DKR-KABUM-06-CHA-005: Difference between revisions
From Khyentse Lineage - A Tsadra Foundation Project
DKR-KABUM-06-CHA-005
WikiBot2015 (talk | contribs) No edit summary |
WikiBot2015 (talk | contribs) No edit summary |
||
Line 1: | Line 1: | ||
{{ | {{Khyentse Metadata | ||
|classification=Tibetan Publications | |||
< | |subclass=Tibetan Texts | ||
|collectiontitle=dil mgo mkhyen brtse bka' 'bum | |||
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | |||
|totalvolumes=25 | |||
|author=Khyentse, Dilgo | |||
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |||
|language=Tibetan | |||
|pagestatus=Temporary stub only | |||
|volumenumber=CHA | |||
|textnuminvol=005 | |||
|pdflink=File:DKR-KABUM-06-CHA-005.pdf | |||
}} | |||
{{Header}} | |||
<h1 style="font-size: 24px !important;">Tibetan Text</h1> | |||
<onlyinclude> | <onlyinclude> | ||
{{TibP|ན་མོ་བཛྲ་ཀྲོ་དྷ་རཱ་ཛ་ཡེ། འདིར་བླ་མ་གུ་རུ་དྲག་པོའི་ཏིང་ངེ་འཛིན་ལ་བརྩོན་པར་འདོད་པས་ཐོག་མར་སྐྱབས་འགྲོ་སེམས་བསྐྱེད་ནི། ན་མོ། བདག་སོགས་འགྲོ་ཀུན་བྱང་ཆུབ་བར། །རྩ་བ་གསུམ་ལ་སྐྱབས་སུ་མཆི། །གཞན་དོན་སངས་རྒྱས་ཐོབ་བྱའི་ཕྱིར། །པདྨ་དྲག་པོ་བསྒོམ་པར་བགྱི། །ལན་གསུམ། གཉིས་པ་ལྷ་བསྐྱེད་དངོས་ནི། ཨ། དབྱིངས་རིག་ཟུང་འཇུག་ཡི་གེ་ཧྲཱིཿ །ཡོངས་གྱུར་པདྨ་དྲག་པོའི་སྐུ། །དམར་ནག་སྲིན་པོ་ཁྲོས་པའི་ཉམས། །ཞལ་གཅིག་སྤྱན་གསུམ་མཆེ་བ་གཙིགས། །ཕྱག་གཡས་གནམ་ལྕགས་རྡོ་རྗེ་ཕྱར། །ཧཱུྃ་རཾ་ཕཊ་ཀྱི་ཚྭ་ཚྭ་འཕྲོ། །གཡོན་པས་ལྕགས་སྡིག་མགོ་དགུ་ལས། །སྤྲུལ་པའི་ཕོ་ཉ་སྐར་ལྟར་འཁྲུགས། །ཞབས་གཉིས་གྱད་ཀྱི་དོར་སྟབས་ཀྱིས། །རྒྱལ་བསེན་ཕོ་མོའི་སྟེང་ན་འགྱིངས། །དུར་ཁྲོད་དཔལ་གྱི་ཆས་རྣམས་རྫོགས། །དབུ་གཙུག་སྤྲུལ་པའི་བྱ་ཁྱུང་ལྡིང༌། །གནས་ལྔ་རིགས་ལྔ་སྐུ་ཡི་དབྱིངས། །ཁྲོ་བཅུའི་ཚོགས་སྐུ་མ་འདྲེས་གསལ། །ཐུགས་ཀར་ཉི་སྟེང་རྡོ་རྗེའི་དབུས། །ཧཱུྃ་དམར་སྔགས་ཀྱི་ཕྲེང་བས་བསྐོར། །འོད་འཕྲོས་འཕགས་མཆོད་འགྲོ་སྒྲིབ་སྦྱངས། །སྣོད་བཅུད་པདྨ་དྲྭ་བའི་ཞིང༌། །ལྷ་སྔགས་གཉུག་མའི་ཡེ་ཤེས་ཀྱི། །ཁྲག་འཐུང་ཆེན་པོའི་ཕྱག་རྒྱར་རྫོགས། །ཨོཾ་ཨཱཿཧཱུྃ་ཨརྩིཀ་ནིརྩིཀ་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃ་ཕཊ༔ ཨ་ཧཱུྃ་ཧཱུྃ་ཕཊ༔ ཅེས་འཕྲོ་འདུའི་དམིགས་པ་དང་མ་བྲལ་བར་ཅི་ནུས་བཟླ། ཐུན་གྱི་གཤམ་དུ། བདག་ཉིད་ལུས་དཀྱིལ་དང་བཅས་པ། །རྡོ་རྗེ་སྔགས་ཀྱི་སྒྲ་སྒྲོགས་ཤིང༌། །སྤྲུལ་པའི་ཕོ་ཉ་དྲག་ཏུ་ཁྲོས། །སྲུང་བཟློག་བསད་པའི་ལས་མཛད་པའི། །ཁྲོ་བོའི་གུར་ཁང་རིམ་གསུམ་འཁྲིགས། །ཕྱི་ནང་བར་ཆད་བྱད་ཕུར་གདོན། །མི་མཐུན་ཀུན་ལས་རྟག་བསྲུང་ཞིང༌། །ཁྲོ་རྒྱལ་ཆེ་དང་དབྱེར་མེད་གྱུར། །ཞེས་བསྲུང་བཟློག་བསད་དམིགས་དུས་སྐབས་དང་སྦྱར་ཏེ་སྔགས་སྔ་མ་ཅི་ལྟར་རིགས་པ་བཟླ། ཐུན་མཐར། བླ་མ་དྲག་པོ་འཁོར་བཅས་ཀྱིས། །བདག་དང་བསྲུང་བྱ་ཡུལ་འཁོར་བཅས། །བར་ཆད་བགེགས་ལས་རྟག་བསྲུང་ཞིང༌། །མཆོག་ཐུན་དངོས་གྲུབ་མ་ལུས་སྩོལ། །ཞེས་དང༌། སྣོད་བཅུད་འོད་ཞུ་རང་ལ་ཐིམ། །དེ་ཡང་མི་དམིགས་འོད་གསལ་ངང༌། །ཁྲོ་རྒྱལ་སྣང་སྟོང་ཆེན་པོར་ཤར། །མི་མཐུན་ཕྱོགས་ཀུན་བསྲུང་བར་གྱུར། །བཛྲ་རཀྵ་བྷྲཱུྃ། དགེ་བ་འདི་ཡིས་མྱུར་དུ་བདག །བླ་མ་དྲག་པོ་སོགས་བསྔོ་སྨོན་ཤིས་པ་བརྗོད་པས་མཚམས་སྦྱར་ཏེ་རྒྱུན་གྱི་སྤྱོད་ལམ་ལ་འཇུག་གོ །ཞེས་པའང་སྒྲུབ་བརྒྱུད་བསྟན་པའི་ཆུ་གཏེར་ཞམ་དགོན་བཀྲ་ཤིས་ཆོས་གླིང་འདུས་སྡེའི་ཞལ་འདོན་དུ་ལུང་རྟོགས་ཀྱི་མངའ་བདག་མཆོག་སྤྲུལ་ཀརྨ་ངེས་དོན་མདོ་སྔགས་བསྟན་འཛིན་ནས་གསུང་བསྐུལ་ལྟར་པདྨའི་རྗེས་འཇུག་པདྨ་དབང་ཆེན་དགྱེས་པ་རྩལ་གྱིས་བྲིས་པ་འབྲེལ་ཀུན་པདྨ་ཧེ་རུ་ཀའི་གོ་འཕང་ཆེད་དུ་འགྲོ་བའི་རྒྱུར་གྱུར་ཅིག །སརྦ་མངྒལཾ། དགེའོ།། །།}} | |||
</onlyinclude> | </onlyinclude> | ||
{{TsagliCall}} | |||
</ | <headertabs/> | ||
== Footnotes == | |||
<references/> | |||
==Other Information== | |||
{{Footer}} | |||
[[Category:DKR-KABUM-Volume-06-CHA]] | [[Category:DKR-KABUM-Volume-06-CHA]] | ||
[[Category:Khyentse Lineage Project]] | [[Category:Khyentse Lineage Project]] |
Revision as of 12:40, 7 November 2022
🚧 This website is under continued development. We appreciate your patience!
Previous Text"CHA" is not a number. Back to Volume Page"CHA" is not a number.Next Text "CHA" is not a number.
Wylie title | ||
---|---|---|
Location | dil mgo mkhyen brtse bka' 'bum Volume Expression error: Unrecognized word "cha"., Text 5, Pages (Folios to ) | |
Author | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |
Less details More details | ||
Citation | ||
Genre | "CHA" is not a number. |
"CHA" is not a number.