DKR-KABUM-23-'A-025: Difference between revisions

From Khyentse Lineage - A Tsadra Foundation Project
DKR-KABUM-23-'A-025
No edit summary
No edit summary
Line 1: Line 1:
{{WyliePageHeader}}
{{Khyentse Metadata
 
|classification=Tibetan Publications
<div class="wylie-content"
|subclass=Tibetan Texts
 
|collectiontitle=dil mgo mkhyen brtse bka' 'bum
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ།
|totalvolumes=25
|author=Khyentse, Dilgo
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
|language=Tibetan
|pagestatus=Temporary stub only
|volumenumber='A
|textnuminvol=025
|pdflink=File:DKR-KABUM-23-&#39;A-025.pdf
}}
{{Header}}
<h1 style="font-size: 24px !important;">Tibetan Text</h1>
<onlyinclude>
<onlyinclude>
 
{{TibP|སྙན་བརྒྱུད་སྙིང་གི་གསང་མཛོད་ལས༔ མཁའ་འགྲོ་གདུགས་སེང་སྦྲགས་མའི་རྒྱུན་གྱི་རྣལ་འབྱོར་ཡེ་ཤེས་རྡོ་རྗེའི་སྙིང་པོ་བཞུགས༔
snyan brgyud snying gi gsang mdzod las:_mkha' 'gro gdugs seng sbrags ma'i rgyun gyi rnal 'byor ye shes rdo rje'i snying po bzhugs:_
བླ་མ་ཡེ་ཤེས་མཁའ་འགྲོ་ལ། །བཏུད་ནས་དེ་ཡི་རྣལ་འབྱོར་གྱིས། །བྱད་ཕུར་བར་ཆད་སྐྱོབ་པའི་ཐབས། །སྙིང་པོའི་གདམས་པ་ཉུང་ངུར་སྤེལ། །ཐོག་མར་སྐྱབས་སེམས་བསག་སྦྱོང་ནི། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ་སོགས་ལན་གསུམ། གཉིས་པ་དངོས་གཞིའི་བསྐྱེད་བཟླས་ནི། ཨ༔  བདག་མེད་རྡོ་རྗེ་བཙུན་མོའི་མཁའ་ཀློང་ནས༔ རང་བྱུང་སྙིང་རྗེའི་ཆོ་འཕྲུལ་ཉི་ལྟར་ཤར༔ ཟུང་འཇུག་དྭངས་མའི་ཐིག་ལེ་ཡི་གེ་ཨེ༔ ནམ་མཁའི་མདོག་གིས་འཁོར་འདས་དངོས་འཛིན་སྦྱངས༔ རྡོ་རྗེའི་སྲུང་འཁོར་ཟླུམ་མཐིང་གཅིག་དྲིལ་དབུས༔ གནས་གསུམ་མཁའ་འགྲོའི་རྗེ་མོ་སེང་ཧའི་ཞལ༔ དབུ་དགུ་བཅོ་བརྒྱད་ཕྱག་ལྡན་མུན་པའི་མདོག༔ རྩ་བའི་ཕྱག་གཉིས་གྲི་ཐོད་ཐུགས་ཀར་འཛིན༔ གཡས་བརྒྱད་རྡོ་རྗེ་ཙིཏྟ་མདུང་ཐུང་གྲི༔ གསལ་ཤིང་མདའ་དང་བེ་ཅོན་དབྱུག་ཐོ་གདེང༔ གཡོན་བརྒྱད་དྲིལ་བུ་བྱེད་མའི་མགོ་ཞགས་པ༔ མེ་ཧྃ་ལྕགས་སྒྲོག་གཞུ་དང་འཁོར་ལོ་སྟེ༔ སྲིད་པ་སྤྱི་འདེགས་ཞབས་བཞི་གར་སྟབས་ཅན༔ སྐུ་ལ་དུར་ཁྲོད་དཔལ་གྱི་ཆས་རྫོགས་པའི༔ པང་དུ་ཁྲོལ་རྒྱལ་རྡོ་རྗེ་གཙུག་གཏོར་ཆེ༔ དབུ་དགུ་ཕྱག་བཞི་དང་པོས་རྡོ་རྗེ་དུང༔ ལྷག་མ་གཡས་གཡོན་གྲི་གདེང་འཁྲིལ་ཞིང་སྦྱོར༔ གནས་བཞིར་སེང་གདོང་རིགས་བཞི་གྲི་ཐོད་ཅན༔ ཡན་ལག་བཞི་ལ་གཙུག་གཏོར་གདུགས་ཐོག་བཞི༔ བ་སྤུ་རྡོ་རྗེའི་མེ་ཟེར་འཁྲུགས་པའི་ཀློང༔ དབང་ཕྱུག་གིང་ལང་བརྟན་མའི་ཕོ་ཉ་སྤྲོ༔ མི་ཤིགས་རྡོ་རྗེ་གསུམ་གྱི་ཡེ་ཤེས་ལ༔ དུག་ལྔ་གནས་དག་རིགས་ལྔའི་དབང་བསྐུར་གྱུར༔ ཨོཾ་ཨཱཿཧཱུྃ༔ ཧཱུྃ་ཨོཾ་ཏྲཱཾ་ཧྲཱིཿཨཱ༔ ཞེས་བསྐྱེད་གཞི་གསལ་བ་ལ། གསལ་བརྟན་དག་པ་དྲན་པས་བསྐྱེད་རིམ་བོག་དབྱུང༌། སྐྱོ་བའི་གེགས་བྱུང་ན་བཟླས་པ་བྱ་སྟེ། དམིགས་པ་ནི། རང་གི་ཐུགས་ཀར་གནམ་ལྕགས་རྡོ་རྗེའི་ལྟེར༔ ཉི་མ་ལ་གནས་ཨེཿམཐར་སྔགས་ཀྱིས་བསྐོར༔ འོད་ཟེར་འཕྲོས་པས་འཕགས་མཆོད་འགྲོ་སྒྲིབ་སྦྱངས༔ ཆོས་ཉིད་ལྷ་དང་སྒྲ་སྔགས་འོད་ཟེར་ནི༔ ཉི་མ་འབུམ་གྱི་གཟི་བརྗིད་ལྟར་འབར་བས༔ བྱད་ཕུར་བར་ཆད་དགྲ་བགེགས་དབྱིངས་སུ་བསྒྲལ༔ བདེ་ཆེན་ཕྱོགས་ལས་རྣམ་རྒྱལ་དཔལ་ཐོབ་གྱུར༔ ཨཿཀཿསཿམཿརཿཙཿཤཿདཿརཿསཿ མཿརཿཡཿཕཊ༔ ཅེས་དང༌། ཨོཾ་སི་ཏ་ཏ་པ་ཏྲེ༔ ཨ་ན་ལེ་ཨ་ན་ལེ༔ བི་ཥ་དེ་བི་ཥ་དེ༔ བཻ་ར་བཻ་ར༔ བཛྲ་དྷཱ་ར་ནི༔ བཛྲ་པཱ་ནི་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ༔ ཞེས་བཟླ། སྤྲོས་མེད་ཏིང་ངེ་འཛིན་ལ་བརྟེན་པའི་ལས་སྦྱར་བྱ་བར་སྤྲོ་ན། དང་པོ་སྲུང་བ་ནི། རང་ཉིད་མཁའ་འགྲོ་བདུད་འདུལ་མའི༔ ཐུགས་ཀར་གསེར་སྦྱངས་མཆོད་རྟེན་གྱི༔ བུམ་པར་བསྲུང་བྱ་གསལ་བ་ལ༔ སྲས་བཅས་རྒྱལ་བའི་ཡེ་ཤེས་ཀྱི༔ འོད་ཟེར་བསྡུས་པས་ཕ་ལམ་ལྟར༔ མི་འཇིག་རྡོ་རྗེའི་རེ་ཁས་བཏབ༔ ནམ་ཡང་གནོད་པས་མི་ཚུགས་པའི༔ ཆོས་སྐུའི་ཡེ་ཤེས་རོལ་པར་ཤར༔ སྔགས་གཉིས་སྦྲེལ་མཐར། མ་མ་བཛྲ་ཀཱ་ཝ་ཙི་རཀྵ་རཀྵ༔ ཞེས་ཤམ་བུ་སྦྱར། གཉིས་པ་བཟློག་པ་ནི། བདག་མདུན་དཀྱིལ་འཁོར་ཕྱི་རོལ་དུ༔ གནམ་ལྕགས་འཁོར་ལོ་རྩིབས་བཅུ་འབར༔ རྩེ་རྣོ་སྤུ་གྲི་ངར་མ་ལྟར༔ ཤུགས་དྲག་གཡས་སུ་དྲག་ཏུ་འཁོར༔ མཆན་ལ་སྤྲུལ་པའི་ཕྲ་མེན་འཕྱོ༔ མེ་ཆུ་རླུང་གི་བུ་ཡུག་འཚུབས༔ ལས་བྱེད་ཕོ་ཉ་བསམ་ཡས་པས༔ བྱད་མ་སྡེར་བཅས་བཀུག་པའི་མོད༔ ལྷ་ཚོགས་ཞལ་ཀུན་ཕྱིར་བསྟན་ཏེ༔ བཟློག་སྔགས་སྟོང་གསུམ་གང་བའི་སྒྲས༔ སྣོད་བཅུད་འུ་འུར་ཤིག་ཤིག་བརྡེག༔ རྩིབས་ཀྱིས་བྱད་མ་སྡེ་བཅས་བཅོམ༔ ཕྱེ་མའང་དམིགས་མེད་རྒྱས་གདབ་བསམ༔ རྩ་སྔག་གཉིས་སྦྲེལ་ལ། མ་ཧཱ་ཤ་རི་ཨེ་ས་བྷྱོ་བཟློག༔ སྦྱར་བ་བཟླ། གསུམ་པ་བསད་དམིགས་ནི། བདག་མདུན་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཆེར་ཁྲོས་ཤིང་འཁྲུགས་པས་རྡོ་རྗེའི་ཕོ་ཉ་ནམ་མཁའ་གང་བར་སྤྲོས༔ མ་རུངས་པ་གདུག་ཅིང་གཏུམ་པ་ཐམས་ཅད་ཕྱག་རྒྱ་བཞིས་རྟེན་ལ་བཀུག་ཅིང་མྱོས་པར་བྱས༔ ལྷ་དང་ཕྲལ༔ གཟུགས་ལ་དབབ༔ སྐུ་ལས་བྱུང་བའི་མཚོན་ཆའི་ཆར་གྱིས་གཟིར་བས་ཚེ་བསོད་རང་ལ་ཐིམ༔ རྣམ་ཤེས་དབྱིངས་སུ་སྤར༔ ཕུང་པོ་ཉལ་ཉལ་བཏུབ་པའི་ཤ་ཁྲག་ལས་ཀྱི་མཁའ་འགྲོ་འཁོར་དང་བཅས་པས་རྔམས་པའི་གད་མོ་དང་བཅས་ཚོགས་སུ་བཞེས་པར་མོས་ལ། སྔགས་གཉིས་སྦྲེལ་ཏེ། དགྲ་བགེགས་བྱད་མ་མཱ་ར་ཡ་རྦད་བྷྱོ་ཕཊ༔ ཅེས་སྦྱར་ལ་བཏགས། སྤྲོ་ན་སྲུང་བའི་སྐབས་སུ་ཡབ་ཀྱི་ཐུགས་ཀར་ཉི་མ་ལ་ཧཱུྃ་གི་མཐར་སྔགས་ཕྲེང་དམིགས་ལ། རྡོ་རྗེ་གཙུག་གཏོར་གྱི་གཟུངས་བྱད་གྲོལ་གསེར་གྱི་ལྡེའི་སྔགས་དང༌། བཟློག་པའི་སྐབས་ཕྱིར་བཟློག་གཙུག་གཏོར་ཆེན་མོའི་གཟུངས་མདོ་རིགས་ཀྱང་སྦྱར་ན་ལེགས། གང་ལྟར་ཡང་ཐུན་མཐར་དབྱངས་གསལ་རྟེན་སྙིང་ཡིག་བརྒྱ་བཟླས་པས་ཁ་བསྐངས་ཏེ། མཐར་རྫོགས་རིམ་ནི། ཨ༔ སྣོད་བཅུད་ལྷར་སྣང་རང་ལ་ཐིམ༔ རང་སྣང་འོད་གསལ་དབྱིངས་ཀྱི་ངང༔ ཞེས་སྔར་གསལ་བཏབ་པའི་རྟེན་དང་བརྟེན་པའི་ལྷར་སྣང་འོད་གསལ་གྱི་དབྱིངས་སུ་བསྡུས་ལ་མཉམ་པར་བཞག །བྱད་ཕུར་གྱི་མཚོན་འགལ་རྐྱེན་ཐམས་ཅད་གནོད་བྱ་གནོད་བྱེད་དང་བྲལ་བའི་ཆོས་ཉིད་ཀྱི་ངང་དུ་མཉམ་པར་བཞག་པའི་དོན་གྱི་སྲུང་བ་ཆེན་པོར་ལ་བཟླ། རིག་པ་ཛྙཱ་ན་ཌཱ་ཀི་ནིའི༔ གསང་བ་གསུམ་གྱི་རོལ་པར་ཤར༔ ཨོཾ་ཨཱཿཧཱུྃ༔ གིས་སྣང་གྲགས་རིག་པ་ཡེ་ཤེས་ཆེན་པོའི་རོལ་པར་བལྟ། བསྔོ་སྨོན་ནི། བརྟན་གཡོའི་དངོས་ཀུན་བདེ་ཆེན་ལྷ་སྐུར་དག༔ ལྡང་འཇུག་རླུང་རྣམས་སྐྱེ་མེད་སྔགས་སུ་རྫོགས༔ དྲན་རྟོག་འོད་གསལ་ཐིག་ལེ་ཆེན་པོར་སྨིན༔ རྡོ་རྗེ་བཙུན་མོའི་གོ་འཕང་མྱུར་ཐོབ་ཤོག༔ ཞེས་དང་ཤིས་བརྗོད་ནི། སྲུང་བའི་བཀྲ་ཤིས་རྡོ་རྗེའི་གུར་ཁང་བརྟན། །ཟློག་བསད་བཀྲ་ཤིས་བྱད་མ་རང་གཤེད་འབེབ། །ཤུགས་སྒྲོལ་བཀྲ་ཤིས་ཉམས་པ་རྩད་ནས་ཆོད། །བདག་ཅགས་བཀྲ་ཤིས་ཕྱོགས་ལས་རྣམ་རྒྱལ་ཤོག །ཞེས་པས་མཐའ་བརྒྱན་པས་དགེ་ལེགས་སུ་བྱའོ། །ཞེས་པའང་མཚུངས་མེད་ཆོས་ཀྱི་བཤེས་གཉེན་ཀརྨ་འོད་གསལ་ལྷུན་གྲུབ་ནས་བཀའ་ནན་ཆེད་དུ་བསྩལ་བ་ལྟར་ཀློང་ཆེན་ནམ་མཁའ་འོད་གསལ་པདྨ་མདོ་སྔགས་གླིང་པས་ཕུན་ཚོགས་ཆོས་འཁོར་གླིང་དུ་དམར་ཕྱོགས་ཀྱི་རྒྱལ་བ་གསུམ་པར་བྲིས་པ་རང་གཞན་བར་ཆད་བདུད་སྡེའི་གཡུལ་ལས་རྣམ་པར་རྒྱལ་བའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ། དགེའོ། །}}
