DKR-KABUM-02-KHA-014: Difference between revisions
From Khyentse Lineage - A Tsadra Foundation Project
No edit summary |
No edit summary |
||
Line 2: | Line 2: | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|fulltitletib= | |sectionheading=No | ||
|fulltitle= | |fulltitletib=བླ་མའི་རྣལ་འབྱོར་བྱིན་རླབས་ཉིན་བྱེད་ཀྱི་དབང་བསྐུར་བྱིན་རླབས་སྣང་བའི་གཏེར་ཆེན། | ||
|citation=[[Khyentse, Dilgo]]. ''''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 2: . Delhi: Shechen Publications, 1994. | |fulltitle=bla ma'i rnal 'byor byin rlabs nyin byed kyi dbang bskur byin rlabs snang ba'i gter chen | ||
|citation=[[Khyentse, Dilgo]]. ''Bla ma'i rnal 'byor byin rlabs nyin byed kyi dbang bskur byin rlabs snang ba'i gter chen''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 2: 83-94. Delhi: Shechen Publications, 1994. | |||
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | |collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | ||
|collectiontitle=dil mgo mkhyen brtse bka' 'bum | |collectiontitle=dil mgo mkhyen brtse bka' 'bum | ||
|author=Khyentse, Dilgo | |author=Khyentse, Dilgo | ||
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | ||
|tibgenre=Guru Yoga Texts - bla ma'i rnal 'byor | |tibgenre=Empowerment Ritual - dbang chog - dbang skur, Guru Yoga Texts - bla ma'i rnal 'byor | ||
|terma=No | |terma=No | ||
|dkroutline=Two | |dkroutline=Two | ||
Line 17: | Line 18: | ||
|volyigtib=ཁ་ | |volyigtib=ཁ་ | ||
|totalvolumes=25 | |totalvolumes=25 | ||
|textnuminvol=014 | |||
|pagenumbers=83-94 | |||
|totalpages=24 | |||
|beginfolioline=1a | |beginfolioline=1a | ||
|rectonotes= | |endfolioline=12b3 | ||
|totalfolios=12 | |||
|multivolumework=No | |||
|rectonotes=dbang chog | |||
|versonotes=byin rlabs nyin byed | |versonotes=byin rlabs nyin byed | ||
| | |colophontib=* '''First colophon:''' །ཅེས་པའང་གྲུབ་དབང་ཤཱཀྱ་ཤྲཱིའི་སྐུ་གསུང་ཐུགས་ཀྱི་སྲས་མཆོག་ཐེག་པ་མཆོག་གི་རྣལ་འབྱོར་པ་ཡེ་ཤེས་རང་གྲོལ་རིན་པོ་ཆེས་དད་མོས་ཆེན་པོའི་གསུང་གི་བསྐུལ་བ་ཡིད་ལ་གནས་པ་དང༌། སླར་ཡང་སྐྱེས་ཆེན་དམ་པའི་ངང་ཚུལ་གྱིས་གསང་གསུམ་མཛེས་པའི་ཞྭ་དེའུ་འཁྲུལ་ཞིག་མཆོག་སྤྲུལ་རིན་པོ་ཆེ་འགྱུར་མེད་ཆོས་ཀྱི་བློ་གྲོས་ནས་རིགས་འདུས་མ་ཧཱ་གུ་རུའི་སྣང་བརྙན་ཁྱད་འཕགས་ཀྱི་རྟེན་དང་བཅས་དད་བརྩེའི་གསུང་གིས་བསྐུལ་ཏེ། སྙོམ་ལས་པ་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་ནེ་པཱ་ལའི་རྒྱལ་ཁབ་ཀྱི་བྱེ་བྲག་ཤོང་རོང་སྨན་ཤིང་མེ་ཏོག་གིས་མཛེས་པའི་ས་འཛིན་གངས་རིའི་ལ་ཐོད་སྙེག་པ་སྨིན་གྲོལ་ཐུབ་བསྟན་ཆོས་གླིང་གི་རིག་འཛིན་འདུས་པའི་སྡེར་གདམས་ངག་རིན་པོ་ཆེའི་མཛོད་ཀྱི་དབང་ལུང་འཆད་པའི་ཐུན་གསེང་དུ་ཐམས་ཅད་འདུས་པའི་འབའ་སམ་གྱི་དབང་ཆོག་འདིའང་ཀུན་མཁྱེན་མཉྫུ་གྷོ་ཥའི་དུས་མཆོད་ཀྱི་ཉིན་རྫོགས་པར་བྲིས་པ་འབྲེལ་ཚད་བླ་མ་འཇམ་པའི་རྡོ་རྗེའི་གོ་འཕང་ལ་དཀྲི་བས་དོན་དང་ལྡན་པའི་རྒྱུར་གྱུར་ཅིག | ||
* '''Second colophon:''' །ཅེས་པ་འདི་ཡང་གླིང་མཆོག་ཨ་རི་བ་རྗེ་བླ་མའི་དངོས་སློབ་རྨད་བྱུང་ལྷག་པའི་བསམ་པས་ཕྱུག་པའི་དགེ་ཚུལ་མ་ངག་དབང་ཆོས་སྒྲོན་ཞེས་པའམ་མེ་ར་ལི་ནས་ཅི་འདོད་ཆོས་སྦྱིན་གྱི་སྒོ་འཕར་ཡངས་པོར་ཕྱེ་བའི་ཚེ་ན་སྨོན་ཚིག་ཏུ་དགེ་སྦྱོང་ཝཱ་གིནྡྲ་དྷརྨ་མ་ཏིས་སོ།། དགེའོ།། | |||
|colophonwylie=* '''First colophon:''' /ces pa'ang grub dbang shAkya shrI'i sku gsung thugs kyi sras mchog theg pa mchog gi rnal 'byor pa ye shes rang grol rin po ches dad mos chen po'i gsung gi bskul ba yid la gnas pa dang*/__slar yang skyes chen dam pa'i ngang tshul gyis gsang gsum mdzes pa'i zhwa de'u 'khrul zhig mchog sprul rin po che 'gyur med chos kyi blo gros nas rigs 'dus ma hA gu ru'i snang brnyan khyad 'phags kyi rten dang bcas dad brtse'i gsung gis bskul te/__snyom las pa 'gyur med theg mchog bstan pa'i rgyal mtshan gyis ne pA la'i rgyal khab kyi bye brag shong rong sman shing me tog gis mdzes pa'i sa 'dzin gangs ri'i la thod snyeg pa smin grol thub bstan chos gling gi rig 'dzin 'dus pa'i sder gdams ngag rin po che'i mdzod kyi dbang lung 'chad pa'i thun gseng du thams cad 'dus pa'i 'ba' sam gyi dbang chog 'di'ang kun mkhyen many+dzu g+ho Sha'i dus mchod kyi nyin rdzogs par bris pa 'brel tshad bla ma 'jam pa'i rdo rje'i go 'phang la dkri bas don dang ldan pa'i rgyur gyur cig | |||
* '''Second colophon:''' ces pa 'di yang gling mchog a ri ba rje bla ma'i dngos slob rmad byung lhag pa'i bsam pas phyug pa'i dge tshul ma ngag dbang chos sgron zhes pa'am me ra li nas ci 'dod chos sbyin gyi sgo 'phar yangs por phye ba'i tshe na smon tshig tu dge sbyong wA gin+d+ra d+harma ma tis so//______dge'o// | |||
|pdflink=File:DKR-KABUM-02-KHA-014.pdf | |pdflink=File:DKR-KABUM-02-KHA-014.pdf | ||
}} | }} | ||
Line 27: | Line 37: | ||
<onlyinclude> | <onlyinclude> | ||
{{TibP|༄༅། །བླ་མའི་རྣལ་འབྱོར་བྱིན་རླབས་ཉིན་བྱེད་ཀྱི་དབང་བསྐུར་བྱིན་རླབས་སྣང་བའི་གཏེར་ཆེན་བཞུགས་སོ།། | {{TibP|༄༅། །བླ་མའི་རྣལ་འབྱོར་བྱིན་རླབས་ཉིན་བྱེད་ཀྱི་དབང་བསྐུར་བྱིན་རླབས་སྣང་བའི་གཏེར་ཆེན་བཞུགས་སོ།། | ||
༄༅། །རབ་འབྱམས་ཕྱོགས་དུས་ཞིང་ན་མཚན་དང་སྐུས། །སྲིད་ཞིའི་ཕན་བདེའི་དཔལ་སྟེར་སྐྱབས་གནས་ཚོགས། །ཀུན་འདུས་འཁོར་ལོའི་མགོན་པོ་བླ་མ་རྗེའི། །ཡེ་ཤེས་ཉིན་བྱེད་སྙིང་ལ་འཆར་བར་མཛོད། །དེ་ཉིད་སྒྲུབ་པའི་ཐབས་རྨད་བྱུང༌། །ཀུན་མཐུན་ཀུན་ལས་ཁྱད་འཕགས་པའི། །རྡོ་རྗེ་བཞི་ཡི་དཀྱིལ་འཁོར་ཆེར། །སྨིན་བྱེད་ཚུལ་འདི་རྨད་དུ་བྱུང༌། །ཞེས་སྨོས་ཏེ་འདི་ཉིད་ཀྱི་སྨིན་བྱེད་སྒྲུབ་པ་ལ་སྟེགས་གཙང་མར་པདྨ་འདབ་བརྒྱད་ཚོན་གྱིས་བྲིས་པའམ། འབྲུའི་ཚོམ་བུ་ལྔ་བཀོད་པའི་དབུས་སུ་འཕྲུལ་སྟེགས་ལ་གུ་རུ་རིན་པོ་ཆེའི་སྐུ། མདུན་དུ་ཤེལ་རྡོ། གཡས་སུ་རྣམ་བུམ་དང༌། གཤིན་རྗེའི་སྐུ། རྒྱབ་ཏུ་གསང་ཐོད། གཡོན་དུ་རིག་ཙཀ །མདུན་རྒྱབ་གང་བདེར་བླ་མའི་གཏོར་མ་དང་སྨན་རཀ་བཀོད། ཉེར་སྤྱོད་བསྐོར་བཤམས་བྱ། སྤྲོ་ན་ཚོགས་ཀྱི་ཡོ་བྱད་ཀྱང་འདུ་བྱ། སློབ་དཔོན་གྱི་མདུན་དུ་ལས་བུམ། རྡོར་དྲིལ་སོགས་བཀོད་ལ་བླ་རྣལ་གཞུང་བསྲངས་ལ། བླ་མའི་མཚན་སྔགས་དང༌། བླ་མ་ཡི་དམ་དབྱེར་མེད་ཀྱི་མཚན་སྔགས་ཅི་ནུས་བཟླས་མཐར། རྣམ་བུམ་ལ་དམིགས་ཏེ། བུམ་པ་རང་བྱུང་གི་གཞལ་མེད་ཁང་དུ་རིག་འཛིན་བླ་མའི་ལྷ་ཚོགས་ཐམས་ཅད་དྭངས་པའི་མཚོ་ལ་གཟའ་སྐར་ཤར་བ་བཞིན་བཞུགས་པའི་སྐུ་ལས་བྱིན་རླབས་བདུད་རྩིའི་རྒྱུན་བབས་པས་བུམ་པ་ཡོངས་སུ་གང་བར་གྱུར། ཞེས་དམིགས་ལ་མཚན་སྔགས་གཉིས་དང༌། དབྱངས་གསལ་རྟེན་སྙིང་ཅུང་ཟད་བཟླས་པས་བྱིན་གྱིས་བརླབས། ལས་བུམ་ལ་དམིགས་ཏེ། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜལི་ཧ་ན་ཧ་ན་ཧཱུྃ་ཕཊ྄། ཞེས་བཟླས་ལ་རྡོ་རྗེའི་སྔགས་ཀྱི་རང་བཞིན་དུ་བྱིན་གྱིས་བརླབས། མཐར། བླ་མའི་གནས་གསུམ་རྡོ་རྗེའི་འབྲུ་གསུམ་ལས། །འོད་ཟེར་བདུད་རྩི་རིམ་དང་གཅིག་ཆར་བྱུང༌། །རང་གི་གནས་གསུམ་ཞུགས་ཤིང་ཐིམ་པ་ལས། །དབང་བསྐུར་སྒྲིབ་སྦྱངས་དབང་དང་དངོས་གྲུབ་ཐོབ། །ཅེས་དམིགས་ལ་དབང་ལེན་བྱ། ཚོགས་གཏོང་ན་དབང་གི་སྔོན་རྗེས་སྟབས་གང་བདེར་བྱ། དོན་དུ་གཉེར་བའི་སློབ་མ་རྣམས་ཁྲུས་ནས་དབྱུང་ལ། བགེགས་བསྐྲད། སྲུང་འཁོར་བསྒོམས་ལ། ལོ་རྒྱུས་ཀྱི་ཁྱད་པར། དེ་ཡང་ཡོན་ཏན་རིན་པོ་ཆེ་སྡུད་པའི་མདོ་ལས། སློབ་མ་བཟང་པོ་བླ་མ་གུས་ལྡན་དེ་དག་གིས། །བླ་མ་མཁས་པ་རྣམས་ལ་རྟག་ཏུ་བསྟེན་པར་བྱ། །ཅི་ཕྱིར་ཞེ་ན་མཁས་པའི་ཡོན་ཏན་དེ་ལས་འབྱུང༌། །དེ་དག་ཤེས་རབ་ཕ་རོལ་ཕྱིན་པ་རྗེས་སུ་སྟོན། །སངས་རྒྱས་ཆོས་རྣམས་དགེ་བའི་བཤེས་ལ་བརྟེན་ཏོ་ཞེས། །ཡོན་ཏན་ཀུན་གྱི་མཆོག་མངའ་རྒྱལ་བས་དེ་སྐད་གསུང༌། །ཞེས་གསུངས་པ་ལྟར་དགེ་བའི་བཤེས་གཉེན་ལ་མ་བསྟེན་ན་མངོན་མཐོའི་ལམ་ཡང་སྒྲུབ་མི་ནུས་ན་ངེས་ལེགས་ཀྱི་ལམ་ལྟ་ཅི་སྨོས་པས་ལམ་གྱི་ཡོན་ཏན་ཐམས་ཅད་དགེ་བའི་བཤེས་གཉེན་གྱི་ཐུགས་རྗེ་དང་བྱིན་རླབས་འབའ་ཞིག་ལ་རག་ལས་ཏེ། ཇི་སྐད་དུ། ཉི་མའི་དཀྱིལ་འཁོར་རབ་ཚ་ཡང༌། །མེ་ཤེལ་མེད་པར་མེ་མི་འབྱིན། །དེ་བཞིན་སངས་རྒྱས་བྱིན་རླབས་ཀྱང༌། །བླ་མ་མེད་པར་འཇུག་མི་ནུས། །ཞེས་གསུངས། མོས་གུས་སྐྱེ་བའི་ཐབས་རྨད་དུ་བྱུང་བ་ནི་བླ་མའི་རྣམ་ཐར་དང་བཀའ་དྲིན་དྲན་པས་བླ་མའི་རྣལ་འབྱོར་ཉིད་ཉམས་སུ་ལེན་པ་གལ་ཆེ་བ་གསར་རྙིང་གི་མཁས་གྲུབ་ཀུན་གྱིས་གདམས་པ་སྟེ། དེ་ལའང་བཀའ་སྲོལ་མི་འདྲ་བ་དུ་མ་ཞིག་མཆིས་པ་ལས། སྐབས་སུ་བབས་པ་འདི་ནི་རྒྱལ་བ་སྲས་དང་བཅས་པའི་ཡེ་ཤེས་ཀྱི་སྐུ་གཅིག་པུ་རྗེ་བཙུན་འཇམ་དཔལ་དབྱངས་ཉིད་གངས་ཅན་བསྟན་པ་ཡོངས་རྫོགས་ཀྱི་ཤིང་རྟ་ཆེན་པོ་ཀུན་མཁྱེན་བླ་མ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་བྱིན་གྱིས་བརླབས་པའི་སྤྲུལ་པར་ཁས་འཆེ་བའི་བླ་མའི་རྣལ་འབྱོར་ཏེ། དེ་ཡང་རིག་འཛིན་རྩ་རྒྱུད་ཐོད་པའི་དུམ་བུ་ལས། རང་སྣང་ཉིད་ལས་རང་གིས་སྤྱོད༔ སྟོན་བྱེད་གཙོ་དང་སྡུད་བྱེད་འཁོར༔ བསྒྲུབ་བྱ་ཆོས་དང་སྒྲུབ་བྱེད་ཀུན༔ རང་ལས་ལོགས་སུ་མ་ཡིན་ཏེ༔ ཞེས་གསུངས་པ་འདི་གནས་སྣང་གཉིས་ཀ་ལ་དགོངས་པ་ཡིན་ཀྱང་སྐབས་འདིར་སངས་རྒྱས་དང་སེམས་ཅན་ཆོས་ཉིད་གདོད་མའི་གཤིས་ལ་བཟང་ངན་དབྱེ་བསལ་མེད་པའི་མཉམ་པ་ཉིད་ཀྱི་གནས་ཚུལ་གྱི་དགོངས་པ་གཙོ་བོར་བཏོན་ནས་བྲིས་པ་སྟེ་དེའི་རྒྱུ་མཚན་ནི། དེ་ཡང་སྤྲུལ་གཞི་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ནི་རྒྱ་གར་འཕགས་པའི་ཡུལ་དུ་སློབ་དཔོན་འཇམ་དཔལ་བཤེས་གཉེན། པཎ་ཆེན་བི་མ་མི་ཏྲ། གྲུབ་ཆེན་དྲིལ་བུ་པ། པཎྜི་ཏ་སྒོ་མཐའ་ཡས་པའི་བློ་གྲོས། པཎ་ཆེན་ནགས་ཀྱི་རིན་ཆེན། མངའ་སྐྱོང་ཁྲི་ལྡེ། རྒྱལ་སྲས་ལྷ་རྗེ་སོགས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་དང་གདུལ་བྱ་སྨིན་གྲོལ་གྱི་ཕྲིན་ལས་བསམ་གྱིས་མི་ཁྱབ་པའི་ཚུལ་ཅན་ཤ་སྟག་ཏུ་བྱོན་ཅིང༌། དེ་དག་གཅིག་བསྡུས་ཀྱི་མཆོག་གི་སྤྲུལ་པའི་སྐུའི་སྐུ་ཚེ་འདིར་ཡང་མཁས་པའི་རྣམ་དཔྱོད། གྲུབ་པའི་ཉམས་རྟོགས། བཟང་པོའི་ཕྲིན་ལས་སོགས་སྐྱེས་ཆེན་དམ་པའི་ངང་ཚུལ་ཐམས་ཅད་གསང་བ་གསུམ་ལ་ལྷན་སྐྱེས་སུ་རྩལ་རྫོགས་པ་མངའ་བས་རྩོད་པའི་དུས་འདིར་སངས་རྒྱས་འཇིག་རྟེན་དུ་བྱོན་པ་ལྟ་བུའི་ཡིད་ཆེས་བསྔགས་པའི་དབྱངས་སྙན་མཁས་གྲུབ་ཀུན་གྱིས་བསྒྲགས་པར་མཛད་པ་ལས། རྗེ་དེའི་མཚན་གྱི་བྱིན་རླབས་ཙམ་ཐོབ་པ་རྒྱུ་མཚན་དུ་བྱས་ནས་དབྱེར་མེད་དུ་སྒྲུབ་པའི་བླ་མའི་རྣལ་འབྱོར་དུ་གདམས་ན་ལྕགས་ལ་གསེར་འགྱུར་གྱི་རྩིས་ཐེབས་པ་བཞིན་རང་ཉིད་ལས་ངན་མི་གསོག་ཅིང་སློབ་མའི་རྒྱུད་ལ་བདག་ཉིད་ཆེན་པོ་དེའི་བྱིན་རླབས་འཇུག་པའི་མོས་གུས་སྐྱེ་བའི་རྒྱུ་སྲིད་སྙམ་སྟེ་བྲིས་པའི་ཚུལ་འདིའི་བྱིན་རླབས་དབང་བསྐུར་གྱི་རིམ་པ་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། རིགས་ཀུན་ཁྱབ་བདག་ཁྱོད་ལ་འདུད། །ཐར་ལམ་ཆེན་པོ་བདག་འདོད་དེ། །དེ་ཉིད་དབང་དང་དམ་ཚིག་དང༌། །མགོན་པོ་དཔའ་བོར་སྐྱབས་སོང་ན། །ཐེག་ཆེན་ཁང་པར་ཞུགས་པ་དང༌། །མཁྱེན་རབ་ཡེ་ཤེས་བདག་ལ་སྩོལ། །ལན་གསུམ། བདག་ཅག་རྣམས་སྲིད་པ་སྡུག་བསྔལ་གྱི་རྒྱ་མཚོ་ལས་ཉོན་གྱི་རྦ་རླབས་ཀྱི་གཞན་དབང་གིས་ཁྱེར་བ་ལས་ཐར་འདོད་ཀྱི་ངེས་འབྱུང་དང༌། མཁའ་ཁྱབ་ཀྱི་འགྲོ་བ་མཐའ་གཉིས་ལས་སྒྲོལ་འདོད་ཀྱི་སྙིང་རྗེའི་བསམ་པས། སྐྱབས་གནས་ཀུན་འདུས་བླ་མ་རིན་པོ་ཆེ་ལ་ཡིད་ཆེས་ཀྱི་དད་པ་རྩེ་གཅིག་པས་བློ་གཏད་ལིང་བསྐྱུར་གྱིས་སྐྱབས་སུ་འགྲོ་བ་དང༌། མཁའ་མཉམ་གྱི་ཡིད་ཅན་མཐའ་དག་དོན་གཉིས་མཐར་སོན་བླ་མའི་གོ་འཕང་ལ་འགོད་པའི་ཕྱིར་ལམ་ཟབ་མོ་ཉམས་སུ་ལེན་སྙམ་པའི་འདུན་མོས་དང་ལྡན་པས་སྐྱབས་སེམས་འདིའི་རྗེས་ཟློས་ལན་གསུམ་མཛོད། བདག་སོགས་འགྲོ་ཀུན་སོགས་ལན་གསུམ། བསགས་སྦྱངས་ཀྱི་སྙིང་པོ་ཡན་ལག་བདུན་པས་རྒྱུད་སྦྱངས་པ་འདིའི་ཚིག་རྗེས་སུ་དོན་དྲན་པས་རྗེས་ཟློས། སྐྱབས་གནས་ཀུན་འདུས་དྲིན་ཆེན་བླ་མ་ལ། །བདག་དང་མཁའ་མཉམ་འགྲོ་བ་མ་ལུས་ཀུན། །སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ཞིང༌། །ལུས་དང་ལོངས་སྤྱོད་ཀུན་བཟང་མཆོད་སྤྲིན་འབུལ། །ཚེ་རབས་བསགས་པའི་སྡིག་ལྟུང་སྙིང་ནས་བཤགས། །བྱང་ཆུབ་སྤྱོད་མཆོག་རྒྱ་མཚོར་རྗེས་ཡི་རང༌། །ཆོས་འཁོར་བསྐོར་བཞིན་རྟག་ཏུ་བཞུགས་གསོལ་འདེབས། །དགེ་ཚོགས་འགྲོ་ཀུན་རྣམ་མཁྱེན་ཐོབ་ཕྱིར་བསྔོ། །དེ་ནས་དབང་གི་གཞི་འགོད་པ་ཡེ་ཤེས་དབབ་པའི་སླད་དུ། རྗེ་བཙུན་བླ་མའི་དག་ཆེན་ཡེ་ཤེས་ཀྱི་གཟིགས་ངོར་འབྲོམ་ཆོས་ཀྱི་རྒྱལ་པོའི་སྒྱུ་འཕྲུལ་གྱིས་བསྟན་འཛིན་བྱེ་བའི་འབྱུང་གནས་བཀའ་གདམས་བསྟན་པའི་ཆུ་འགོ་བཙུགས་ཏེ། གཞུང་གདམས་མན་ངག་ཐམས་ཅད་ཉེ་བརྒྱུད་དུ་བཀའ་བབས་པས་འབྲེལ་ཚད་དོན་ལྡན་གྱི་ཕྲིན་ལས་ནམ་མཁའ་དང་མཉམ་པས་བྱང་ཆུབ་སེམས་ཀྱི་མངའ་བདག་ལྟ་བུར་གྱུར་པའི་བྱིན་རླབས་རྒྱུད་ལ་འཕོ་བའི་ཕྱིར། གཙོ་བོའི་མདུན་དུ་བཞུགས་པའི་འབྲོམ་སྟོན་ཨུ་པཱ་སི་ཀ་ལ་མོས་གུས་ཤུགས་དྲག་ཏུ་བསྐྱེད་པས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཡོངས་ཀྱི་དགེ་བའི་བཤེས་གཉེན་ཡོངས་ཀྱི་མགོན། །རྒྱལ་བའི་གདུང་འཚོབ་གྱུར་པ་རྒྱལ་བའི་སྲས། །མཛད་པ་གཞན་གྱི་དོན་ལ་བརྩོན་མཛད་པའི། །བཤེས་གཉེན་སྟོན་པའི་ཞབས་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་མཆོག་རིན་པོ་ཆེ། །མ་སྐྱེས་པ་རྣམས་སྐྱེས་པ་དང༌། །སྐྱེས་པ་ཉམས་པ་མེད་པར་ཡང༌། །གོང་ནས་གོང་དུ་འཕེལ་བར་ཤོག །ཅེས་གསོལ་འདེབས་དང་སྨོན་ལམ་སྦྲེལ་བ་ལན་གསུམ། ཞེས་གསོལ་བ་བཏབ་པས་འབྲོམ་ཆོས་ཀྱི་རྒྱལ་པོ་སྤྱན་རས་གཟིགས་ཞལ་གཅིག་ཕྱག་གཉིས་པའི་སྐུར་བཞེངས་པའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པ་སློབ་མ་ལ་ཕོག་པས་བཀོད་པ་བསམ་གྱིས་མི་ཁྱབ་པའི་ཐིག་ལེའི་གཞལ་ཡས་ཁང་གི་དབུས་སུ་རང་རྡོ་རྗེ་རྣལ་འབྱོར་མ་སྤྱན་རས་གཟིགས་ཞལ་གཅིག་ཕྱག་ཉིས་པ་གཡས་ནོར་བུའི་ཕྲེང་བ་དང༌། གཡོན་ཤེལ་གྱི་མཁར་བའི་རྩེ་མོ་སངས་རྒྱས་སྟོང་གིས་མཚན་པ་འཛིན་པ། ཞབས་གཉིས་མཉམ་སྟབས་ཀྱིས་བཞེངས་པ་དར་དང་རིན་པོ་ཆེའི་རྒྱན་ཅན་མཚན་དཔེའི་གཟི་བྱིན་མཆོག་ཏུ་འབར་བའི་གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན་པ་དང༌། འབྲོམ་ཆོས་ཀྱི་རྒྱལ་པོ་དང་འཕགས་པ་འཇིག་རྟེན་དབང་ཕྱུག་ཐ་མི་དད་པའི་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཡི་དམ་དཔའ་བོ་རྣལ་འབྱོར་མའི་ཚོགས་ཐམས་ཅད་འཕགས་པ་སྤྱན་རས་གཟིགས་ཐིག་ལེ་བཅུ་དྲུག་གི་ལྷ་ཚོགས་ཀྱི་རྣམ་པར་སྤྱན་དྲངས་ཏེ་ཁྱེད་རང་ལ་ཐིམ་པས་རྡོ་རྗེ་གསུམ་གྱི་ཡེ་ཤེས་ཀྱི་བྱིན་གྱིས་བརླབ་པར་གྱུར་པའི་མོས་པ་མཛོད། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱརྻ་ལོ་ཀེ་ཤྭ་ར་སརྦ་བྷུདྡྷ་བོདྷི་སཏྭ་དེ་ཝ་ཌཱ་ཀི་ནཱི་ས་པ་རི་ཝཱ་ར་ས་མ་ཡ་ཨ་བེ་ཤ་ཡ་ཨ་ཨཿ ཞེས་བཟླ་ཞིང་སྤོས་རོལ་དང་བཅས་པས་ཡེ་ཤེས་པ་དབབ། ཏིཥྛ་བཛྲས་བརྟན་པར་བྱས་པའི་རྐྱེན་གྱིས་སྣོད་བཅུད་ཀྱི་སྣང་ཆ་ཐམས་ཅད་འདི་ལྟར་གསལ་ཐོབ་མཛོད། འཇའ་ཚོན་གུར་ནང་པད་དཀར་ལྟེ་བ་ལ། །ཡི་གེ་དྲུག་ལས་བྱུང་བའི་གཞལ་ཡས་དབུས། །རྒྱལ་བ་རྒྱ་མཚོ་ཕྱག་སྟོང་སྤྱན་སྟོང་ལྡན། །མཐའ་ཡས་རྒྱལ་བའི་ཞིང་ཀུན་སྐུ་ལ་གནས། །སྤྲུལ་པའི་གར་གྱིས་མཁའ་མཉམ་འགྲོ་བ་འདྲེན། །ཞེས་གསལ་བས་ཡིག་དྲུག་བརྒྱ་རྩ་བཟླ། བདེ་ན་བདེ་བ་ཚོགས་སུ་བསྔོ། །བདེ་བ་ཆེན་པོས་ནམ་མཁའ་གང་བར་ཤོག །སྡུག་ན་སྡུག་བསྔལ་བདག་གིས་ཁུར། །འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་སྐེམ་པར་ཤོག །ཅེས་གཏོང་ལེན་གྱི་དམིགས་པ་དང་སྦྱར་བས་ལན་གསུམ། དེ་ནས་དབང་ཀུན་གྱི་གཞི་དང་པོ་བུམ་དབང་བསྐུར་བའི་སླད་དུ་མཎྜལ་ཕུལ། གསོལ་བ་གདབ་པ་འདིའི་རྗེས་ཟློས། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་བསྩལ་བ་ལྟར། །བདག་ཀྱང་སྐྱོབ་པའི་དོན་གྱི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །ཞེས་གསོལ་བ་བཏབ་པས་གཙོ་བོའི་གཡས་སུ་བཞུགས་པའི་རྒྱལ་ཀུན་ཡབ་གཅིག་འཇམ་དཔལ་གཞོན་ནུ་རྒྱུད་སྡེ་རྒྱ་མཚོའི་མངའ་བདག་ཏུ་བྱོན་པ་གངས་ཅན་རྡོ་རྗེ་འཛིན་པའི་གཙུག་རྒྱན་དཔལ་ས་སྐྱ་བ་རྗེ་བཙུན་གྲགས་པ་རྒྱལ་མཚན་རྡོ་རྗེ་འཛིན་པ་གསང་བ་འདུས་པ་ཞེས་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱིས་ཆེ་བ་བརྗོད་པས་བསྔགས་པ་རྡོ་རྗེ་འཆང་ལོངས་སྤྱོད་རྫོགས་པའི་སྐུར་བཞེངས་པའི་སྨིན་མཚམས་ནས་གདན་གསུམ་ཚང་བའི་དབང་ལྷ་ནམ་མཁའ་གང་བར་སྤྲོས་ཏེ་བཀྲ་ཤིས་པའི་རྣམ་པ་དུ་མ་བཅས་ཏེ་རིན་པོ་ཆེའི་བུམ་པ་བདུད་རྩིའི་ཆུ་རྒྱུན་གྱིས་གང་བས་དབང་བསྐུར་པར་གྱུར། བུམ་པ་ཐོགས་ཏེ། སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི། །གསང་གསུམ་གནས་ལས་བྱུང་བ་ཡི། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པས། །རྡོ་རྗེའི་དབང་བསྐུར་ཆེན་པོ་སྦྱིན། །ཨོཾ་བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ༔ བུམ་ཆུ་སྦྱིན། ཞེས་དབང་བསྐུར་བས་བུམ་པའི་ཆུ་རྒྱུན་སྤྱི་བོ་ནས་ཞུགས། ལུས་ཀྱི་ནང་གང་ཉོན་མོངས་པ་དུག་ལྔ་སྦྱངས། ཕུང་ཁམས་སྐྱེ་མཆེད་ཐམས་ཅད་གདན་གསུམ་ལྷའི་ངོ་བོར་གདོད་ནས་གནས་པ་ཉིད་མངོན་གྱུར་དུ་སད། ཆུའི་ལྷག་མ་སྤྱི་བོར་འཁྱིལ་བ་ལས་སློབ་མའི་གཞི་ལུས་ཀྱང་རིགས་ཀུན་ཁྱབ་བདག་རྡོ་རྗེ་སེམས་དཔའི་སྐུར་གྱུར། སླར་ཡང་གསོལ་བ་བཏབ་པས་གཙོ་བོའི་ཐུགས་ཀའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་བདེ་གཤེགས་རིགས་ཀྱི་ཁྱབ་བདག་ཧེ་རུ་ཀ་འཇམ་དཔལ་གཤིན་རྗེ་གཤེད་ཀྱི་གནས་གསུམ་ནས་སྐུ་སྔགས་ཕྱག་མཚན་གྱི་རྣམ་པ་འོད་དཀར་དམར་མཐིང་གའི་ཟེར་དང་བཅས་པ་སྤྲོས། རང་གི་གནས་གསུམ་དུ་ཐིམ་པས་རྡོ་རྗེ་གསུམ་གྱི་བྱིན་རླབས་ཀྱིས་ནང་ནུས་པ་འཇུག་པའི་དབང་བསྐུར་བ་མོས་ཤིག །གཤིན་རྗེའི་སྐུ་གནས་གསུམ་དུ་བཞག་ལ། ཧཱུྃ༔ རང་བྱུང་ཐིག་ལེ་ཉག་གཅིག་ལས༔ འཁོར་འདས་ཟིལ་གནོན་བླ་སྐུར་ཤར༔ གཉིས་མེད་ཕྱག་རྒྱའི་དབང་བསྐུར་བས༔ སྣང་ཞེན་གཟུང་འཛིན་རང་གྲོལ་ཤོག༔ ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཀཱ་ཡ་ཝཱཀ་ཙིཏྟ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ༔ དེ་ནས་བུམ་དབང་དང་རྗེས་སུ་འབྲེལ་བ་རང་དཔལ་ལྡན་བླ་མ་རྡོ་རྗེ་སེམས་དཔའི་སྐུ་ཡི་གསལ་སྣང་ལ་སེམས་གཏད་པས། ཡེ་ཤེས་རྒྱལ་པོ་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་རྨད་པོ་ཆེ། །དེ་ཉིད་དུ་ནི་མཉམ་སྦྱོར་བས། །ཕྱག་རྒྱ་ཆེན་པོར་བདག་སྦྱོར་ཅིག །ཨོཾ་བཛྲ་ས་མ་ཡ་སྟྭཾ། ཨོཾ་བཛྲ་ས་མ་ཡ་ཧཱུྃ། ཨོཾ་བཛྲ་ས་མ་ཡ་ཧོཿ ཞེས་བརྗོད། ཡང་སྙིང་ཡི་གེ་དྲུག་པ་ཅུང་ཟད་བཟླ་བར་ཞུ། དེ་ལྟར་ན་བསྐྱེད་པ་སྐུ་ཡི་དཀྱིལ་འཁོར་དུ་བུམ་པའི་དབང་ཐོབ། དམ་ཚིག་རྩ་བ་དང་ཡན་ལག་གི་དམ་ཚིག་ཉི་ཤུ་རྩ་གཉིས་སྲུང་བ་ལ་དབང༌། གཙོ་བོ་ལུས་ཀྱི་དྲི་མ་དག །ལམ་བསྐྱེད་རིམ་བསྒོམ་པ་ལ་དབང༌། འབྲས་བུ་སྤྲུལ་པའི་སྐུའི་ས་བོན་རྒྱུད་ལ་བཞག་པ་ཡིན་ནོ། །གཉིས་པ་གསང་དབང་བསྐུར་བ་ལ་གཙོ་བོའི་སྐུ་རྒྱབ་ས་བཅུའི་དབང་ཕྱུག་མཉམ་མེད་ཟླ་འོད་གཞོན་ནུ་ཉིད་རྒྱལ་ཡུམ་རྡོ་རྗེ་ཕག་མོ་དམར་མོ་གྲི་ཐོད་འཛིན་ཅིང་རྡོ་རྗེའི་ཁ་ཊྭཱྃ་ག་མཆན་གཡོན་དུ་བཅངས་ཤིང་ཞབས་གར་སྟབས་ཀྱིས་པད་ཉི་བམ་རོའི་སྟེང་ན་བཞུགས་པའི་ཁ་ཊྭཱཾ་ག་ཐབས་ཀྱི་སྣང་ཆ་ཡབ་ཧེ་རུ་ཀ་འཁོར་ལོ་སྡོམ་པར་གནས་གྱུར་ཏེ་སྦྱོར་བའི་འོད་ཟེར་གྱིས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་བདེ་བའི་འོད་ཟེར་གྱིས་བསྐུལ་ཏེ་ཡུམ་གྱིས་ཞལ་དུ་ཞུགས། རྗེས་ཆགས་ཀྱིས་ཞུ་བའི་བྱང་སེམས་སྦྱོར་མཚམས་ནས་བཏོན་ཏེ་ལྕེ་ལ་བཞག་པར་མོས་མཛོད། ཐོད་ཆང་ཐོགས་ལ། ཇི་ལྟར་འདས་པའི་སངས་རྒྱས་ཀྱིས། །སྔོན་ཆད་སྲས་ལ་དབང་བསྐུར་ལྟར། །དེ་བཞིན་དུ་ནི་བྱང་ཆུབ་སེམས། །བཟང་པོས་བུ་ཁྱོད་དབང་བསྐུར་རོ། །ཞེས་བྱིན་པའི་བདུད་རྩི་དེ་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོར་མོས་ཏེ། ཨོཾ་ཨཱཿཧཱུྃ། ཞེས་བརྗོད་དེ་མྱངས་བས་གཞིར་གནས་ཀྱི་དྭངས་མ་མགྲིན་པར་གནས་པ་ལ་འདྲེས། རང་བཞིན་བརྒྱད་ཅུའི་རྟོག་པ་དབྱིངས་སུ་ཐིམ་པའི་སྟོང་བཞིའི་ཡེ་ཤེས་རང་གསལ་གྱི་དེ་ཉིད་རྒྱུད་ལ་སྐྱེས་པར་མོས་མཛོད། དེ་ལྟར་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་གསང་དབང་ཐོབ། ངག་གི་དྲི་མ་དག །དམ་ཚིག་རིགས་ལྔ་ཡེ་ཤེས་ལྔའི་བདུད་རྩི་བསྟེན་པ་ལ་དབང༌། ལམ་བདག་བྱིན་བརླབ་པའི་རིམ་པ་ལ་དབང༌། འབྲས་བུ་ལོངས་སྐུའི་ས་བོན་རྒྱུད་ལ་བཞག་པ་ཡིན་ནོ། །དེའི་ངང་ལས་རང་ཉིད་སྐད་ཅིག་གིས་རྡོ་རྗེ་ཕག་མོའི་སྐུ་སྣང་སྟོང་སྒྱུ་མ་ལྟ་བུའི་སྐུར་ལམ་གྱིས་གསལ་བའི་ལུས་དབུས་རྩ་གསུམ་འཁོར་ལོ་བཞི་དང༌། དབུ་མའི་ཡར་མར་གྱི་རྩེར་ཨ་ཧྃ་གིས་མཚན་པ་ཨ་ལས་གཏུམ་མོ་ཡེ་ཤེས་ཀྱི་མེ་འབར། སྤྱི་བོའི་ཧྃ་ཞུ། འཁོར་ལོ་བཞིར་ཡས་རིམ་གྱིས་སོན་པས་དགའ་བཞིའི་ཉམས་སྐྱེས་པར་བསམ་ལ་ནུས་ན་བུམ་ཅན་བཟུང༌། མ་ནུས་ན་བར་རླུང་བཟུང་ལ། ཨ་ཧ་རི་ནི་ས། ཞེས་འབུམ་ཕྲག་མཁའ་འགྲོའི་སྲོག་སྙིང་ཅུང་ཟད་བགྲང་བར་ཞུ། ཞེས་བརྗོད་ལ་ལྷན་དུ་བཟླ། གསུམ་པ་ཤེར་དབང་གི་སླད་དུ། གཙོ་བོའི་གཡོན་གྱི་རྟོགས་ལྡན་ཟླ་བ་སེང་གེའི་ཕྱི་ནང་གཞན་གསུམ་ཡེ་ཤེས་ཆེན་པོར་དག་པའི་དཔལ་དུས་ཀྱི་འཁོར་ལོ་དང་པོའི་སངས་རྒྱས་ཀྱི་སྐུར་བཞེངས་པའི་སྣ་ཚོགས་ཡུམ་ལས་གཟུགས་དང་ལང་ཚོ་རྫོགས་པའི་ཕྱག་རྒྱ་སྤྲོས་མ་ཐག་ཁྱེད་རང་དཔལ་རྡོ་རྗེ་སེམས་དཔའི་སྐུར་གྱུར་པ་ལ་ཐར་པ་བསྟེན་པར་བསྐུར་བར་གྱུར། རིག་ཙཀ་བསྟན་ལ། གཟུངས་མ་ཡིད་འོང་འདི་ཁྱོད་ཀྱིས། །བསྟེན་ཕྱིར་སངས་རྒྱས་རྣམས་ཀྱིས་བརྟག །འཁོར་ལོ་རིམ་པའི་སྦྱོར་བ་ཡིས། །བདེ་བ་དམ་པ་མྱང་བར་བགྱི། །པདྨ་བཛྲ་མོཀྵ་ཧོ། དེ་ལྟར་གཏད་པའི་རིག་མ་རྡོ་རྗེ་སྙེམས་མ། རང་རྡོ་རྗེ་སེམས་དཔར་གསལ་བ་སྐུ་གསུམ་གྱི་བདག་ཉིད་འདུ་ཤེས་གསུམ་གྱིས་སྙོམས་པར་ཞུགས་པས་ཕྱི་གཽ་རིམ་དང༌། ནང་གནས་ལ་ལྡོག་པའི་ས་དང་ཡས་བབས་མས་བརྟན་གྱི་དགའ་བཞི་ཉམས་སུ་མྱོང༌། བྱང་ཆུབ་སེམས་ཀྱི་ལུས་ཁྱབ་པ་ལས་བདེ་གསལ་མི་རྟོག་པའི་ཏིང་འཛིན་རྒྱུད་ལ་སྐྱེས་པར་མོས་མཛོད། དབང་གསུམ་པ་དང་རྗེས་སུ་འབྲེལ་བའི་རྡོ་རྗེ་བཙུན་མོ་རྣལ་འབྱོར་མའི་རྡོ་རྗེ་གསུམ་གྱི་བྱིན་རླབས་ཐུན་མོང་མ་ཡིན་པ་འབོག་པ་ནི། འདི་ལྟར་སྣང་བའི་ཆོས་ཕྱི་སྣོད་དག་པ་མཁའ་སྤྱོད་རིག་པ་འཛིན་པའི་དགའ་ཚལ། ནང་བཅུད་གྲོང་ཁྱེར་གསུམ་གྱི་དཔའ་བོ་རྣལ་འབྱོར་མའི་དཀྱིལ་འཁོར་དུ་ཤར་བའི་དབུས་སུ་རང་ཉིད་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་བསྐལ་མེ་ལྟར་འབར་བ། ལང་ཚོ་དར་ལ་བབ་པའི་གཞོན་ནུ་མའི་ངང་ཚུལ་ཅན། གཡས་རྡོ་རྗེའི་གྲི་གུག་ཐུར་དུ་བརྐྱངས་ནས་འཛིན་པ་གཡོན་ཐོད་ཁྲག་སྟེང་ཕྱོགས་སུ་བཟུང་ནས་ཟུར་ཞལ་གྱེན་དུ་ཕྱོགས་པས་གསོལ་བ། ཕྲག་གཡོན་རྡོ་རྗེའི་ཁ་ཊྭཱཾ་ག་འཕྱང་བ། ཞབས་གཡས་བརྐྱང་གཡོན་བསྐུམ་གྱིས་འཇིགས་བྱེད་དུས་མཚན་མནན་པས་པད་ཉིའི་སྟེང་ན་བཞུགས་ཤིང་སྐུ་ལས་ཡེ་ཤེས་ཀྱི་མེ་འོད་འཕྲོ་བ་ལ་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་དང༌། གནས་ཡུལ་དུར་ཁྲོད་ཆེན་པོ་བརྒྱད་ཀྱི་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་སྐུ་དགྱེས་པའི་གར་མཛད། གསུང་སྔགས་ཀྱི་སྒྲ་སྒྲོག །ཐུགས་བདེ་སྟོང་རོས་མྱོས་པ་ཆར་བབ་པ་ལྟར་བྱོན་ནས་སིབ་སིབ་ཐིམ་པར་གྱུར། ཨོཾ་ཨོཾ་ཨོཾ་སརྦ་བྷུདྡྷ་ཌཱ་ཀི་ནཱི་ཡེ། བཛྲ་ཝརྞ་ནཱི་ཡེ། བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུྃ་ཧཱུྃ་ཧཱུྃ། ཕཊ་ཕཊ་ཕཊ་སྭཱ་ཧཱ། ཞེས་བཟླ་ཞིང་སྤོས་རོལ་བྱ། དེས་ནི་ཕྱི་རྣམ་བཅས་ཀྱི་རྡོ་རྗེ་རྣལ་འབྱོར་མ་སྤྱན་དྲངས་ཤིང་བསྟིམས་པས་རྡོ་རྗེ་སྐུའི་བྱིན་རླབས་ཐོབ། ལུས་ཀྱི་སྒྲིབ་པ་དག །གཙོ་བོ་ལུས་སྣང་བཅས་འདོད་ཁམས་དག་པས་སྔགས་སྐྱེས་ཀྱི་ཕོ་ཉའི་ཚོགས་དང་རྟེན་འབྲེལ་བསྒྲིགས་པ་ཡིན་ནོ། །དེ་ལྟར་ཕྱིའི་རྣལ་འབྱོར་མ་སྤྱན་དྲངས་ཤིང་བསྟིམས་པའི་རྐྱེན་གྱིས་ལུས་ནང་རྩ་དབུ་མའི་ཡས་མར་གྱི་སྣར་དགའ་འཁྱིལ་དམར་དཀར་གཉིས་དབུ་མའི་ནང་ནས་ཡར་མར་སོང་བས་ལུས་སེམས་ལ་བདེ་བས་ཁྱབ་མཐར་སྣང་བ་ཐམས་ཅད་སྟོང་པར་ཡལ། དགའ་འཁྱིལ་གཉིས་སྙིང་གར་གཅིག་ཏུ་འདྲེས་ཏེ་ཤུགས་དྲག་ཏུ་འཁོར་ནས་འཇའ་ཡལ་བ་བཞིན་སོང་བར་བསམ་ལ་སྤོས་རོལ་བྱ། དེས་ནི་གདོད་ནས་གནས་པའི་སྦས་པ་ནང་གི་རྣལ་འབྱོར་མ་ངོ་སྤྲད་པས་རྡོ་རྗེའི་གསུང་གི་བྱིན་རླབས་ཐོབ། ངག་གི་སྒྲིབ་པ་དག །ཕྱེད་སྣང་གཟུགས་ཁམས་དག་པས་ཞིང་སྐྱེས་ཕོ་ཉའི་ཚོགས་དང་རྟེན་འབྲེལ་བསྒྲིགས་པ་ཡིན་ནོ། །སླར་ཡང་རང་ཉིད་སྐད་ཅིག་གིས་རྣལ་འབྱོར་མར་གསལ་བ་ཁ་ཊྭཱཾ་ག་དཔལ་ཧེ་རུ་ཀར་གྱུར་པ་དང་སྙོམས་པར་ཞུགས་པ་རྒྱུ་འབྲས་དགའ་བཞི་ལུགས་འབྱུང་ལྡོག་ཉམས་སུ་མྱོང་བར་བསམ་སྤོས་རོལ་བྱ། དེས་ནི་སེམས་ཉིད་ལྷན་ཅིག་སྐྱེས་པ་གསང་བའི་རྣལ་འབྱོར་མ་དཔེ་ཡི་ཐབས་ལ་བརྟེན་ནས་མངོན་དུ་བྱས་པས་རྡོ་རྗེ་ཐུགས་ཀྱི་བྱིན་རླབས་ཐོབ། ཡིད་ཀྱི་སྒྲིབ་པ་དག །གཙོ་བོ་ཡིད་མི་སྣང་གཟུགས་མེད་དག་པས་ལྷན་སྐྱེས་ཕོ་ཉའི་ཚོགས་དང་རྟེན་འབྲེལ་བསྒྲིགས་པ་ཡིན་ནོ། །བདེ་སྟོང་གི་སྣང་ཆ་ཐམས་ཅད་ཆོས་ཉིད་སྟོང་པའི་དབྱིངས་སུ་འཇའ་ཡལ་བ་ལྟར་སོང་བར་བསམ་ལ་ཅི་ནུས་སུ་མཉམ་པར་བཞག་ཏེ་སྤོས་རོལ་བྱ། དེས་ནི་དེ་བཞིན་ཉིད་དོན་གྱི་ཡེ་ཤེས་རྡོ་རྗེའི་བྱིན་རླབས་ཐོབ། བག་ཆགས་ཀྱི་སྒྲིབ་པ་དག །གཙོ་བོ་སྒོ་གསུམ་ཐ་དད་དུ་འཛིན་པའི་བག་ཆགས་དག་ནས། ཕོ་ཉ་གསུམ་འདུ་བ་མཁའ་ལ་སྤྱོད་པའི་རྟེན་འབྲེལ་བསྒྲིགས་པ་ཡིན་ནོ། །དེ་ལྟར་ན་ཕྱག་རྒྱ་⁽14a4⁾⁽14ab⁾་གའི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། སེམས་ཀྱི་དྲི་མ་དག །དམ་ཚིག་ཏུ་ཤེས་རབ་མ་ལ་མི་སྨོད། ལམ་དཀྱིལ་འཁོར་འཁོར་ལོར་བསྒོམ་པ་ལ་དབང༌། འབྲས་བུ་ཆོས་སྐུའི་ས་བོན་རྒྱུད་ལ་བཞག་པ་ཡིན་ནོ། །བཞི་པ་དབང་བཞི་པ་ལ། ཐུན་མོང་དང༌། ཁྱད་པར་གཉིས་ལས། དང་པོའི་སླད་དུ་གུ་རུའི་གསོལ་འདེབས་རྡོ་རྗེའི་ཚིག་རྐང་བདུན་མ་ལན་གསུམ་གསུང་བར་ཞུ། ཞེས་རྗེས་ཟློས་བྱེད་དུ་བཅུག །ཅེས་གསོལ་བ་བཏབ་པས། གུ་རུ་རིན་པོ་ཆེས། ཚིག་བདུན་གསོལ་འདེབས་གདུང་བའི་དབྱངས་དང་བཅས༔ ཐོད་པ་ལྟག་སྤྲོད་རོལ་མོས་དྲག་བསྐུལ་ན༔ ཨོ་རྒྱན་ང་ཉིད་རྔ་ཡབ་དཔལ་རི་ནས༔ གཅེས་པའི་བུ་ངུ་མ་ཡིས་མི་བཟོད་བཞིན༔ བྱིན་གྱིས་རློབ་བོ་དམ་ཚིག་ན་ར་ཀན༔ ཞེས་རྡོ་རྗེའི་ཞལ་བཞེས་རྔ་ཡབ་ཟངས་མདོག་དཔལ་གྱི་རི་བོས་མཚོན་པའི་སྐུ་གསུམ་དག་པའི་ཞིང་རབ་འབྱམས་ནས་རྩ་གསུམ་རྒྱལ་བ་རབ་འབྱམས་སྤྲིན་ཆེན་རླུང་གིས་བསྐྱོད་བཞིན་འཇའ་འོད་མེ་ཏོག་གི་ཆར་དང་བཅས་ཏེ་བྱོན་པ་དང་ཆབས་ཅིག་འཁོར་གྱི་ལྷ་ཚོགས་ཐམས་ཅད་ཀྱང་གཙོ་བོ་ལ་འདུས། གཙོ་བོ་ཉིད་སྐྱབས་གནས་རྒྱ་མཚོའི་སྤྱི་དཔལ་དུ་གྱུར་པའི་གསང་གསུམ་ནས་འོད་ཟེར་དཀར་དམར་མཐིང་གསུམ་བདུད་རྩིའི་ཟེགས་མ་ཅན་སྤྲོས་པ་སློབ་མའི་གནས་གསུམ་དུ་ཐིམ་པས་དབང་བཞི་གཅིག་ཆར་དུ་ཐོབ། དགོངས་བརྒྱུད་བྱིན་རླབས་འཕོ་བའི་རྟོགས་པ་ནམ་མཁའ་དང་མཉམ་པར་མོས་ཤིག །སྐུ་ཚབ་དང༌། མེད་ན་བླ་མའི་འདྲ་འབག་གནས་གསུམ་དུ་བཞག་ཏེ། ཧཱུྃ༔ ཆོས་དབྱིངས་སྐྱེ་མེད་ངང་ལས་མ་གཡོས་ཀྱང༔ ལོངས་སྐུ་གསལ་ལ་མ་འདྲེས་གུ་རུའི་སྐུ༔ སྤྲུལ་སྐུ་སྣ་ཚོགས་ཐབས་ཀྱིས་འགྲོ་བ་འདུལ༔ སྐུ་གསུམ་ངང་དུ་མ་འདྲེས་ཡོངས་རྫོགས་གསལ༔ སྔོན་ཚེ་པད་འབྱུང་ཁྱེད་དང་སྨོན་ལམ་གཅིག༔ ད་ལྟ་བདག་ཉིད་སློབ་མའི་སྟངས་བཟུང་སྟེ༔ སྲོག་གི་ཕྱིར་ཡང་མི་གཏོང་སྒྲུབ་ལགས་ན༔ ཡེ་ཤེས་རབ་འབྱམས་དབང་ཆེན་བསྐུར་དུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཀཱ་ཡ་ཝཱཀ་ཙིཏྟ་སརྦ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་ཧྲཱིཿ གཙོ་བོའི་བླ་མའི་གནས་གསུམ་འོད་ཟེར་དང༌། །སྐུ་དང་ཡིག་འབྲུ་ཧཱུྃ་ཡིག་ལྔ་ལྡན་འོད། །བདག་གི་ལྟེ་བར་ཐིམ་པས་བཞི་པ་ཐོབ། །འཕོ་བའི་སྒྲིབ་སྦྱངས་ཟུང་འཇུག་སྒོམ་ལ་དབང༌། །འབྲས་བུ་ངོ་བོ་ཉིད་སྐུ་ཐོབ་ནུས་མཛོད། །གཉིས་པ་ཁྱད་པར་གྱི་སླད་དུ་སླར་ཡང་མོས་གུས་རྩལ་སྤྲུགས་སུ་བསྐྱེད་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། སངས་རྒྱས་ཀུན་གྱི་མཁྱེནྃ་གཉིས་ཡེ་ཤེས་གཟུགས། །བརྩེྃ་ཆེན་ཡེ་ཤེས་རྣམ་རོལ་འཇམ་དཔལ་དབྱངས། །ཐུབ་བསྟན་ཤིང་རྟ་མཁས་གྲུབ་དབང་པོ་ཆེ། །པྃདྨྃ་མདོྃ་སྔགྃས་གླིངྃ་པར་གསོལ་བ་འདེབས། །ཁྱེད་ནི་ཟག་མེད་ཡོན་ཏན་ཀུན་གྱི་གཏེར། །རྡོ་རྗེ་གསུམ་གྱི་ཡེ་ཤེས་ཆེན་པོ་ཡིས། །བདག་གི་སྒོ་གསུམ་སྨིན་གྲོལ་བྱིན་བརླབས་ནས། །ཐུགས་ཡིད་གཅིག་ཏུ་འདྲེས་པར་བྱིན་གྱིས་རློབས། །སྲས་བཅས་རྒྱལ་བའི་རྣམ་ཐར་མ་ལུས་པ། །རྗེ་བཙུན་འཇམ་དཔལ་དབྱངས་ལ་རྫོགས་པ་བཞིན། །བདག་ཀྱང་འགྲོ་ཀུན་སྲིད་ཞི་ལས་སྒྲོལ་བའི། །ཐུགས་བསྐྱེད་མཛད་པ་དེ་བཞིན་འགྲུབ་པར་ཤོག །ལན་གསུམ་གྱི་རྗེས། གཙོ་བོའི་ཐུགས་ཀར་བཞུགས་པའི་ཡེ་ཤེས་སེམས་དཔའ་མཁྱེན་བརྩེའི་དབང་པོའི་ཕྱག་གཡས་སྡིགས་མཛུབ་དང་བཅས་ཏེ་རྡོ་རྗེའི་ཚིག་འདི་གསུང་བར་མོས་མཛོད། ཤེལ་རྡོ་འཕྱར་ལ། གཟུང་བའི་ཡུལ་གྱི་མ་གོས་ཤིང༌། །འཛིན་པའི་རྟོག་པས་མ་བསླད་པར། །རིག་སྟོང་རྗེན་པར་བསྐྱང་པ་ནི། །སངས་རྒྱས་ཀུན་གྱི་དགོངས་པའོ། །ཞེས་གསུངས་པའི་མཐར་ཡེར་གྱིས་བྱོན་ནས་རང་ལ་ཐིམ་མ་ཐག །རིགས་བདག་ཨོ་རྒྱན་བླ་མའི་དགོངས་པ་གཏད། །ཐུགས་ནས་ལྔ་ལྡན་ཐིག་ལེ་སྙིང་གར་བསྟིམ། །རིག་པ་རྩལ་གྱི་དབང་ཆེན་བསྐུར་བ་ཡིས། །བཀའ་གཏེར་རྒྱུད་ལུང་མན་ངག་ཐམས་ཅད་ཀྱི། །སྨིན་གྲོལ་ཡོངས་རྫོགས་ཐུགས་ཡིད་གཅིག་ཏུ་འདྲེས། །གསང་གསུམ་རྡོ་རྗེ་བཞི་དབྱིངས་མངོན་སངས་རྒྱས། །དོན་གཉིས་ལྷུན་གྲུབ་ཆོས་ཀྱི་རྒྱལ་པོར་གྱུར། །ཞེས་བསམ་ནས་ཐུགས་ཡིད་བསྲེས་ལ། འཿཨཿཧཿཤཿསཿམཿ མ་མ་ཀོ་ལིང་ས་མནྟ༔ ཞེས་ཅུང་ཟད་བཟླར་གཞུག །དེ་ལྟར་ན་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་ཐུན་མོང་དང་ཁྱད་པར་གྱི་དབང་བཞི་པ་ཐོབ། སྒོ་གསུམ་ཆ་མཉམ་གྱི་དྲི་མ་དག །ཡེ་སྲུང་ཆེན་པོའི་དམ་ཚིག་བསྲུང་བ་དང༌། ལམ་ཀ་དག་ལྷུན་གྲུབ་ཟུང་འཇུག་སྒོམ་པ་ལ་དབང༌། འབྲས་བུ་ངོ་བོ་ཉིད་སྐུ་ཐོབ་པའི་ས་བོན་རྒྱུད་ལ་བཞག་པ་ཡིན་ནོ། །དེ་དག་གིས་བླ་མ་སྐུ་བཞིའི་དཀྱིལ་འཁོར་དུ་འཇུག་ཅིང་སྨིན་པར་བྱས་པས། སྣང་སྤྱོད་ལྷ་སྔགས་ཡེ་ཤེས་ཀྱི་རོལ་པར་ཤེས་པའི་དག་སྣང་གིས་བླ་མའི་དཀྱིལ་འཁོར་ལ་སྤྱོད་པར་བགྱི་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་བཀའ་བསྩལ་པ། །སོགས་ལན་གསུམ། གཏང་རག་མཎྜལ་ལུས་འབུལ་དགེ་བསྔོ་སྤྱི་ལྟར་བྱས་ལ་སློབ་མ་རྣམས་གྲོལ། སློབ་དཔོན་ནས་དབང་ལེན་ནས་བརྩམས་རྗེས་རིམ་མཐའ་རྒྱས་སུ་བྱའོ། །ཀྱེ་ཧོ། བདག་ནི་སོ་སོའི་སྐྱེ་བོ་ཐ་མལ་པ། །ལས་ཉོན་མི་གཙང་རྒྱ་མཚོར་བྱིང་བཞིན་དུ། །འདི་ལྟའི་བླ་མའི་རྣལ་འབྱོར་འབྲི་དེ་ནི། །འཕགས་རྣམས་ཡེ་ཤེས་སྤྱན་སྔར་ངོ་གནོང་འགྱོད། །མཚན་ལྡན་བླ་མ་དམ་པའི་བཀའ་དྲིན་གྱིས། །གསར་རྙིང་གདམས་པའི་བདུད་རྩི་མང་ཐོས་པ། །ཉམས་ལེན་རྒྱུད་ལ་སྦྱོར་བའི་སྐལ་མེད་ཀྱང༌། །ཟབ་ཆོས་ཁྲོམ་བསྒྲགས་བྱེད་དགོས་ལས་ཀྱིས་བསྐོས། །དེ་ཚེ་དག་སྣང་སྤྱན་ཡངས་དམ་པ་འགའི། །གསུང་གི་དབྱུ་གུས་བསྐུལ་བས་རབ་བརྟགས་རྔ། །གྲོང་གསེབ་ཁྱི་རྒན་དག་གི་ཀུ་ཅོ་བཞིན། །དུས་ངན་རྟགས་སུ་མི་བརྡུང་ཀ་མེད་གྱུར། །དབྱིངས་ན་བཞུགས་པའི་བླ་མ་རྒྱལ་བའི་སྲས། །སྙིང་རྗེའི་སྤྱན་གྱིས་བྱེད་ལས་འདི་གཟིགས་ནས། །བདག་གཞན་སྒྲིབ་པའི་རྒྱུ་རུ་མི་འགྱུར་བར། །འཇམ་དབྱངས་བླ་མའི་གོ་འཕང་ཐོབ་པར་ཤོག །ཅེས་པའང་གྲུབ་དབང་ཤཱཀྱ་ཤྲཱིའི་སྐུ་གསུང་ཐུགས་ཀྱི་སྲས་མཆོག་ཐེག་པ་མཆོག་གི་རྣལ་འབྱོར་པ་ཡེ་ཤེས་རང་གྲོལ་རིན་པོ་ཆེས་དད་མོས་ཆེན་པོའི་གསུང་གི་བསྐུལ་བ་ཡིད་ལ་གནས་པ་དང༌། སླར་ཡང་སྐྱེས་ཆེན་དམ་པའི་ངང་ཚུལ་གྱིས་གསང་གསུམ་མཛེས་པའི་ཞྭ་དེའུ་འཁྲུལ་ཞིག་མཆོག་སྤྲུལ་རིན་པོ་ཆེ་འགྱུར་མེད་ཆོས་ཀྱི་བློ་གྲོས་ནས་རིགས་འདུས་མ་ཧཱ་གུ་རུའི་སྣང་བརྙན་ཁྱད་འཕགས་ཀྱི་རྟེན་དང་བཅས་དད་བརྩེའི་གསུང་གིས་བསྐུལ་ཏེ། སྙོམ་ལས་པ་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་ནེ་པཱ་ལའི་རྒྱལ་ཁབ་ཀྱི་བྱེ་བྲག་ཤོང་རོང་སྨན་ཤིང་མེ་ཏོག་གིས་མཛེས་པའི་ས་འཛིན་གངས་རིའི་ལ་ཐོད་སྙེག་པ་སྨིན་གྲོལ་ཐུབ་བསྟན་ཆོས་གླིང་གི་རིག་འཛིན་འདུས་པའི་སྡེར་གདམས་ངག་རིན་པོ་ཆེའི་མཛོད་ཀྱི་དབང་ལུང་འཆད་པའི་ཐུན་གསེང་དུ་ཐམས་ཅད་འདུས་པའི་འབའ་སམ་གྱི་དབང་ཆོག་འདིའང་ཀུན་མཁྱེན་མཉྫུ་གྷོ་ཥའི་དུས་མཆོད་ཀྱི་ཉིན་རྫོགས་པར་བྲིས་པ་འབྲེལ་ཚད་བླ་མ་འཇམ་པའི་རྡོ་རྗེའི་གོ་འཕང་ལ་དཀྲི་བས་དོན་དང་ལྡན་པའི་རྒྱུར་གྱུར་ཅིག །སྭ་སྟི། ཡོན་ཏན་ཀུན་རྫོགས་ཁ་བའི་རྡུལ་བརྩེགས་བཞིན། །བྱིན་རླབས་ཆུ་བོས་སྐལ་ལྡན་ཚིམ་མཛད་ཅིང༌། །རང་ཁམས་ལྷན་སྐྱེས་མངོན་སུམ་སྟོན་པའི་བདག །བླ་མ་སྒྲུབ་ལས་འཕགས་པའི་ཐབས་གཞན་ཅི། །དད་པའི་མཁའ་ལས་སྨིན་བྱེད་རྡོ་རྗེའི་གསུང༌། །ཆུ་འཛིན་གསར་པའི་སྤྲིན་གྱི་མེ་ཏོག་གང༌། །སྐལ་ལྡན་ཞིང་སར་ཕབ་པའི་སྨིན་ལམ་བརྡས། །རྡོ་རྗེ་བཞི་ཡི་གསེར་སྙེ་གཡུར་ཟ་ཤོག །ཅེས་པ་འདི་ཡང་གླིང་མཆོག་ཨ་རི་བ་རྗེ་བླ་མའི་དངོས་སློབ་རྨད་བྱུང་ལྷག་པའི་བསམ་པས་ཕྱུག་པའི་དགེ་ཚུལ་མ་ངག་དབང་ཆོས་སྒྲོན་ཞེས་པའམ་མེ་ར་ལི་ནས་ཅི་འདོད་ཆོས་སྦྱིན་གྱི་སྒོ་འཕར་ཡངས་པོར་ཕྱེ་བའི་ཚེ་ན་སྨོན་ཚིག་ཏུ་དགེ་སྦྱོང་ཝཱ་གིནྡྲ་དྷརྨ་མ་ཏིས་སོ།། དགེའོ།། །།}} | ༄༅། །རབ་འབྱམས་ཕྱོགས་དུས་ཞིང་ན་མཚན་དང་སྐུས། །སྲིད་ཞིའི་ཕན་བདེའི་དཔལ་སྟེར་སྐྱབས་གནས་ཚོགས། །ཀུན་འདུས་འཁོར་ལོའི་མགོན་པོ་བླ་མ་རྗེའི། །ཡེ་ཤེས་ཉིན་བྱེད་སྙིང་ལ་འཆར་བར་མཛོད། །དེ་ཉིད་སྒྲུབ་པའི་ཐབས་རྨད་བྱུང༌། །ཀུན་མཐུན་ཀུན་ལས་ཁྱད་འཕགས་པའི། །རྡོ་རྗེ་བཞི་ཡི་དཀྱིལ་འཁོར་ཆེར། །སྨིན་བྱེད་ཚུལ་འདི་རྨད་དུ་བྱུང༌། །ཞེས་སྨོས་ཏེ་འདི་ཉིད་ཀྱི་སྨིན་བྱེད་སྒྲུབ་པ་ལ་སྟེགས་གཙང་མར་པདྨ་འདབ་བརྒྱད་ཚོན་གྱིས་བྲིས་པའམ། འབྲུའི་ཚོམ་བུ་ལྔ་བཀོད་པའི་དབུས་སུ་འཕྲུལ་སྟེགས་ལ་གུ་རུ་རིན་པོ་ཆེའི་སྐུ། མདུན་དུ་ཤེལ་རྡོ། གཡས་སུ་རྣམ་བུམ་དང༌། གཤིན་རྗེའི་སྐུ། རྒྱབ་ཏུ་གསང་ཐོད། གཡོན་དུ་རིག་ཙཀ །མདུན་རྒྱབ་གང་བདེར་བླ་མའི་གཏོར་མ་དང་སྨན་རཀ་བཀོད། ཉེར་སྤྱོད་བསྐོར་བཤམས་བྱ། སྤྲོ་ན་ཚོགས་ཀྱི་ཡོ་བྱད་ཀྱང་འདུ་བྱ། སློབ་དཔོན་གྱི་མདུན་དུ་ལས་བུམ། རྡོར་དྲིལ་སོགས་བཀོད་ལ་བླ་རྣལ་གཞུང་བསྲངས་ལ། བླ་མའི་མཚན་སྔགས་དང༌། བླ་མ་ཡི་དམ་དབྱེར་མེད་ཀྱི་མཚན་སྔགས་ཅི་ནུས་བཟླས་མཐར། རྣམ་བུམ་ལ་དམིགས་ཏེ། བུམ་པ་རང་བྱུང་གི་གཞལ་མེད་ཁང་དུ་རིག་འཛིན་བླ་མའི་ལྷ་ཚོགས་ཐམས་ཅད་དྭངས་པའི་མཚོ་ལ་གཟའ་སྐར་ཤར་བ་བཞིན་བཞུགས་པའི་སྐུ་ལས་བྱིན་རླབས་བདུད་རྩིའི་རྒྱུན་བབས་པས་བུམ་པ་ཡོངས་སུ་གང་བར་གྱུར། ཞེས་དམིགས་ལ་མཚན་སྔགས་གཉིས་དང༌། དབྱངས་གསལ་རྟེན་སྙིང་ཅུང་ཟད་བཟླས་པས་བྱིན་གྱིས་བརླབས། ལས་བུམ་ལ་དམིགས་ཏེ། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜལི་ཧ་ན་ཧ་ན་ཧཱུྃ་ཕཊ྄། ཞེས་བཟླས་ལ་རྡོ་རྗེའི་སྔགས་ཀྱི་རང་བཞིན་དུ་བྱིན་གྱིས་བརླབས། མཐར། བླ་མའི་གནས་གསུམ་རྡོ་རྗེའི་འབྲུ་གསུམ་ལས། །འོད་ཟེར་བདུད་རྩི་རིམ་དང་གཅིག་ཆར་བྱུང༌། །རང་གི་གནས་གསུམ་ཞུགས་ཤིང་ཐིམ་པ་ལས། །དབང་བསྐུར་སྒྲིབ་སྦྱངས་དབང་དང་དངོས་གྲུབ་ཐོབ། །ཅེས་དམིགས་ལ་དབང་ལེན་བྱ། ཚོགས་གཏོང་ན་དབང་གི་སྔོན་རྗེས་སྟབས་གང་བདེར་བྱ། དོན་དུ་གཉེར་བའི་སློབ་མ་རྣམས་ཁྲུས་ནས་དབྱུང་ལ། བགེགས་བསྐྲད། སྲུང་འཁོར་བསྒོམས་ལ། ལོ་རྒྱུས་ཀྱི་ཁྱད་པར། དེ་ཡང་ཡོན་ཏན་རིན་པོ་ཆེ་སྡུད་པའི་མདོ་ལས། སློབ་མ་བཟང་པོ་བླ་མ་གུས་ལྡན་དེ་དག་གིས། །བླ་མ་མཁས་པ་རྣམས་ལ་རྟག་ཏུ་བསྟེན་པར་བྱ། །ཅི་ཕྱིར་ཞེ་ན་མཁས་པའི་ཡོན་ཏན་དེ་ལས་འབྱུང༌། །དེ་དག་ཤེས་རབ་ཕ་རོལ་ཕྱིན་པ་རྗེས་སུ་སྟོན། །སངས་རྒྱས་ཆོས་རྣམས་དགེ་བའི་བཤེས་ལ་བརྟེན་ཏོ་ཞེས། །ཡོན་ཏན་ཀུན་གྱི་མཆོག་མངའ་རྒྱལ་བས་དེ་སྐད་གསུང༌། །ཞེས་གསུངས་པ་ལྟར་དགེ་བའི་བཤེས་གཉེན་ལ་མ་བསྟེན་ན་མངོན་མཐོའི་ལམ་ཡང་སྒྲུབ་མི་ནུས་ན་ངེས་ལེགས་ཀྱི་ལམ་ལྟ་ཅི་སྨོས་པས་ལམ་གྱི་ཡོན་ཏན་ཐམས་ཅད་དགེ་བའི་བཤེས་གཉེན་གྱི་ཐུགས་རྗེ་དང་བྱིན་རླབས་འབའ་ཞིག་ལ་རག་ལས་ཏེ། ཇི་སྐད་དུ། ཉི་མའི་དཀྱིལ་འཁོར་རབ་ཚ་ཡང༌། །མེ་ཤེལ་མེད་པར་མེ་མི་འབྱིན། །དེ་བཞིན་སངས་རྒྱས་བྱིན་རླབས་ཀྱང༌། །བླ་མ་མེད་པར་འཇུག་མི་ནུས། །ཞེས་གསུངས། མོས་གུས་སྐྱེ་བའི་ཐབས་རྨད་དུ་བྱུང་བ་ནི་བླ་མའི་རྣམ་ཐར་དང་བཀའ་དྲིན་དྲན་པས་བླ་མའི་རྣལ་འབྱོར་ཉིད་ཉམས་སུ་ལེན་པ་གལ་ཆེ་བ་གསར་རྙིང་གི་མཁས་གྲུབ་ཀུན་གྱིས་གདམས་པ་སྟེ། དེ་ལའང་བཀའ་སྲོལ་མི་འདྲ་བ་དུ་མ་ཞིག་མཆིས་པ་ལས། སྐབས་སུ་བབས་པ་འདི་ནི་རྒྱལ་བ་སྲས་དང་བཅས་པའི་ཡེ་ཤེས་ཀྱི་སྐུ་གཅིག་པུ་རྗེ་བཙུན་འཇམ་དཔལ་དབྱངས་ཉིད་གངས་ཅན་བསྟན་པ་ཡོངས་རྫོགས་ཀྱི་ཤིང་རྟ་ཆེན་པོ་ཀུན་མཁྱེན་བླ་མ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་བྱིན་གྱིས་བརླབས་པའི་སྤྲུལ་པར་ཁས་འཆེ་བའི་བླ་མའི་རྣལ་འབྱོར་ཏེ། དེ་ཡང་རིག་འཛིན་རྩ་རྒྱུད་ཐོད་པའི་དུམ་བུ་ལས། རང་སྣང་ཉིད་ལས་རང་གིས་སྤྱོད༔ སྟོན་བྱེད་གཙོ་དང་སྡུད་བྱེད་འཁོར༔ བསྒྲུབ་བྱ་ཆོས་དང་སྒྲུབ་བྱེད་ཀུན༔ རང་ལས་ལོགས་སུ་མ་ཡིན་ཏེ༔ ཞེས་གསུངས་པ་འདི་གནས་སྣང་གཉིས་ཀ་ལ་དགོངས་པ་ཡིན་ཀྱང་སྐབས་འདིར་སངས་རྒྱས་དང་སེམས་ཅན་ཆོས་ཉིད་གདོད་མའི་གཤིས་ལ་བཟང་ངན་དབྱེ་བསལ་མེད་པའི་མཉམ་པ་ཉིད་ཀྱི་གནས་ཚུལ་གྱི་དགོངས་པ་གཙོ་བོར་བཏོན་ནས་བྲིས་པ་སྟེ་དེའི་རྒྱུ་མཚན་ནི། དེ་ཡང་སྤྲུལ་གཞི་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ནི་རྒྱ་གར་འཕགས་པའི་ཡུལ་དུ་སློབ་དཔོན་འཇམ་དཔལ་བཤེས་གཉེན། པཎ་ཆེན་བི་མ་མི་ཏྲ། གྲུབ་ཆེན་དྲིལ་བུ་པ། པཎྜི་ཏ་སྒོ་མཐའ་ཡས་པའི་བློ་གྲོས། པཎ་ཆེན་ནགས་ཀྱི་རིན་ཆེན། མངའ་སྐྱོང་ཁྲི་ལྡེ། རྒྱལ་སྲས་ལྷ་རྗེ་སོགས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་དང་གདུལ་བྱ་སྨིན་གྲོལ་གྱི་ཕྲིན་ལས་བསམ་གྱིས་མི་ཁྱབ་པའི་ཚུལ་ཅན་ཤ་སྟག་ཏུ་བྱོན་ཅིང༌། དེ་དག་གཅིག་བསྡུས་ཀྱི་མཆོག་གི་སྤྲུལ་པའི་སྐུའི་སྐུ་ཚེ་འདིར་ཡང་མཁས་པའི་རྣམ་དཔྱོད། གྲུབ་པའི་ཉམས་རྟོགས། བཟང་པོའི་ཕྲིན་ལས་སོགས་སྐྱེས་ཆེན་དམ་པའི་ངང་ཚུལ་ཐམས་ཅད་གསང་བ་གསུམ་ལ་ལྷན་སྐྱེས་སུ་རྩལ་རྫོགས་པ་མངའ་བས་རྩོད་པའི་དུས་འདིར་སངས་རྒྱས་འཇིག་རྟེན་དུ་བྱོན་པ་ལྟ་བུའི་ཡིད་ཆེས་བསྔགས་པའི་དབྱངས་སྙན་མཁས་གྲུབ་ཀུན་གྱིས་བསྒྲགས་པར་མཛད་པ་ལས། རྗེ་དེའི་མཚན་གྱི་བྱིན་རླབས་ཙམ་ཐོབ་པ་རྒྱུ་མཚན་དུ་བྱས་ནས་དབྱེར་མེད་དུ་སྒྲུབ་པའི་བླ་མའི་རྣལ་འབྱོར་དུ་གདམས་ན་ལྕགས་ལ་གསེར་འགྱུར་གྱི་རྩིས་ཐེབས་པ་བཞིན་རང་ཉིད་ལས་ངན་མི་གསོག་ཅིང་སློབ་མའི་རྒྱུད་ལ་བདག་ཉིད་ཆེན་པོ་དེའི་བྱིན་རླབས་འཇུག་པའི་མོས་གུས་སྐྱེ་བའི་རྒྱུ་སྲིད་སྙམ་སྟེ་བྲིས་པའི་ཚུལ་འདིའི་བྱིན་རླབས་དབང་བསྐུར་གྱི་རིམ་པ་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། རིགས་ཀུན་ཁྱབ་བདག་ཁྱོད་ལ་འདུད། །ཐར་ལམ་ཆེན་པོ་བདག་འདོད་དེ། །དེ་ཉིད་དབང་དང་དམ་ཚིག་དང༌། །མགོན་པོ་དཔའ་བོར་སྐྱབས་སོང་ན། །ཐེག་ཆེན་ཁང་པར་ཞུགས་པ་དང༌། །མཁྱེན་རབ་ཡེ་ཤེས་བདག་ལ་སྩོལ། །ལན་གསུམ། བདག་ཅག་རྣམས་སྲིད་པ་སྡུག་བསྔལ་གྱི་རྒྱ་མཚོ་ལས་ཉོན་གྱི་རྦ་རླབས་ཀྱི་གཞན་དབང་གིས་ཁྱེར་བ་ལས་ཐར་འདོད་ཀྱི་ངེས་འབྱུང་དང༌། མཁའ་ཁྱབ་ཀྱི་འགྲོ་བ་མཐའ་གཉིས་ལས་སྒྲོལ་འདོད་ཀྱི་སྙིང་རྗེའི་བསམ་པས། སྐྱབས་གནས་ཀུན་འདུས་བླ་མ་རིན་པོ་ཆེ་ལ་ཡིད་ཆེས་ཀྱི་དད་པ་རྩེ་གཅིག་པས་བློ་གཏད་ལིང་བསྐྱུར་གྱིས་སྐྱབས་སུ་འགྲོ་བ་དང༌། མཁའ་མཉམ་གྱི་ཡིད་ཅན་མཐའ་དག་དོན་གཉིས་མཐར་སོན་བླ་མའི་གོ་འཕང་ལ་འགོད་པའི་ཕྱིར་ལམ་ཟབ་མོ་ཉམས་སུ་ལེན་སྙམ་པའི་འདུན་མོས་དང་ལྡན་པས་སྐྱབས་སེམས་འདིའི་རྗེས་ཟློས་ལན་གསུམ་མཛོད། བདག་སོགས་འགྲོ་ཀུན་སོགས་ལན་གསུམ། བསགས་སྦྱངས་ཀྱི་སྙིང་པོ་ཡན་ལག་བདུན་པས་རྒྱུད་སྦྱངས་པ་འདིའི་ཚིག་རྗེས་སུ་དོན་དྲན་པས་རྗེས་ཟློས། སྐྱབས་གནས་ཀུན་འདུས་དྲིན་ཆེན་བླ་མ་ལ། །བདག་དང་མཁའ་མཉམ་འགྲོ་བ་མ་ལུས་ཀུན། །སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ཞིང༌། །ལུས་དང་ལོངས་སྤྱོད་ཀུན་བཟང་མཆོད་སྤྲིན་འབུལ། །ཚེ་རབས་བསགས་པའི་སྡིག་ལྟུང་སྙིང་ནས་བཤགས། །བྱང་ཆུབ་སྤྱོད་མཆོག་རྒྱ་མཚོར་རྗེས་ཡི་རང༌། །ཆོས་འཁོར་བསྐོར་བཞིན་རྟག་ཏུ་བཞུགས་གསོལ་འདེབས། །དགེ་ཚོགས་འགྲོ་ཀུན་རྣམ་མཁྱེན་ཐོབ་ཕྱིར་བསྔོ། །དེ་ནས་དབང་གི་གཞི་འགོད་པ་ཡེ་ཤེས་དབབ་པའི་སླད་དུ། རྗེ་བཙུན་བླ་མའི་དག་ཆེན་ཡེ་ཤེས་ཀྱི་གཟིགས་ངོར་འབྲོམ་ཆོས་ཀྱི་རྒྱལ་པོའི་སྒྱུ་འཕྲུལ་གྱིས་བསྟན་འཛིན་བྱེ་བའི་འབྱུང་གནས་བཀའ་གདམས་བསྟན་པའི་ཆུ་འགོ་བཙུགས་ཏེ། གཞུང་གདམས་མན་ངག་ཐམས་ཅད་ཉེ་བརྒྱུད་དུ་བཀའ་བབས་པས་འབྲེལ་ཚད་དོན་ལྡན་གྱི་ཕྲིན་ལས་ནམ་མཁའ་དང་མཉམ་པས་བྱང་ཆུབ་སེམས་ཀྱི་མངའ་བདག་ལྟ་བུར་གྱུར་པའི་བྱིན་རླབས་རྒྱུད་ལ་འཕོ་བའི་ཕྱིར། གཙོ་བོའི་མདུན་དུ་བཞུགས་པའི་འབྲོམ་སྟོན་ཨུ་པཱ་སི་ཀ་ལ་མོས་གུས་ཤུགས་དྲག་ཏུ་བསྐྱེད་པས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཡོངས་ཀྱི་དགེ་བའི་བཤེས་གཉེན་ཡོངས་ཀྱི་མགོན། །རྒྱལ་བའི་གདུང་འཚོབ་གྱུར་པ་རྒྱལ་བའི་སྲས། །མཛད་པ་གཞན་གྱི་དོན་ལ་བརྩོན་མཛད་པའི། །བཤེས་གཉེན་སྟོན་པའི་ཞབས་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་མཆོག་རིན་པོ་ཆེ། །མ་སྐྱེས་པ་རྣམས་སྐྱེས་པ་དང༌། །སྐྱེས་པ་ཉམས་པ་མེད་པར་ཡང༌། །གོང་ནས་གོང་དུ་འཕེལ་བར་ཤོག །ཅེས་གསོལ་འདེབས་དང་སྨོན་ལམ་སྦྲེལ་བ་ལན་གསུམ། ཞེས་གསོལ་བ་བཏབ་པས་འབྲོམ་ཆོས་ཀྱི་རྒྱལ་པོ་སྤྱན་རས་གཟིགས་ཞལ་གཅིག་ཕྱག་གཉིས་པའི་སྐུར་བཞེངས་པའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པ་སློབ་མ་ལ་ཕོག་པས་བཀོད་པ་བསམ་གྱིས་མི་ཁྱབ་པའི་ཐིག་ལེའི་གཞལ་ཡས་ཁང་གི་དབུས་སུ་རང་རྡོ་རྗེ་རྣལ་འབྱོར་མ་སྤྱན་རས་གཟིགས་ཞལ་གཅིག་ཕྱག་ཉིས་པ་གཡས་ནོར་བུའི་ཕྲེང་བ་དང༌། གཡོན་ཤེལ་གྱི་མཁར་བའི་རྩེ་མོ་སངས་རྒྱས་སྟོང་གིས་མཚན་པ་འཛིན་པ། ཞབས་གཉིས་མཉམ་སྟབས་ཀྱིས་བཞེངས་པ་དར་དང་རིན་པོ་ཆེའི་རྒྱན་ཅན་མཚན་དཔེའི་གཟི་བྱིན་མཆོག་ཏུ་འབར་བའི་གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན་པ་དང༌། འབྲོམ་ཆོས་ཀྱི་རྒྱལ་པོ་དང་འཕགས་པ་འཇིག་རྟེན་དབང་ཕྱུག་ཐ་མི་དད་པའི་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཡི་དམ་དཔའ་བོ་རྣལ་འབྱོར་མའི་ཚོགས་ཐམས་ཅད་འཕགས་པ་སྤྱན་རས་གཟིགས་ཐིག་ལེ་བཅུ་དྲུག་གི་ལྷ་ཚོགས་ཀྱི་རྣམ་པར་སྤྱན་དྲངས་ཏེ་ཁྱེད་རང་ལ་ཐིམ་པས་རྡོ་རྗེ་གསུམ་གྱི་ཡེ་ཤེས་ཀྱི་བྱིན་གྱིས་བརླབ་པར་གྱུར་པའི་མོས་པ་མཛོད། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱརྻ་ལོ་ཀེ་ཤྭ་ར་སརྦ་བྷུདྡྷ་བོདྷི་སཏྭ་དེ་ཝ་ཌཱ་ཀི་ནཱི་ས་པ་རི་ཝཱ་ར་ས་མ་ཡ་ཨ་བེ་ཤ་ཡ་ཨ་ཨཿ ཞེས་བཟླ་ཞིང་སྤོས་རོལ་དང་བཅས་པས་ཡེ་ཤེས་པ་དབབ། ཏིཥྛ་བཛྲས་བརྟན་པར་བྱས་པའི་རྐྱེན་གྱིས་སྣོད་བཅུད་ཀྱི་སྣང་ཆ་ཐམས་ཅད་འདི་ལྟར་གསལ་ཐོབ་མཛོད། འཇའ་ཚོན་གུར་ནང་པད་དཀར་ལྟེ་བ་ལ། །ཡི་གེ་དྲུག་ལས་བྱུང་བའི་གཞལ་ཡས་དབུས། །རྒྱལ་བ་རྒྱ་མཚོ་ཕྱག་སྟོང་སྤྱན་སྟོང་ལྡན། །མཐའ་ཡས་རྒྱལ་བའི་ཞིང་ཀུན་སྐུ་ལ་གནས། །སྤྲུལ་པའི་གར་གྱིས་མཁའ་མཉམ་འགྲོ་བ་འདྲེན། །ཞེས་གསལ་བས་ཡིག་དྲུག་བརྒྱ་རྩ་བཟླ། བདེ་ན་བདེ་བ་ཚོགས་སུ་བསྔོ། །བདེ་བ་ཆེན་པོས་ནམ་མཁའ་གང་བར་ཤོག །སྡུག་ན་སྡུག་བསྔལ་བདག་གིས་ཁུར། །འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་སྐེམ་པར་ཤོག །ཅེས་གཏོང་ལེན་གྱི་དམིགས་པ་དང་སྦྱར་བས་ལན་གསུམ། དེ་ནས་དབང་ཀུན་གྱི་གཞི་དང་པོ་བུམ་དབང་བསྐུར་བའི་སླད་དུ་མཎྜལ་ཕུལ། གསོལ་བ་གདབ་པ་འདིའི་རྗེས་ཟློས། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་བསྩལ་བ་ལྟར། །བདག་ཀྱང་སྐྱོབ་པའི་དོན་གྱི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །ཞེས་གསོལ་བ་བཏབ་པས་གཙོ་བོའི་གཡས་སུ་བཞུགས་པའི་རྒྱལ་ཀུན་ཡབ་གཅིག་འཇམ་དཔལ་གཞོན་ནུ་རྒྱུད་སྡེ་རྒྱ་མཚོའི་མངའ་བདག་ཏུ་བྱོན་པ་གངས་ཅན་རྡོ་རྗེ་འཛིན་པའི་གཙུག་རྒྱན་དཔལ་ས་སྐྱ་བ་རྗེ་བཙུན་གྲགས་པ་རྒྱལ་མཚན་རྡོ་རྗེ་འཛིན་པ་གསང་བ་འདུས་པ་ཞེས་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱིས་ཆེ་བ་བརྗོད་པས་བསྔགས་པ་རྡོ་རྗེ་འཆང་ལོངས་སྤྱོད་རྫོགས་པའི་སྐུར་བཞེངས་པའི་སྨིན་མཚམས་ནས་གདན་གསུམ་ཚང་བའི་དབང་ལྷ་ནམ་མཁའ་གང་བར་སྤྲོས་ཏེ་བཀྲ་ཤིས་པའི་རྣམ་པ་དུ་མ་བཅས་ཏེ་རིན་པོ་ཆེའི་བུམ་པ་བདུད་རྩིའི་ཆུ་རྒྱུན་གྱིས་གང་བས་དབང་བསྐུར་པར་གྱུར། བུམ་པ་ཐོགས་ཏེ། སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི། །གསང་གསུམ་གནས་ལས་བྱུང་བ་ཡི། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པས། །རྡོ་རྗེའི་དབང་བསྐུར་ཆེན་པོ་སྦྱིན། །ཨོཾ་བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ༔ བུམ་ཆུ་སྦྱིན། ཞེས་དབང་བསྐུར་བས་བུམ་པའི་ཆུ་རྒྱུན་སྤྱི་བོ་ནས་ཞུགས། ལུས་ཀྱི་ནང་གང་ཉོན་མོངས་པ་དུག་ལྔ་སྦྱངས། ཕུང་ཁམས་སྐྱེ་མཆེད་ཐམས་ཅད་གདན་གསུམ་ལྷའི་ངོ་བོར་གདོད་ནས་གནས་པ་ཉིད་མངོན་གྱུར་དུ་སད། ཆུའི་ལྷག་མ་སྤྱི་བོར་འཁྱིལ་བ་ལས་སློབ་མའི་གཞི་ལུས་ཀྱང་རིགས་ཀུན་ཁྱབ་བདག་རྡོ་རྗེ་སེམས་དཔའི་སྐུར་གྱུར། སླར་ཡང་གསོལ་བ་བཏབ་པས་གཙོ་བོའི་ཐུགས་ཀའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་བདེ་གཤེགས་རིགས་ཀྱི་ཁྱབ་བདག་ཧེ་རུ་ཀ་འཇམ་དཔལ་གཤིན་རྗེ་གཤེད་ཀྱི་གནས་གསུམ་ནས་སྐུ་སྔགས་ཕྱག་མཚན་གྱི་རྣམ་པ་འོད་དཀར་དམར་མཐིང་གའི་ཟེར་དང་བཅས་པ་སྤྲོས། རང་གི་གནས་གསུམ་དུ་ཐིམ་པས་རྡོ་རྗེ་གསུམ་གྱི་བྱིན་རླབས་ཀྱིས་ནང་ནུས་པ་འཇུག་པའི་དབང་བསྐུར་བ་མོས་ཤིག །གཤིན་རྗེའི་སྐུ་གནས་གསུམ་དུ་བཞག་ལ། ཧཱུྃ༔ རང་བྱུང་ཐིག་ལེ་ཉག་གཅིག་ལས༔ འཁོར་འདས་ཟིལ་གནོན་བླ་སྐུར་ཤར༔ གཉིས་མེད་ཕྱག་རྒྱའི་དབང་བསྐུར་བས༔ སྣང་ཞེན་གཟུང་འཛིན་རང་གྲོལ་ཤོག༔ ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཀཱ་ཡ་ཝཱཀ་ཙིཏྟ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ༔ དེ་ནས་བུམ་དབང་དང་རྗེས་སུ་འབྲེལ་བ་རང་དཔལ་ལྡན་བླ་མ་རྡོ་རྗེ་སེམས་དཔའི་སྐུ་ཡི་གསལ་སྣང་ལ་སེམས་གཏད་པས། ཡེ་ཤེས་རྒྱལ་པོ་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་རྨད་པོ་ཆེ། །དེ་ཉིད་དུ་ནི་མཉམ་སྦྱོར་བས། །ཕྱག་རྒྱ་ཆེན་པོར་བདག་སྦྱོར་ཅིག །ཨོཾ་བཛྲ་ས་མ་ཡ་སྟྭཾ། ཨོཾ་བཛྲ་ས་མ་ཡ་ཧཱུྃ། ཨོཾ་བཛྲ་ས་མ་ཡ་ཧོཿ ཞེས་བརྗོད། ཡང་སྙིང་ཡི་གེ་དྲུག་པ་ཅུང་ཟད་བཟླ་བར་ཞུ། དེ་ལྟར་ན་བསྐྱེད་པ་སྐུ་ཡི་དཀྱིལ་འཁོར་དུ་བུམ་པའི་དབང་ཐོབ། དམ་ཚིག་རྩ་བ་དང་ཡན་ལག་གི་དམ་ཚིག་ཉི་ཤུ་རྩ་གཉིས་སྲུང་བ་ལ་དབང༌། གཙོ་བོ་ལུས་ཀྱི་དྲི་མ་དག །ལམ་བསྐྱེད་རིམ་བསྒོམ་པ་ལ་དབང༌། འབྲས་བུ་སྤྲུལ་པའི་སྐུའི་ས་བོན་རྒྱུད་ལ་བཞག་པ་ཡིན་ནོ། །གཉིས་པ་གསང་དབང་བསྐུར་བ་ལ་གཙོ་བོའི་སྐུ་རྒྱབ་ས་བཅུའི་དབང་ཕྱུག་མཉམ་མེད་ཟླ་འོད་གཞོན་ནུ་ཉིད་རྒྱལ་ཡུམ་རྡོ་རྗེ་ཕག་མོ་དམར་མོ་གྲི་ཐོད་འཛིན་ཅིང་རྡོ་རྗེའི་ཁ་ཊྭཱྃ་ག་མཆན་གཡོན་དུ་བཅངས་ཤིང་ཞབས་གར་སྟབས་ཀྱིས་པད་ཉི་བམ་རོའི་སྟེང་ན་བཞུགས་པའི་ཁ་ཊྭཱཾ་ག་ཐབས་ཀྱི་སྣང་ཆ་ཡབ་ཧེ་རུ་ཀ་འཁོར་ལོ་སྡོམ་པར་གནས་གྱུར་ཏེ་སྦྱོར་བའི་འོད་ཟེར་གྱིས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་བདེ་བའི་འོད་ཟེར་གྱིས་བསྐུལ་ཏེ་ཡུམ་གྱིས་ཞལ་དུ་ཞུགས། རྗེས་ཆགས་ཀྱིས་ཞུ་བའི་བྱང་སེམས་སྦྱོར་མཚམས་ནས་བཏོན་ཏེ་ལྕེ་ལ་བཞག་པར་མོས་མཛོད། ཐོད་ཆང་ཐོགས་ལ། ཇི་ལྟར་འདས་པའི་སངས་རྒྱས་ཀྱིས། །སྔོན་ཆད་སྲས་ལ་དབང་བསྐུར་ལྟར། །དེ་བཞིན་དུ་ནི་བྱང་ཆུབ་སེམས། །བཟང་པོས་བུ་ཁྱོད་དབང་བསྐུར་རོ། །ཞེས་བྱིན་པའི་བདུད་རྩི་དེ་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོར་མོས་ཏེ། ཨོཾ་ཨཱཿཧཱུྃ། ཞེས་བརྗོད་དེ་མྱངས་བས་གཞིར་གནས་ཀྱི་དྭངས་མ་མགྲིན་པར་གནས་པ་ལ་འདྲེས། རང་བཞིན་བརྒྱད་ཅུའི་རྟོག་པ་དབྱིངས་སུ་ཐིམ་པའི་སྟོང་བཞིའི་ཡེ་ཤེས་རང་གསལ་གྱི་དེ་ཉིད་རྒྱུད་ལ་སྐྱེས་པར་མོས་མཛོད། དེ་ལྟར་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་གསང་དབང་ཐོབ། ངག་གི་དྲི་མ་དག །དམ་ཚིག་རིགས་ལྔ་ཡེ་ཤེས་ལྔའི་བདུད་རྩི་བསྟེན་པ་ལ་དབང༌། ལམ་བདག་བྱིན་བརླབ་པའི་རིམ་པ་ལ་དབང༌། འབྲས་བུ་ལོངས་སྐུའི་ས་བོན་རྒྱུད་ལ་བཞག་པ་ཡིན་ནོ། །དེའི་ངང་ལས་རང་ཉིད་སྐད་ཅིག་གིས་རྡོ་རྗེ་ཕག་མོའི་སྐུ་སྣང་སྟོང་སྒྱུ་མ་ལྟ་བུའི་སྐུར་ལམ་གྱིས་གསལ་བའི་ལུས་དབུས་རྩ་གསུམ་འཁོར་ལོ་བཞི་དང༌། དབུ་མའི་ཡར་མར་གྱི་རྩེར་ཨ་ཧྃ་གིས་མཚན་པ་ཨ་ལས་གཏུམ་མོ་ཡེ་ཤེས་ཀྱི་མེ་འབར། སྤྱི་བོའི་ཧྃ་ཞུ། འཁོར་ལོ་བཞིར་ཡས་རིམ་གྱིས་སོན་པས་དགའ་བཞིའི་ཉམས་སྐྱེས་པར་བསམ་ལ་ནུས་ན་བུམ་ཅན་བཟུང༌། མ་ནུས་ན་བར་རླུང་བཟུང་ལ། ཨ་ཧ་རི་ནི་ས། ཞེས་འབུམ་ཕྲག་མཁའ་འགྲོའི་སྲོག་སྙིང་ཅུང་ཟད་བགྲང་བར་ཞུ། ཞེས་བརྗོད་ལ་ལྷན་དུ་བཟླ། གསུམ་པ་ཤེར་དབང་གི་སླད་དུ། གཙོ་བོའི་གཡོན་གྱི་རྟོགས་ལྡན་ཟླ་བ་སེང་གེའི་ཕྱི་ནང་གཞན་གསུམ་ཡེ་ཤེས་ཆེན་པོར་དག་པའི་དཔལ་དུས་ཀྱི་འཁོར་ལོ་དང་པོའི་སངས་རྒྱས་ཀྱི་སྐུར་བཞེངས་པའི་སྣ་ཚོགས་ཡུམ་ལས་གཟུགས་དང་ལང་ཚོ་རྫོགས་པའི་ཕྱག་རྒྱ་སྤྲོས་མ་ཐག་ཁྱེད་རང་དཔལ་རྡོ་རྗེ་སེམས་དཔའི་སྐུར་གྱུར་པ་ལ་ཐར་པ་བསྟེན་པར་བསྐུར་བར་གྱུར། རིག་ཙཀ་བསྟན་ལ། གཟུངས་མ་ཡིད་འོང་འདི་ཁྱོད་ཀྱིས། །བསྟེན་ཕྱིར་སངས་རྒྱས་རྣམས་ཀྱིས་བརྟག །འཁོར་ལོ་རིམ་པའི་སྦྱོར་བ་ཡིས། །བདེ་བ་དམ་པ་མྱང་བར་བགྱི། །པདྨ་བཛྲ་མོཀྵ་ཧོ། དེ་ལྟར་གཏད་པའི་རིག་མ་རྡོ་རྗེ་སྙེམས་མ། རང་རྡོ་རྗེ་སེམས་དཔར་གསལ་བ་སྐུ་གསུམ་གྱི་བདག་ཉིད་འདུ་ཤེས་གསུམ་གྱིས་སྙོམས་པར་ཞུགས་པས་ཕྱི་གཽ་རིམ་དང༌། ནང་གནས་ལ་ལྡོག་པའི་ས་དང་ཡས་བབས་མས་བརྟན་གྱི་དགའ་བཞི་ཉམས་སུ་མྱོང༌། བྱང་ཆུབ་སེམས་ཀྱི་ལུས་ཁྱབ་པ་ལས་བདེ་གསལ་མི་རྟོག་པའི་ཏིང་འཛིན་རྒྱུད་ལ་སྐྱེས་པར་མོས་མཛོད། དབང་གསུམ་པ་དང་རྗེས་སུ་འབྲེལ་བའི་རྡོ་རྗེ་བཙུན་མོ་རྣལ་འབྱོར་མའི་རྡོ་རྗེ་གསུམ་གྱི་བྱིན་རླབས་ཐུན་མོང་མ་ཡིན་པ་འབོག་པ་ནི། འདི་ལྟར་སྣང་བའི་ཆོས་ཕྱི་སྣོད་དག་པ་མཁའ་སྤྱོད་རིག་པ་འཛིན་པའི་དགའ་ཚལ། ནང་བཅུད་གྲོང་ཁྱེར་གསུམ་གྱི་དཔའ་བོ་རྣལ་འབྱོར་མའི་དཀྱིལ་འཁོར་དུ་ཤར་བའི་དབུས་སུ་རང་ཉིད་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་བསྐལ་མེ་ལྟར་འབར་བ། ལང་ཚོ་དར་ལ་བབ་པའི་གཞོན་ནུ་མའི་ངང་ཚུལ་ཅན། གཡས་རྡོ་རྗེའི་གྲི་གུག་ཐུར་དུ་བརྐྱངས་ནས་འཛིན་པ་གཡོན་ཐོད་ཁྲག་སྟེང་ཕྱོགས་སུ་བཟུང་ནས་ཟུར་ཞལ་གྱེན་དུ་ཕྱོགས་པས་གསོལ་བ། ཕྲག་གཡོན་རྡོ་རྗེའི་ཁ་ཊྭཱཾ་ག་འཕྱང་བ། ཞབས་གཡས་བརྐྱང་གཡོན་བསྐུམ་གྱིས་འཇིགས་བྱེད་དུས་མཚན་མནན་པས་པད་ཉིའི་སྟེང་ན་བཞུགས་ཤིང་སྐུ་ལས་ཡེ་ཤེས་ཀྱི་མེ་འོད་འཕྲོ་བ་ལ་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་དང༌། གནས་ཡུལ་དུར་ཁྲོད་ཆེན་པོ་བརྒྱད་ཀྱི་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་སྐུ་དགྱེས་པའི་གར་མཛད། གསུང་སྔགས་ཀྱི་སྒྲ་སྒྲོག །ཐུགས་བདེ་སྟོང་རོས་མྱོས་པ་ཆར་བབ་པ་ལྟར་བྱོན་ནས་སིབ་སིབ་ཐིམ་པར་གྱུར། ཨོཾ་ཨོཾ་ཨོཾ་སརྦ་བྷུདྡྷ་ཌཱ་ཀི་ནཱི་ཡེ། བཛྲ་ཝརྞ་ནཱི་ཡེ། བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུྃ་ཧཱུྃ་ཧཱུྃ། ཕཊ་ཕཊ་ཕཊ་སྭཱ་ཧཱ། ཞེས་བཟླ་ཞིང་སྤོས་རོལ་བྱ། དེས་ནི་ཕྱི་རྣམ་བཅས་ཀྱི་རྡོ་རྗེ་རྣལ་འབྱོར་མ་སྤྱན་དྲངས་ཤིང་བསྟིམས་པས་རྡོ་རྗེ་སྐུའི་བྱིན་རླབས་ཐོབ། ལུས་ཀྱི་སྒྲིབ་པ་དག །གཙོ་བོ་ལུས་སྣང་བཅས་འདོད་ཁམས་དག་པས་སྔགས་སྐྱེས་ཀྱི་ཕོ་ཉའི་ཚོགས་དང་རྟེན་འབྲེལ་བསྒྲིགས་པ་ཡིན་ནོ། །དེ་ལྟར་ཕྱིའི་རྣལ་འབྱོར་མ་སྤྱན་དྲངས་ཤིང་བསྟིམས་པའི་རྐྱེན་གྱིས་ལུས་ནང་རྩ་དབུ་མའི་ཡས་མར་གྱི་སྣར་དགའ་འཁྱིལ་དམར་དཀར་གཉིས་དབུ་མའི་ནང་ནས་ཡར་མར་སོང་བས་ལུས་སེམས་ལ་བདེ་བས་ཁྱབ་མཐར་སྣང་བ་ཐམས་ཅད་སྟོང་པར་ཡལ། དགའ་འཁྱིལ་གཉིས་སྙིང་གར་གཅིག་ཏུ་འདྲེས་ཏེ་ཤུགས་དྲག་ཏུ་འཁོར་ནས་འཇའ་ཡལ་བ་བཞིན་སོང་བར་བསམ་ལ་སྤོས་རོལ་བྱ། དེས་ནི་གདོད་ནས་གནས་པའི་སྦས་པ་ནང་གི་རྣལ་འབྱོར་མ་ངོ་སྤྲད་པས་རྡོ་རྗེའི་གསུང་གི་བྱིན་རླབས་ཐོབ། ངག་གི་སྒྲིབ་པ་དག །ཕྱེད་སྣང་གཟུགས་ཁམས་དག་པས་ཞིང་སྐྱེས་ཕོ་ཉའི་ཚོགས་དང་རྟེན་འབྲེལ་བསྒྲིགས་པ་ཡིན་ནོ། །སླར་ཡང་རང་ཉིད་སྐད་ཅིག་གིས་རྣལ་འབྱོར་མར་གསལ་བ་ཁ་ཊྭཱཾ་ག་དཔལ་ཧེ་རུ་ཀར་གྱུར་པ་དང་སྙོམས་པར་ཞུགས་པ་རྒྱུ་འབྲས་དགའ་བཞི་ལུགས་འབྱུང་ལྡོག་ཉམས་སུ་མྱོང་བར་བསམ་སྤོས་རོལ་བྱ། དེས་ནི་སེམས་ཉིད་ལྷན་ཅིག་སྐྱེས་པ་གསང་བའི་རྣལ་འབྱོར་མ་དཔེ་ཡི་ཐབས་ལ་བརྟེན་ནས་མངོན་དུ་བྱས་པས་རྡོ་རྗེ་ཐུགས་ཀྱི་བྱིན་རླབས་ཐོབ། ཡིད་ཀྱི་སྒྲིབ་པ་དག །གཙོ་བོ་ཡིད་མི་སྣང་གཟུགས་མེད་དག་པས་ལྷན་སྐྱེས་ཕོ་ཉའི་ཚོགས་དང་རྟེན་འབྲེལ་བསྒྲིགས་པ་ཡིན་ནོ། །བདེ་སྟོང་གི་སྣང་ཆ་ཐམས་ཅད་ཆོས་ཉིད་སྟོང་པའི་དབྱིངས་སུ་འཇའ་ཡལ་བ་ལྟར་སོང་བར་བསམ་ལ་ཅི་ནུས་སུ་མཉམ་པར་བཞག་ཏེ་སྤོས་རོལ་བྱ། དེས་ནི་དེ་བཞིན་ཉིད་དོན་གྱི་ཡེ་ཤེས་རྡོ་རྗེའི་བྱིན་རླབས་ཐོབ། བག་ཆགས་ཀྱི་སྒྲིབ་པ་དག །གཙོ་བོ་སྒོ་གསུམ་ཐ་དད་དུ་འཛིན་པའི་བག་ཆགས་དག་ནས། ཕོ་ཉ་གསུམ་འདུ་བ་མཁའ་ལ་སྤྱོད་པའི་རྟེན་འབྲེལ་བསྒྲིགས་པ་ཡིན་ནོ། །དེ་ལྟར་ན་ཕྱག་རྒྱ་⁽14a4⁾⁽14ab⁾་གའི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། སེམས་ཀྱི་དྲི་མ་དག །དམ་ཚིག་ཏུ་ཤེས་རབ་མ་ལ་མི་སྨོད། ལམ་དཀྱིལ་འཁོར་འཁོར་ལོར་བསྒོམ་པ་ལ་དབང༌། འབྲས་བུ་ཆོས་སྐུའི་ས་བོན་རྒྱུད་ལ་བཞག་པ་ཡིན་ནོ། །བཞི་པ་དབང་བཞི་པ་ལ། ཐུན་མོང་དང༌། ཁྱད་པར་གཉིས་ལས། དང་པོའི་སླད་དུ་གུ་རུའི་གསོལ་འདེབས་རྡོ་རྗེའི་ཚིག་རྐང་བདུན་མ་ལན་གསུམ་གསུང་བར་ཞུ། ཞེས་རྗེས་ཟློས་བྱེད་དུ་བཅུག །ཅེས་གསོལ་བ་བཏབ་པས། གུ་རུ་རིན་པོ་ཆེས། ཚིག་བདུན་གསོལ་འདེབས་གདུང་བའི་དབྱངས་དང་བཅས༔ ཐོད་པ་ལྟག་སྤྲོད་རོལ་མོས་དྲག་བསྐུལ་ན༔ ཨོ་རྒྱན་ང་ཉིད་རྔ་ཡབ་དཔལ་རི་ནས༔ གཅེས་པའི་བུ་ངུ་མ་ཡིས་མི་བཟོད་བཞིན༔ བྱིན་གྱིས་རློབ་བོ་དམ་ཚིག་ན་ར་ཀན༔ ཞེས་རྡོ་རྗེའི་ཞལ་བཞེས་རྔ་ཡབ་ཟངས་མདོག་དཔལ་གྱི་རི་བོས་མཚོན་པའི་སྐུ་གསུམ་དག་པའི་ཞིང་རབ་འབྱམས་ནས་རྩ་གསུམ་རྒྱལ་བ་རབ་འབྱམས་སྤྲིན་ཆེན་རླུང་གིས་བསྐྱོད་བཞིན་འཇའ་འོད་མེ་ཏོག་གི་ཆར་དང་བཅས་ཏེ་བྱོན་པ་དང་ཆབས་ཅིག་འཁོར་གྱི་ལྷ་ཚོགས་ཐམས་ཅད་ཀྱང་གཙོ་བོ་ལ་འདུས། གཙོ་བོ་ཉིད་སྐྱབས་གནས་རྒྱ་མཚོའི་སྤྱི་དཔལ་དུ་གྱུར་པའི་གསང་གསུམ་ནས་འོད་ཟེར་དཀར་དམར་མཐིང་གསུམ་བདུད་རྩིའི་ཟེགས་མ་ཅན་སྤྲོས་པ་སློབ་མའི་གནས་གསུམ་དུ་ཐིམ་པས་དབང་བཞི་གཅིག་ཆར་དུ་ཐོབ། དགོངས་བརྒྱུད་བྱིན་རླབས་འཕོ་བའི་རྟོགས་པ་ནམ་མཁའ་དང་མཉམ་པར་མོས་ཤིག །སྐུ་ཚབ་དང༌། མེད་ན་བླ་མའི་འདྲ་འབག་གནས་གསུམ་དུ་བཞག་ཏེ། ཧཱུྃ༔ ཆོས་དབྱིངས་སྐྱེ་མེད་ངང་ལས་མ་གཡོས་ཀྱང༔ ལོངས་སྐུ་གསལ་ལ་མ་འདྲེས་གུ་རུའི་སྐུ༔ སྤྲུལ་སྐུ་སྣ་ཚོགས་ཐབས་ཀྱིས་འགྲོ་བ་འདུལ༔ སྐུ་གསུམ་ངང་དུ་མ་འདྲེས་ཡོངས་རྫོགས་གསལ༔ སྔོན་ཚེ་པད་འབྱུང་ཁྱེད་དང་སྨོན་ལམ་གཅིག༔ ད་ལྟ་བདག་ཉིད་སློབ་མའི་སྟངས་བཟུང་སྟེ༔ སྲོག་གི་ཕྱིར་ཡང་མི་གཏོང་སྒྲུབ་ལགས་ན༔ ཡེ་ཤེས་རབ་འབྱམས་དབང་ཆེན་བསྐུར་དུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཀཱ་ཡ་ཝཱཀ་ཙིཏྟ་སརྦ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་ཧྲཱིཿ གཙོ་བོའི་བླ་མའི་གནས་གསུམ་འོད་ཟེར་དང༌། །སྐུ་དང་ཡིག་འབྲུ་ཧཱུྃ་ཡིག་ལྔ་ལྡན་འོད། །བདག་གི་ལྟེ་བར་ཐིམ་པས་བཞི་པ་ཐོབ། །འཕོ་བའི་སྒྲིབ་སྦྱངས་ཟུང་འཇུག་སྒོམ་ལ་དབང༌། །འབྲས་བུ་ངོ་བོ་ཉིད་སྐུ་ཐོབ་ནུས་མཛོད། །གཉིས་པ་ཁྱད་པར་གྱི་སླད་དུ་སླར་ཡང་མོས་གུས་རྩལ་སྤྲུགས་སུ་བསྐྱེད་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། སངས་རྒྱས་ཀུན་གྱི་མཁྱེནྃ་གཉིས་ཡེ་ཤེས་གཟུགས། །བརྩེྃ་ཆེན་ཡེ་ཤེས་རྣམ་རོལ་འཇམ་དཔལ་དབྱངས། །ཐུབ་བསྟན་ཤིང་རྟ་མཁས་གྲུབ་དབང་པོ་ཆེ། །པྃདྨྃ་མདོྃ་སྔགྃས་གླིངྃ་པར་གསོལ་བ་འདེབས། །ཁྱེད་ནི་ཟག་མེད་ཡོན་ཏན་ཀུན་གྱི་གཏེར། །རྡོ་རྗེ་གསུམ་གྱི་ཡེ་ཤེས་ཆེན་པོ་ཡིས། །བདག་གི་སྒོ་གསུམ་སྨིན་གྲོལ་བྱིན་བརླབས་ནས། །ཐུགས་ཡིད་གཅིག་ཏུ་འདྲེས་པར་བྱིན་གྱིས་རློབས། །སྲས་བཅས་རྒྱལ་བའི་རྣམ་ཐར་མ་ལུས་པ། །རྗེ་བཙུན་འཇམ་དཔལ་དབྱངས་ལ་རྫོགས་པ་བཞིན། །བདག་ཀྱང་འགྲོ་ཀུན་སྲིད་ཞི་ལས་སྒྲོལ་བའི། །ཐུགས་བསྐྱེད་མཛད་པ་དེ་བཞིན་འགྲུབ་པར་ཤོག །ལན་གསུམ་གྱི་རྗེས། གཙོ་བོའི་ཐུགས་ཀར་བཞུགས་པའི་ཡེ་ཤེས་སེམས་དཔའ་མཁྱེན་བརྩེའི་དབང་པོའི་ཕྱག་གཡས་སྡིགས་མཛུབ་དང་བཅས་ཏེ་རྡོ་རྗེའི་ཚིག་འདི་གསུང་བར་མོས་མཛོད། ཤེལ་རྡོ་འཕྱར་ལ། གཟུང་བའི་ཡུལ་གྱི་མ་གོས་ཤིང༌། །འཛིན་པའི་རྟོག་པས་མ་བསླད་པར། །རིག་སྟོང་རྗེན་པར་བསྐྱང་པ་ནི། །སངས་རྒྱས་ཀུན་གྱི་དགོངས་པའོ། །ཞེས་གསུངས་པའི་མཐར་ཡེར་གྱིས་བྱོན་ནས་རང་ལ་ཐིམ་མ་ཐག །རིགས་བདག་ཨོ་རྒྱན་བླ་མའི་དགོངས་པ་གཏད། །ཐུགས་ནས་ལྔ་ལྡན་ཐིག་ལེ་སྙིང་གར་བསྟིམ། །རིག་པ་རྩལ་གྱི་དབང་ཆེན་བསྐུར་བ་ཡིས། །བཀའ་གཏེར་རྒྱུད་ལུང་མན་ངག་ཐམས་ཅད་ཀྱི། །སྨིན་གྲོལ་ཡོངས་རྫོགས་ཐུགས་ཡིད་གཅིག་ཏུ་འདྲེས། །གསང་གསུམ་རྡོ་རྗེ་བཞི་དབྱིངས་མངོན་སངས་རྒྱས། །དོན་གཉིས་ལྷུན་གྲུབ་ཆོས་ཀྱི་རྒྱལ་པོར་གྱུར། །ཞེས་བསམ་ནས་ཐུགས་ཡིད་བསྲེས་ལ། འཿཨཿཧཿཤཿསཿམཿ མ་མ་ཀོ་ལིང་ས་མནྟ༔ ཞེས་ཅུང་ཟད་བཟླར་གཞུག །དེ་ལྟར་ན་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་ཐུན་མོང་དང་ཁྱད་པར་གྱི་དབང་བཞི་པ་ཐོབ། སྒོ་གསུམ་ཆ་མཉམ་གྱི་དྲི་མ་དག །ཡེ་སྲུང་ཆེན་པོའི་དམ་ཚིག་བསྲུང་བ་དང༌། ལམ་ཀ་དག་ལྷུན་གྲུབ་ཟུང་འཇུག་སྒོམ་པ་ལ་དབང༌། འབྲས་བུ་ངོ་བོ་ཉིད་སྐུ་ཐོབ་པའི་ས་བོན་རྒྱུད་ལ་བཞག་པ་ཡིན་ནོ། །དེ་དག་གིས་བླ་མ་སྐུ་བཞིའི་དཀྱིལ་འཁོར་དུ་འཇུག་ཅིང་སྨིན་པར་བྱས་པས། སྣང་སྤྱོད་ལྷ་སྔགས་ཡེ་ཤེས་ཀྱི་རོལ་པར་ཤེས་པའི་དག་སྣང་གིས་བླ་མའི་དཀྱིལ་འཁོར་ལ་སྤྱོད་པར་བགྱི་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་བཀའ་བསྩལ་པ། །སོགས་ལན་གསུམ། གཏང་རག་མཎྜལ་ལུས་འབུལ་དགེ་བསྔོ་སྤྱི་ལྟར་བྱས་ལ་སློབ་མ་རྣམས་གྲོལ། སློབ་དཔོན་ནས་དབང་ལེན་ནས་བརྩམས་རྗེས་རིམ་མཐའ་རྒྱས་སུ་བྱའོ། །ཀྱེ་ཧོ། བདག་ནི་སོ་སོའི་སྐྱེ་བོ་ཐ་མལ་པ། །ལས་ཉོན་མི་གཙང་རྒྱ་མཚོར་བྱིང་བཞིན་དུ། །འདི་ལྟའི་བླ་མའི་རྣལ་འབྱོར་འབྲི་དེ་ནི། །འཕགས་རྣམས་ཡེ་ཤེས་སྤྱན་སྔར་ངོ་གནོང་འགྱོད། །མཚན་ལྡན་བླ་མ་དམ་པའི་བཀའ་དྲིན་གྱིས། །གསར་རྙིང་གདམས་པའི་བདུད་རྩི་མང་ཐོས་པ། །ཉམས་ལེན་རྒྱུད་ལ་སྦྱོར་བའི་སྐལ་མེད་ཀྱང༌། །ཟབ་ཆོས་ཁྲོམ་བསྒྲགས་བྱེད་དགོས་ལས་ཀྱིས་བསྐོས། །དེ་ཚེ་དག་སྣང་སྤྱན་ཡངས་དམ་པ་འགའི། །གསུང་གི་དབྱུ་གུས་བསྐུལ་བས་རབ་བརྟགས་རྔ། །གྲོང་གསེབ་ཁྱི་རྒན་དག་གི་ཀུ་ཅོ་བཞིན། །དུས་ངན་རྟགས་སུ་མི་བརྡུང་ཀ་མེད་གྱུར། །དབྱིངས་ན་བཞུགས་པའི་བླ་མ་རྒྱལ་བའི་སྲས། །སྙིང་རྗེའི་སྤྱན་གྱིས་བྱེད་ལས་འདི་གཟིགས་ནས། །བདག་གཞན་སྒྲིབ་པའི་རྒྱུ་རུ་མི་འགྱུར་བར། །འཇམ་དབྱངས་བླ་མའི་གོ་འཕང་ཐོབ་པར་ཤོག །ཅེས་པའང་གྲུབ་དབང་ཤཱཀྱ་ཤྲཱིའི་སྐུ་གསུང་ཐུགས་ཀྱི་སྲས་མཆོག་ཐེག་པ་མཆོག་གི་རྣལ་འབྱོར་པ་ཡེ་ཤེས་རང་གྲོལ་རིན་པོ་ཆེས་དད་མོས་ཆེན་པོའི་གསུང་གི་བསྐུལ་བ་ཡིད་ལ་གནས་པ་དང༌། སླར་ཡང་སྐྱེས་ཆེན་དམ་པའི་ངང་ཚུལ་གྱིས་གསང་གསུམ་མཛེས་པའི་ཞྭ་དེའུ་འཁྲུལ་ཞིག་མཆོག་སྤྲུལ་རིན་པོ་ཆེ་འགྱུར་མེད་ཆོས་ཀྱི་བློ་གྲོས་ནས་རིགས་འདུས་མ་ཧཱ་གུ་རུའི་སྣང་བརྙན་ཁྱད་འཕགས་ཀྱི་རྟེན་དང་བཅས་དད་བརྩེའི་གསུང་གིས་བསྐུལ་ཏེ། སྙོམ་ལས་པ་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་ནེ་པཱ་ལའི་རྒྱལ་ཁབ་ཀྱི་བྱེ་བྲག་ཤོང་རོང་སྨན་ཤིང་མེ་ཏོག་གིས་མཛེས་པའི་ས་འཛིན་གངས་རིའི་ལ་ཐོད་སྙེག་པ་སྨིན་གྲོལ་ཐུབ་བསྟན་ཆོས་གླིང་གི་རིག་འཛིན་འདུས་པའི་སྡེར་གདམས་ངག་རིན་པོ་ཆེའི་མཛོད་ཀྱི་དབང་ལུང་འཆད་པའི་ཐུན་གསེང་དུ་ཐམས་ཅད་འདུས་པའི་འབའ་སམ་གྱི་དབང་ཆོག་འདིའང་ཀུན་མཁྱེན་མཉྫུ་གྷོ་ཥའི་དུས་མཆོད་ཀྱི་ཉིན་རྫོགས་པར་བྲིས་པ་འབྲེལ་ཚད་བླ་མ་འཇམ་པའི་རྡོ་རྗེའི་གོ་འཕང་ལ་དཀྲི་བས་དོན་དང་ལྡན་པའི་རྒྱུར་གྱུར་ཅིག །སྭ་སྟི། ཡོན་ཏན་ཀུན་རྫོགས་ཁ་བའི་རྡུལ་བརྩེགས་བཞིན། །བྱིན་རླབས་ཆུ་བོས་སྐལ་ལྡན་ཚིམ་མཛད་ཅིང༌། །རང་ཁམས་ལྷན་སྐྱེས་མངོན་སུམ་སྟོན་པའི་བདག །བླ་མ་སྒྲུབ་ལས་འཕགས་པའི་ཐབས་གཞན་ཅི། །དད་པའི་མཁའ་ལས་སྨིན་བྱེད་རྡོ་རྗེའི་གསུང༌། །ཆུ་འཛིན་གསར་པའི་སྤྲིན་གྱི་མེ་ཏོག་གང༌། །སྐལ་ལྡན་ཞིང་སར་ཕབ་པའི་སྨིན་ལམ་བརྡས། །རྡོ་རྗེ་བཞི་ཡི་གསེར་སྙེ་གཡུར་ཟ་ཤོག །ཅེས་པ་འདི་ཡང་གླིང་མཆོག་ཨ་རི་བ་རྗེ་བླ་མའི་དངོས་སློབ་རྨད་བྱུང་ལྷག་པའི་བསམ་པས་ཕྱུག་པའི་དགེ་ཚུལ་མ་ངག་དབང་ཆོས་སྒྲོན་ཞེས་པའམ་མེ་ར་ལི་ནས་ཅི་འདོད་ཆོས་སྦྱིན་གྱི་སྒོ་འཕར་ཡངས་པོར་ཕྱེ་བའི་ཚེ་ན་སྨོན་ཚིག་ཏུ་དགེ་སྦྱོང་ཝཱ་གིནྡྲ་དྷརྨ་མ་ཏིས་སོ།། དགེའོ།། །།}} | ||
</onlyinclude> | </onlyinclude> |
Revision as of 14:42, 7 November 2022
🚧 This website is under continued development. We appreciate your patience!
བླ་མའི་རྣལ་འབྱོར་བྱིན་རླབས་ཉིན་བྱེད་ཀྱི་དབང་བསྐུར་བྱིན་རླབས་སྣང་བའི་གཏེར་ཆེན།
Wylie title | bla ma'i rnal 'byor byin rlabs nyin byed kyi dbang bskur byin rlabs snang ba'i gter chen | |
---|---|---|
Location | dil mgo mkhyen brtse bka' 'bum Volume 2, Text 14, Pages 83-94 (Folios 1a to 12b3) | |
Author | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |
Less details More details | ||
Citation | Khyentse, Dilgo. Bla ma'i rnal 'byor byin rlabs nyin byed kyi dbang bskur byin rlabs snang ba'i gter chen. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 2: 83-94. Delhi: Shechen Publications, 1994. | |
Genre | Empowerment Ritual - dbang chog - dbang skur · Guru Yoga Texts - bla ma'i rnal 'byor | |
Colophon |
| |
|