DKR-KABUM-03-GA-007: Difference between revisions
From Khyentse Lineage - A Tsadra Foundation Project
DKR-KABUM-03-GA-007
No edit summary |
No edit summary |
||
Line 44: | Line 44: | ||
<h1 style="font-size: 24px !important;">Tibetan Text</h1> | <h1 style="font-size: 24px !important;">Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP|༄༅། །ཀུན་གཟིགས་འཇམ་མགོན་བླ་མ་ཆོས་ཀྱི་བློ་གྲོས་རིན་པོ་ཆེར་གསོལ་འདེབས་ཀྱི་གདུང་དབྱངས་བྱིན་རླབས་སྤྲིན་གྱི་ཕོ་ཉ་ཞེས་བྱ་བ་བཞུགས། གཟོད་ནས་རྣམ་དག་གཞོན་ནུ་བུམ་སྐུའི་དབྱིངས། །སྐུ་གསུམ་འོད་གསལ་རྡོ་རྗེ་སྙིང་པོའི་སྤྲིན། །ཤེས་རབ་རང་བྱུང་འཇམ་དཔལ་ཀུན་ཏུ་བཟང༌། །འཁོར་འདས་སྲིད་ཞིའི་ཁྱབ་བདག་གསོལ་བ་འདེབས། །ཀུན་ཁྱབ་ཐུགས་རྗེའི་ཡེ་གདངས་སྒྲོན་མེའི་ཞིང༌། །གསང་བ་མི་ཟད་སྐུ་དང་ཡེ་ཤེས་ཀྱི། །འབྱུང་གནས་རིགས་ཀུན་ཁྱབ་བདག་དང་པོའི་མགོན། །སངས་རྒྱས་ཀུན་གྱི་མེས་པོར་གསོལ་བ་འདེབས། །རབ་འབྱམས་ཞིང་ན་རྒྱལ་དང་རྒྱལ་བའི་སྲས། །མཐའ་དག་མཛད་པའི་སྒྱུ་འཕྲུལ་རྡོ་རྗེའི་གར། །མཆོག་གི་མཁྱེན་བརྩེའི་ཡེ་ཤེས་ཀློང་རྫོགས་པས། །རྒྱལ་ཀུན་ཡབ་གཅིག་དམ་པར་གསོལ་བ་འདེབས། །ཁྱད་པར་མི་མཇེད་གདུལ་བྱའི་སྣང་ཆ་རུ། །སངས་རྒྱས་བྱང་སེམས་པཎ་གྲུབ་རིག་པ་འཛིན། །མདོ་སྔགས་ཐུབ་བསྟན་རིས་སུ་མ་ཆད་པའི། །ཤིང་རྟ་བརྒྱུད་མར་བྱོན་ལ་གསོལ་བ་འདེབས། །རྩོད་པའི་དུས་འདིར་ཐུབ་དབང་མཛད་པ་བཞིན། །གདུལ་དཀའི་ཡིད་ཅན་ཐུགས་རྗེས་མ་བོར་བའི། །གངས་ཅན་ཆོས་ཀྱི་ཉི་མ་འཇམ་པའི་དབྱངས། །མཁྱེན་བརྩེ་དབང་པོར་བསྟན་ལ་གསོལ་བ་འདེབས། །མཆོག་གི་སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི། །རྣམ་ཐར་རྒྱ་མཚོའི་སྙིང་པོ་མ་ཉམས་པར། །བསམ་བཞིན་བྱོན་པ་རིགས་བརྒྱའི་འཁོར་ལོས་བསྒྱུར། །འཇམ་དབྱངས་ཆོས་ཀྱི་བློ་གྲོས་ལ་གསོལ་བ་འདེབས། །རིས་མེད་མཁས་གྲུབ་དམ་པའི་ཡོངས་འཛིན་ལས། །ཐོས་པ་རྒྱ་མཚོའི་ཕ་རོལ་ལེགས་པར་སོན། །བསམ་བྱུང་རིག་པ་ཆོས་ཀྱི་སྙིང་པོ་བླངས། །བསྟན་འཛིན་ཀུན་གྱི་དེད་དཔོན་གསོལ་བ་འདེབས། །རྣམ་དག་སྡོམ་གསུམ་གཙང་མས་ཕུལ་དུ་ཕྱིན། །སྨིན་གྲོལ་ཆོས་ཀྱི་ཆུ་ཀླུང་འབུམ་ཕྲག་འཁྱིལ། །གངས་ཅན་བསྟན་པའི་དཔལ་ཀུན་བདག་གིར་བཞེས། །ཐུགས་བསྐྱེད་དུས་སུ་བབ་ལ་གསོལ་བ་འདེབས། །གསར་རྙིང་རྒྱུད་སྡེའི་རིང་ལུགས་བཀའ་གཏེར་གྱི། །བསྐྱེད་རྫོགས་གདམས་པའི་ཏིང་འཛིན་ལས་སུ་རུང༌། །ཐུན་མོང་མཆོག་གི་དངོས་གྲུབ་འདོད་དགུའི་སྐྱེས། །བསྟན་འགྲོའི་དཔལ་དུ་ཤར་ལ་གསོལ་བ་འདེབས། །ཟབ་མོའི་ཡེ་ཤེས་དགོངས་པ་ཀློང་དུ་གྱུར། །བླ་མ་ལྷག་པའི་ལྷ་ཡིས་རྗེས་སུ་བཟུང༌། །དབང་བསྐུར་བྱིན་རླབས་ལུང་བསྟན་དུ་མ་བརྙེས། །རིག་འཛིན་གྲུབ་པའི་དབང་ཕྱུག་གསོལ་བ་འདེབས། །གཞན་ཕན་བྱང་ཆུབ་སེམས་ཀྱི་ནུས་པ་ཡིས། །ས་གསུམ་གདུལ་བྱ་མཐོང་ཐོས་དྲན་པས་གྲོལ། །འབྲེལ་ཚད་དོན་ལྡན་ཕྲིན་ལས་གྲགས་སྙན་རྔས། །གངས་ཅན་མཐའ་དབུས་བརྡལ་ལ་གསོལ་བ་འདེབས། །སྐུ་གསུང་ཐུགས་ཀྱི་མཛད་པ་མཐའ་དག་ཀུན། །དངོས་བརྒྱུད་བསྟན་འགྲོར་སྨན་པའི་སྲོག་ཏུ་བསྩལ། །གསར་རྙིང་བསྟན་ལ་བཤད་སྒྲུབ་ཕྱག་བཞེས་ཀྱིས། །ཡོངས་སུ་བརྒྱན་པར་མཛད་ལ་གསོལ་བ་འདེབས། །དོན་གྱི་གསང་བ་རྗེ་བཙུན་འཇམ་པའི་དབྱངས། །རྣམ་རོལ་མཛད་པ་བསྟན་པའི་མིག་རྒྱན་ཅན། །ཁེངས་དྲེགས་ཀུན་སྤངས་སྦས་ཚུལ་འབའ་ཞིག་གིས། །ཆོས་བཞིན་སྤྱོད་པའི་བཤེས་གཉེན་གསོལ་བ་འདེབས། །མཁས་གྲུབ་ཚད་མའི་སྐྱེས་བུ་བགྲང་ཡས་ཀྱིས། །རིགས་ཀྱི་བདག་པོར་བསྙེན་པས་ཕྲིན་ལས་སྤེལ། །མཆོག་ཕལ་གདུལ་བྱའི་རེ་བ་ཆོས་བཞིན་སྐོང༌། །མཛད་པ་བསམ་མི་ཁྱབ་ལ་གསོལ་བ་འདེབས། །བཤད་སྒྲུབ་ལས་ཀྱི་འཁོར་ལོ་རྒྱུན་མི་ཆད། །ཡང་དག་ཆོས་ཀྱི་སྦྱིན་པས་སྐལ་ལྡན་སིམ། །གཡེང་དང་འདུ་འཛི་ཀུན་བྲལ་དོན་ལྡན་གྱི། །རྣམ་ཐར་གཙང་མས་མཛེས་ལ༴ མདོར་ན་སངས་རྒྱས་གཉིས་པ་ཆོས་ཀྱི་རྗེ། །འཇམ་དབྱངས་བླ་མ་མཁྱེན་བརྩེའི་དབང་པོ་དང༌། །རྣམ་ཐར་ཕྲིན་ལས་དབྱེར་མེད་རང་དབང་བསྒྱུར། །དྲན་པས་གདུང་སེལ་མཆོག་ལ༴ ཚུར་མཐོང་བྱིས་པ་སྐྱབས་མེད་དམུས་ལོང་དུ། །གྱུར་ནས་བསམ་ངན་གཡང་སར་རྟག་གཞོལ་བའི། །བདག་སོགས་གདུལ་བྱ་ཐུགས་རྗེས་རིང་བཏང་ནས། །དྭ་ཕྲུག་ཡལ་བར་དོར་འདི་ཇི་ལྟར་དགོངས། །ཡང་དག་ལུང་རྟོགས་བསྟན་པའི་མངའ་ཐང་བྲི། །བོད་ཡུལ་ཆོས་ཀྱི་བདེ་སྐྱིད་ངང་གིས་འཇོམས། །སྐྱབས་མེད་ལས་ངན་སེམས་ཅན་སུ་ལ་རེ། །ཡེ་ཤེས་དགོངས་པས་ད་ལྟ་དབུགས་འབྱིན་མཛོད། །རྟག་ཏུ་ཞི་བ་འོད་གསལ་ཆེན་པོའི་དབྱིངས། །མགོན་པོའི་དགོངས་པ་འཕོ་འགྱུར་མེད་དགྱེས་ཀྱང༌། །ཐུགས་བསྐྱེད་ཡུལ་དུ་གྱུར་པའི་གདུལ་བྱ་རྣམས། །ཉེས་པའི་གཡང་ལས་སྒྲོལ་བའི་དུས་ལ་བབ། །བླང་དོར་སྟོན་པའི་མིག་བུ་ཐང་ལ་བོར། །ཆོས་ཀྱི་བདུད་རྩི་སྦྱིན་པའི་མགོན་དང་བྲལ། །སྡུག་བསྔལ་ཉེས་པའི་གཡང་ས་འགྲིམ་པ་ལ། །ཉམས་ཐག་འོ་དོད་འབོད་ཡུལ་ཁྱོད་ལས་སུ། །དབང་བཅུའི་དཔལ་བརྙེས་ཕྲིན་ལས་ཆགས་ཐོགས་བྲལ། །སངས་རྒྱས་ཀུན་ལས་ཐུགས་རྗེ་བྱིན་རླབས་མྱུར། །མཁྱེན་བརྩེ་ནུས་པ་རྩལ་སྤྲུགས་དགོངས་པ་ཡིས། །མྱུར་དུ་བདག་ལ་སྐྱོབས་ཤིག་བླ་མ་རྗེ། །ཡེ་ཤེས་དགོངས་པས་སྲིད་ཞི་མཉམ་པར་བརྡལ། །དད་ལྡན་སྐལ་པ་ཅན་ལ་འབྲལ་མེད་ཀྱིས། །གཟིགས་པའི་བདེན་འབྲས་མངོན་སུམ་སྟོན་མཛད་ལ། །ཐུགས་ཡིད་དབྱེར་མེད་མཛོད་ཅིག་རིན་པོ་ཆེ། །བྱིན་རླབས་གཟི་བྱིན་འབུམ་གྱི་སྣང་བ་དང༌། །ལྷན་ཅིག་འགྲོགས་པའི་ཡེ་ཤེས་ཉིན་མོར་བྱེད། །སེམས་ཀྱི་མཁའ་ལ་མྱུར་དུ་འཆར་ནུས་པའི། །དགོངས་བརྒྱུད་དབུགས་དབྱུང་སྩོལ་བས་གྲོལ་བར་མཛོད། །ཟག་མེད་ཡོན་ཏན་བྱེ་བའི་མངའ་ཐང་གིས། །རྟག་ཏུ་མཛེས་པའི་སྐུ་བཞིའི་རྒྱལ་ཐབས་ཆེ། །ཡབ་གཅིག་སྨྲ་བའི་ཉི་མ་དགྱེས་པའི་ཞིང༌། །མཐོང་བའི་ཆོས་ལ་ད་ལྟ་ཉིད་དུ་དྲོངས། །ཚེ་རབས་ཀུན་ཏུ་རྗེ་ཁྱོད་འདུ་འབྲལ་མེད། །མཉེས་པ་གསུམ་གྱིས་ཐུགས་གསང་མཐའ་དག་འཛིན། །རྣམ་ཐར་ཕྲིན་ལས་མཉམ་པ་ཉིད་གྱུར་ནས། །དོན་གཉིས་ལྷུན་གྱིས་གྲུབ་པར་མཛད་དུ་གསོལ། །མགོན་ཁྱོད་དག་པའི་གདུལ་བྱའི་ངོ་སྐལ་དུ། །མངོན་སངས་རྒྱས་པའི་མཛད་པ་གང་བསྟན་པར། །འཁོར་གྱི་ཐོག་མར་སྐྱེས་ནས་ཉེ་བའི་སྲས། །བདག་གྱུར་ངོ་མཚར་སྣང་བ་སྟོན་ནུས་ཤོག །ངེས་དོན་ཡེ་ཤེས་བླ་མ་རང་རིག་ཞལ། །རྟག་ཏུ་བྲི་གང་བྲལ་བ་མངོན་གྱུར་ནས། །སྐུ་བཞིའི་དབང་ཕྱུག་མངའ་དབང་ལྷུན་རྫོགས་པའི། །དཔལ་ལ་སྤྱོད་པའི་སྐལ་བཟང་བསྩལ་དུ་གསོལ། །ཆོས་བཞིན་སྤྱོད་པའི་བར་ཆད་མཐའ་དག་ཞི། །མཐུན་རྐྱེན་མ་ལུས་ཡིད་བཞིན་ལྷུན་གྱིས་གྲུབ། །བསྟན་དང་འགྲོ་ལ་གཅིག་ཏུ་སྨན་པ་ཡི། །རླབས་ཆེན་བྱང་ཆུབ་སྤྱོད་པ་ཡོངས་རྫོགས་ཤོག །ཁྱད་པར་རྣམ་གཡེང་འདུ་འཛི་ཆོས་བརྒྱད་བྲལ། །དབེན་པར་སྒྲུབ་ལ་བརྩོན་པ་ལྷུར་ལེན་པས། །རྡོ་རྗེ་ནང་གི་ས་ལམ་མྱུར་རྫོགས་ནས། །ཀུན་བཟང་གདོད་མའི་དབྱིངས་སུ་གྲོལ་བར་ཤོག །མདོར་ན་འཇྃམ་དཔལ་དབྱངྃས་དངོས་བླ་མ་རྗེའི། །གསང་བ་མི་ཟད་རྒྱན་གྱི་འཁོར་ལོ་རུ། །གཅིག་ཟླུམ་ཆོསྃ་ཀྱིྃ་སྣང་བ་ས་གསུམ་དུ། །འགྱེད་པའི་བློྃ་གྲོསྃ་རྒྱ་མཚོར་དབང་ཐོབ་ཤོག །ངོ་མཚར་རྣམ་ཐར་ཆ་ཤས་ཡོངས་སུ་རྫོགས། །རྨད་བྱུང་ཐུགས་བསྐྱེད་རི་དྭགས་གཟུགས་ཀྱིས་སྤ། །ཕྲིན་ལས་བསིལ་ཟེར་འབུམ་འཕྲོ་སྤྲུལ་པའི་སྐུས། །ལྷག་མའི་གདུལ་བྱ་མྱུར་དུ་དབུགས་དབྱུང་མཛོད། ཡོངས་རྫོགས་ཐུབ་བསྟན་ཉིན་བྱེད་རྟག་ཏུ་འཆར། །འགྲོ་ལ་ཕན་བདེའི་པདྨོ་ཉམས་མེད་གསལ། །མཆོག་གསུམ་ཐུགས་རྗེའི་དགེ་མཚན་རྨད་བྱུང་བའི། །བཀྲ་ཤིས་དུས་ཀྱི་དགའ་སྟོན་འཆར་གྱུར་ཅིག {{TibChung|།ཅེས་པའང་ས་ཕག་སྣྲོན་ཟླའི་དཀར་ཕྱོགས་ཀྱི་དགའ་བ་གཉིས་པར་འཇམ་མགོན་ཡེ་ཤེས་ཉི་མའི་གཟུགས་སྐུའི་བཀོད་པ་བསྡུ་བའི་མཛད་པ་སྟོན་པའི་ཚེ་སྨྲེ་སྔགས་ཀྱིས་གསོལ་འདེབས་མོས་གུས་རྩལ་དུ་བཏོན་པའི་ཚུལ་གྱིས་བརྗོད་པའི་བྱེད་པོ་འཇམ་མགོན་བླ་མ་དགྱེས་པའི་འབངས་ཀྱི་ཐ་ཆུང་མདོ་ཁམས་པ་མངྒལའི་མིང་གིས་ལྷོ་འབྲུག་གི་རྒྱལ་ཁབ་ཏུ་བསྐྱོད་པའི་སྐབས་སུ་བྲིས་བགྱིས་པ་སྐྱེ་ཀུན་རྗེ་བཙུན་བསྟན་པའི་འཁོར་ལོ་དང་འདུ་འབྲལ་མེད་པའི་རྒྱུར་གྱུར་ཅིག }} ༈ {{TibChung| འཇམ་མགོན་བླ་མའི་རྣམ་ཐར་གསོལ་འདེབས་སྙིང་པོ་ངོ་མཚར་བདུད་རྩིའི་ཉིང་ཁུ་བཞུགས་སོ། }} ཆོས་དབྱིངས་ཀུན་ཁྱབ་མཁྱེན་གཉིས་ཡེ་ཤེས་སེམས། །དག་པའི་ཞིང་ཀུན་སྒྱུ་འཕྲུལ་རྒྱ་མཚོའི་དཔལ། །བདག་སོགས་འདུལ་ཕྱིར་འཁོར་ལོའི་དབང་ཕྱུག་ཚུལ། །འཇམ་དབྱངས་ཆོས་ཀྱི་བློ་གྲོས་གསོལ་བ་འདེབས། །འཕགས་བོད་བསྟན་པའི་ཤིང་རྟ་བགྲང་ཡས་ཀྱི། །ཡེ་ཤེས་སྤྱི་གཟུགས་མཁྱེན་བརྩེའི་དབང་པོ་ཉིད། །བསམ་བཞིན་བསྟན་འགྲོའི་དཔལ་དུ་སྐུ་སྤྲུལ་ནས། །རྡོ་རྗེའི་ལུང་གིས་བསྔགས་ལ་གསོལ་བ་འདེབས། །རྡོ་རྗེ་གདན་དངོས་ཀཿཐོག་ཆོས་ཀྱི་ཁྲིར། །ཞབས་པད་བཀོད་ཅིང་ཀུན་གཟིགས་ཆོས་རྒྱ་མཚོས། །སྡོམ་པ་གསུམ་གྱི་ཐེག་མཆོག་རྒྱལ་ཐབས་བཀོད། །གསན་བསམ་རྣམ་ཐར་རྒྱས་ལ་གསོལ་བ་འདེབས། །ཕྱི་ནང་རིག་པའི་གནས་ཀུན་ཐུགས་སུ་ཆུད། །འཆད་རྩོད་རྩོམ་པས་དམ་པའི་རྣམ་ཐར་སྐྱོང༌། །སྨིན་གྲོལ་ཆོས་ཀྱི་འབྱུང་གནས་བསྟན་མཆོག་གི །ཤིང་རྟ་ཅིག་པུར་གྱུར་ལ་གསོལ་བ་འདེབས། །རིམ་གཉིས་ཏིང་འཛིན་ཡོན་ཏན་མངའ་དབང་འབྱོར། །གཟུངས་དང་སྤོབས་པའི་གཏེར་མཛོད་དངོས་སུ་གྲོལ། །ཟབ་རྒྱས་མདོ་རྒྱུད་གསང་བ་གཟིགས་པས་རྟོགས། །འཛིན་སྤེལ་སྡུད་པའི་བྱེད་པོར་གསོལ་བ་འདེབས། །བཀའ་གདམས་གསར་རྙིང་ལམ་འབྲས་མར་ཤངས་ཀྱི། །བཀའ་བརྒྱུད་ཞི་གཅོད་ཇོ་ཞལ་དུས་འཁོར་ལོ། །སྔ་འགྱུར་བཀའ་གཏེར་ཡོངས་རྫོགས་ལེགས་གསན་ཅིང༌། །གངས་ཅན་ཁྱབ་པར་སྤེལ་ལ་གསོལ་བ་འདེབས། །དོན་གྱི་སྤང་རྟོགས་འཕགས་པའི་གོ་འཕང་བརྙེས། །ཚུར་མཐོང་མཛད་པ་ཆོས་དང་མཐུན་པར་སྟོན། །ཆོས་བརྒྱད་སྙེམས་བྲལ་རེ་དོགས་མདུད་པ་གྲོལ། །འཁྲུལ་ཞིག་རྣལ་འབྱོར་དབང་ཕྱུག་གསོལ་བ་འདེབས། །རྩ་གསུམ་ལྷ་ཡི་དགྱེས་ཞལ་དུས་ཀུན་གཟིགས། །ཆོས་ཀྱི་སྒོ་གཏད་བྱིན་རླབས་རྒྱུན་བསྙེན་པས། །དོན་གཉིས་ལྷུན་གྲུབ་བསྟན་འགྲོའི་རྒུད་སེལ་བའི། །ཕན་བདེའི་ཉིན་བྱེད་ཆེན་པོར་གསོལ་བ་འདེབས། །ཀུན་བཟང་རྡོ་རྗེའི་རྣམ་ཐར་མཐར་སོན་ཏེ། །ཐ་མའི་མཛད་པ་ངོ་མཚར་བཅས་ཏེ་བསྟན། །སླར་ཡང་བསྟན་དང་ལྷག་མའི་གདུལ་བྱའི་ཕྱིར། །སྤྲུལ་པའི་ཉིན་བྱེད་འཆར་ལ་གསོལ་བ་འདེབས། །དཔལ་མགོན་བླ་མའི་རྣམ་ཐར་རྗེས་དྲན་པས། །གསོལ་བ་བཏབ་བཞིན་བདག་གིས་མངོན་དུ་གྱུར། །ཅི་མཛད་ལེགས་མཐོང་མོས་གུས་སྐྱ་རེངས་ཀྱིས། །དགོངས་བརྒྱུད་ཉིན་བྱེད་སྙིང་ལ་འདྲེན་གྱུར་ཅིག །མགོན་ཁྱོད་བྱང་ཆུབ་མངོན་བརྙེས་ཚུལ་བསྟན་ཚེ། །ཉེ་བའི་སྲས་སུ་གྱུར་ནས་ཐུགས་མཛོད་འཛིན། །མཉེས་པ་གསུམ་གྱིས་ཐུགས་ཡིད་གཅིག་འདྲེས་ནས། །འཇམ་མགོན་མཛད་པ་མཐའ་དག་སྒྲུབ་ནུས་ཤོག {{TibChung| །ཅེས་པའང་རྗེ་བཙུན་ཐམས་ཅད་གཟིགས་པའི་ཞལ་སློབ་རྒྱལ་རྩེ་ཁྲོ་དགའི་སྲས་སྤྲུལ་སྐུ་རིན་པོ་ཆེས་ལྷ་རྫས་ཀྱི་རྟེན་དང་བཅས་དགེ་སློང་དམ་ཆོས་གྲགས་པས་ཀྱང་བསྐུལ་ངོར་བླ་མ་འཇམ་པའི་རྡོ་རྗེས་རྗེས་སུ་བཟུང་བའི་མདོ་ཁམས་པ་མཁྱེན་བརྩེའི་འོད་ཟེར་བཀྲ་ཤིས་དཔལ་འབྱོར་གྱིས་སྐུ་གདུང་རིན་པོ་ཆེའི་སྤྱན་སྔར་བྲིས་ཤིང་གསོལ་བ་བཏབ་པ་དགེ་ལེགས་སུ་གྱུར་ཅིག | {{TibP|༄༅། །ཀུན་གཟིགས་འཇམ་མགོན་བླ་མ་ཆོས་ཀྱི་བློ་གྲོས་རིན་པོ་ཆེར་གསོལ་འདེབས་ཀྱི་གདུང་དབྱངས་བྱིན་རླབས་སྤྲིན་གྱི་ཕོ་ཉ་ཞེས་བྱ་བ་བཞུགས། གཟོད་ནས་རྣམ་དག་གཞོན་ནུ་བུམ་སྐུའི་དབྱིངས། །སྐུ་གསུམ་འོད་གསལ་རྡོ་རྗེ་སྙིང་པོའི་སྤྲིན། །ཤེས་རབ་རང་བྱུང་འཇམ་དཔལ་ཀུན་ཏུ་བཟང༌། །འཁོར་འདས་སྲིད་ཞིའི་ཁྱབ་བདག་གསོལ་བ་འདེབས། །ཀུན་ཁྱབ་ཐུགས་རྗེའི་ཡེ་གདངས་སྒྲོན་མེའི་ཞིང༌། །གསང་བ་མི་ཟད་སྐུ་དང་ཡེ་ཤེས་ཀྱི། །འབྱུང་གནས་རིགས་ཀུན་ཁྱབ་བདག་དང་པོའི་མགོན། །སངས་རྒྱས་ཀུན་གྱི་མེས་པོར་གསོལ་བ་འདེབས། །རབ་འབྱམས་ཞིང་ན་རྒྱལ་དང་རྒྱལ་བའི་སྲས། །མཐའ་དག་མཛད་པའི་སྒྱུ་འཕྲུལ་རྡོ་རྗེའི་གར། །མཆོག་གི་མཁྱེན་བརྩེའི་ཡེ་ཤེས་ཀློང་རྫོགས་པས། །རྒྱལ་ཀུན་ཡབ་གཅིག་དམ་པར་གསོལ་བ་འདེབས། །ཁྱད་པར་མི་མཇེད་གདུལ་བྱའི་སྣང་ཆ་རུ། །སངས་རྒྱས་བྱང་སེམས་པཎ་གྲུབ་རིག་པ་འཛིན། །མདོ་སྔགས་ཐུབ་བསྟན་རིས་སུ་མ་ཆད་པའི། །ཤིང་རྟ་བརྒྱུད་མར་བྱོན་ལ་གསོལ་བ་འདེབས། །རྩོད་པའི་དུས་འདིར་ཐུབ་དབང་མཛད་པ་བཞིན། །གདུལ་དཀའི་ཡིད་ཅན་ཐུགས་རྗེས་མ་བོར་བའི། །གངས་ཅན་ཆོས་ཀྱི་ཉི་མ་འཇམ་པའི་དབྱངས། །མཁྱེན་བརྩེ་དབང་པོར་བསྟན་ལ་གསོལ་བ་འདེབས། །མཆོག་གི་སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི། །རྣམ་ཐར་རྒྱ་མཚོའི་སྙིང་པོ་མ་ཉམས་པར། །བསམ་བཞིན་བྱོན་པ་རིགས་བརྒྱའི་འཁོར་ལོས་བསྒྱུར། །འཇམ་དབྱངས་ཆོས་ཀྱི་བློ་གྲོས་ལ་གསོལ་བ་འདེབས། །རིས་མེད་མཁས་གྲུབ་དམ་པའི་ཡོངས་འཛིན་ལས། །ཐོས་པ་རྒྱ་མཚོའི་ཕ་རོལ་ལེགས་པར་སོན། །བསམ་བྱུང་རིག་པ་ཆོས་ཀྱི་སྙིང་པོ་བླངས། །བསྟན་འཛིན་ཀུན་གྱི་དེད་དཔོན་གསོལ་བ་འདེབས། །རྣམ་དག་སྡོམ་གསུམ་གཙང་མས་ཕུལ་དུ་ཕྱིན། །སྨིན་གྲོལ་ཆོས་ཀྱི་ཆུ་ཀླུང་འབུམ་ཕྲག་འཁྱིལ། །གངས་ཅན་བསྟན་པའི་དཔལ་ཀུན་བདག་གིར་བཞེས། །ཐུགས་བསྐྱེད་དུས་སུ་བབ་ལ་གསོལ་བ་འདེབས། །གསར་རྙིང་རྒྱུད་སྡེའི་རིང་ལུགས་བཀའ་གཏེར་གྱི། །བསྐྱེད་རྫོགས་གདམས་པའི་ཏིང་འཛིན་ལས་སུ་རུང༌། །ཐུན་མོང་མཆོག་གི་དངོས་གྲུབ་འདོད་དགུའི་སྐྱེས། །བསྟན་འགྲོའི་དཔལ་དུ་ཤར་ལ་གསོལ་བ་འདེབས། །ཟབ་མོའི་ཡེ་ཤེས་དགོངས་པ་ཀློང་དུ་གྱུར། །བླ་མ་ལྷག་པའི་ལྷ་ཡིས་རྗེས་སུ་བཟུང༌