bla ma ye shes mkha' 'gro la/_/btud nas de yi rnal 'byor gyis/_/byad phur bar chad skyob pa'i thabs/_/snying po'i gdams pa nyung ngur spel/_/thog mar skyabs sems bsag sbyong ni/_rdo rje slob dpon sangs rgyas dpal sogs lan gsum/_gnyis pa dngos gzhi'i bskyed bzlas ni/_a:__bdag med rdo rje btsun mo'i mkha' klong nas:_rang byung snying rje'i cho 'phrul nyi ltar shar:_zung 'jug dwangs ma'i thig le yi ge e:_nam mkha'i mdog gis 'khor 'das dngos 'dzin sbyangs:_rdo rje'i srung 'khor zlum mthing gcig dril dbus:_gnas gsum mkha' 'gro'i rje mo seng ha'i zhal:_dbu dgu bco brgyad phyag ldan mun pa'i mdog:_rtsa ba'i phyag gnyis gri thod thugs kar 'dzin:_g.yas brgyad rdo rje tsit+ta mdung thung gri:_gsal shing mda' dang be con dbyug tho gdeng:_g.yon brgyad dril bu byed ma'i mgo zhags pa:_me ha~M lcags sgrog gzhu dang 'khor lo ste:_srid pa spyi 'degs zhabs bzhi gar stabs can:_sku la dur khrod dpal gyi chas rdzogs pa'i:_pang du khrol rgyal rdo rje gtsug gtor che:_dbu dgu phyag bzhi dang pos rdo rje dung:_lhag ma g.yas g.yon gri gdeng 'khril zhing sbyor:_gnas bzhir seng gdong rigs bzhi gri thod can:_yan lag bzhi la gtsug gtor gdugs thog bzhi:_ba spu rdo rje'i me zer 'khrugs pa'i klong:_dbang phyug ging lang brtan ma'i pho nya spro:_mi shigs rdo rje gsum gyi ye shes la:_dug lnga gnas dag rigs lnga'i dbang bskur gyur:_oM AHhU~M:_hU~M oM trAM hrIHA:_zhes bskyed gzhi gsal ba la/_gsal brtan dag pa dran pas bskyed rim bog dbyung*/_skyo ba'i gegs byung na bzlas pa bya ste/_dmigs pa ni/_rang gi thugs kar gnam lcags rdo rje'i lter:_nyi ma la gnas eHmthar sngags kyis bskor:_'od zer 'phros pas 'phags mchod 'gro sgrib sbyangs:_chos nyid lha dang sgra sngags 'od zer ni:_nyi ma 'bum gyi gzi brjid ltar 'bar bas:_byad phur bar chad dgra bgegs dbyings su bsgral:_bde chen phyogs las rnam rgyal dpal thob gyur:_aHkaHsaHmaHraHtsaHshaHdaHraHsaH_maHraHyaHphaT:_ces dang*/_oM si ta ta pa tre:_a na le a na le:_bi Sha de bi Sha de:_bai ra bai ra:_badz+ra d+hA ra ni:_badz+ra pA ni hU~M hU~M hU~M phaT swA hA:_zhes bzla/_spros med ting nge 'dzin la brten pa'i las sbyar bya bar spro na/_dang po srung ba ni/_rang nyid mkha' 'gro bdud 'dul ma'i:_thugs kar gser sbyangs mchod rten gyi:_bum par bsrung bya gsal ba la:_sras bcas rgyal ba'i ye shes kyi:_'od zer bsdus pas pha lam ltar:_mi 'jig rdo rje'i re khas btab:_nam yang gnod pas mi tshugs pa'i:_chos sku'i ye shes rol par shar:_sngags gnyis sbrel mthar/_ma ma badz+ra kA wa tsi rak+Sha rak+Sha:_zhes sham bu sbyar/_gnyis pa bzlog pa ni/_bdag mdun dkyil 'khor phyi rol du:_gnam lcags 'khor lo rtsibs bcu 'bar:_rtse rno spu gri ngar ma ltar:_shugs drag g.yas su drag tu 'khor:_mchan la sprul pa'i phra men 'phyo:_me chu rlung gi bu yug 'tshubs:_las byed pho nya bsam yas pas:_byad ma sder bcas bkug pa'i mod:_lha tshogs zhal kun phyir bstan te:_bzlog sngags stong gsum gang ba'i sgras:_snod bcud 'u 'ur shig shig brdeg:_rtsibs kyis byad ma sde bcas bcom:_phye ma'ang dmigs med rgyas gdab bsam:_rtsa sngag gnyis sbrel la/_ma hA sha ri e sa b+h+yo bzlog:_sbyar ba bzla/_gsum pa bsad dmigs ni/_bdag mdun dkyil 'khor gyi lha tshogs rnams cher khros shing 'khrugs pas rdo rje'i pho nya nam mkha' gang bar spros:_ma rungs pa gdug cing gtum pa thams cad phyag rgya bzhis rten la bkug cing myos par byas:_lha dang phral:_gzugs la dbab:_sku las byung ba'i mtshon cha'i char gyis gzir bas tshe bsod rang la thim:_rnam shes dbyings su spar:_phung po nyal nyal btub pa'i sha khrag las kyi mkha' 'gro 'khor dang bcas pas rngams pa'i gad mo dang bcas tshogs su bzhes par mos la/_sngags gnyis sbrel te/_dgra bgegs byad ma mA ra ya rbad b+h+yo phaT:_ces sbyar la btags/_spro na srung ba'i skabs su yab kyi thugs kar nyi ma la hU~M gi mthar sngags phreng dmigs la/_rdo rje gtsug gtor gyi gzungs byad grol gser gyi lde'i sngags dang*/_bzlog pa'i skabs phyir bzlog gtsug gtor chen mo'i gzungs mdo rigs kyang sbyar na legs/_gang ltar yang thun mthar dbyangs gsal rten snying yig brgya bzlas pas kha bskangs te/_mthar rdzogs rim ni/_a:_snod bcud lhar snang rang la thim:_rang snang 'od gsal dbyings kyi ngang:_zhes sngar gsal btab pa'i rten dang brten pa'i lhar snang 'od gsal gyi dbyings su bsdus la mnyam par bzhag_/byad phur gyi mtshon 'gal rkyen thams cad gnod bya gnod byed dang bral ba'i chos nyid kyi ngang du mnyam par bzhag pa'i don gyi srung ba chen por la bzla/_rig pa dz+nyA na DA ki ni'i:_gsang ba gsum gyi rol par shar:_oM AHhU~M:_gis snang grags rig pa ye shes chen po'i rol par blta/_bsngo smon ni/_brtan g.yo'i dngos kun bde chen lha skur dag:_ldang 'jug rlung rnams skye med sngags su rdzogs:_dran rtog 'od gsal thig le chen por smin:_rdo rje btsun mo'i go 'phang myur thob shog:_zhes dang shis brjod ni/_srung ba'i bkra shis rdo rje'i gur khang brtan/_/zlog bsad bkra shis byad ma rang gshed 'beb/_/shugs sgrol bkra shis nyams pa rtsad nas chod/_/bdag cags bkra shis phyogs las rnam rgyal shog_/zhes pas mtha' brgyan pas dge legs su bya'o/_/zhes pa'ang mtshungs med chos kyi bshes gnyen karma 'od gsal lhun grub nas bka' nan ched du bstsal ba ltar klong chen nam mkha' 'od gsal pad+ma mdo sngags gling pas phun tshogs chos 'khor gling du dmar phyogs kyi rgyal ba gsum par bris pa rang gzhan bar chad bdud sde'i g.yul las rnam par rgyal ba'i rgyur gyur cig_/sarba mang+ga laM/_dge'o/_/
 
</onlyinclude>
</onlyinclude>
 
{{TsagliCall}}
</div>
<headertabs/>
== Footnotes ==
<references/>
==Other Information==
{{Footer}}
[[Category:DKR-KABUM-Volume-23-'A]]
[[Category:DKR-KABUM-Volume-23-'A]]
[[Category:Khyentse Lineage Project]]
[[Category:Khyentse Lineage Project]]
[[Category:Text Pages in Wylie]]

Revision as of 12:38, 7 November 2022

Wylie title DKR-KABUM-23-'A-025.pdf
Location dil mgo mkhyen brtse bka' 'bum
Volume Expression error: Unrecognized punctuation character "'"., Text 25, Pages (Folios to )
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Citation
Genre "'A" is not a number.

