DKR-KABUM-11-DA-005: Difference between revisions
From Khyentse Lineage - A Tsadra Foundation Project
DKR-KABUM-11-DA-005
WikiBot2015 (talk | contribs) No edit summary |
WikiBot2015 (talk | contribs) No edit summary |
||
Line 1: | Line 1: | ||
{{ | {{Khyentse Metadata | ||
|classification=Tibetan Publications | |||
< | |subclass=Tibetan Texts | ||
|collectiontitle=dil mgo mkhyen brtse bka' 'bum | |||
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | |||
|totalvolumes=25 | |||
|author=Khyentse, Dilgo | |||
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |||
|language=Tibetan | |||
|pagestatus=Temporary stub only | |||
|volumenumber=DA | |||
|textnuminvol=005 | |||
|pdflink=File:DKR-KABUM-11-DA-005.pdf | |||
}} | |||
{{Header}} | |||
<h1 style="font-size: 24px !important;">Tibetan Text</h1> | |||
<onlyinclude> | <onlyinclude> | ||
{{TibP|༄༅། །བཙན་རྒོད་ཤུ་བ་སྲོག་གཟན་གྱི་གསོལ་མཆོད་དབང་དྲག་གློག་གི་གར་མཁན་བཞུགས།། | |||
ན་མོ་གུ་རུ་པདྨ་ཀྲོ་དྷ་ཡ། །བཙན་རྒོད་ཤུ་བ་སྲོག་གཟན་མཆོད་གསོལ་འདོད་པས་གཙང་མའི་སྣོད་དུ་མཆོད་གཏོར་དམར་གཏོར་གྲུ་གསུམ་བདུན་ཁྲག་གཙང་མས་བརྒྱན་པ་དང༌། དྲག་པོའི་ཉེར་སྤྱོད། གསེར་སྐྱེམས་ཕུད་རྒོད། འབྱོར་ན་ཤིང་རྩིའི་བསང་བཅས་འདུ་བྱས་ལ། རང་ཉིད་དཔལ་རྟ་མགྲིན་དུ་གསལ་བས། རཾ་ཡཾ་ཁཾ། མཆོད་གཏོར་ཟག་མེད་ཡེ་ཤེས་བདུད་རྩིའི་སྤྲིན་ཕུང་འདོད་ཡོན་རྒྱ་མཚོའི་རོལ་པར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ལན་གསུམ། རང་དབང་ཆེན་རྟ་མགྲིན་དུ་གསལ་བའི་ཐུགས་ཀའི་འོད་ཀྱིས་བཙན་རྒོད་འཁོར་དང་བཅས་པ་སྐད་ཅིག་གིས་བྱོན་པར་གྱུར། ཀྱཻ། དབང་དྲག་པདྨ་དྲག་པོ་ཡིས། །བཀའ་ཉན་དྲེགས་པ་བཙན་གྱི་རྗེ། །ཤུ་བ་སྲོག་གཟན་འཁོར་དང་བཅས། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །ཤུ་ལ་ཏྲི་བཛྲ་ས་མ་ཡ་ཛཿ ཛཿཧཱུྃ་བྃ་ཧོ། ས་མ་ཡ་རཀྴན་ཏུ། ཨོཾ་བཛྲ་ཨརྒྷཾ་ནས། ཤབྡ་སརྦ་པཱུ་ཛ་ཧོ། ཨོཾ་ཤུ་ལ་རཱ་ཛ་ས་པ་རི་ཝཱ་ར་ཨི་དམ་བ་ལིཾ་ཏ་ཁཱ་ཧི། ལན་གསུམ། མ་ཧཱ་ཨ་མྲྀ་ཏ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། ཞེས་ཉེར་སྤྱོད་དང་སྨན་རཀ་གཏོར་མས་མཆོད། བསྟན་པའི་བཀའ་སྲུང་ཆེན་པོ་བཙན་རྒོད་ཤུ་བ་སྲོག་གཟན་མཆེད་བདུན་འཁོར་དང་བཅས་པས་སངས་རྒྱས་ཀྱི་བསྟན་པ་སྲུང་སོགས་ཀྱིས་ཕྲིན་ལས་བཅོལ། བསྟོད་པ་ནི། ཧཱུྃ༔ ཤུ་བ་སྲོག་གཟན་བཙན་གྱི་རྗེ༔ ཡམ་ཤུད་དམར་པོ་མཐུ་སྟོབས་ཅན༔ བསྭེ་ཡི་སྐྱེས་བུ་རབ་འཇིགས་པ༔ སྐུ་མདོག་དམར་རྔམས་ཁྲོས་པ་ལ༔ ཕྱག་ན་མདུང་དམར་ཞགས་པ་འཛིན༔ བསེ་ཁྲབ་གསོལ་ཞིང་རྟ་དམར་ཆིབས༔ དར་དམར་རྡོ་རྗེའི་ཅོད་པན་ཅན༔ ཀླུ་བཙན་འབུམ་གྱི་འཁོར་གྱིས་བསྐོར༔ འདིར་གཤེགས་དམ་རྫས་མཆོད་པ་བཞེས༔ པདྨ་འབྱུང་གནས་བཀའ་བཞིན་དུ༔ སྒྲུབ་པ་པོ་ཡི་ཆོས་སྲིད་སྲུངས༔ ཆོས་སྐྱོང་རྒྱལ་པོའི་བསམ་པ་སྒྲུབས༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཅེས་དང༌། གྲངས་བསགས་དགོས་ན། ཧཱུྃ། ཕྱི་ལྟར་ཀླུ་བཙན་ནང་ལྟར་རཱ་ཙའི་ཚུལ། །གསང་བ་གནོད་སྦྱིན་ནོར་བདག་ཚུལ་སྟོན་པ། །འབར་བ་སྤུན་བདུན་སྤྲུལ་འཁོར་ཕོ་ཉར་བཅས། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། །ཅེས་མི་ཕམ་རིན་པོ་ཆེའི་རྡོ་རྗེའི་གསུང་ངོ༌། །ཅེས་པའང་མཁྱེན་ཡོན་མཚུངས་མེད་ཨ་གྲོ་མཆོག་གི་སྤྲུལ་པའི་སྐུ་ཀརྨ་སྒྲུབ་བརྒྱུད་ངེས་དོན་བསྟན་འཕེལ་ནས་གསུང་བསྐུལ་བཞིན་མཚོ་སྐྱེས་རྒྱལ་བ་གཉིས་པའི་འབངས་མངྒ་ལས་ལྷོ་འབྲུག་སྤ་གྲོ་སྐྱེར་ཆུའི་གཙུག་ལག་ཁང་ནས་བྲིས་པ་སྒྲུབ་བརྒྱུད་སྙིང་པོའི་བསྟན་པ་ཡར་ཟླ་ལྟར་འཕེལ་བའི་རྟེན་འབྲེལ་དུ་སྨོན་བཞིན་འགྲུབ་པར་གྱུར་ཅིག །སུ་ཤྲཱི་ཡེ་བྷ་ཝནྟུ།། །། ༈ སྐྱེས་བུ་ལུང་བཙན་གསོལ་མཆོད་དབང་དྲག་གློག་ཕྲེང་བཞུགས། ཀྱཻ། ཡུལ་ནི་ལྷོ་མོན་ཙནྡན་ལྗོངས། །རི་བྲག་ཚང་ཚིང་བཀོད་པ་མཛེས། །སྤངས་ལྗོངས་མེ་ཏོག་སྨན་འབྲུས་བརྒྱན། །ཆུ་ཀླུང་དལ་བགྲོད་རྩེ་མཐོའི་རི། །བདུད་རྩིའི་སྤྲིན་དང་ན་བུན་གཡོ། །ཉི་ཟླའི་སྣང་བས་ལེགས་སྐྱོང་གཞིར། །བྲག་དཀར་ཤེལ་གྱི་རི་བོ་ལ། །སྲིད་པ་ཆགས་པའི་ལྷ་རབས་ཆེ། །དབང་དྲག་པདྨའི་བཀའ་སྡོད་མཆོག །ཇོ་བོ་སྐྱེས་བུ་ལུང་བཙན་ཞེས། །ཁྲོ་གཏུམ་བསྐལ་པའི་མེ་ལྟར་འབར། །སྤྱན་བགྲད་སྨ་ར་སྨིན་མ་འཁྱུགས། །བསྭེ་རྨོག་བསྭེ་ཁྲབ་བེར་དམར་གསོལ། །ཕྱག་གཡས་དར་དམར་རུ་མཚོན་འཕྱར། །གཡོན་པས་མདུང་དང་ཞགས་པ་ཐོགས། །འཁོར་གསུམ་སྟག་ཆས་ཚེར་ལྟར་རྣོ། །དར་འཕྲུ་མེ་སྟག་ཁྲོམ་ཁྲོམ་འཕྲོ། །རྟ་དམར་རླུང་གཤོག་རྒྱན་ལྡན་ཆིབ། །ཕོ་ཉ་རུ་འདྲེན་རླུང་ལྟར་འཚུབས། །དགྱེས་སྡེ་སྨན་བཙུན་འཁོར་དང་བཅས། །མཆོད་པའི་མགྲོན་དུ་དགྱེས་པས་སྤྱོན། །གཙང་སྦྱར་གཏོར་མ་ཤ་ཁྲག་བརྒྱན། །གསེར་སྐྱེམས་ཕུད་རྒོད་རྒྱ་མཚོ་བསྐྱིལ། །བསང་དང་སྤོས་སྤྲིན་བར་སྣང་ཁེངས། །སྤྱན་གཟིགས་དཀོར་ནོར་མཐུན་རྫས་དང༌། །དགྱེས་བསྐྱེད་ཇ་དར་ནོར་ཕྱུགས་རྟ། །རི་དྭགས་གཡུང་དྭགས་བྱ་རིགས་ཁྱུ། །ཟད་མེད་ཕྱོགས་ཀུན་ཁྱབ་འབུལ་ན། །དགྱེས་བཞེས་འཁོན་དང་ཉམས་ཆགས་སྦྱངས། །གནས་མགྲོན་དམ་ཚིག་མ་བསྙེལ་བར། །དགྱེས་པས་ཉིན་མཚན་བྱ་ར་མཛོད། །ཡུལ་འདིར་བཀྲ་ཤིས་བདེ་ལེགས་ཤིང༌། །མི་ཕྱུགས་ལོ་ལེགས་འབྲུ་དཔལ་སྤེལ། །ནད་མུག་འཁྲུགས་རྩོད་སད་སེར་ཞི། །དཔལ་འབྱོར་ལོངས་སྤྱོད་དགའ་བདེ་འཕེལ། །ཆོས་ལྡན་རྒྱལ་པོའི་མངའ་ཐང་དར། །འབངས་འཁོར་བློན་པོ་ཆོས་ལ་དད། །སྐྱེ་དགུ་བདེ་སྐྱིད་མཐུན་ལ་དར། །སྣོད་བཅུད་ལྷ་བཞིན་དར་རྒྱས་མཛོད། །དགེ་འདུན་འདུས་ཚོགས་འཕེལ་རྒྱས་བརྟན། །སྤང་ཀློག་མཛད་པ་ཡར་ཟླ་བཞིན། །ཁྲིམས་གཙང་ཆོས་བཞིན་སྤྱོད་པ་ཡིས། །དཀོན་མཆོག་གསུམ་གྱི་དབུ་འཕང་བསྟོད། །ཁྱད་པར་དཔལ་ལྡན་ཀརྨ་པ། །རང་བྱུང་རིག་པའི་རྡོ་རྗེ་ཡི། །སྤྱན་སྔར་དམ་བཅས་ཁས་བླངས་བཞིན། །ཕྲིན་ལས་དར་རྒྱས་ཀུན་ཁྱབ་པས། །སྒྲུབ་བརྒྱུད་བསྟན་པའི་ཉིན་བྱེད་ཤར། །དེ་འཛིན་སྐྱེས་བུའི་མཛད་ཕྲིན་རྒྱས། །ཐུགས་ལ་བཞེད་པའི་དོན་འགྲུབ་ཅིང༌། །བཀྲ་ཤིས་བདེ་ལེགས་ཕུན་ཚོགས་མཛོད། །ཅེས་པའང་སྒྲུབ་བརྩོན་བླ་མ་ཀརྨ་བསྟན་འཛིན་རྣམ་རྒྱལ་ནས་གསུང་བསྐུལ་བཞིན་མཚོ་སྐྱེས་རྒྱལ་བ་གཉིས་པའི་ཐུགས་རྗེའི་ཟླ་ཟེར་དད་པས་འཐུང་བའི་ཁམས་པའི་སྔགས་རྒན་མངྒ་ལ་ཤྲཱི་བྷཱུ་ཏིས་སྐུ་རྗེས་རྡོ་རྗེས་བརྩེགས་པའི་ཀེའུ་ཚང་ནས་དགེ་བའི་མཚན་ལྟས་དང་བཅས་ཏེ་བྲིས་པ་ཤུ་བྷཾ་ཛ་ཡནྟུ།། ༈ དབང་དྲག་པདྨའི་བཀའ་སྡོད་རྫིང་བཙན་རྡོ་རྗེ་དགྲ་འདུལ་གྱི་མངའ་གསོལ་ལྷ་དབང་གཡུལ་ལས་རྒྱལ་བའི་དབྱངས་སྙན་ཞེས་བྱ་བ་བཞུགས་སོ། མང་མང་རྒྱལ་ཀུན་མཁྱེན་བརྩེའི་མཁའ་དབྱིངས་སུ། །མྱུར་མྱུར་ཕྲིན་ལས་གློག་ཕྲེང་གཡོས་བ་ལས། །སྙན་སྙན་ཕན་བདེའི་སྙེ་མའི་གཉེན་གྱི་ཆར། །ཡང་ཡང་འབེབས་པས་བརྗོད་དོན་ལྕི་བར་མཛོད། །ཀ་དག་བྱ་རྩོལ་བྲལ་བའི་ཆོས་ཀྱི་དབྱིངས། །འཕོ་འགྱུར་མཚན་རྟོག་འདུ་བྱེད་མ་མཆིས་ཀྱང༌། །ཀུན་ཁྱབ་ཐུགས་རྗེའི་འཆར་ཀའི་ཉིན་བྱེད་ཀྱིས། །མཁའ་ཁྱབ་འགྲོ་འདུལ་ཕྲིན་ལས་རྒྱུན་མི་ཆད། །ཐབས་མཁས་ཆར་ལྡན་སྤྲིན་གྱི་ཕྲེང་བ་ལས། །ཕན་བདེའི་བདུད་རྩིའི་སིམ་ཆར་མི་ཟད་པས། །རྗེས་འཛིན་གདུལ་དཀའི་འགྲོ་སྒྲོལ་བྱེད་ལས་ཅན། །ཚར་གཅོད་གནམ་ལྕགས་མདའ་རྣོན་འབིགས་པའི་ཡུལ། །རང་རྒྱུད་དུག་ལྔའི་ཁོལ་པོར་འཕྱན་ཆེས་པས། །དཀར་མིན་ལས་ཀྱི་རླུང་དམར་བར་མེད་དུ། །ལྡང་བས་གསོད་གཅོད་མི་སྲུན་སྲིན་པོ་ལྟར། །ལག་ན་མཚོན་རྣོན་ཐོགས་པས་རི་སྐྱེས་བཅོམ། །ཉམས་ཆུང་སྲོག་གི་འཇིགས་པས་མ་བཟོད་པར། །གཏིང་ཟབ་ཆུ་སྐྱེས་དབུས་ཀྱི་རྭ་བཅུའི་རོ། །ཤ་ཟན་རྔམས་པས་སྐམ་སར་བཏོན་འདོད་