱན་མཆོག་གྱུར་བདེ་ཆེན་ཞིག་པོ་གླིང་པ་སྟེ། དེ་ནི་སྔོན་གྱི་དུས་སུ་སྐུའི་སྐྱེ་བའི་ཕྲེང་བ་མཁན་སློབ་ཆོས་གསུམ་གྱིས་མཆོད་རྟེན་བྱ་རུང་ཁ་ཤོར་བཞེངས་པའི་ཚེ་སྨོན་ལམ་གྱི་འབྲས་བུ་རྒྱ་གར་རྡོ་རྗེ་གདན་དུ་གནས་བརྟན་དྷརྨ་བཱ་ཏྲའི་བུ་ཀིརྟི་ཛྙཱ་ན། དགའ་ལྡན་ལྷ་ཡུལ་དུ་དམ་པ་ཏོག་དཀར་པོའི་དྲུང་དུ་ལྷ་བུ་དྲི་མེད་གྲགས་པ། སྟོན་པ་ཐུབ་པའི་དབང་པོའི་དྲུང་དུ་དགྲ་བཅོམ་མ་འགག་པ། སྲོང་བཙན་སྒམ་པོའི་ཆོས་བློན་མགར་སྟོང་བཙན། རྗེ་འབངས་ལས་ལྷ་ལུང་དཔལ་གྱི་རྡོ་རྗེ། གཞན་ཡང་ཟུར་ཆུང་ཤེས་རབ་གྲགས་པ། གནུབས་ཁུ་ལུང་བ་ཡོན་ཏན་རྒྱ་མཚོ། འབའ་ཚ་སྟག་ཐུལ། སྐྱུ་ར་དཔལ་གྱི་མཚན། སྡེ་སྲིད་སངས་རྒྱས་རྒྱ་མཚོ། འབྲི་གུང་རིན་ཆེན་ཕུན་ཚོགས། གཏེར་ཆེན་སངས་རྒྱས་གླིང་སོགས་རིམ་པར་བྱོན་ནས་བསྟན་འགྲོའི་དོན་ཤིན་ཏུ་རྒྱ་ཆེ་བར་མཛད་པའི་རྗེས། དེང་སངས་དུས་ཀྱི་ཐ་མ་སྙིགས་མ་ལྔ་བདོ་བའི་སྐབས་སུ་བབ་པ་ན་མཆོག་གི་རིག་འཛིན་གྲུབ་པའི་དད་དཔོན་ཆེན་པོ་དེ་ཉིད། ཆོས་རྒྱལ་རཏྣ་གླིང་པའི་ལུང་བསྟན་ལས། ནོར་བུའི་མིང་ཅན་ཁམས་ཀྱི་ལྷོ་ཕྱོགས་འབྱུང༔ ཞེས་དང༌། ཨོ་རྒྱན་དྲི་མེད་ཀུན་དགའི་གཏེར་ལུང་ལས། ཡེར་སྟོད་གྲྭ་ཡི་ལ་བར་དུ༔ རཏྣ་ཨོ་རྒྱན་མཚན་འཆང་བ༔ མཆོག་གཏེར་ཆོས་ལ་ལོངས་སྤྱོད་པ༔ ཆོས་བདག་པདྨའི་ཐུགས་སྤྲུལ་འབྱུང༔ ཞེས་པ་ལྟར་མདོ་ཁམས་ལྷོ་རྒྱུད་ཡེར་སྟོད་སྒོམ་སྡེ་གྲྭ་ནང་གི་སའི་ཆར། ནང་ཆེན་ཆིང་ཧུའི་བློན་ཆེན་ཨ་ལྕགས་འགྲུའི་རིགས། ཡབ་སྔགས་འཆང་སྡོམ་པ་པདྨ་དབང་ཕྱུག་དང༌། ཡུམ་ཚེ་རིང་གཡང་མཚོ་གཉིས་ཀྱི་སྲས་སུ་ས་མོ་གླང་ལོ་ཆུ་སྟོད་ཟླ་བའི་ཚེས་བཅུར་འཇའ་འོད་སོགས་ལྟས་བཟང་པོ་དང་བཅས་ཏེ་འཁྲུངས། སྐུ་ཆུང་ངུ་ནས་དམ་པའི་སྤྱོད་པ་ངོ་མཚར་བ་བསྟན་ཅིང་ཡི་གེའི་འབྲི་ཀློག་ཀྱང་ཚེགས་ཆུང་ངུས་མཁྱེན། བླ་དྭགས་ཀྱི་མཚན་ནོར་བུ་བསྟན་འཛིན་དུ་གྲགས། ལྷོ་ཀུན་བཟང་མཆོག་སྤྲུལ་ལ་གཙུག་ཕུད་ཕུལ་བའི་མཚན་དཀོན་མཆོག་བསྟན་འཛིན་གསོལ་བ། དཀོན་མཆོག་གི་སྐད་དོད་རཏྣ་ཞེས་པ་ལུང་དོན་དང་འབྱོར། དགུང་ལོ་བཅུ་གསུམ་པར་མ་ཎི་ཁར་རོལ་རྩེད་དུ་བྱོན་སྐབས་ཨོ་རྒྱན་རིན་པོ་ཆེ་དངོས་སུ་བྱོན་ནས་ས་ཆ་སོགས་ཀྱི་མིང་དྲི་བ་ལྟར་མཛད་དེ། ས་ལ་མ་ཎི་ཀ །ཁྱོད་ལ་ནོར་བུ་བསྟན་འཛིན། ལུང་པ་ལ་ཨཱརྻ་ནང་ཟེར་བས་ཁྱེད་འཇིག་རྟེན་ན་ཁྱད་པར་འཕགས་པ་ཞིག་འབྱུང་བར་ལུང་བསྟན་ནས་བྱིན་གྱིས་བརླབས་པས་ལྷ་སྲས་ཀྱི་ཐུགས་དམ་རྟེན་སོགས་དངོས་གྲུབ་ཐོབ་པས་ཚད་མས་གྲུབ་པའི་ཚུལ་རྗེ་གུ་ཎའི་ཞབས་ཀྱིས། ཐུགས་བསྐྱེད་ཁྱད་འཕགས་སྙིག་མའི་འགྲོ་ལ་དགོངས། །ཕྲིན་ལས་ཁྱད་འཕགས་གང་འདུལ་དེར་མཐུན་སྟོན། །རྣམ་ཐར་ཁྱད་འཕགས་སྔོན་མེད་གསང་མཛོད་འཆང༌། །ཁྱད་འཕགས་གསུམ་ལྡན་ཁྱེད་ལ་གསོལ་བ་འདེབས། །ཞེས་གསུངས་པ་ལྟར། རྣམ་ཐར་གྱི་ཆེ་བ་གསན་བསམ་སྒོམ་པའི་སྦྱོར་བརྩོན་གྱི་ཡོན་ཏན་གྱི་ལྷན་སྐྱེས་འཕགས་པའི་ཡོན་ཏན་རྒྱས་པར་མཛད་པའི་ཕྱིར། ཐོག་མར་དགེ་བའི་བཤེས་གཉེན་བསྟན་ཚུལ། ཕྱི་སོ་ཐར་གྱི་སྡོམ་པ་དགེ་ཚུལ་གྱི་མཁན་པོ་ལོ་ཆེན་སྐ་བ་དཔལ་བརྩེགས་ཀྱི་རྣམ་འཕྲུལ་སྟག་ལུང་མ་སྤྲུལ་རིན་པོ་ཆེ་ངག་དབང་བསྟན་པའི་ཉི་མ། ནང་བྱང་སེམས་ཀྱི་དགེ་བའི་བཤེས་གཉེན། གཉགས་ཆེན་ཛྙཱ་ན་ཀུ་མ་རའི་རྣམ་འཕྲུལ་ཟླ་སྤྲུལ་ཀརྨ་ངེས་དོན་བསྟན་པ་རབ་རྒྱས་ལས་བྱང་ཆུབ་སེམས་ཀྱི་སྡོམ་པ་མནོས། གསང་བ་སྔགས་ཀྱི་རྡོ་རྗེ་སློབ་དཔོན་བཻ་རོའི་རྣམ་འཕྲུལ་རྒྱལ་བས་ལུང་བསྟན་ཛམ་གླིང་ཆོས་ཀྱི་ཤིང་རྟ་པདྨ་གར་དབང་བློ་གྲོས་མཐའ་ཡས་ལས་སྨིན་གཏེར་ཐུགས་ཆེན་བདེ་གཤེགས་ཀུན་འདུས་ཀྱིས་ཐོག་དྲངས། བཀའ་མ་སྒྱུ་འཕྲུལ་ཞི་ཁྲོའི་དབང་དང༌། རྒྱུད་བཤད་ཀྱིས་གཙོར་མཛད་སྔ་འགྱུར་བཀའ་མའི་སྐོར་དང༌། བླ་མ་དགོངས་འདུས་གཙོར་གྱུར་གཏེར་རྙིང་མང་པོ་གསན་བཞེས་མཛད། མཐར་ཐུག་ངེས་པ་དོན་གྱི་བླ་མ་པཎ་ཆེན་བི་མ་དངོས་བྱོན་པདྨ་འོད་གསལ་མདོ་སྔགས་གླིང་པ་རྣམས་སོ་སོར་གཏན་ཚིགས་དང་བཅས་ཏེ་བཀའ་དྲིན་ཆེ་བའི་བླ་མ་བཞི་དང༌། དཔའ་བོ་བརྒྱད་པ་གཙུག་ལག་ཆོས་ཀྱི་རྒྱལ་པོས་བླ་མ་དགོངས་འདུས་ཐུགས་སྒྲུབ་ཚ་བ་དམར་ཐག་དང༌། ལས་བྱང་མེ་ཏོག་ཕྲེང་མཛེས་ཀྱི་དཔེ་ལུང་བྱིན་རླབས་ནན་དུ་གནང་ནས་འདི་ལ་ཉམས་བཞེས་མཛད་ན་ལེགས་པར་གདམས་ཤིང་དོན་གྱི་གཏེར་བརྒྱུད་གཏད། དགུང་གྲངས་ཉེར་ལྔའི་སྟེང་ཆུ་གླང་ཆོ་འཕྲུལ་ཟླ་བར་བྱམས་མགོན་ཏཱའི་སི་ཏུ་པདྨ་ཉིན་བྱེད་དབང་པོ་དང་འཇལ། ཕུར་པ་དབང་ཆེན་བཞད་པ་སོགས་ཕུལ་བས་དགྱེས་བཞེས་ངོས་བར་ཆད་སེལ་བ་དང༌། ཞབས་པད་བརྟན་པའི་རྟེན་འབྲེལ་འགྲིགས། གཏེར་སྒྲུབ་དང་གསང་རྒྱ་མཐར་ཕྱིན་པ་དགོས་པའི་སློབ་སྟོན་ནང་མ་བསྩལ་བས་གསང་ལུང་ལྟར་རྟེན་འབྲེལ་གྱི་སྣ་ཁ་མ་ལོག །གཞན་ཡང་སྔ་ཕྱིར་རྒྱལ་དབང་ཀར་འབྲུག་ཡབ་སྲས། འབྲི་གུང་མཆོག་སྤྲུལ། ཟུར་མང་གདན་སའི་མཁན་སློབ་སོགས་ཡོངས་འཛིན་དུ་མ་ལས་མདོ་སྔགས་གསར་རྙིང་གི་དབང་ལུང་མན་ངག །བཤད་རྒྱུན་ཕྱག་ལེན། གར་ཐིག་དབྱངས་རོལ་སོགས་མཐའ་ཡས་པ་གསན་ཅིང་དེ་དག་གི་དོན་ཚེགས་ཆུང་ངུས་ཤིན་ཏུ་མཁས་པའི་ཚུལ་བསྟན། ཐམས་ཅད་མཁྱེན་གཟིགས་པདྨ་འོད་གསལ་མདོ་སྔགས་གླིང་པ་མཆོག་ནས་མངའ་བདག་སྐྱེས་རབས་རིམ་པར་བརྒྱུད་པའི་འབྲེལ་བར་དགོངས་ནས་ཐོག་མ་ཉིད་དུ་ཕུར་པ་ཡང་གསང་སྤུ་གྲི་དང༌། ཕྱིས་འཁོན་ལུགས་ཕུར་པའི་དབང་ཆེན་གསན་པས་ཕྱི་ནང་གསང་བའི་བར་ཆད་བསལ་བའི་མཚན་མ་དང༌། ཆོས་དབང་ཡང་དག་ལྷ་དགུའི་དབང་ཆེན་གསན་སྐབས་བླ་མ་ཧེ་རུ་ཀ་སྤྱི་བོ་ནས་ཐིམ་པའི་ཉམས་ཤར་བས་སྙིང་གི་རྩ་མདུད་གྲོལ། ཟབ་གཏེར་གྱི་ཚིག་དོན་ཀྱང་ཆེས་ཟབ་ཏུ་སོང༌། དེ་ནས་བརྩམས་རྡོ་རྗེའི་མགུར་གླུ་ཐོགས་མེད་དུ་གསུང༌། སྔོན་ཆད་ཐུགས་སྒྲུབ་བར་ཆད་ཀུན་སེལ་བརྡ་ཡིག་ཇི་བཞིན་མ་གྲོལ་བ་ཡང་ཚེགས་མེད་པར་མཁྱེན། བླ་མ་ཡང་ཏིག་ཡིད་བཞིན་ནོར་བུའི་དབང་གི་སྐབས་བླ་མ་པཎ་ཆེན་བི་མ་དབུ་ལ་རྨ་བྱའི་གདུགས་མཁའ་འགྲོ་མས་བཟུང་བ་ཞིག་དངོས་སུ་གཟིགས་པ་སོགས་དག་པའི་སྣང་བ་ཁྱད་པར་ཅན་ཤར་ཞིང་རིག་པ་རྗེན་པར་ངོ་འཕྲོད། སྔགས་སྲུང་མའི་སྲོག་གཏད་སྐབས་ས་གཡོ་བ་ལྟ་བུའི་ཟིལ་ཆེན་པོ་བྱུང་ཞིང་ཨེ་ཀ་ཛཱ་ཊི་དངོས་སུ་གཟིགས། དཔོན་སློབ་གཉིས་ཆར་ལ་ལོ་གསུམ་གྱི་མཚམས་དངོས་གྲུབ་སྦྱིན་པར་གསུངས་པ་ཕྱིས་རྫོགས་ཆེན་སྡེ་གསུམ་ཐོན་པའི་སྔ་ལྟས་སུ་གསུངས་པས་མཚོན་ཕྱི་ཐུན་མོང་གི་ཡོངས་འཛིན་བསྟེན་ཏེ་གསན་སྦྱང་མཛད་པ་ན། ནང་སྔོན་གྱི་ལས་འཕྲོ་དང་སྨོན་ལམ་སད་པའི་རྟེན་འབྲེལ་རྨད་དུ་བྱུང་བ་དང༌། ཡར་འཁྱིལ་དབེན་པའི་གནས་སུ་ཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི་བསྙེན་སྒྲུབ་ལ་བཞུགས་པས་ཐོག་དྲངས། གུ་རུའི་ལུང་བཞིན་འོག་མིན་ཀརྨའི་གདན་སར་ལོ་གསུམ་གྱི་བཅད་རྒྱར་བཞུགས་པ་གཙོར་གྱུར་པའི་ཐུགས་དམ་གྱི་རིམ་པ་ལ་བརྩོན་ཞིང་བསྐྱེད་རྫོགས་རྫོགས་པ་ཆེན་པོའི་ཉམས་བཞེས་མཐར་ཕྱིན་པར་མཛད་པས་གྲུབ་པའི་རྟགས་མཚན་མཐའ་ཡས་པ་མངོན་དུ་གྱུར་པ་དང༌། ཕྲིན་ལས་ཁྱད་པར་དུ་འཕགས་ཚུལ་ནི། ཁྱད་པར་རྟེན་འབྲེལ་མདོ་ཆིངས་ལས། ནམ་མཁའ་མཛོད་དུ་སྦས་པའི་ཟབ་གཏེར་རྣམས༔ མི་བཞག་འདོན་པའི་སྐྱེས་བུ་སྨོན་ལམ་ཅན༔ ལྷ་སྲས་ཁྱེད་ཀྱི་སྐྱེ་བའི་ཐ་མ་འབྱུང༔ དེ་དུས་ལོ་པཎ་རྗེ་འབངས་ཕལ་ཆེར་འཛོམས༔ ཁྱད་པར་མངའ་བདག་ཡབ་སྲས་མཇལ་ནས་སུ༔ གཅིག་གྲོགས་གཅིག་བྱེད་ལས་འཕྲོ་རིམ་པར་སད༔ ང་ཡི་གདམས་པ་མཐར་ཐུག་རྣམས་དང་མཇལ༔ དག་པའི་སྣང་བར་རང་ཉིད་དངོས་དང་འཕྲད༔ གསང་སྔགས་གདམས་པའི་ལག་ལེན་དམར་ཁྲིད་སྟོན༔ རང་ཉམས་བླངས་པས་འབད་མེད་གྲུབ་པ་ཐོབ༔ དངོས་གྲུབ་བརྙེས་པའི་སློབ་མ་མང་དུ་འབྱུང༔ ཞེས་སོགས་ལུང་བྱང་ཕྱི་ནང་གསང་བ་མང་པོས་ཤིན་ཏུ་གསལ་བ་ལྟར། རྗེ་ཉིད་དགུང་གྲང་ཉེར་ལྔའི་དབྱུག་པ་ཟླ་བར་ཐུབ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་རྗེ་བླ་མ་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་གསེར་ཞལ་མཇལ་ཏེ་བཀའ་ཆོས་ཟབ་རྒྱས་ཤིན་ཏུ་རྒྱ་ཆེར་གསན་ཅིང་ཐུན་མིན་ཐུགས་བརྩེ་ཆེན་པོས་རྗེས་འཛིན་མཛད་དེ། རྗེ་བླ་མ་མཁྱེན་བརྩེ་དབང་པོའི་ཟབ་གཏེར་ཐུགས་སྒྲུབ་བདེ་གཤེགས་འདུས་པ་དང༌། མཆོག་གླིང་བར་ཆད་ཀུན་སེལ་གཉིས་དོན་གཅིག་པ་མ་ཟད་ཚིག་རིས་ཕལ་ཆེར་མཐུན་པར་བྱུང་བས་ན། གྲོལ་ཏིག་དགོངས་པ་རང་གྲོལ་ལས། གསང་བའི་ལུང་བསྟན་མ་གཏོགས་ཞུ་དག་ཕེར༔ གཅིག་ལ་གཅིག་ཡིད་ཆེས་པས་འཁྲུལ་པ་བྲལ༔ ཞེས་གསུངས་པ་ལྟར་རྣམ་གཉིས་ལྷན་རྒྱས་ནས་མ་བུ་ཟུང་སྡེབ་ཀྱི་ཚུལ་དུ་ཆོས་བཀའ་ཡོངས་རྫོགས་བར་ཆད་མེད་པར་གཏན་ལ་ཕབ། གཏེར་སྒྲུབ་ཀྱང་ལྷན་ཅིག་ཏུ་མཛད་པས་གུ་རུ་ཡབ་ཡུམ་གྱིས་དངོས་སུ་རྗེས་སུ་བཟུང་ནས་གསོལ་འདེབས་ཚུལ་བཞིས་འཆད་པའི་གདམས་ངག་དང་རྗེས་སུ་གདམས་པ་བསྩལ། གཏེར་ཁ་དུ་མའི་ཁ་བྱང་ཕེབས་པ་སོགས་རྟེན་འབྲེལ་གྱི་སྒོ་མང་པོ་འགྲིགས། གཅིག་ལ་གཅིག་ཐུགས་ཡིད་ཆེས་པས་རྗེ་བླ་མས་ཀྱང་གཏེར་གསར་གྱི་སྨིན་གྲོལ་བདུད་རྩིར་བཞེས་ཤིང་མངའ་གསོལ་བས་རྩོད་མེད་ཡོངས་གྲགས་ཀྱི་གཏེར་ཆེན་དུ་ཉི་ཟླ་ལྟར་གྲགས་ཤིང་ཕྲིན་ལས་ཀྱིས་ཁྱབ། བླ་མའི་ཐུགས་སྒྲུབ་ཕྱི་ནང་གསང་བ་ཡང་གསང་བཞི། དགའ་རབ་དང་འཇམ་དཔལ་བཤེས་གཉེན་སོགས་ཀྱི་སྙིང་ཐིག་སྐོར་བདུན་རྣམས་ཡབ་སྲས་ལྷན་རྒྱས་ཀྱི་སྤྱི་གཏེར་དུ་གྱུར། རྡོ་རྗེའི་གནས་ཆེན་དུ་མའི་སྒོ་འབྱེད་ཀྱང་ལྷན་རྒྱས་ཀྱིས་གནང་ནས་ཁམས་དབུས་ཀུན་ཏུ་བསྟན་འགྲོའི་དགེ་མཚན་གྱི་སྒོ་དུ་མ་ཕྱེ། འཇིག་རྟེན་མིག་ཅིག་ལོ་ཆེན་བཻ་རོ་དངོས་བྱོན་འཇམ་མགོན་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པས་ཀྱང་ཟབ་གཏེར་བཞེས་པར་བསྐུལ་ཞིང༌། ཙཱ་འདྲ་རིན་ཆེན་བྲག་སོགས་གནས་ཆེན་སྒོ་འབྱེད་དང༌། ཁྱད་པར་རྒྱལ་དབང་ཕྱག་ན་པདྨོ་འཇིག་རྟེན་དབང་ཕྱུག་ཀརྨ་པ་ཐེག་མཆོག་རྡོ་རྗེ། འབྲུག་ཆེན་ཐམས་ཅད་མཁྱེན་པ། རྭ་སྒྲེང་ཁྲི་ཆེན། སྨིན་གླིང་ཁྲི་ཆེན་འགྱུར་མེད་ཡིད་བཞིན་དབང་རྒྱལ་སོགས་ལ་གཏེར་ཆེན་བླ་མའི་ཟབ་གཏེར་གྱི་སྒོ་ཐོག་མར་ཕྱེས། བོད་ཡུལ་དུ་གུ་རུ་རིན་པོ་ཆེའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱིས་མཚོན་པའི་གནས་ཆེན་རྙིང་པ་རྣམས་དང་ཆོས་འཁོར་རྣམ་པ་གསུམ་སོགས་མཐའ་འདུལ་གྱི་གཙུག་ལག་ཁང་རྣམས་སུ་ཐུགས་སྒྲུབ་བར་ཆད་ཀུན་སེལ། ཟབ་བདུན་རྩ་བ་ཡན་ལག་གི་བསྙེན་སྒྲུབ་ལས་སྦྱོར་གྱི་སྒྲུབ་པ། སྒྲུབ་ཆེན་གནས་ཆེན་བྱིན་འབེབས། ལྷ་སྲིན་དམ་བསྒྲགས་སོགས་ཀྱིས་ཐུན་མོང་མ་ཡིན་པའི་ཕྲིན་ལས་ཀྱི་ཤིང་རྟ་ཁྱབ་བརྡལ་དུ་དྲངས་ནས་སྐབས་དེ་ཙམ་ན་གྲུབ་མཐའ་རིས་སུ་མ་ཆད་པའི་སྐྱེས་ཆེན་གོང་སྨོས་རྣམས་དང༌། དཔལ་ས་སྐྱའི་བདག་ཁྲི། ངོར་གྱི་མཁན་ཞབས་དུ་མ། ཀཿདཔལ་ཞེ་རྫོགས་སོགས་ཀྱི་གདན་འཛིན་མཆོག་སྤྲུལ་རྣམས་དང༌། ཁྱད་པར་མཁན་ཆེན་བྱང་ཆུབ་སེམས་དཔའི་རྣམ་འཕྲུལ་ཡོངས་ཀྱི་འདྲེན་པ་ཀརྨ་བཀྲ་ཤིས་འོད་ཟེར་ཞི་བའི་སྙིང་པོ། ཟབ་ཆོས་ཀྱི་བདག་པོར་རྡོ་རྗེའི་ལུང་གིས་བསྔགས་ཤིང་མཉེས་པ་གསུམ་གྱིས་ཐུགས་ཟིན་ཀརྨའི་མཁན་ཆེན་རིན་ཆེན་དར་རྒྱས། གནུབས་བན་ནམ་སྙིང་གི་རྣམ་འཕྲུལ་མཁས་གྲུབ་ཀྱི་ཡོན་ཏན་དུ་མས་ཁྱད་དུ་འཕགས་པ་ཚ་བ་ལོ་ཙཱ་བ་རིན་ཆེན་རྣམ་རྒྱལ། གཉགས་ལོ་ཆེན་པོའི་རྣམ་འཕྲུལ་མཁས་བཙུན་བཟང་པོའི་ཕྲིན་ལས་འགྲན་ཟླ་བྲལ་བ་བཀའ་རྙིང་གི་བསྟན་པའི་སྣང་བྱེད་མཁན་ཆེན་ཟླ་བ་བཟང་པོ་ཀརྨ་ངེས་དོན་བསྟན་པ་རབ་རྒྱས། ལང་གྲོ་ལོ་ཙཱའི་རྣམ་འཕྲུལ་བསྟན་འགྲོར་སྨན་པའི་ཕྲིན་ལས་རླབས་ཆེན་སྐྱོང་བ་དཔལ་སྤུངས་དབོན་སྤྲུལ་ཀརྨ་སྒྲུབ་བརྒྱུད་བསྟན་འཛིན། རྒྱལ་སྲས་སེམས་དཔའ་ཆེན་པོ་དཔལ་སྤྲུལ་ཆོས་ཀྱི་དབང་པོ། རྗེ་བཙུན་འཇམ་དཔལ་དབྱངས་དངོས་མི་ཕམ་ཕྱོགས་ལས་རྣམས་རྒྱལ་སོགས་མཁས་གྲུབ་ཁྱད་པར་ཅན་རྣམས་ཀྱིས་ཟབ་ཆོས་འཆད་སྤེལ་ཉམས་བཞེས་གནང་ཞིང་ལྷ་སྲས་མུ་ནེ་བཙན་པོའི་རྣམ་འཕྲུལ་སྡེ་དགེ་ཆོས་རྒྱལ་ཆེན་པོ་དཔལ་ལྡན་འཆི་མེད་རྟག་པའི་རྡོ་རྗེ་མ་སྲས་སོགས་ཆེ་དགུ་དུ་མས་མཚོན་དེ་དག་ཀུན་ཀྱང་སྨོན་ལམ་དང་ཐུགས་བསྐྱེད་དུས་སུ་བབ་པས། གཏེར་ཆེན་བླ་མའི་ཟབ་གཏེར་གྱི་གསང་མཛོད་ལ་འཆད་རྩོམ་སྒྲུབ་པའི་མཛད་བཟང་གིས་མདོ་སྨད་ཀྱི་ལྗོངས། རྫོང་གསར་བཀྲ་ཤིས་ལྷ་རྩེ། དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང༌། སྡེ་དགེའི་རྒྱལ་ཁབ་ལུགས་བརྒྱའི་འདུན་ས་ལྷུན་གྲུབ་སྟེང་གིས་མཚོན་ཕྱོགས་ཐམས་ཅད་བསྟན་པའི་ཉིན་བྱེད་ཆེས་ཆེར་གསལ་བ་ནི་སྔོན་གྱི་དུས་དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་དུ་མཁན་སློབ་ཆོས་གསུམ་རྗེ་འབངས་འདུས་པའི་མཛད་པ་དང་ཐ་མི་དད་པར་གྱུར་ཅིང༌། མདོ་ཁམས་གནས་ཆེན་ཉེར་ལྔ། ཕྲིན་ལས་འགྲོ་འདུལ་སྤྲུལ་པའི་གནས་བརྒྱད་ལ་སོགས་པ་རྩ་བ་ཡན་ལག་གི་གནས་ཞལ་གསར་དུ་ཕྱེས། གནས་ཆེན་རེ་རེ་ལ་ལུང་ཟིན་ཆོས་བདག་སྐྱེས་བུ་རེ་འབྱུང་བར་གསུངས་པ་བཞིན། ཛཾ་ནང་པདྨ་ཤེལ་ཕུག །རོང་རྨེ་དཀར་མོ་སྟག་ཚང༌། གཏེར་ཀླུང་པདྨ་ཤེལ་རི་སོགས་མཁྱེན་བརྩེ་རིན་པོ་ཆེ་དང༌། ཙཱ་འདྲ་རིན་ཆེན་བྲག་རྫོང་ཤོད་བདེ་གཤེགས་འདུས་པ། ལྷ་མདོ་འབུར་མོ་སོགས་འཇམ་མགོན་རིན་པོ་ཆེས་ཞལ་བདག་མཛད་ཅིང༌། སྒྲུབ་སྡེ་གསར་ཚུགས་དང༌། ཛཾ་ནང་པདྨ་ཤེལ་ཕུག་ཏུ་གུ་རུ་བདེ་བ་ཆེན་པོའི་སྐུ་རབ་གནས་སྐབས་ཡེ་ཤེས་སེམས་དཔའ་དངོས་སུ་བྱོན་པའི་རྟགས་མཚན་ཅན་དང༌། པདྨ་ཤེལ་རིར་འཆི་མེད་མཚོ་སྐྱེས་སྙིང་ཐིག་གི་རྩ་གསུམ་བྱིན་རླབས་རང་བབ་དང༌། ཁྱད་པར་ཙཱ་འདྲ་རིན་ཆེན་བྲག་ཏུ་ཤང་མདའ་དཔལ་ཆེན་པོའི་སྐུ་དང་བྱིན་རླབས་མཉམ་པའི་དཔལ་ཆེན་ལྷ་ཁང་རྟེན་བརྟེན་པར་བཅས་པ། མྱུར་མཛད་ཡེ་ཤེས་མགོན་པོའི་གསང་རྟེན། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་ཐུགས་དམ་རྟེན་སྒྲོལ་མའི་སྐུ་གསུང་བྱོན་མ་གཙོ་བོར་གྱུར་པའི་རྟེན་གསུམ་ཁྱད་འཕགས་དུ་མས་གཏམས་པའི་གཙུག་ལག་ཁང་བཞེངས་པ་སོགས་དང་ཆབས་ཅིག་ཕྱོགས་དང་རིས་སུ་མ་ཆད་པའི་རྒྱལ་བསྟན་རིན་པོ་ཆེ་སྤོང་ཀློག་ལས་གསུམ་དབྱར་གྱི་ཆུ་གཏེར་ལྟར་འཕེལ་བས་མདོ་ཁམས་སྡེ་དགེའི་མངའ་རིས་འཕགས་ཡུལ་གཉིས་པ་ཞེས་ཡོངས་སུ་གྲགས་ཏེ་ཕན་བདེའི་ཕྲིན་ལས་ཁྱབ་བརྡལ་དུ་སྣང་བས་གུ་རུའི་གདུང་འཚོབ་རིག་འཛིན་རྩལ་འཆང་རྣམ་གསུམ་ཞེས་ཛཾ་བུ་གླིང་ན་ཉི་ཟླ་ལྟར་གྲགས་པ་དོན་དང་ལྡན་པའི་ཕྱག་བཞེས་ཀྱི་རེ་ཁཱ་ད་ལྟའང་མངོན་སུམ་དུ་གྱུར་བཞིན་པ་ལ། ཁྱད་པར་རྫོགས་ཆེན་སྡེ་གསུམ་གྱི་ལུང་བསྟན་ལས། བཀའ་ནས་བཀའ་བརྒྱུད་བར་མ་ཆད༔ ཟབ་མོ་དངོས་དང་དགོངས་པའི་གཏེར༔ ཡང་གཏེར་རྗེས་སུ་དྲན་པའི་གཏེར༔ དག་སྣང་སྙན་དུ་བརྒྱུད་པ་ཡི༔ བཀའ་བབ་བདུན་གྱི་ཆུ་བོ་ནི༔ མངའ་བདག་ཡབ་སྲས་སྐལ་པར་བཟང༔ སྙིགས་དུས་བསྟན་པའི་བཙས་ཆེན་བྱེད༔ ཟབ་རྒྱས་ཉི་འོད་ལྷག་པར་བརྡལ༔ ཞེས་སོགས་མང་དུ་འབྱུང་བ་ལྟར་མངའ་བདག་ཆོས་ཀྱི་རྒྱལ་པོ་ཡབ་སྲས་རྣམ་འཕྲུལ་གཏེར་ཆེན་རྣམ་པ་གཉིས་ལ་སོ་སོར་བཀའ་གཏེར་དག་སྣང་གསུམ་ལས་ཕྱེ་བའི་ཟབ་ཆོས་ཀྱི་བཀའ་བབ་བདུན་དང་ལྡན་པ་སྟེ། འདིར་དང་པོ་ནི་གཏེར་ཆེན་རིན་པོ་ཆེ་འཇམ་མགོན་མཁྱེན་བརྩེ་རྡོ་རྗེ་འཆང་གི་མདུན་ཐོག་མར་ཕེབས་སྐབས་ཀྱི་བཀའ་སློབ་ཏུ་རྙིང་མ་བཀའ་མ་སྤྱི་དང་ཁྱད་པར་སྒྱུ་འཕྲུལ་གསང་བ་སྙིང་པོ་ལ་གསན་བསམ་མཛད་པ་ཤིན་ཏུ་གལ་ཆེ་བའི་གསུང་འཕྲོས་བཞིན། ལོ་ཆེན་འཇམ་པའི་དབྱངས་ཡོན་ཏན་རྒྱ་མཚོ་ལས། སྒྱུ་འཕྲུལ་རྒྱུད་ཀྱི་དབང་དང་བཤད་བཀའ་གསན་སྦྱང་ནན་ཏན་གནང་སྟེ་ཐུགས་ཀྱི་གཙིགས་སུ་བྱུང་བ་བཞིན། དཔལ་གྱི་བསམ་ཡས་མཆིམས་ཕུར་རྫོགས་པ་ཆེན་པོ་བླ་མེད་ཀྱི་ཆོས་འཁོར་བསྐོར་བས་མཚོན། སྒྱུ་འཕྲུལ་ཞི་ཁྲོ། དོང་སྤྲུགས། ཡང་ཕུར། གཤིན་རྗེ། ཕུར་པའི་སྒྲུབ་ཆེན། དཔལ་རི་བོ་ཆེའི་རྙིང་མ་གྲྭ་ཚང་ལ་འདུས་པ་མདོ་དབང་ཆེན་མོ། འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་དང༌། ཨེ་ཝཾ་ཆོས་ཀྱི་སྒར་ཆེན་གྱི་མཁན་ཆེན་རྡོ་རྗེ་འཛིན་པ་རཏྣ། ཚ་བ་ལོ་ཙཱ་རིན་ཆེན་རྣམ་རྒྱལ། སྐུ་གསུང་ཐུགས་ཀྱི་སྲས་མཆོག་ཟུང་དང༌། གསང་བའི་གཟུངས་མ་སོགས་ལ་སྒྱུ་འཕྲུལ་ཞི་ཁྲོའི་དབང་དང་རྒྱུད་བཤད་འཆད་སྤེལ་ཡང་ཡང་མཛད་པ་དང༌། རྗེ་ཉིད་ཀྱི་གདན་ས་གནས་བརྟན་སྒང་དུ་སྔ་འགྱུར་བཀའ་མའི་རྒྱུན་འཛུགས་པར་མཛད་པ་དང༌། དེ་དག་འཆད་སྤེལ་ཉམས་བཞེས་ཀྱི་སྐབས་བླ་མ་ལྷ་དང་རིག་འཛིན་མཁའ་འགྲོས་རྗེས་སུ་བཟུང་བ་དང༌། སྐུའི་སྐྱེ་བ་ཐམས་ཅད་དུ་བཀའ་གཏེར་གྱི་བསྟན་པ་འཛིན་སྐྱོང་སྤེལ་བའི་བག་ཆགས་སད་པ་སོགས་ངོ་མཚར་བའི་རྣམ་ཐར་དུ་མ་མང་བ་གཞིར་བཅས་ཤིང༌། རྗེ་ཉིད་ཀྱི་ཟབ་གཏེར་ལས་གཏེར་ཁ་གཞན་ལ་མ་གྲགས་པའི་མདོ་དང་སྒྱུ་འཕྲུལ་སོགས་བཀའ་མའི་གཞུང་ཇི་ལྟ་བའི་ཆོས་སྐད་ཀྱིས་གྲུབ་མཐའ་སློང་ནུས་པའི་སྔོན་མེད་ངོ་མཚར་ཅན་བྱོན་པས། ཀུན་གཟིགས་མཁྱེན་བརྩེ་དབང་པོའི་གསུང་ལས་རྒྱུད་ཀྱི་ལུང་དང་འབྲེལ་བ་ཞེས་ཆེད་དུ་བསྔགས་པ་ལྟར་དོན་དུ་རྒྱ་ཆེན་བཀའ་མའི་ཟབ་རྒྱས་ཀྱི་ཤིང་རྟའི་བཀའ་བབ་པ་ཡིན་ནོ། ༈ བཀའ་བབ་གཉིས་པ་རང་སྐལ་རྒྱ་ཆེ་བ་སའི་གཏེར་ནི། དགུང་གྲངས་བཅུ་གསུམ་པར་བྲག་དཀར་རྫོང་ཆུང་ནས་ལྷ་སྲས་ཐུགས་དམ་སྒྲུབ་ཐབས་ཉེར་བཞི་དང༌། དགོངས་འདུས་བཀའ་རྟགས་རྡོ་རྗེ་ཐོད་པ་མེ་ལོང་རྣམས་བཞེས་པ་ནས་བརྩམས། དགུང་གྲངས་སོ་དགུ་པར་རྗེ་བླ་མས་ཁ་བྱང་དང་ཞབས་བསྐུལ་ཕུལ་བ་ལྟར་རྩི་ཀེ་ནོར་བུ་སྤུན་གསུམ་ནས་དམ་ཆོས་ནོར་བུ་སྐོར་བདུན། གུ་རུའི་སྐུ་ཚབ། སེང་སྒྲོགས་སྐུ་རྒྱན་རྣམས་སྤྱན་དྲངས་བའི་བར་མཆོག་གཏེར་སུམ་ཅུ་རྩ་བདུན་དང༌། དེ་དག་གི་ཁ་བྱང་ཡང་བྱང་གནད་བྱང་ལ་སོགས་པ་དང༌། གནས་གཏེར་རེ་རེ་ནས་ཀྱང་ཆོས་དང་དམ་རྫས་སྐུ་རྟེན་ཕྱག་མཚན་ཤིན་ཏུ་མང་པོ་བྱོན་ཅིང༌། དེ་དག་ཕལ་ཆེར་ཁྲོམ་གཏེར་དུ་མཛད་པས་ཀུན་གྱི་དབང་པོའི་སྤྱོད་ཕུལ་དུ་རྩོད་པ་དང་བྲལ་བར་གྱུར། མདོར་ན་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་གནས་གཏེར་བརྒྱ་རྩ། སྙིང་ཐིག་བརྒྱ་རྩ་མྱོང་གྲོལ་དུ་མའི་བཀའ་བབ་ཏུ་ལུང་གིས་གསལ་བ་ལྟར་དཔའ་བོ་དབང་ཆེན་བྲག་ནས་མདོ་ཁམས་གནས་ཆེན་ཉེར་ལྔའི་མདོ་བྱང་བཞེས་ཏེ་དེ་དག་གི་རྩ་བ་ཡན་ལག་གྱུར་པའི་གནས་ཞལ་དུ་མ་གསར་དུ་སྣང་བར་མཛད། གུ་རུའི་སྐུ་ཚབ་ཀྱི་རྒྱུ་རིམ་པ་གསུམ་ཙམ་གཏེར་ནས་སྤྱན་དྲངས་ཏེ་སྐུ་ཚབ་གཉིས་པ་མང་དུ་འཕེལ་བར་མཛད་པ་སོགས་ངོ་མཚར་བསམ་གྱིས་མི་ཁྱབ་པ་མངའ་བ་རྣམས་སོ། །གསུམ་པ་དེ་ལས་འཕྲོས་པའི་ཡང་གཏེར་ནི། རྗེ་ཉིད་སྐུའི་སྐྱེ་བ་གོང་མ་གཏེར་ཆེན་སངས་རྒྱས་གླིང་པའི་གུ་དྲག་ཧཱུྃ་དམར་སྙིང་ཐིག་བྱིན་རླབས་ཀྱི་སྟོབས་ལས་བཀའ་བབ་པ་ཆོས་ཚན་ཁ་ཤས་ལས་གཏན་ལ་མ་ཕབ་པ་དང་ཆོས་རྒྱུན་ཡང་སྤེལ་བར་མ་གནང༌། མཁའ་འགྲོ་མ་ཀུན་དགའ་འབུམ་པའི་མ་རྒྱུད་གསང་བ་ལམ་ཁྱེར་ཉེ་བརྒྱུད་དུ་བཀའ་བབ་པའི་སྨིན་གྲོལ་འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེར་བཙལ་བ་རིན་ཆེན་གཏེར་མཛོད་ཆེན་པོར་བཞུགས་སུ་གསོལ་བའོ། །བཞི་པ་ཟབ་མོ་དགོངས་པའི་གཏེར་ནི། སྐུ་གཞོན་པའི་སྐབས་ཟབ་གཏེར་གྱི་བཀའ་བབ་དང་པོ་བརྙེས་པའི་སྣ་འདྲེན་ལྟ་བུར་ཉམས་ཆོས་དང༌། དགོངས་གཏེར་མང་དུ་བབ་པ་འདྲ་ཡང་དམིགས་བསལ་ཕབ་སྤེལ་གཏན་ཁེལ་མ་གནང༌། རྗེ་མཁྱེན་བརྩེའི་གཏེར་བྱོན་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་ཐུགས་དམ་རྟེན་རྗེ་བཙུན་སྒྲོལ་མའི་སྐུ་དངོས་སུ་གྱུར་ཏེ་ལེགས་སོ་གསུམ་གྱིས་དབུགས་དབྱུང་བསྩལ་བ་ལ་བརྟེན་ཛམ་ནང་པདྨ་ཤེལ་ཕུག་ནས། སྒྲོལ་མའི་ཟབ་ཏིག་ཕྱི་ནང་གསང་སྒྲུབ། དབང་དང་རྫོགས་རིམ་བཀའ་སྲུང་བཅས་ཟབ་རྒྱས་ཁྱད་འཕགས་གཏན་ལ་ཕབ་པའོ། །ལྔ་བ་དེ་ལས་འཕྲོས་པའི་ཡང་ཟབ་རྗེས་སུ་དྲན་པའི་གཏེར་ནི། རྗེ་ཉིད་གནུབས་ཁུ་ལུང་པ་ཡོན་ཏན་རྒྱ་མཚོར་འཁྲུངས་པའི་སྐབས་ཀྱི་སྔོན་གནས་རྗེས་སུ་དྲན་པ་ལས། གནུབས་ཆེན་འདའ་ཀའི་ཞལ་ཆེམས་ལུང་རྡོ་རྗེ་བཀོད་པའི་གདམས་པ་གནང་བ་དང༌། གནུབས་ཀྱི་ཁ་ཕོ་ཙམ་མདོ་ཙམ་ཡི་གེར་བཀོད་པ་དང་རུ་ལུའི་འདྲེན་སྟངས་དང༌། ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཚོགས་གར། རྡོ་རྗེ་ཕུར་པའི་རྩ་འཆམ་སོགས་གར་གྱི་རྣམ་འགྱུར་མཐའ་ཀླས་པ། སངས་རྒྱས་གླིང་པའི་སྔོན་གནས་རྗེས་དྲན་ལ་བརྟེན་དགོངས་འདུས་རྩལ་སྤྲུགས་རྣམ་དགུའི་འཁྲུལ་འཁོར་ཕྱག་ཁྲིད་ཞིབ་མོར་གཏན་ལ་ཕབ་པ་སོགས་བཞུགས། དྲུག་པ་ཟབ་པ་དག་སྣང་ནི། གཏེར་ཀླུང་རི་བོ་དབང་ཞུའི་གནས་གཏེར་གྱི་སྒོ་འབྱེད་སྐབས་བི་མའི་སྒྲུབ་ཕུག་ཏུ་པཎ་ཆེན་ཉིད་ཀྱི་ཞལ་གཟིགས་ཏེ་གདམས་པ་བསྩལ་བ་བི་མ་ལའི་ཟབ་ཏིག་ཕྱི་ནང་གསང་སྒྲུབ། དབང་བཞི། དེའི་ལམ་བྱེད། བདུད་རྩི་སྨན་སྒྲུབ། བཅུད་ལེན་རིལ་བུ་སོགས་ཟབ་རྒྱས་བཞུགས་པར་སྣང་ངོ༌། །བདུན་པ་དེ་མཐུན་ཡང་ཟབ་སྙན་བརྒྱུད་ནི། དག་པའི་སྣང་བར་ཟངས་མདོག་དཔལ་རིར་ཕེབས་ཏེ་ཨོ་རྒྱན་རིན་པོ་ཆེ་ལས་ཨ་ཏི་ཟབ་དོན་སྙིང་ཐིག་གི་གདམས་ངག་གསན་པ་ཡི་གེར་བཀོད་དེ་གཏན་ལ་ཕབ་པ་སོགས་བཀའ་བབ་བདུན་གྱི་རྣམ་ཐར་མདོ་ཙམ་བཀོད་པ་ཡིན་ལ། སྔ་ཕྱི་ཅི་རིག་རྩ་བ་གསུམ་གྱི་ཞལ་གཟིགས་ལུང་བསྟན་པ་དང༌། ཆོས་གཏེར་སྲུང་མ་རྣམས་ཀྱི་ཕྲིན་ལས་སྒྲུབ་པ་དང༌། རྔ་ཡབ་དཔལ་རིར་ཕེབས་པའི་དག་སྣང་རྒྱས་བསྡུས་སྐོར་མང་ཡང་འདི་ཙམ་གྱི་མཚོན་པར་ནུས་སོ། །ཐུགས་བསྐྱེད་ཁྱད་པར་དུ་འཕགས་ཚུལ་ནི། སྤྱིར་སྐྱེས་བུ་དམ་པ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་མཛད་པ་ཆེ་ཕྲ་ཐམས་ཅད་གཞན་དོན་དུ་མ་གྱུར་པ་མེད་ཅིང༌། ལྷག་པར་གུ་རུའི་རྒྱལ་ཚབ་སྤྲུལ་པའི་གཏེར་ཆེན་རྣམས་ཀྱི་མཛད་པ་ནི། ཕྱིའི་གནས་བོད་ཁམས་བསྟན་འགྲོའི་ལེགས་སྤེལ་ཉེས་སེལ་གྱི་ས་གནད། ནང་དུ་གུ་རུའི་དུས་སྐབས་དེ་ལ་གཉེན་པོར་ཆེ་བའི་ལུང་བསྟན་དམིགས་གསལ། གསང་བ་རྗེ་འབངས་སོ་སོའི་སྨོན་ལམ་དུས་བབ་དང་འདུལ་སྐལ་ཕྲིན་ལས་ལ་ཆེད་དུ་བསྔགས་པ་ཐམས་ཅད་ནང་འཛོམ་པས་གནད་ཐོག་གི་མེ་བཙའ་ལྷ་བུ། ཆེན་པོར་རློམས་པའི་གང་ཟག་ཕལ་གྱིས་སྒྲུབ་པ་ལས་དགོས་པ་དང་ཕན་ཡོན་བརྒྱ་སྟོང་གིས་ཆེ་བའི་ཕྱིར་སྙིགས་མ་ལྔ་བདོའི་སེམས་ཅན་རྣམས་ལ་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོས་ཀུན་ནས་བསླངས་ཏེ་བསམ་བཞིན་སྲིད་པ་བཟུང་བ་དང༌། ཕྲིན་ལས་ཁྱད་པར་དུ་འཕགས་པ་དམ་པའི་རྣམ་ཐར་ངང་གིས་རྫོགས་ཤིང་ཆེ་བ་བཅུ་དང་ལྡན་པ་གདུལ་བྱ་གང་ལ་མཛད་པ་གང་གིས་འདུལ་བ་དེ་ལ་དེར་སྟོན་པ་གདུལ་དཀའ་འདུལ་བ་རྣམས་དབང་དུ་མཛད་ཅིང༌། རྣམ་ཐར་ཁྱད་པར་འཕགས་པ་བཀའ་བབས་བདུན་གྱི་གསང་མཛོད་ལ་མངའ་དབང་བསྒྱུར་ཏེ་ཟབ་གཏེར་རྒྱ་མཚོ་ལྟ་བུ། རྒྱུད་ལུང་མན་ངག་རྩ་བ་ཡན་ལག །རྒྱབ་ཆོས་དང་བཅས་པ་རྨད་དུ་བྱུང་བའི་ཆོས་སྡེ་ཆེན་པོ་རྒྱ་ཆེར་བཞུགས་ཀྱང༌། སྙིགས་དུས་རྒུད་པའི་རྐྱེན་དབང་ལ་བརྟེན་ནས་འཐོར་ཟགས་སུ་སོང་བ། སླད་ནས་རྒྱལ་བསྟན་ཉིན་བྱེད་འདྲེན་པའི་སྐྱ་རེངས་གསར་བ་ཤར་ཏེ། འཛམ་གླིང་ཐ་གྲུ་ཀུན་ཏུ་འདྲེན་སྤེལ་བྱ་རྒྱུའི་གོ་སྐབས་བཟང་པོ་ཐོབ་པའི་ཚེ། རབ་བྱུང་བཅུ་དྲུག་པ་ལྕགས་བྱ་ཟླ་བ་དགུ་བའི་དམར་ཕྱོགས་ཀྱི་བཟང་པོ་གཉིས་པ་རྒྱལ་བ་ལྷ་ལས་བབས་པའི་དུས་ཚེས་དགེ་བར། ༡༨ ༡༡ ༡༩༨༡ པདྨའི་ཨེ་ཝཾ་ཆོས་སྒར་གྱི་བྱང་འདྲེན་པ་འགྱུར་མེད་པདྨ་བཀྲ་ཤིས་ཀྱིས་མ་ཕྱི་གང་འབྱོར་པོད་བཞི་བཅུ་ཐམ་པ་འཕྲུལ་སྤར་གྱི་སྲི་ཞུའི་སྐབས་ཆོས་ཚན་བཞུགས་བྱང་གི་དཀར་ཆག་བལྟ་བདེར་འགོད་པ་ལ།། །།}} | ||
</onlyinclude> | </onlyinclude> | ||
Line 25: | Line 45: | ||
==Other Information== | ==Other Information== | ||
{{Footer}} | {{Footer}} | ||
[[Category:DKR-KABUM-Volume-09-TA]] | [[Category:DKR-KABUM-Volume-09-TA]] | ||
[[Category:Khyentse Lineage Project]] | [[Category:Khyentse Lineage Project]] |
Revision as of 11:24, 21 November 2022
Wylie title | sprul pa'i gter chen mchog gyur gling pa'i zab gter gyi dkar chag gsang ba rgya mtsho'i mdzod kyi sgo 'byed rin chen 'phrul gyi lde mig | |
---|---|---|
Location | dil mgo mkhyen brtse bka' 'bum Volume 9, Text 1, Pages 1-15 (Folios 1a to 15b6) | |
Author | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |
Less details More details | ||
Tertön | མཆོག་གྱུར་གླིང་པ་ (mchog gyur gling pa) | |
Citation | Khyentse, Dilgo. Sprul pa'i gter chen mchog gyur gling pa'i zab gter gyi dkar chag gsang ba rgya mtsho'i mdzod kyi sgo 'byed rin chen 'phrul gyi lde mig. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 9: 1-15. Delhi: Shechen Publications, 1994. | |
Genre | Catalogue of Contents - dkar chag | |
Colophon |
རབ་བྱུང་བཅུ་དྲུག་པ་ལྕགས་བྱ་ཟླ་བ་དགུ་བའི་དམར་ཕྱོགས་ཀྱི་བཟང་པོ་གཉིས་པ་རྒྱལ་བ་ལྷ་ལས་བབས་པའི་དུས་ཚེས་དགེ་བར། ༡༨ ༡༡ ༡༩༨༡ པདྨའི་ཨེ་ཝཾ་ཆོས་སྒར་གྱི་བྱང་འདྲེན་པ་འགྱུར་མེད་པདྨ་བཀྲ་ཤིས་ཀྱིས་མ་ཕྱི་གང་འབྱོར་པོད་བཞི་བཅུ་ཐམ་པ་འཕྲུལ་སྤར་གྱི་སྲི་ཞུའི་སྐབས་ཆོས་ཚན་བཞུགས་བྱང་གི་དཀར་ཆག་བལྟ་བདེར་འགོད་པ་ལ།། | |
rab byung bcu drug pa lcags bya zla ba dgu ba'i dmar phyogs kyi bzang po gnyis pa rgyal ba lha las babs pa'i dus tshes dge bar/_18_11_1981_pad+ma'i e waM chos sgar gyi byang 'dren pa 'gyur med pad+ma bkra shis kyis ma phyi gang 'byor pod bzhi bcu tham pa 'phrul spar gyi sri zhu'i skabs chos tshan bzhugs byang gi dkar chag blta bder 'god pa la// |