"'A" is not a number.

[edit]
སྙན་བརྒྱུད་སྙིང་གི་གསང་མཛོད་ལས༔ མཁའ་འགྲོ་གདུགས་སེང་སྦྲགས་མའི་རྒྱུན་གྱི་རྣལ་འབྱོར་ཡེ་ཤེས་རྡོ་རྗེའི་སྙིང་པོ་བཞུགས༔ བླ་མ་ཡེ་ཤེས་མཁའ་འགྲོ་ལ། །བཏུད་ནས་དེ་ཡི་རྣལ་འབྱོར་གྱིས། །བྱད་ཕུར་བར་ཆད་སྐྱོབ་པའི་ཐབས། །སྙིང་པོའི་གདམས་པ་ཉུང་ངུར་སྤེལ། །ཐོག་མར་སྐྱབས་སེམས་བསག་སྦྱོང་ནི། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ་སོགས་ལན་གསུམ། གཉིས་པ་དངོས་གཞིའི་བསྐྱེད་བཟླས་ནི། ཨ༔ བདག་མེད་རྡོ་རྗེ་བཙུན་མོའི་མཁའ་ཀློང་ནས༔ རང་བྱུང་སྙིང་རྗེའི་ཆོ་འཕྲུལ་ཉི་ལྟར་ཤར༔ ཟུང་འཇུག་དྭངས་མའི་ཐིག་ལེ་ཡི་གེ་ཨེ༔ ནམ་མཁའི་མདོག་གིས་འཁོར་འདས་དངོས་འཛིན་སྦྱངས༔ རྡོ་རྗེའི་སྲུང་འཁོར་ཟླུམ་མཐིང་གཅིག་དྲིལ་དབུས༔ གནས་གསུམ་མཁའ་འགྲོའི་རྗེ་མོ་སེང་ཧའི་ཞལ༔ དབུ་དགུ་བཅོ་བརྒྱད་ཕྱག་ལྡན་མུན་པའི་མདོག༔ རྩ་བའི་ཕྱག་གཉིས་གྲི་ཐོད་ཐུགས་ཀར་འཛིན༔ གཡས་བརྒྱད་རྡོ་རྗེ་ཙིཏྟ་མདུང་ཐུང་གྲི༔ གསལ་ཤིང་མདའ་དང་བེ་ཅོན་དབྱུག་ཐོ་གདེང༔ གཡོན་བརྒྱད་དྲིལ་བུ་བྱེད་མའི་མགོ་ཞགས་པ༔ མེ་ཧྃ་ལྕགས་སྒྲོག་གཞུ་དང་འཁོར་ལོ་སྟེ༔ སྲིད་པ་སྤྱི་འདེགས་ཞབས་བཞི་གར་སྟབས་ཅན༔ སྐུ་ལ་དུར་ཁྲོད་དཔལ་གྱི་ཆས་རྫོགས་པའི༔ པང་དུ་ཁྲོལ་རྒྱལ་རྡོ་རྗེ་གཙུག་གཏོར་ཆེ༔ དབུ་དགུ་ཕྱག་བཞི་དང་པོས་རྡོ་རྗེ་དུང༔ ལྷག་མ་གཡས་གཡོན་གྲི་གདེང་འཁྲིལ་ཞིང་སྦྱོར༔ གནས་བཞིར་སེང་གདོང་རིགས་བཞི་གྲི་ཐོད་ཅན༔ ཡན་ལག་བཞི་ལ་གཙུག་གཏོར་གདུགས་ཐོག་བཞི༔ བ་སྤུ་རྡོ་རྗེའི་མེ་ཟེར་འཁྲུགས་པའི་ཀློང༔ དབང་ཕྱུག་གིང་ལང་བརྟན་མའི་ཕོ་ཉ་སྤྲོ༔ མི་ཤིགས་རྡོ་རྗེ་གསུམ་གྱི་ཡེ་ཤེས་ལ༔ དུག་ལྔ་གནས་དག་རིགས་ལྔའི་དབང་བསྐུར་གྱུར༔ ཨོཾ་ཨཱཿཧཱུྃ༔ ཧཱུྃ་ཨོཾ་ཏྲཱཾ་ཧྲཱིཿཨཱ༔ ཞེས་བསྐྱེད་གཞི་གསལ་བ་ལ། གསལ་བརྟན་དག་པ་དྲན་པས་བསྐྱེད་རིམ་བོག་དབྱུང༌། སྐྱོ་བའི་གེགས་བྱུང་ན་བཟླས་པ་བྱ་སྟེ། དམིགས་པ་ནི། རང་གི་ཐུགས་ཀར་གནམ་ལྕགས་རྡོ་རྗེའི་ལྟེར༔ ཉི་མ་ལ་གནས་ཨེཿམཐར་སྔགས་ཀྱིས་བསྐོར༔ འོད་ཟེར་འཕྲོས་པས་འཕགས་མཆོད་འགྲོ་སྒྲིབ་སྦྱངས༔ ཆོས་ཉིད་ལྷ་དང་སྒྲ་སྔགས་འོད་ཟེར་ནི༔ ཉི་མ་འབུམ་གྱི་གཟི་བརྗིད་ལྟར་འབར་བས༔ བྱད་ཕུར་བར་ཆད་དགྲ་བགེགས་དབྱིངས་སུ་བསྒྲལ༔ བདེ་ཆེན་ཕྱོགས་ལས་རྣམ་རྒྱལ་དཔལ་ཐོབ་གྱུར༔ ཨཿཀཿསཿམཿརཿཙཿཤཿདཿརཿསཿ མཿརཿཡཿཕཊ༔ ཅེས་དང༌། ཨོཾ་སི་ཏ་ཏ་པ་ཏྲེ༔ ཨ་ན་ལེ་ཨ་ན་ལེ༔ བི་ཥ་དེ་བི་ཥ་དེ༔ བཻ་ར་བཻ་ར༔ བཛྲ་དྷཱ་ར་ནི༔ བཛྲ་པཱ་ནི་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ༔ ཞེས་བཟླ། སྤྲོས་མེད་ཏིང་ངེ་འཛིན་ལ་བརྟེན་པའི་ལས་སྦྱར་བྱ་བར་སྤྲོ་ན། དང་པོ་སྲུང་བ་ནི། རང་ཉིད་མཁའ་འགྲོ་བདུད་འདུལ་མའི༔ ཐུགས་ཀར་གསེར་སྦྱངས་མཆོད་རྟེན་གྱི༔ བུམ་པར་བསྲུང་བྱ་གསལ་བ་ལ༔ སྲས་བཅས་རྒྱལ་བའི་ཡེ་ཤེས་ཀྱི༔ འོད་ཟེར་བསྡུས་པས་ཕ་ལམ་ལྟར༔ མི་འཇིག་རྡོ་རྗེའི་རེ་ཁས་བཏབ༔ ནམ་ཡང་གནོད་པས་མི་ཚུགས་པའི༔ ཆོས་སྐུའི་ཡེ་ཤེས་རོལ་པར་ཤར༔ སྔགས་གཉིས་སྦྲེལ་མཐར། མ་མ་བཛྲ་ཀཱ་ཝ་ཙི་རཀྵ་རཀྵ༔ ཞེས་ཤམ་བུ་སྦྱར། གཉིས་པ་བཟློག་པ་ནི། བདག་མདུན་དཀྱིལ་འཁོར་ཕྱི་རོལ་དུ༔ གནམ་ལྕགས་འཁོར་ལོ་རྩིབས་བཅུ་འབར༔ རྩེ་རྣོ་སྤུ་གྲི་ངར་མ་ལྟར༔ ཤུགས་དྲག་གཡས་སུ་དྲག་ཏུ་འཁོར༔ མཆན་ལ་སྤྲུལ་པའི་ཕྲ་མེན་འཕྱོ༔ མེ་ཆུ་རླུང་གི་བུ་ཡུག་འཚུབས༔ ལས་བྱེད་ཕོ་ཉ་བསམ་ཡས་པས༔ བྱད་མ་སྡེར་བཅས་བཀུག་པའི་མོད༔ ལྷ་ཚོགས་ཞལ་ཀུན་ཕྱིར་བསྟན་ཏེ༔ བཟློག་སྔགས་སྟོང་གསུམ་གང་བའི་སྒྲས༔ སྣོད་བཅུད་འུ་འུར་ཤིག་ཤིག་བརྡེག༔ རྩིབས་ཀྱིས་བྱད་མ་སྡེ་བཅས་བཅོམ༔ ཕྱེ་མའང་དམིགས་མེད་རྒྱས་གདབ་བསམ༔ རྩ་སྔག་གཉིས་སྦྲེལ་ལ། མ་ཧཱ་ཤ་རི་ཨེ་ས་བྷྱོ་བཟློག༔ སྦྱར་བ་བཟླ། གསུམ་པ་བསད་དམིགས་ནི། བདག་མདུན་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཆེར་ཁྲོས་ཤིང་འཁྲུགས་པས་རྡོ་རྗེའི་ཕོ་ཉ་ནམ་མཁའ་གང་བར་སྤྲོས༔ མ་རུངས་པ་གདུག་ཅིང་གཏུམ་པ་ཐམས་ཅད་ཕྱག་རྒྱ་བཞིས་རྟེན་ལ་བཀུག་ཅིང་མྱོས་པར་བྱས༔ ལྷ་དང་ཕྲལ༔ གཟུགས་ལ་དབབ༔ སྐུ་ལས་བྱུང་བའི་མཚོན་ཆའི་ཆར་གྱིས་གཟིར་བས་ཚེ་བསོད་རང་ལ་ཐིམ༔ རྣམ་ཤེས་དབྱིངས་སུ་སྤར༔ ཕུང་པོ་ཉལ་ཉལ་བཏུབ་པའི་ཤ་ཁྲག་ལས་ཀྱི་མཁའ་འགྲོ་འཁོར་དང་བཅས་པས་རྔམས་པའི་གད་མོ་དང་བཅས་ཚོགས་སུ་བཞེས་པར་མོས་ལ། སྔགས་གཉིས་སྦྲེལ་ཏེ། དགྲ་བགེགས་བྱད་མ་མཱ་ར་ཡ་རྦད་བྷྱོ་ཕཊ༔ ཅེས་སྦྱར་ལ་བཏགས། སྤྲོ་ན་སྲུང་བའི་སྐབས་སུ་ཡབ་ཀྱི་ཐུགས་ཀར་ཉི་མ་ལ་ཧཱུྃ་གི་མཐར་སྔགས་ཕྲེང་དམིགས་ལ། རྡོ་རྗེ་གཙུག་གཏོར་གྱི་གཟུངས་བྱད་གྲོལ་གསེར་གྱི་ལྡེའི་སྔགས་དང༌། བཟློག་པའི་སྐབས་ཕྱིར་བཟློག་གཙུག་གཏོར་ཆེན་མོའི་གཟུངས་མདོ་རིགས་ཀྱང་སྦྱར་ན་ལེགས། གང་ལྟར་ཡང་ཐུན་མཐར་དབྱངས་གསལ་རྟེན་སྙིང་ཡིག་བརྒྱ་བཟླས་པས་ཁ་བསྐངས་ཏེ། མཐར་རྫོགས་རིམ་ནི། ཨ༔ སྣོད་བཅུད་ལྷར་སྣང་རང་ལ་ཐིམ༔ རང་སྣང་འོད་གསལ་དབྱིངས་ཀྱི་ངང༔ ཞེས་སྔར་གསལ་བཏབ་པའི་རྟེན་དང་བརྟེན་པའི་ལྷར་སྣང་འོད་གསལ་གྱི་དབྱིངས་སུ་བསྡུས་ལ་མཉམ་པར་བཞག །བྱད་ཕུར་གྱི་མཚོན་འགལ་རྐྱེན་ཐམས་ཅད་གནོད་བྱ་གནོད་བྱེད་དང་བྲལ་བའི་ཆོས་ཉིད་ཀྱི་ངང་དུ་མཉམ་པར་བཞག་པའི་དོན་གྱི་སྲུང་བ་ཆེན་པོར་ལ་བཟླ། རིག་པ་ཛྙཱ་ན་ཌཱ་ཀི་ནིའི༔ གསང་བ་གསུམ་གྱི་རོལ་པར་ཤར༔ ཨོཾ་ཨཱཿཧཱུྃ༔ གིས་སྣང་གྲགས་རིག་པ་ཡེ་ཤེས་ཆེན་པོའི་རོལ་པར་བལྟ། བསྔོ་སྨོན་ནི། བརྟན་གཡོའི་དངོས་ཀུན་བདེ་ཆེན་ལྷ་སྐུར་དག༔ ལྡང་འཇུག་རླུང་རྣམས་སྐྱེ་མེད་སྔགས་སུ་རྫོགས༔ དྲན་རྟོག་འོད་གསལ་ཐིག་ལེ་ཆེན་པོར་སྨིན༔ རྡོ་རྗེ་བཙུན་མོའི་གོ་འཕང་མྱུར་ཐོབ་ཤོག༔ ཞེས་དང་ཤིས་བརྗོད་ནི། སྲུང་བའི་བཀྲ་ཤིས་རྡོ་རྗེའི་གུར་ཁང་བརྟན། །ཟློག་བསད་བཀྲ་ཤིས་བྱད་མ་རང་གཤེད་འབེབ། །ཤུགས་སྒྲོལ་བཀྲ་ཤིས་ཉམས་པ་རྩད་ནས་ཆོད། །བདག་ཅགས་བཀྲ་ཤིས་ཕྱོགས་ལས་རྣམ་རྒྱལ་ཤོག །ཞེས་པས་མཐའ་བརྒྱན་པས་དགེ་ལེགས་སུ་བྱའོ། །ཞེས་པའང་མཚུངས་མེད་ཆོས་ཀྱི་བཤེས་གཉེན་ཀརྨ་འོད་གསལ་ལྷུན་གྲུབ་ནས་བཀའ་ནན་ཆེད་དུ་བསྩལ་བ་ལྟར་ཀློང་ཆེན་ནམ་མཁའ་འོད་གསལ་པདྨ་མདོ་སྔགས་གླིང་པས་ཕུན་ཚོགས་ཆོས་འཁོར་གླིང་དུ་དམར་ཕྱོགས་ཀྱི་རྒྱལ་བ་གསུམ་པར་བྲིས་པ་རང་གཞན་བར་ཆད་བདུད་སྡེའི་གཡུལ་ལས་རྣམ་པར་རྒྱལ་བའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ། དགེའོ། །
[edit]

snyan brgyud snying gi gsang mdzod las:_mkha' 'gro gdugs seng sbrags ma'i rgyun gyi rnal 'byor ye shes rdo rje'i snying po bzhugs:_ bla ma ye shes mkha' 'gro la/_/btud nas de yi rnal 'byor gyis/_/byad phur bar chad skyob pa'i thabs/_/snying po'i gdams pa nyung ngur spel/_/thog mar skyabs sems bsag sbyong ni/_rdo rje slob dpon sangs rgyas dpal sogs lan gsum/_gnyis pa dngos gzhi'i