DKR-KABUM-05-CA-018: Difference between revisions
From Khyentse Lineage - A Tsadra Foundation Project
DKR-KABUM-05-CA-018
WikiBot2015 (talk | contribs) No edit summary |
WikiBot2015 (talk | contribs) No edit summary |
||
Line 1: | Line 1: | ||
{{ | {{Khyentse Metadata | ||
|classification=Tibetan Publications | |||
< | |subclass=Tibetan Texts | ||
|collectiontitle=dil mgo mkhyen brtse bka' 'bum | |||
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | |||
|totalvolumes=25 | |||
|author=Khyentse, Dilgo | |||
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |||
|language=Tibetan | |||
|pagestatus=Temporary stub only | |||
|volumenumber=CA | |||
|textnuminvol=018 | |||
|pdflink=File:DKR-KABUM-05-CA-018.pdf | |||
}} | |||
{{Header}} | |||
<h1 style="font-size: 24px !important;">Tibetan Text</h1> | |||
<onlyinclude> | <onlyinclude> | ||
{{TibP|༄༅། དག་སྣང་བཀའ་བརྒྱད་རིག་འཛིན་ཞལ་ལུང་ལས། དབང་ཆེན་རྟ་མཆོག་རོལ་པའི་ཕྲིན་ལས་དབང་བསྐུར་དང་བཅས་པ་བདེ་ཆེན་བདུད་རྩིའི་ཉིང་ཁུ་ཞེས་བྱ་བ་བཞུགས་སོ།། | |||
༄༅། །གཞོམ་མེད་གསུང་གི་གསང་བའི་ཡེ་ཤེས་ནི། །བདེ་ཆེན་སྙིང་རྗེས་ལྷག་པའི་ལྷར་བཞེངས་པ། །དབང་ཆེན་ཁྲོ་བོའི་རྒྱལ་ལ་གུས་བཏུད་ནས། །སྒྲུབ་ཐབས་དབང་གི་ཆོ་ག་འདིར་གསལ་བྱ། །གསུང་པདྨའི་རིགས་དབང་ཆེན་རྟ་མཆོག་རོལ་པའི་དབང་གིས་སློབ་མ་རྗེས་སུ་འཛིན་པ་ལ། ལས་དང་མཐུན་པའི་གནས་སུ་གཞུང་མཐུན་དཀྱིལ་འཁོར་གྱི་དབུས་སུ་རྣམ་རྒྱལ་བུམ་པ། ལྷ་ཙཀ་ཡོངས་རྫོགས། སྔགས་བྱང༌། ཕྱག་མཚན། མངའ་གསོལ་གྱི་ཆས། དུར་ཁྲོད་དཔལ་ཆས། རྟ་ཡི་ཐོད་པའི་དཔྲལ་བར་ཐོད་ཁྱུད་གང་ཙམ་པ་གད་བདར་བྱས། ཕྱི་ལ་རྟ་ཞལ་ནང་དུ་འཁོར་ལོ་རྩིབས་བཞི་ལྟེ་བ་སྔགས་བཅས་བྲིས་པའི་རྟ་ཞལ་གྱི་ཐོད་སྐུ། གསང་ཐོད་བདུད་རྩི། རིག་ཙཀ །ཤེལ་རྡོ། མིག་དར། མིག་ཐུར། མེ་ཏོག །དོ་ར། ཉེར་སྤྱོད་མཆོད་པས་བསྐོར། སྨན་རཀ་གཏོར་མ། ཚོགས། དཀར་བགེགས། ཆད་བརྟན་སོགས་སྤྱི་ལྟར་འདུ་བྱ་ཞིང༌། སློབ་དཔོན་གྱི་མདུན་དུ་ལས་བུམ་སོགས་ཉེར་མཁོ་འདུ་བྱས་ལ། དབང་དོན་སྒྲུབ་མཆོད་ཀྱི་རིམ་པ་ནི། སྐྱབས་སེམས་ནས་བརྩམས་ཁྲོ་བོ་སྤྱི་ཡི་ལས་གཞུང་ཆིངས་ལྟར་རྟེན་དང་བརྟེན་པའི་ལྷ་བསྐྱེད། གན་རྐྱལ་ཁ་སྦུབ་བརྩེགས་པའི་གདན་སྟེང་དུ། ཞེས་པའི་བར་བཏང་རྗེས། ས་བོན་དམར་ནག་གདན་སྟེང་ཡོངས་གྱུར་ལས། །རྟ་མགྲིན་རྒྱལ་པོ་ཞལ་གསུམ་ཕྱག་དྲུག་པ། །གཡས་དཀར་གཡོན་སྔོ་དབུས་དམར་ཁྲོ་ཞིང་གཏུམ། །སྤྱན་བགྲད་ཞལ་གདངས་ལྗགས་འདྲིལ་མཆེ་བ་གརྩིགས། །སྨིན་མ་སྨ་རར་དབུ་སྐྲ་དམར་སེར་འབར། །དབུ་གཙུག་རྟ་མགོ་ལྗང་ཞུར་རྟ་སྐད་འཚེར། །ཕྱག་དྲུག་རྡོ་རྗེ་ཁ་ཊྭཱཾ་སྦྲུལ་ཞགས་གཡས། །དྲིལ་བུ་བྷན་དམར་ལྕགས་སྒྲོག་གཡོན་པ་བསྣམས། །དཔལ་དང་དུར་ཁྲོད་ཆས་ཀྱིས་རྣམ་པར་བརྒྱན། །ཞབས་བཞི་གཡས་བསྐུམ་གཡོན་བརྐྱང་དོར་སྟབས་བགྲད། །གཟི་ལྡན་དམར་མོ་རྩེ་གསུམ་ཐོད་འཛིན་འཁྱུད། །ཕྲ་མེན་བྱི་ལ་པུ་ཤུད་མགོ་བོ་ཅན། །གཡས་པ་ལྕགས་ཀྱུ་གཡོན་པ་ཕུར་བུ་འདྲིལ། །ཤར་དུ་རྡོ་རྗེ་དབང་ཆེན་མཐིང་དཀར་དམར། །ཞལ་ལྡན་ཕྱག་དྲུག་གཡས་གཡོན་དང་པོ་ཡིས། །རྡོ་རྗེ་ཐོད་འཛིན་རྡོ་རྗེ་དབང་མོར་འཁྱུད། །ལྷོ་རུ་རིན་ཆེན་དབང་ཆེན་སེར་དཀར་དམར། །ཞལ་ལྡན་ཕྱག་དྲུག་གཡས་གཡོན་དང་པོ་ཡིས། །རིན་ཆེན་ཐོད་འཛིན་རིན་ཆེན་དབང་ཆེན་འཁྱུད། །ནུབ་ཏུ་པདྨ་དབང་ཆེན་དམར་དཀར་སྔོ། །ཞལ་ལྡན་ཕྱག་དྲུག་གཡས་གཡོན་དང་པོ་ཡིས། །པདྨ་ཐོད་འཛིན་པདྨ་དབང་མོར་འཁྱུད། །བྱང་དུ་ལས་ཀྱི་དབང་ཆེན་ལྗང་དཀར་དམར། །ཞལ་ལྡན་ཕྱག་དྲུག་གཡས་གཡོན་དང་པོ་ཡིས། །རྒྱ་གྲམ་ཐོད་འཛིན་ལས་ཀྱིས་དབང་མོར་འཁྱུད། །བཞི་ཀའང་བར་གཉིས་ཁ་ཊྭཱཾ་སྦྲུལ་ཞགས་འཛིན། །ཐ་མ་གཉིས་ཀྱི་དབང་གི་ཕུར་བུ་འདྲིལ། །དབུ་གཙུག་རྟ་མགོ་ལྗང་ཞུར་རྟ་སྐད་འཚེར། །དུར་ཁྲོད་ཆས་བརྒྱད་རྒྱན་དྲུག་སྐུ་ལ་རྫོགས། །ཞབས་བཞི་གཡས་བསྐུམ་གཡོན་བསྐྱང་ཚུལ་གྱིས་འགྱིངས། །ཡུམ་རྣམས་རྩེ་གསུམ་ཐོད་ཁྲག་འཛིན་དང་སྦྱོར། །ཟིལ་གནོན་སྒོ་བ་ལ་སོགས་དྲུག་ཅུ་གསུམ། །སྣ་ཚོགས་རྒྱན་སྤྲས་དཔའ་གཏུམ་བརྗིད་པའི་གཟུགས། །ཡེ་ཤེས་མེ་དཔུང་འབར་བའི་ཀློང་ན་བཞུགས། །དབང་བསྐུར་རྒྱས་གདབ་ནས་བརྩམས། ཧཱུྃ། རང་བྱུང་པདྨ་དབང་ཆེན་གྱི་ཞེས་བསྒྱུར། བསྙེན་པ་ནི། ཨོཾ་པདྨཱནྟ་ཏ་ཀྲྀཏ་ཧྱ་གྲཱྀ་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཞེས་ཇི་ལྟར་འོས་པ་བཟླ། རྣམ་རྒྱལ་དང་ལས་བུམ་སྒྲུབ་པ་གཤིན་རྗེ་ལྟར་བྱ། བདག་འཇུག་གམ་རིག་པའི་མེ་ཏོག་དོར། སློབ་མ་ཁྲུས་བྱ། བགེགས་བསྐྲད། སྲུང་འཁོར་བསྒོམ་པ་སྔོན་འགྲོས། ལོ་རྒྱུས་ཀྱི་ཁྱད་པར། དེ་བཞིན་གཤེགས་པའི་ཕྲིན་ལས་ཀྱི་ཤིང་རྟ་ཐུན་མོང་དང་ཐུན་མོང་མིན་པའི་གདུལ་བྱ་ཐམས་ཅད་ལ་རྟག་ཁྱབ་ལྷུན་གྱིས་གྲུབ་པས་མཐོང་ཆོས་སུ་གྱུར་པ་རྨད་དུ་བྱུང་བ་ནི་གསུང་རྡོ་རྗེ་སྟེ། དེ་ཉིད་ལྷ་ཡི་རྟགས་ཀྱི་ཕྱག་རྒྱར་བཞེངས་པ་གར་གྱི་དབང་ཕྱུག་པདྨ་ཞི་ཁྲོའི་བདེ་བ་ཆེན་པོའི་བཀོད་པ་འབྱམས་སུ་ཀླས་པའི་དཀྱིལ་འཁོར་གྱི་རྒྱུད་རྔོག་མ་ལེབ་རྒན་གྱི་རྒྱུད་དང༌། དབང་ཆེན་འདུས་པའི་རྒྱུད་སོགས་རིག་འཛིན་རྡོ་རྗེ་ཆོས་ཀྱིས་བསྡུས་ཏེ་མཆོད་རྟེན་བདེ་བྱེད་བརྩེགས་པར་སྦས་པ་སྨུག་ནག་དབང་གི་མཁའ་འགྲོས་སློབ་དཔོན་སངས་རྒྱས་གཉིས་པ་ནཱ་གརྫུ་ན་ལ་གཏད་པ་དང༌། པདྨའི་རིགས་ཀྱི་གྲུབ་པའི་ཚོགས་རྗེ་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་དབང་ཆེན་འདུས་པ་སྐུ་ཡི་རྒྱུད། རྟ་མཆོག་རོལ་པ་གསུང་གི་རྒྱུད། རྡོ་རྗེ་པད་དྲྭ་ཐུགས་རྒྱུད་སོགས་མདོར་ན་ཞི་དང་ཁྲོ་བོའི་རྒྱུད་ལུང་མན་ངག་གྲངས་ལས་འདས་པ་བྱོན། ཆོས་རྒྱལ་སྲོང་བཙན་སྒམ་པོ་དང༌། གྲུབ་ཆེན་མི་ཏྲ་ཛོ་ཀི་སོགས་མཁས་གྲུབ་སོ་སོའི་དགོངས་པའི་རྩལ་གྱིས་ཕྱེས་པ་བློས་མི་འཁྱུད་པ་བྱོན་ཅིང༌། གྲུབ་པ་བརྙེས་པ་མཐའ་ཀླས་པས་གངས་ཅན་གཙོ་བོར་གྱུར་པའི་མཁའ་ཁྱབ་ཀྱི་གདུལ་བྱ་གྲོལ་བ་དྲུག་གི་ཕྲིན་ལས་ཀྱི་ཞགས་པས་འཁོར་བ་དོང་ནས་སྤྲུགས་པ་ལས། སྐབས་སུ་བབ་པ་འདི་ནི་འཕགས་མཆོག་འཇིག་རྟེན་དབང་ཕྱུག་གངས་ཅན་གདུལ་བྱ་སྒྲོལ་བའི་དེད་དཔོན་དུ་བསམ་བཞིན་བྱོན་ཅིང༌། ངོ་མཚར་གྱི་ཕྲིན་ལས་འཇིག་རྟེན་གསུམ་ན་སྙན་པར་གྲགས་པ་ངག་གི་དབང་ཕྱུག་རྒྱལ་དབང་བློ་བཟང་རྒྱ་མཚོ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལྷ་དང་བླ་མས་རྗེས་སུ་བཟུང་སྟེ། ཆོས་ཀྱི་བདུད་རྩི་གཞན་ཕན་གྱི་གསོས་སུ་རྒྱུན་མི་ཆད་པར་བསྩལ་བའི་ཡང་ཟབ་དག་སྣང་རྒྱ་ཅན་གྱི་བཀའ་བརྒྱད་རིག་འཛིན་ཞལ་ལུང་གི་སྒོས་སྒྲུབ་པདྨ་གསུང་རྟ་མཆོག་རོལ་པའི་སྨིན་བྱེད་སྒྲུབ་པ་ལ་ཐོག་མར་ཕྱི་ནང་གི་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་མཎྜལ་འབུལ་བ་ནས་བརྩམས་བྱིན་འབེབས་ཀྱི་བར་ལྷ་ཡི་མཚན་ཁ་བསྒྱུར་བ་ཙམ་ལས་གཤིན་རྗེ་ལྟར་ལ། བྱིན་འབེབས་ཀྱི་ལྷ་བསྐྱེད་སྐབས། དབང་སྟེགས་ལ་འཁོད་པ་སྣོད་རྣམ་པར་དག་པ་ཟླ་གམ་དབང་ཆེན་རོལ་པའི་གཞལ་ཡས་ཁང་དུ་པདྨ་ཉི་མ་ཀླུ་སྲིན་ཕོ་མོ་བསྣོལ་བའི་གདན་ལ་བཅུད་རྣམ་པར་དག་པ་ཁྱེད་རྣམས་རེ་རེ་ནས་དབང་ཆེན་རྟ་མཆོག་རོལ་པ་སྐུ་མདོག་དམར་པོ་ཞལ་གསུམ་ཕྱག་དྲུག་པ། རྩ་བའི་ཞལ་དམར་པོ། གཡས་དཀར། གཡོན་སྔོ། ཞལ་རེ་རེ་བཞིན་སྤྱན་གསུམ་པ། མཆེ་བ་གཙིགས་པ། དབུ་སྐྲ་དང་སྨ་ར་སྨིན་མ་འབར་བ། དབུ་གསུམ་གྱི་གཙུག་ན་རྟ་མགོ་ལྗང་གུ་གསུམ་ཁ་གདངས་ཤིང་རྟ་སྐད་འཚེར་བ། རྔོག་མའི་གསེབ་ནས་མེ་སྟག་འཕྲོ་བས་སྟོང་གསུམ་གང་བ། ཕྱག་དྲུག་གཡས་ཀྱི་དང་པོས་རྡོ་རྗེ། གཉིས་པས་ཁ་ཊྭཱཾ། གསུམ་པས་སྦྲུལ་ཞགས། གཡོན་གྱི་དང་པོས་དྲིལ་བུ། གཉིས་པས་དུང་དམར། གསུམ་པས་ལྕགས་སྒྲོག་བསྣམས་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང༌། རློན་པ་ལྔ་བཅུའི་དོ་ཤལ་ཅན། མི་ལྤགས་ཀྱི་གཡང་གཞི་དང་གླང་ཆེན་གྱི་ཀོ་བས་སྟོད་གཡོགས་ཤིང༌། སྟག་ལྤགས་ཀྱི་ཤམ་ཐབས་ཅན། མི་སྐྲའི་ཚངས་སྐུད། ཁྲག་གི་ཐིག་ལེ། ཞག་གི་ཟོ་རིས། ཐལ་ཆེན་གྱི་ཚོམ་བུ། སྦྲུལ་གྱི་ཆུན་པོ་རྣམས་ཀྱིས་བརྒྱན་པ། ཞབས་བརྒྱད་ཀྱིས་ཀླུ་ཆེན་བརྒྱད་སྦྲུལ་གྱི་རྣམ་པར་བརྫིས་པ། ཡུམ་པདྨ་གཟི་ལྡན་རྩེ་གསུམ་དང་ཐོད་ཁྲག་འཛིན་པ་དང་མཉམ་པར་སྦྱོར་བ་ཡེ་ཤེས་ཀྱི་མེ་འབར་བའི་ཀློང་ནས་བཞུགས་པར་གསལ་བའི་དཔྲལ་བར་ཨོཾ་དཀར་པོ་སོགས་ནས་བྱིན་འབེབས་སྔགས། ཨོཾ་པདྨནྟ་ཀྲྀཏ་ཧྱ་གྲཱྀ་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ལ་ཛྙཱ་ན་ཨ་བེ་ཤ་ཡ་སྦྱར་བ་དང༌། མཐོང་བ་བསྟན་པའི་སྐབས། དཀྱིལ་འཁོར་རྡོ་རྗེའི་རྭ་གུར་མེ་དཔུང་གི་དབུས་དབང་ཆེན་རྟ་མཆོག་རོལ་པ་ནས་ཡེ་ཤེས་ཀྱི་མེ་འབར་བའི་ཀློང་ན་བཞུགས་པའི་བར་བྱིན་འབེབས་ལྟར་དང༌། ཕྱོགས་བཞིར་རྡོ་རྗེ། རིན་ཆེན། པདྨ། ལས་ཀྱི་དབང་ཆེན་བཞི་ཞལ་གསུམ་ཕྱག་དྲུག །དབུ་གཙུག་ཏུ་རྟ་མགོ་ལྗང་ཁུར་རྟ་སྐད་འཚེར་ཞིང༌། རང་རང་གི་ཕྱག་མཚན་དང༌། སྐུ་ལ་དུར་ཁྲོད་ཀྱི་ཆས་བརྒྱད། རུས་པའི་རྒྱན་དྲུག་གསོལ་ཞིང༌། ཞབས་བཞི་གཡོན་བརྐྱང་པའི་ཚུལ་གྱིས་བཞུགས་པ། གཙོ་བོའི་གཡས་གཡོན་དུ་སྤྲུལ་པའི་ཕྲ་མེན་གཉིས། ཟིལ་གནོན་བརྒྱད། སྒོ་བ་བཞི་ལ་སོགས་པའི་གཙོ་འཁོར་ཡོངས་སུ་རྫོགས་པ་འབར་ཁྲོ་རྣམ་པར་སྟོན་ཀྱང་དོན་ལ་བདེ་ཆེན་ཐིག་ལེ་ཉག་གཅིག་གི་ཡེ་ཤེས་སྒྱུ་མའི་རྣམ་རོལ་སོགས་ནས་གཤིན་རྗེ་ལྟར་དང༌། ལྷ་དབང་སྐབས། ཧཱུྃ། །བཅོམ་ལྡན་པདྨ་ཧེ་རུ་ཀ །དམར་ནག་དབུ་གསུམ་ཕྱག་དྲུག་པ། །རྡོ་རྗེ་ཁ་ཊྭཱཾ་སྦྲུལ་ཞགས་གཡས། །དྲིལ་བུ་བྷན་དམར་ལྕགས་སྒྲོག་གཡོན། ཡུམ་ཆེན་གཟི་ལྡན་མ་དང་འཁྲིལ། སྐལ་ལྡན་འདི་ལ་དབང་བསྐུར་བས། །གསུང་མཆོག་ཡེ་ཤེས་དབང་ཐོབ་ཤོག །ཨོཾ་པདྨཱནྟ་ཀྲྀཏ་ཧྱ་གྲཱྀ་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ཨ་བྷི་ཥིཉྩ་ཨ་ཨཿ ཧཱུྃ། །ཁྲག་འཐུང་རྡོ་རྗེ་དབང་ཆེན་ཡབ། །རྡོ་རྗེ་དབང་ཕྱུག་ཡུམ་དང་སྦྱོར། །རྡོ་རྗེ་ཡེ་ཤེས་དོན་རྟོགས་ནས། །མཐུ་སྟོབས་རྫོགས་པའི་དབང་ཐོབ་ཤོག །ཨོཾ་བཛྲ་པདྨ་ཀྲོ་དྷ་ཧ་ན་ཧཱུྃ་ཕཊ། ཨོཾ་བཛྲ་ཤྭ་རི་ཀྲོ་ཏི་ཧཱུྃ་ཕཊ། ཨ་བྷི་ཥིཉྩ་ཨ་ཨཿ ཧཱུྃ། ཁྲག་འཐུང་རིན་ཆེན་དབང་ཆེན་ཡབ། །རིན་ཆེན་དབང་ཕྱུག་ཁྲོ་མོ་ཡུམ། །རིན་ཆེན་ཡེ་ཤེས་དོན་རྟོགས་ནས། །མཐུ་སྟོབས་རྫོགས་པའི་དབང་ཐོབ་ཤོག །ཨོཾ་རཏྣ་པདྨ་ཀྲོ་ཏ་ད་ཧ་ཧཱུྃ་ཕཊ། ཨོཾ་རཏྣ་ཤྭ་རི་ཀྲོ་ཏི་ཧཱུྃ་ཕཊ། ཨ་བྷི་ཥིཉྩ་ཨ་ཨཿ ཧཱུྃ། ཁྲག་འཐུང་པདྨ་དབང་ཆེན་ཡབ། །པདྨ་ཁྲག་འཐུང་ཁྲོ་མོ་ཡུམ། །པདྨ་ཡེ་ཤེས་དོན་རྟོགས་ནས། །མཐུ་སྟོབས་རྫོགས་པའི་དབང་ཐོབ་ཤོག །ཨོཾ་པདྨ་ཀྲོ་ཏ་པ་ཙཱ་ཧཱུྃ་ཕཊ། ཨོཾ་པདྨ་ཤྭ་རི་ཀྲོ་ཏ་ཧཱུྃ་ཕཊ། ཨ་བྷི་ཥིཉྩ་ཨ་ཨཿ ཧཱུྃ། ཁྲག་འཐུང་ཀརྨ་དབང་ཆེན་ཡབ། །ཀརྨ་དབང་ཕྱུག་ཁྲོ་མོ་ཡུམ། །ལས་རབ་ཡེ་ཤེས་དོན་རྟོགས་ནས། །མཐུ་སྟོབས་རྫོགས་པའི་དབང་ཐོབ་ཤོག །ཨོཾ་ཀརྨ་པདྨ་ཀྲོ་ཏ་བྷིནྡྷ་ཧཱུྃ་ཕཊ། ཨོཾ་ཀརྨ་ཤྭ་རི་ཀྲོ་ཏི་ཧཱུྃ་ཕཊ། ཨ་བྷི་ཥིཉྩ་ཧོཿ པདྨ་གསུང་གི་ལྷ་ཚོགས་རྣམས་ཀྱི་དབང་བསྐུར་བས་བདེ་གཤེགས་ཐམས་ཅད་ཀྱི་གསུང་ཡོངས་སུ་རྫོགས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །གསུང་གི་སྐབས། དཔོན་སློབ་གཉིས་ཀ་ལྷར་གསལ་བའི་ཐུགས་ཀའི་ས་བོན་ལས་སྔགས་ཀྱི་ཕྲེང་བ་མར་མེ་གཅིག་ལས་གཉིས་མཆེད་ལྟར་བླ་མའི་ཞལ་ནས་བྱུང་སྟེ་སློབ་མའི་མགྲིན་པའི་ལམ་དུ་བརྒྱུད་སྙིང་གའི་ས་བོན་མཐར་འཁོད་པས་གསུང་གི་བྱིན་རླབས་མ་ལུས་པ་རྒྱུད་ལ་ཞུགས་པར་མོས་ལ། སྔགས་འདིའི་རྗེས་ཟློས་མཛོད། རྟ་མགྲིན་གྱི་སྔགས་སྦྱར། ཐུགས་ཀྱི་ནུས་པ་འཇུག་པའི་སླད་དུ་འོད་གསལ་དེ་ཁོ་ན་ཉིད་ཀྱི་རྗེས་སུ་གནང་བ་ནི། ལྷ་སྔགས་ཀྱིས་མཚོན་པའི་སྣང་ཆ་ཐམས་ཅད་རིག་སྟོང་འཛིན་མེད་ཁྱབ་བརྡལ་གྱི་དབྱིངས་སུ་མཉམ་པར་འཇོག་པ་མཚོན་པའི་ཕྱིར་རྡོ་རྗེ་དང་དྲིལ་བུ་ལག་ཏུ་གཏད་ཅིང་དབང་བསྐུར་བས་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་དབང་དང་བྱིན་རླབས་དངོས་གྲུབ་མ་ལུས་པ་ཐོབ་པའི་མོས་པ་མཛོད། ཧཱུྃ༔ རྒྱལ་བ་ཀུན་གྱི་ཡེ་ཤེས་ཐུགས༔ རང་རིག་རང་གསལ་རང་ལ་གནས༔ གཉིས་སུ་མེད་ལ་ཅིར་ཡང་འཆར༔ ཐབས་དང་ཤེས་རབ་ཟུང་དུ་འཇུག༔ སྤྲོས་བྲལ་ཐུགས་ཀྱི་དབང་བསྐུར་རོ༔ ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲྀ་ཝ་སརྦ་སིདྡྷི་ཧཱུྃ་ཕཊ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃཿ རྟ་ཞལ་སྤྱི་བོར་བཞག་སྟེ། རྟ་ཞལ་འཁོར་ལོ་ལས་འོད་ཟེར་འཕྲོས་རང་བཞིན་ཡི་གནས་ནས་ལྷ་ཚོགས་རྣམས་སྤྱན་དྲངས་ཏེ་རྟ་ཞལ་ལ་ཐིམ་པའི་རྐྱེན་གྱིས་རྟ་ཞལ་རྔོག་མ་ལས་མེ་ལྕེ་རྡོ་རྗེའི་ཚྭ་ཚྭ་དཔག་ཏུ་མེད་པ་འཕྲོས། ཕྱི་གདོན་བགེགས། ནང་འབྱུང་བ་ལུས་འཁྲུགས། གསང་བ་སེམས་རྒྱུད་ཀྱི་ཉོན་མོངས་པ་བག་ཆགས་དང་བཅས་པ་བསྲེགས། ཤངས་ཕུག་བསྐལ་པའི་རླུང་བྱུང་བས་གཏོར་ཏེ་མི་དམིགས་པར་བྱས། སླར་ཡང་རྟ་སྐད་དྲག་པོ་སྟོང་གསུམ་དུ་ཁེངས་པ་ལན་གསུམ་བསྒྲགས། སྐད་དེ་རང་གི་ལྕེ་རྐན་མགྲིན་པ་གང་ལས་བྱུང་བཏག་པས། གང་ལས་ཀྱང་མ་བྱུང་སེམས་ཀྱི་འཁྲུལ་ངོར་གྲགས་སྟོང་སྐྱེ་འགག་མེད་པ་སྤྲོས་པའི་མཐའ་དང་བྲལ་བ་མཉམ་པར་ཞོག །ཅེས་བརྡ་སྤྲད་ལ། རྡོ་རྗེའི་རྟ་སྐད་དེ་ནི་ནམ་མཁར་བཞག །ནམ་མཁའ་རང་བཞིན་མ་སྐྱེས་མ་འགག་པས། །སྣང་སྲིད་ཀུན་ཀྱང་མཚོན་པས་མྱ་ངན་འདས། །རྡོ་རྗེའི་རྟ་སྐད་དེ་ནི་ཆོས་ཉིད་དེ། །ཆོས་ཉིད་བདེ་ཆེན་མ་སྐྱེས་མི་བསྐྱེད་པས། །དེ་ཕྱིར་ཆོས་ཉིད་ཀུན་བཟང་མྱ་ངན་འདས། །རྡོ་རྗེའི་རྟ་སྐད་བརྟགས་ན་སེམས་ཉིད་དེ། །སེམས་ཉིད་རང་བཞིན་མ་སྐྱེས་མི་འགགས་པས། །དེ་ནི་སེམས་ཅན་མཚོན་པ་མྱ་ངན་འདས། །ཞེས་བརྗོད། གསང་དབང༌། ཤེར་དབང༌། ཚིག་དབང་དང་གཏང་རག་རྗེས་ཆོག་གི་བར་གཤིན་རྗེ་ལྟར་བྱས་པས་གྲུབ་པའོ། །འཕོ་འགྱུརྃ་སྲིད་པར་རྒྱུ་བའི་ལས་ཀྱི་རླུང༌། །གཞོམ་མེདྃ་དབུ་མར་བསྐྱིལ་བའི་ཐེགྃ་མཆོྃག་ཆོས། །བདེ་སྟོང་དྷཱུ་ཏིར་སྦྱོར་པ་བསྟནྃ་པའིྃ་ལམ། །གསུང་གི་རྡོ་རྗེའི་སྨིན་གྲོལ་རྒྱལྃ་མཚྃན་རྨད། །དབང་ཆེན་རྟ་མཆོག་རོལ་པའི་སྒྲུབ་ཐབས་དང་བཅས་པའི་ལེའུ་ཚན་ནོ།། །།}} | |||
</onlyinclude> | </onlyinclude> | ||
{{TsagliCall}} | |||
</ | <headertabs/> | ||
== Footnotes == | |||
<references/> | |||
==Other Information== | |||
{{Footer}} | |||
[[Category:DKR-KABUM-Volume-05-CA]] | [[Category:DKR-KABUM-Volume-05-CA]] | ||
[[Category:Khyentse Lineage Project]] | [[Category:Khyentse Lineage Project]] |
Revision as of 12:32, 7 November 2022
🚧 This website is under continued development. We appreciate your patience!
Previous Text"CA" is not a number. Back to Volume Page"CA" is not a number.Next Text "CA" is not a number.
Wylie title | ||
---|---|---|
Location | dil mgo mkhyen brtse bka' 'bum Volume Expression error: Unrecognized word "ca"., Text 18, Pages (Folios to ) | |
Author | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |
Less details More details | ||
Citation | ||
Genre | "CA" is not a number. |
"CA" is not a number.