། །དབང་བསྐུར་བྱིན་རླབས་ལུང་བསྟན་དུ་མ་བརྙེས། །རིག་འཛིན་གྲུབ་པའི་དབང་ཕྱུག་གསོལ་བ་འདེབས། །གཞན་ཕན་བྱང་ཆུབ་སེམས་ཀྱི་ནུས་པ་ཡིས། །ས་གསུམ་གདུལ་བྱ་མཐོང་ཐོས་དྲན་པས་གྲོལ། །འབྲེལ་ཚད་དོན་ལྡན་ཕྲིན་ལས་གྲགས་སྙན་རྔས། །གངས་ཅན་མཐའ་དབུས་བརྡལ་ལ་གསོལ་བ་འདེབས། །སྐུ་གསུང་ཐུགས་ཀྱི་མཛད་པ་མཐའ་དག་ཀུན། །དངོས་བརྒྱུད་བསྟན་འགྲོར་སྨན་པའི་སྲོག་ཏུ་བསྩལ། །གསར་རྙིང་བསྟན་ལ་བཤད་སྒྲུབ་ཕྱག་བཞེས་ཀྱིས། །ཡོངས་སུ་བརྒྱན་པར་མཛད་ལ་གསོལ་བ་འདེབས། །དོན་གྱི་གསང་བ་རྗེ་བཙུན་འཇམ་པའི་དབྱངས། །རྣམ་རོལ་མཛད་པ་བསྟན་པའི་མིག་རྒྱན་ཅན། །ཁེངས་དྲེགས་ཀུན་སྤངས་སྦས་ཚུལ་འབའ་ཞིག་གིས། །ཆོས་བཞིན་སྤྱོད་པའི་བཤེས་གཉེན་གསོལ་བ་འདེབས། །མཁས་གྲུབ་ཚད་མའི་སྐྱེས་བུ་བགྲང་ཡས་ཀྱིས། །རིགས་ཀྱི་བདག་པོར་བསྙེན་པས་ཕྲིན་ལས་སྤེལ། །མཆོག་ཕལ་གདུལ་བྱའི་རེ་བ་ཆོས་བཞིན་སྐོང༌། །མཛད་པ་བསམ་མི་ཁྱབ་ལ་གསོལ་བ་འདེབས། །བཤད་སྒྲུབ་ལས་ཀྱི་འཁོར་ལོ་རྒྱུན་མི་ཆད། །ཡང་དག་ཆོས་ཀྱི་སྦྱིན་པས་སྐལ་ལྡན་སིམ། །གཡེང་དང་འདུ་འཛི་ཀུན་བྲལ་དོན་ལྡན་གྱི། །རྣམ་ཐར་གཙང་མས་མཛེས་ལ༴ མདོར་ན་སངས་རྒྱས་གཉིས་པ་ཆོས་ཀྱི་རྗེ། །འཇམ་དབྱངས་བླ་མ་མཁྱེན་བརྩེའི་དབང་པོ་དང༌། །རྣམ་ཐར་ཕྲིན་ལས་དབྱེར་མེད་རང་དབང་བསྒྱུར། །དྲན་པས་གདུང་སེལ་མཆོག་ལ༴ ཚུར་མཐོང་བྱིས་པ་སྐྱབས་མེད་དམུས་ལོང་དུ། །གྱུར་ནས་བསམ་ངན་གཡང་སར་རྟག་གཞོལ་བའི། །བདག་སོགས་གདུལ་བྱ་ཐུགས་རྗེས་རིང་བཏང་ནས། །དྭ་ཕྲུག་ཡལ་བར་དོར་འདི་ཇི་ལྟར་དགོངས། །ཡང་དག་ལུང་རྟོགས་བསྟན་པའི་མངའ་ཐང་བྲི། །བོད་ཡུལ་ཆོས་ཀྱི་བདེ་སྐྱིད་ངང་གིས་འཇོམས། །སྐྱབས་མེད་ལས་ངན་སེམས་ཅན་སུ་ལ་རེ། །ཡེ་ཤེས་དགོངས་པས་ད་ལྟ་དབུགས་འབྱིན་མཛོད། །རྟག་ཏུ་ཞི་བ་འོད་གསལ་ཆེན་པོའི་དབྱིངས། །མགོན་པོའི་དགོངས་པ་འཕོ་འགྱུར་མེད་དགྱེས་ཀྱང༌། །ཐུགས་བསྐྱེད་ཡུལ་དུ་གྱུར་པའི་གདུལ་བྱ་རྣམས། །ཉེས་པའི་གཡང་ལས་སྒྲོལ་བའི་དུས་ལ་བབ། །བླང་དོར་སྟོན་པའི་མིག་བུ་ཐང་ལ་བོར། །ཆོས་ཀྱི་བདུད་རྩི་སྦྱིན་པའི་མགོན་དང་བྲལ། །སྡུག་བསྔལ་ཉེས་པའི་གཡང་ས་འགྲིམ་པ་ལ། །ཉམས་ཐག་འོ་དོད་འབོད་ཡུལ་ཁྱོད་ལས་སུ། །དབང་བཅུའི་དཔལ་བརྙེས་ཕྲིན་ལས་ཆགས་ཐོགས་བྲལ། །སངས་རྒྱས་ཀུན་ལས་ཐུགས་རྗེ་བྱིན་རླབས་མྱུར། །མཁྱེན་བརྩེ་ནུས་པ་རྩལ་སྤྲུགས་དགོངས་པ་ཡིས། །མྱུར་དུ་བདག་ལ་སྐྱོབས་ཤིག་བླ་མ་རྗེ། །ཡེ་ཤེས་དགོངས་པས་སྲིད་ཞི་མཉམ་པར་བརྡལ། །དད་ལྡན་སྐལ་པ་ཅན་ལ་འབྲལ་མེད་ཀྱིས། །གཟིགས་པའི་བདེན་འབྲས་མངོན་སུམ་སྟོན་མཛད་ལ། །ཐུགས་ཡིད་དབྱེར་མེད་མཛོད་ཅིག་རིན་པོ་ཆེ། །བྱིན་རླབས་གཟི་བྱིན་འབུམ་གྱི་སྣང་བ་དང༌། །ལྷན་ཅིག་འགྲོགས་པའི་ཡེ་ཤེས་ཉིན་མོར་བྱེད། །སེམས་ཀྱི་མཁའ་ལ་མྱུར་དུ་འཆར་ནུས་པའི། །དགོངས་བརྒྱུད་དབུགས་དབྱུང་སྩོལ་བས་གྲོལ་བར་མཛོད། །ཟག་མེད་ཡོན་ཏན་བྱེ་བའི་མངའ་ཐང་གིས། །རྟག་ཏུ་མཛེས་པའི་སྐུ་བཞིའི་རྒྱལ་ཐབས་ཆེ། །ཡབ་གཅིག་སྨྲ་བའི་ཉི་མ་དགྱེས་པའི་ཞིང༌། །མཐོང་བའི་ཆོས་ལ་ད་ལྟ་ཉིད་དུ་དྲོངས། །ཚེ་རབས་ཀུན་ཏུ་རྗེ་ཁྱོད་འདུ་འབྲལ་མེད། །མཉེས་པ་གསུམ་གྱིས་ཐུགས་གསང་མཐའ་དག་འཛིན། །རྣམ་ཐར་ཕྲིན་ལས་མཉམ་པ་ཉིད་གྱུར་ནས། །དོན་གཉིས་ལྷུན་གྱིས་གྲུབ་པར་མཛད་དུ་གསོལ། །མགོན་ཁྱོད་དག་པའི་གདུལ་བྱའི་ངོ་སྐལ་དུ། །མངོན་སངས་རྒྱས་པའི་མཛད་པ་གང་བསྟན་པར། །འཁོར་གྱི་ཐོག་མར་སྐྱེས་ནས་ཉེ་བའི་སྲས། །བདག་གྱུར་ངོ་མཚར་སྣང་བ་སྟོན་ནུས་ཤོག །ངེས་དོན་ཡེ་ཤེས་བླ་མ་རང་རིག་ཞལ། །རྟག་ཏུ་བྲི་གང་བྲལ་བ་མངོན་གྱུར་ནས། །སྐུ་བཞིའི་དབང་ཕྱུག་མངའ་དབང་ལྷུན་རྫོགས་པའི། །དཔལ་ལ་སྤྱོད་པའི་སྐལ་བཟང་བསྩལ་དུ་གསོལ། །ཆོས་བཞིན་སྤྱོད་པའི་བར་ཆད་མཐའ་དག་ཞི། །མཐུན་རྐྱེན་མ་ལུས་ཡིད་བཞིན་ལྷུན་གྱིས་གྲུབ། །བསྟན་དང་འགྲོ་ལ་གཅིག་ཏུ་སྨན་པ་ཡི། །རླབས་ཆེན་བྱང་ཆུབ་སྤྱོད་པ་ཡོངས་རྫོགས་ཤོག །ཁྱད་པར་རྣམ་གཡེང་འདུ་འཛི་ཆོས་བརྒྱད་བྲལ། །དབེན་པར་སྒྲུབ་ལ་བརྩོན་པ་ལྷུར་ལེན་པས། །རྡོ་རྗེ་ནང་གི་ས་ལམ་མྱུར་རྫོགས་ནས། །ཀུན་བཟང་གདོད་མའི་དབྱིངས་སུ་གྲོལ་བར་ཤོག །མདོར་ན་འཇྃམ་དཔལ་དབྱངྃས་དངོས་བླ་མ་རྗེའི། །གསང་བ་མི་ཟད་རྒྱན་གྱི་འཁོར་ལོ་རུ། །གཅིག་ཟླུམ་ཆོསྃ་ཀྱིྃ་སྣང་བ་ས་གསུམ་དུ། །འགྱེད་པའི་བློྃ་གྲོསྃ་རྒྱ་མཚོར་དབང་ཐོབ་ཤོག །ངོ་མཚར་རྣམ་ཐར་ཆ་ཤས་ཡོངས་སུ་རྫོགས། །རྨད་བྱུང་ཐུགས་བསྐྱེད་རི་དྭགས་གཟུགས་ཀྱིས་སྤ། །ཕྲིན་ལས་བསིལ་ཟེར་འབུམ་འཕྲོ་སྤྲུལ་པའི་སྐུས། །ལྷག་མའི་གདུལ་བྱ་མྱུར་དུ་དབུགས་དབྱུང་མཛོད། ཡོངས་རྫོགས་ཐུབ་བསྟན་ཉིན་བྱེད་རྟག་ཏུ་འཆར། །འགྲོ་ལ་ཕན་བདེའི་པདྨོ་ཉམས་མེད་གསལ། །མཆོག་གསུམ་ཐུགས་རྗེའི་དགེ་མཚན་རྨད་བྱུང་བའི། །བཀྲ་ཤིས་དུས་ཀྱི་དགའ་སྟོན་འཆར་གྱུར་ཅིག {{TibChung|།ཅེས་པའང་ས་ཕག་སྣྲོན་ཟླའི་དཀར་ཕྱོགས་ཀྱི་དགའ་བ་གཉིས་པར་འཇམ་མགོན་ཡེ་ཤེས་ཉི་མའི་གཟུགས་སྐུའི་བཀོད་པ་བསྡུ་བའི་མཛད་པ་སྟོན་པའི་ཚེ་སྨྲེ་སྔགས་ཀྱིས་གསོལ་འདེབས་མོས་གུས་རྩལ་དུ་བཏོན་པའི་ཚུལ་གྱིས་བརྗོད་པའི་བྱེད་པོ་འཇམ་མགོན་བླ་མ་དགྱེས་པའི་འབངས་ཀྱི་ཐ་ཆུང་མདོ་ཁམས་པ་མངྒལའི་མིང་གིས་ལྷོ་འབྲུག་གི་རྒྱལ་ཁབ་ཏུ་བསྐྱོད་པའི་སྐབས་སུ་བྲིས་བགྱིས་པ་སྐྱེ་ཀུན་རྗེ་བཙུན་བསྟན་པའི་འཁོར་ལོ་དང་འདུ་འབྲལ་མེད་པའི་རྒྱུར་གྱུར་ཅིག }} ༈ {{TibChung| འཇམ་མགོན་བླ་མའི་རྣམ་ཐར་གསོལ་འདེབས་སྙིང་པོ་ངོ་མཚར་བདུད་རྩིའི་ཉིང་ཁུ་བཞུགས་སོ། }} ཆོས་དབྱིངས་ཀུན་ཁྱབ་མཁྱེན་གཉིས་ཡེ་ཤེས་སེམས། །དག་པའི་ཞིང་ཀུན་སྒྱུ་འཕྲུལ་རྒྱ་མཚོའི་དཔལ། །བདག་སོགས་འདུལ་ཕྱིར་འཁོར་ལོའི་དབང་ཕྱུག་ཚུལ། །འཇམ་དབྱངས་ཆོས་ཀྱི་བློ་གྲོས་གསོལ་བ་འདེབས། །འཕགས་བོད་བསྟན་པའི་ཤིང་རྟ་བགྲང་ཡས་ཀྱི། །ཡེ་ཤེས་སྤྱི་གཟུགས་མཁྱེན་བརྩེའི་དབང་པོ་ཉིད། །བསམ་བཞིན་བསྟན་འགྲོའི་དཔལ་དུ་སྐུ་སྤྲུལ་ནས། །རྡོ་རྗེའི་ལུང་གིས་བསྔགས་ལ་གསོལ་བ་འདེབས། །རྡོ་རྗེ་གདན་དངོས་ཀཿཐོག་ཆོས་ཀྱི་ཁྲིར། །ཞབས་པད་བཀོད་ཅིང་ཀུན་གཟིགས་ཆོས་རྒྱ་མཚོས། །སྡོམ་པ་གསུམ་གྱི་ཐེག་མཆོག་རྒྱལ་ཐབས་བཀོད། །གསན་བསམ་རྣམ་ཐར་རྒྱས་ལ་གསོལ་བ་འདེབས། །ཕྱི་ནང་རིག་པའི་གནས་ཀུན་ཐུགས་སུ་ཆུད། །འཆད་རྩོད་རྩོམ་པས་དམ་པའི་རྣམ་ཐར་སྐྱོང༌། །སྨིན་གྲོལ་ཆོས་ཀྱི་འབྱུང་གནས་བསྟན་མཆོག་གི །ཤིང་རྟ་ཅིག་པུར་གྱུར་ལ་གསོལ་བ་འདེབས། །རིམ་གཉིས་ཏིང་འཛིན་ཡོན་ཏན་མངའ་དབང་འབྱོར། །གཟུངས་དང་སྤོབས་པའི་གཏེར་མཛོད་དངོས་སུ་གྲོལ། །ཟབ་རྒྱས་མདོ་རྒྱུད་གསང་བ་གཟིགས་པས་རྟོགས། །འཛིན་སྤེལ་སྡུད་པའི་བྱེད་པོར་གསོལ་བ་འདེབས། །བཀའ་གདམས་གསར་རྙིང་ལམ་འབྲས་མར་ཤངས་ཀྱི། །བཀའ་བརྒྱུད་ཞི་གཅོད་ཇོ་ཞལ་དུས་འཁོར་ལོ། །སྔ་འགྱུར་བཀའ་གཏེར་ཡོངས་རྫོགས་ལེགས་གསན་ཅིང༌། །གངས་ཅན་ཁྱབ་པར་སྤེལ་ལ་གསོལ་བ་འདེབས། །དོན་གྱི་སྤང་རྟོགས་འཕགས་པའི་གོ་འཕང་བརྙེས། །ཚུར་མཐོང་མཛད་པ་ཆོས་དང་མཐུན་པར་སྟོན། །ཆོས་བརྒྱད་སྙེམས་བྲལ་རེ་དོགས་མདུད་པ་གྲོལ། །འཁྲུལ་ཞིག་རྣལ་འབྱོར་དབང་ཕྱུག་གསོལ་བ་འདེབས། །རྩ་གསུམ་ལྷ་ཡི་དགྱེས་ཞལ་དུས་ཀུན་གཟིགས། །ཆོས་ཀྱི་སྒོ་གཏད་བྱིན་རླབས་རྒྱུན་བསྙེན་པས། །དོན་གཉིས་ལྷུན་གྲུབ་བསྟན་འགྲོའི་རྒུད་སེལ་བའི། །ཕན་བདེའི་ཉིན་བྱེད་ཆེན་པོར་གསོལ་བ་འདེབས། །ཀུན་བཟང་རྡོ་རྗེའི་རྣམ་ཐར་མཐར་སོན་ཏེ། །ཐ་མའི་མཛད་པ་ངོ་མཚར་བཅས་ཏེ་བསྟན། །སླར་ཡང་བསྟན་དང་ལྷག་མའི་གདུལ་བྱའི་ཕྱིར། །སྤྲུལ་པའི་ཉིན་བྱེད་འཆར་ལ་གསོལ་བ་འདེབས། །དཔལ་མགོན་བླ་མའི་རྣམ་ཐར་རྗེས་དྲན་པས། །གསོལ་བ་བཏབ་བཞིན་བདག་གིས་མངོན་དུ་གྱུར། །ཅི་མཛད་ལེགས་མཐོང་མོས་གུས་སྐྱ་རེངས་ཀྱིས། །དགོངས་བརྒྱུད་ཉིན་བྱེད་སྙིང་ལ་འདྲེན་གྱུར་ཅིག །མགོན་ཁྱོད་བྱང་ཆུབ་མངོན་བརྙེས་ཚུལ་བསྟན་ཚེ། །ཉེ་བའི་སྲས་སུ་གྱུར་ནས་ཐུགས་མཛོད་འཛིན། །མཉེས་པ་གསུམ་གྱིས་ཐུགས་ཡིད་གཅིག་འདྲེས་ནས། །འཇམ་མགོན་མཛད་པ་མཐའ་དག་སྒྲུབ་ནུས་ཤོག {{TibChung| །ཅེས་པའང་རྗེ་བཙུན་ཐམས་ཅད་གཟིགས་པའི་ཞལ་སློབ་རྒྱལ་རྩེ་ཁྲོ་དགའི་སྲས་སྤྲུལ་སྐུ་རིན་པོ་ཆེས་ལྷ་རྫས་ཀྱི་རྟེན་དང་བཅས་དགེ་སློང་དམ་ཆོས་གྲགས་པས་ཀྱང་བསྐུལ་ངོར་བླ་མ་འཇམ་པའི་རྡོ་རྗེས་རྗེས་སུ་བཟུང་བའི་མདོ་ཁམས་པ་མཁྱེན་བརྩེའི་འོད་ཟེར་བཀྲ་ཤིས་དཔལ་འབྱོར་གྱིས་སྐུ་གདུང་རིན་པོ་ཆེའི་སྤྱན་སྔར་བྲིས་ཤིང་གསོལ་བ་བཏབ་པ་དགེ་ལེགས་སུ་གྱུར་ཅིག }}༈ རྒྱལ་ཀུན་ཐུགས་དབུས་འཇྃམ་དབྱངྃས་ཡེ་ཤེས་སེམས། །རིས་མེད་ཆོསྃ་ཀྱིྃ་ཤིང་རྟ་ཆེན་པོའི་ཚུལ། །མཁྱེན་བརྩེའི་བློྃ་གྲོསྃ་མཐུ་སྟོབས་ཕ་མཐའ་ཡས། །ཟླ་བྲལ་དཔལ་ལྡན་བླ་མར་གསོལ་བ་འདེབས། །སྙིགས་དུས་སྨག་གིས་རྒྱལ་བསྟན་སྣང་བ་འགྲིབ། །ཆོས་ཀྱི་བཤེས་གཉེན་ཡང་དག་ལམ་སྟོན་བྲལ། །ནད་མུག་མཚོན་གྱིས་ཡིད་ཅན་ཀུན་མནར་བ། །ཐུགས་རྗེས་ཡལ་བར་དོར་འདི་ཅི་ལ་དགོངས། །རྫུ་འཕྲུལ་རྐང་བཞིས་སྐྱེ་རྒ་ན་འཆི་ཡི། །ཆུ་བོ་ལས་བརྒལ་དབང་དང་སྟོབས་བཅུའི་མཐུས། །ཞིང་ཁམས་རབ་འབྱམས་སྤྲུལ་པས་ཁྱབ་སྟོན་པའི། །དགེ་མཚན་སྐྱ་རེངས་སླར་ཡང་སྤྲོ་བར་མཛོད། །ཐུགས་བསྐྱེད་འོད་བརྒྱས་སྙིགས་མའི་སྨག་རུམ་སེལ། །རྣམ་ཐར་སྟོབས་ཀྱིས་ཐུབ་བསྟན་ཡོངས་རྫོགས་འཛིན། །སྙིགས་འགྲོ་འདུལ་ལ་ཐུབ་དབང་པད་འབྱུང་གི །སྨོན་ལམ་མངོན་གྱུར་སྤྲུལ་པའི་སྐུར་བཞེངས་གསོལ། །དེ་ཡང་གསང་གསུམ་བར་ཆད་གཡུལ་ལས་རྒྱལ། །ཕྲིན་ལས་རྒྱ་མཚོའི་ལྷག་མ་ཇི་བཞིན་སྐྱོང༌། །བདག་སོགས་གདུལ་བྱ་རྗེས་སུ་མྱུར་བཟུང་བའི། །བདེན་འབྲས་མངོན་སུམ་སྩོལ་ཅིག་བླ་མ་རྗེ། །ཕྱོགས་དུས་སྲས་བཅས་རྒྱལ་བའི་བདེན་བྱིན་དང༌། །སློབ་པ་ལམ་གྱི་རྡོ་རྗེའི་ཐ་ཚིག་གིས། །ཇི་ལྟར་སྨོན་པའི་དོན་ཀུན་ལྷུན་གྲུབ་པའི། །བཀྲ་ཤིས་དགེ་མཚན་དཔལ་ཀུན་རྒྱས་གྱུར་ཅིག {{TibChung|།ཅེས་པའང་རྗེ་བཙུན་བླ་མའི་གདན་སའི་མངའ་རིས་ཆོས་རྗེ་སྤྲུལ་པའི་སྐུ་དང༌། །བླ་མ་ཤེས་རབ་རྒྱ་མཚོ་སོགས་དད་སློབ་དུ་མས་རྟེན་དང་བཅས་གསུང་གིས་བསྐུལ་བའི་རྐྱེན་དང་རང་ཉིད་ཀྱིས་ཀྱང་གདུང་ཤུགས་ཀྱིས་སྨྲེ་སྔགས་སུ་གསོལ་བ་འདེབས་པ་པོ་མདོ་ཁམས་པ་འཇིགས་མེད་མཁྱེན་བརྩེའི་འོད་ཟེར་བཀྲ་ཤིས་དཔལ་འབྱོར་དུ་འབོད་པའི་འཇམ་མགོན་བླ་མའི་སློབ་བུ་ཐ་ཆུང་གིས་སྐུ་གདུང་རིན་པོ་ཆེའི་སྤྱན་སྔར་བྲིས་ཏེ་ཇི་ལྟར་སྨོན་པ་བཞིན་འགྲུབ་པར་གྱུར་ཅིག }} ༈ {{TibChung|དཔལ་མགོན་བླ་མའི་གསོལ་འདེབས་བྱིན་རླབས་མྱུར་སྟེར་ཞེས་བྱ་བ་བཞུགས། }} ཨོཾ་སྭ་སྟི། འཇྃམ་དཔལ་དབྱངྃས་སོགས་རིགས་གསུམ་རྒྱལ་ཀུན་གྱི། །མཁྱེན་བརྩེ་ནུས་པའི་ཆོསྃ་ཀུན་འདུས་པའི་གཟུགས། །མཚོ་སྐྱེས་རྡོ་རྗེའི་ཐུགས་ཀྱིྃ་འོད་ཟེར་བཅུད། །བློྃ་གྲོསྃ་སྤོབས་མཐའ་ཡས་ལ་གསོལ་བ་འདེབས། །བདེ་གཤེགས་ཀུན་གྱི་གསང་བ་མི་ཟད་དབྱིངས། །འཇྃམ་དཔལ་དབྱངྃས་སོགས་དཔལ་ཆེན་སྒྲུབ་སྡེ་བརྒྱད། །ཀུན་གྱི་ཁྱབ་བདག་རྒྱུ་འབྲས་ཆོསྃ་ཀུན་གྱིྃ། །འབྱུང་གནས་བློྃ་གྲོསྃ་རྨད་བྱུང་གསོལ་བ་འདེབས། །འཇྃམ་མཉེནྃ་མཚན་དཔེའི་རྒྱལ་ཀུན་ཡེ་ཤེས་སྐུ། །ཟབ་རྒྱས་དབྱངྃས་སྙན་ཆོསྃ་ཀྱིྃས་འགྲོ་ཀུན་སྒྲོལ། །མཁྱེན་བརྩེའི་བློྃ་གྲོསྃ་དཔག་ཡས་ཧེ་རུ་ཀ །གནས་གསུམ་མཁའ་འགྲོའི་མེས་པོར་གསོལ་བ་འདེབས། །རྩ་གསུམ་ལྷ་ཡི་བདེན་པ་རྨད་བྱུང་གིས། །དཔལ་ལྡན་བླ་མ་འཆི་མེད་ཡེ་ཤེས་གཟུགས། །སྙིང་གིས་པདྨོར་རྟག་བརྟན་བཞུགས་པ་དང༌། །ཚེ་རབས་ཀུན་ཏུ་རྗེས་སུ་འཛིན་གྱུར་ཅིག {{TibChung| །ཅེས་པའང་ལྷོ་འབྲུག་གི་སྨན་ལྗོངས་ཐར་པ་གླིང་ནས་རྒྱལ་ཁམས་པ་མངྒ་ལའི་མིང་གིས་རྩ་གསུམ་གྱི་ཚོགས་འབུམ་ཕྲག་འབུལ་བའི་སྐབས་དད་པའི་ཡིད་ཀྱིས་ས་ག་ཟླ་བའི་ཚེས་༨་ལ་སྨོན་པ་སིདྡྷི་རསྟུ། སྔོན་ཆད་ཞབས་བརྟན་དུ་བྲིས་པ་སླར་གསོལ་འདེབས་སུ་ཚིག་བསྒྱུར་བགྱིས་པའོ།}} ༈ འཆི་མེད་ཚེྃ་མཐའ་ཡས་པའི་དབྱིངས་ཀྱི་ཡུམ། །རིག་ལྡན་ཌཱ་ཀིའི་དབང་མོའི་ཚུལ་འཛིན་པས། །རིངྃ་འཚོའི་མཆོག་སྦྱིན་ཤེལ་དཀར་རྡོ་རྗེ་འཚོ། །ཆོསྃ་ཀྱི་སྒྲོནྃ་མར་ཤར་ལ་གསོལ་བ་འདེབས།{{TibChung| །ཞེས་རྩེ་གཅིག་གུས་པས་གསོལ་བ་འདེབས་པོ་མངྒ་ལས་བྲིས་པ་དགེ།། །།}} }} | ||
</onlyinclude> | </onlyinclude> | ||
{{TsagliCall}} | {{TsagliCall}} |
Revision as of 10:00, 10 November 2022
🚧 This website is under continued development. We appreciate your patience!
ཀུན་གཟིགས་འཇམ་མགོན་བླ་མ་ཆོས་ཀྱི་བློ་གྲོས་རིན་པོ་ཆེར་གསོལ་འདེབས་ཀྱི་གདུང་དབྱངས་བྱིན་རླབས་སྤྲིན་གྱི་ཕོ་ཉ།
Wylie title | kun gzigs 'jam mgon bla ma chos kyi blo gros rin po cher gsol 'debs kyi gdung dbyangs byin rlabs sprin gyi pho nya | |
---|---|---|
Location | dil mgo mkhyen brtse bka' 'bum Volume 3, Text 7, Pages 66-72 (Folios 1a to 7b4) | |
Author | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |
Less details More details | ||
Associated People | འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ('jam dbyangs mkhyen brtse chos kyi blo gros) | |
Citation | Khyentse, Dilgo. kun gzigs 'jam mgon bla ma chos kyi blo gros rin po cher gsol 'debs kyi gdung dbyangs byin rlabs sprin gyi pho nya. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 3: 66-72. Delhi: Shechen Publications, 1994. | |
Genre | Supplications - gsol 'debs | |
Colophon |
| |
|