bskyed bzlas ni/_a:__bdag med rdo rje btsun mo'i mkha' klong nas:_rang byung snying rje'i cho 'phrul nyi ltar shar:_zung 'jug dwangs ma'i thig le yi ge e:_nam mkha'i mdog gis 'khor 'das dngos 'dzin sbyangs:_rdo rje'i srung 'khor zlum mthing gcig dril dbus:_gnas gsum mkha' 'gro'i rje mo seng ha'i zhal:_dbu dgu bco brgyad phyag ldan mun pa'i mdog:_rtsa ba'i phyag gnyis gri thod thugs kar 'dzin:_g.yas brgyad rdo rje tsit+ta mdung thung gri:_gsal shing mda' dang be con dbyug tho gdeng:_g.yon brgyad dril bu byed ma'i mgo zhags pa:_me ha~M lcags sgrog gzhu dang 'khor lo ste:_srid pa spyi 'degs zhabs bzhi gar stabs can:_sku la dur khrod dpal gyi chas rdzogs pa'i:_pang du khrol rgyal rdo rje gtsug gtor che:_dbu dgu phyag bzhi dang pos rdo rje dung:_lhag ma g.yas g.yon gri gdeng 'khril zhing sbyor:_gnas bzhir seng gdong rigs bzhi gri thod can:_yan lag bzhi la gtsug gtor gdugs thog bzhi:_ba spu rdo rje'i me zer 'khrugs pa'i klong:_dbang phyug ging lang brtan ma'i pho nya spro:_mi shigs rdo rje gsum gyi ye shes la:_dug lnga gnas dag rigs lnga'i dbang bskur gyur:_oM AHhU~M:_hU~M oM trAM hrIHA:_zhes bskyed gzhi gsal ba la/_gsal brtan dag pa dran pas bskyed rim bog dbyung*/_skyo ba'i gegs byung na bzlas pa bya ste/_dmigs pa ni/_rang gi thugs kar gnam lcags rdo rje'i lter:_nyi ma la gnas eHmthar sngags kyis bskor:_'od zer 'phros pas 'phags mchod 'gro sgrib sbyangs:_chos nyid lha dang sgra sngags 'od zer ni:_nyi ma 'bum gyi gzi brjid ltar 'bar bas:_byad phur bar chad dgra bgegs dbyings su bsgral:_bde chen phyogs las rnam rgyal dpal thob gyur:_aHkaHsaHmaHraHtsaHshaHdaHraHsaH_maHraHyaHphaT:_ces dang*/_oM si ta ta pa tre:_a na le a na le:_bi Sha de bi Sha de:_bai ra bai ra:_badz+ra d+hA ra ni:_badz+ra pA ni hU~M hU~M hU~M phaT swA hA:_zhes bzla/_spros med ting nge 'dzin la brten pa'i las sbyar bya bar spro na/_dang po srung ba ni/_rang nyid mkha' 'gro bdud 'dul ma'i:_thugs kar gser sbyangs mchod rten gyi:_bum par bsrung bya gsal ba la:_sras bcas rgyal ba'i ye shes kyi:_'od zer bsdus pas pha lam ltar:_mi 'jig rdo rje'i re khas btab:_nam yang gnod pas mi tshugs pa'i:_chos sku'i ye shes rol par shar:_sngags gnyis sbrel mthar/_ma ma badz+ra kA wa tsi rak+Sha rak+Sha:_zhes sham bu sbyar/_gnyis pa bzlog pa ni/_bdag mdun dkyil 'khor phyi rol du:_gnam lcags 'khor lo rtsibs bcu 'bar:_rtse rno spu gri ngar ma ltar:_shugs drag g.yas su drag tu 'khor:_mchan la sprul pa'i phra men 'phyo:_me chu rlung gi bu yug 'tshubs:_las byed pho nya bsam yas pas:_byad ma sder bcas bkug pa'i mod:_lha tshogs zhal kun phyir bstan te:_bzlog sngags stong gsum gang ba'i sgras:_snod bcud 'u 'ur shig shig brdeg:_rtsibs kyis byad ma sde bcas bcom:_phye ma'ang dmigs med rgyas gdab bsam:_rtsa sngag gnyis sbrel la/_ma hA sha ri e sa b+h+yo bzlog:_sbyar ba bzla/_gsum pa bsad dmigs ni/_bdag mdun dkyil 'khor gyi lha tshogs rnams cher khros shing 'khrugs pas rdo rje'i pho nya nam mkha' gang bar spros:_ma rungs pa gdug cing gtum pa thams cad phyag rgya bzhis rten la bkug cing myos par byas:_lha dang phral:_gzugs la dbab:_sku las byung ba'i mtshon cha'i char gyis gzir bas tshe bsod rang la thim:_rnam shes dbyings su spar:_phung po nyal nyal btub pa'i sha khrag las kyi mkha' 'gro 'khor dang bcas pas rngams pa'i gad mo dang bcas tshogs su bzhes par mos la/_sngags gnyis sbrel te/_dgra bgegs byad ma mA ra ya rbad b+h+yo phaT:_ces sbyar la btags/_spro na srung ba'i skabs su yab kyi thugs kar nyi ma la hU~M gi mthar sngags phreng dmigs la/_rdo rje gtsug gtor gyi gzungs byad grol gser gyi lde'i sngags dang*/_bzlog pa'i skabs phyir bzlog gtsug gtor chen mo'i gzungs mdo rigs kyang sbyar na legs/_gang ltar yang thun mthar dbyangs gsal rten snying yig brgya bzlas pas kha bskangs te/_mthar rdzogs rim ni/_a:_snod bcud lhar snang rang la thim:_rang snang 'od gsal dbyings kyi ngang:_zhes sngar gsal btab pa'i rten dang brten pa'i lhar snang 'od gsal gyi dbyings su bsdus la mnyam par bzhag_/byad phur gyi mtshon 'gal rkyen thams cad gnod bya gnod byed dang bral ba'i chos nyid kyi ngang du mnyam par bzhag pa'i don gyi srung ba chen por la bzla/_rig pa dz+nyA na DA ki ni'i:_gsang ba gsum gyi rol par shar:_oM AHhU~M:_gis snang grags rig pa ye shes chen po'i rol par blta/_bsngo smon ni/_brtan g.yo'i dngos kun bde chen lha skur dag:_ldang 'jug rlung rnams skye med sngags su rdzogs:_dran rtog 'od gsal thig le chen por smin:_rdo rje btsun mo'i go 'phang myur thob shog:_zhes dang shis brjod ni/_srung ba'i bkra shis rdo rje'i gur khang brtan/_/zlog bsad bkra shis byad ma rang gshed 'beb/_/shugs sgrol bkra shis nyams pa rtsad nas chod/_/bdag cags bkra shis phyogs las rnam rgyal shog_/zhes pas mtha' brgyan pas dge legs su bya'o/_/zhes pa'ang mtshungs med chos kyi bshes gnyen karma 'od gsal lhun grub nas bka' nan ched du bstsal ba ltar klong chen nam mkha' 'od gsal pad+ma mdo sngags gling pas phun tshogs chos 'khor gling du dmar phyogs kyi rgyal ba gsum par bris pa rang gzhan bar chad bdud sde'i g.yul las rnam par rgyal ba'i rgyur gyur cig_/sarba mang+ga laM/_dge'o/_/

Footnotes

Other Information