ཀྱི། །ཁྲོ་ཆགས་རྔམ་ཀྱང་སྟོབས་ཀྱིས་མ་ལྕོགས་བཞིན། །ལིང་པ་མིང་སྲིང་ཕྱི་མའི་ལྟད་མོར་ཆས། །བག་ཆགས་རླུང་དམར་གཞན་དབང་རྣམ་ཤེས་དེ། །ཡིད་ལུས་འཁྲུལ་པའི་ཟུག་རྔུས་གདུང་བཞིན་མུན། །རྟག་འཕྱན་གཞན་གནོད་མཚོན་ཆ་ཐོགས་བཞིན་དུ། །འཇིག་རྟེན་ཀུན་ན་རྒྱུ་བའི་བཙན་རྒོད་དེ། །ཐུགས་རྗེ་མྱུར་མགྱོགས་ལྕགས་ཀྱུས་གཟུང་ཡུལ་གྱུར། །གདུལ་བྱའི་རྒྱུད་ཀྱི་གཉེན་པོའི་ཕྲིན་ལས་ཀྱང༌། །དབང་དྲག་བསྐལ་མེ་འབར་བས་སྤ་བཀོང་ནས། །མཐར་ཐུག་ཞི་བསིལ་བདུད་རྩིའི་སིམ་སྟེར་ཕྱིར། །ལས་སྐལ་མཐུན་པས་བཀའ་ཡི་སྲུང་མར་བཀོལ། །སྔོན་གོམས་ལས་མཐའ་ལོག་པའི་ཞུགས་ཕུང་ཀྱང༌། །རྒྱལ་སྲས་སྤྱོད་པའི་འབབ་སྟེགས་ལ་བསྒྱུར་ནས། །ས་བཅུའི་དབང་ཕྱུག་རྒྱལ་བ་རྨོག་ལྕོག་ནས། །བསྟན་མཆོག་རྒྱལ་ཐབས་མེལ་ཚེས་སྐྱོང་བར་གདམས། །རྟེན་འབྱུང་སྒྱུ་མ་སྟོང་ཉིད་དབྱིངས་བཤིག་ཚེ། །འཁྲུལ་བས་སྒྲོ་བཏགས་མིང་ཡང་མེད་པས་ན། །དབང་ཆེན་པདྨའི་ཕྲིན་ལས་དགའ་ཚལ་དུ། །འཇུག་པའི་ལེགས་བྱས་ཤིང་རྟར་ངལ་མེད་འཛེགས། །ཆོས་ཀུན་དག་ཅིང་མཉམ་ཉིད་ར་བ་ལས། །མ་འདས་ཕྱིར་ན་ཞི་མཛད་ཐུགས་རྗེའི་གཏེར། །དབང་ཆེན་རྟ་མཆོག་རོལ་བའི་བཀའ་ཡི་འབངས། །བཙན་རྒྱལ་ཡམ་ཤུད་སྲོག་གི་ཤན་པར་གྲགས། །འཁོར་ལོའི་དབང་ཕྱུག་གར་དབང་བཞད་པ་ཡི། །ཕྲིན་ལས་ཉམས་དགའི་ཚལ་ན་རྩེན་གྱུར་པས། །དོན་གཉིས་བདེ་དགའི་གླིང་བུ་བསྒྱུར་བཞིན་དུ། །རྒྱལ་སྲས་སྤྱོད་པས་བྲེལ་ཁྱོད་མངའ་གསོལ་ལོ། །གསང་བ་རྨད་བྱུང་པདྨ་རྒྱལ་པོའི་བཀའ། །གསང་དོན་རྒྱུད་ལུང་མན་ངག་མཐའ་ཀླས་པའི། །དཔལ་ལ་དད་པས་སྤྱོད་པའི་རྣལ་འབྱོར་གྱིས། །རྒྱབ་དཔུང་སྲུང་མར་སྦྲན་ཕྱིར་མངའ་གསོལ་ལོ། །ས་བཅུའི་དབང་ཕྱུག་རིན་ཆེན་དོ་ཤལ་གྱིས། །ས་གསུམ་སྐྱེ་དགུའི་སྐལ་བཟང་མགུལ་རྒྱན་དུ། །ས་ཆེན་འཕགས་པས་བསྟར་བའི་སྒྲུབ་བརྒྱུད་སྲོལ། །དཔལ་ལྡན་ཤངས་པའི་བཀའ་སྲུང་མངའ་གསོལ་ལོ། །ངོ་བོ་གཞན་ཕན་ཕྲིན་ལས་ལྟེ་བ་ཟླུམ། །རྣམ་པ་བྱང་སེམས་ཕྲིན་ལས་རྩིབས་སྟོང་གིས། །འགྲོ་རྒྱུད་གླིང་བཞིར་ཐར་བའི་རྒྱལ་ཁབ་ཏུ། །འདྲེན་པའི་ཁ་ལོ་པ་རུ་མངའ་གསོལ་ལོ། །ཚངས་ཆེན་ཞིང་གི་དཔལ་གྱི་རིན་ཐང་ཡང༌། །ཆུང་ངུར་བགྱི་བའི་རྒྱལ་བསྟན་ཤངས་པ་ཆེའི། །བཤད་སྒྲུབ་ལས་ཀྱི་འདོད་དགུའི་ཆར་རྒྱུན་གྱིས། །དབུགས་འབྱིན་ནོར་བུའི་རྒྱལ་པོར་མངའ་གསོལ་ལོ། །རབ་འབྱམས་རྒྱུད་སྡེ་རྒྱ་མཚོ་ལས་བྱུང་ཞིང༌། །ཉམས་རྟོགས་དྲོད་རྟགས་རླབས་ཕྲེང་ཆིལ་ཆིལ་གཡོ། །གྲུབ་མཆོག་ལག་ལྡན་བསྒྱིངས་བས་བསྙེན་པའི་ཚལ། །རྒྱས་མཛད་དབྱར་གྱི་ཕོ་ཉར་མངའ་གསོལ་ལོ། །འགྲོ་རྒྱུད་འཕགས་ལམ་ལུས་སྟོབས་ཆེར་རྒྱས་ཕྱིར། །སྙིང་རྗེའི་ནུ་ཞོ་གསར་པ་ཟབ་གསང་བཅུད། །བདུད་རྩིའི་དགའ་སྟོན་སྦྱིན་ལ་མི་ངལ་བའི། །ཕྲིན་ལས་མ་མ་སྡུག་གུར་མངའ་གསོལ་ལོ། །རྣམ་དཀར་སྣང་བ་ཕྲ་ཞིང་ལས་ཉོན་གྱི། །དཔུང་ལ་རྒོལ་བའི་དཔུང་པར་ཆེས་དཔའ་བའི། །དམ་ཆོས་མཚོན་དང་སྒྱུ་རྩལ་ངོམས་པ་ལ། །སྟོབས་ལྡན་དམག་དཔོན་རིན་ཆེན་མངའ་གསོལ་ལོ། །ལུང་སྟོང་དབེན་པར་དཀའ་ཐུབ་དབྱར་སྐྱེས་ཚལ། །རྒྱུ་བས་སྒྲུབ་པའི་སྲོག་འཛིན་སྤོང་བ་པར། །ངོ་མཚར་ཡོན་ཏན་འདོད་དགུ་འཛད་མེད་ཀྱི། །སྐྱེས་སྟེར་ཁྱིམ་བདག་མཛངས་པར་མངའ་གསོལ་ལོ། །དབང་བཞིའི་གླིང་ཉུལ་བསྐྱེད་རྫོགས་རྐང་པ་བཞིས། །རྡོ་རྗེའི་ལམ་གྱི་ཁྱོན་ཀུན་ངལ་མེད་པར། །ཉུལ་ནས་ཟུང་འཇུག་རྒྱལ་ཐབས་ལ་སྦྱོར་བའི། །དཔུང་གྲོགས་རྟ་མཆོག་རྩལ་ལྡན་མངའ་གསོལ་ལོ། །ཟག་མེད་ཡོན་ཏན་འབྱོར་པས་ཕྱུག་པའི་ཁབ། །ནམ་ཡང་རྒུད་བྲལ་རྒྱལ་ཀུན་དབྱིངས་ཆེན་པོར། །ངལ་མེད་སྦྱོར་བའི་མྱུར་ལམ་ཕོ་ཉ་མོ། །གྲོགས་སུ་སྦྱིན་པའི་མེས་པོར་མངའ་གསོལ་ལོ། །ཆོས་དབྱིངས་རང་བྱུང་ཁྱབ་བརྡལ་ཡངས་པའི་མཁར། །གསང་བ་མི་ཟད་རྒྱན་གྱི་འཁོར་ལོའི་ཕུལ། །དབང་ཆེན་གསུང་གི་རྡོ་རྗེ་པདྨའི་གདུང༌། །མེལ་ཚེས་སྐྱོང་བའི་ཁྱིམ་བདག་མངའ་གསོལ་ལོ། །མཐར་ཐུག་ཞི་བ་ཆོས་སྐུའི་དབྱིངས་མནལ་ཡང༌། །རྣམ་འགྱུར་དབང་དང་དྲག་ཤུལ་རོལ་བའི་གར། །སྡིག་ཅན་སྙིང་ལ་བཟོད་དཀའི་རྩེ་དགའ་ཅན། །དབང་པོའི་མཚོན་ལས་རྣོ་ཁྱོད་མངའ་གསོལ་ལོ། །དགྱེས་འཛུམ་ཟླ་བའི་བདུད་རྩིའི་རེག་པ་ལས། །མི་མཐུན་ཉེས་བརྒྱའི་རྙོགས་མ་དཔྱིས་འབྱིན་ཏེ། །དགེ་ལེགས་ཀུ་མུད་ན་ཚོད་དར་བབ་པས། །ཕན་བདེའི་བསུང་ཞིམ་མངར་ཕྱིར་མངའ་གསོལ་ལོ། །ཚེ་བསོད་དཔལ་ཡོན་ཡོངས་འདུས་ལྷ་ཡི་ཤིང༌། །འདོད་དགུའི་མེ་འབྲས་རྒྱས་པའི་གྲིབ་བསིལ་གྱིས། །རྒུད་པའི་གདུང་སེལ་ཕན་བདེའི་དགའ་སྟོན་ཟས། །ནམ་ཡང་ཟད་མེད་འཕེལ་ཕྱིར་མངའ་གསོལ་ལོ། །ཆེ་རྒུའི་ཡིད་ཀྱི་བྷྲཿམ་རའི་འཕུར་ལྡིང༌། །དབང་བྱེད་པདྨའི་ཟིལ་མངར་ལ་ཆགས་པས། །མཆོག་བཟང་བདུད་རྩིའི་སིམ་དང་མཐུན་པའི་རྐྱེན། །རྟག་སྤེལ་ཡིད་ཀྱི་ཆོམས་རྐུན་མངའ་གསོལ་ལོ། །སྡེ་སྣོད་གསུམ་གྱི་རི་གླིང་བཀོད་པ་བཀྲ། །བསླབ་པ་གསུམ་གྱི་རིན་ཆེན་ལྷུན་པོ་བརྗིད། །འཁོར་ལོ་གསུམ་གྱི་ཟླ་ཉི་རྒྱུ་སྐར་ཕྲེང༌། །མི་ཉམས་ཕྱོགས་མཐར་སྤེལ་མཁས་མངའ་གསོལ་ལོ། །སྡུག་བསྔལ་གསུམ་གྱི་ཟུག་རྔུས་མནར་བའི་འགྲོ། །ཐེག་མཆོག་གསུམ་གྱི་སྨན་གྱིས་དབུགས་ཕྱུང་སྟེ། །སྐྱེས་བུ་གསུམ་གྱི་ལམ་ལྔའི་ལང་ཚོ་ཡིས། །སྒོ་གསུམ་དབུགས་འབྱིན་གྲོགས་སུ་མངའ་གསོལ་ལོ། །སྐྱེམས་ཕུད་བཟའ་བཅའ་གཏོར་མ་ལྷུན་པོར་སྤུངས། །མཐུན་རྫས་སྤྱན་གཟིགས་ལྷ་དབང་འདུན་ས་ལྟར། །དངོས་དང་ཏིང་འཛིན་ཆོ་འཕྲུལ་མཐའ་ཡས་བཅས། །མྱུར་མགྱོགས་ཕྲིན་ལས་སྤེལ་ཕྱིར་མངའ་གསོལ་ལོ། །གཞན་དོན་ཤིང་རྟར་འཛེགས་པའི་རྒྱལ་བའི་སྲས། །ལྷག་བསམ་ཡིད་ཀྱི་འཇུག་པ་རྒྱ་ཆེ་ཡང༌། །ནུས་སྟོབས་ལག་ལེན་ཕྲ་བའི་རྣལ་འབྱོར་ཟོལ། །སྟོབས་ནུས་དཔུང་གྲོགས་མཛད་ཕྱིར་མངའ་གསོལ་ལོ། །མཁས་བཙུན་བཟང་པོའི་མཚར་སྡུག་ན་ཚོད་བཀྲ། །འཆད་རྩོད་རྩོམ་པའི་མགྲིན་མིག་མཁའ་ལ་བཏེགས། །དོན་གཉིས་ཟློས་གར་ཐུབ་བསྟན་ཚལ་རྒྱུ་བའི། །ངོ་མཚར་དབྱར་རྔས་བསྐུལ་ཕྱིར་མངའ་གསོལ་ལོ། །སྙིགས་མའི་མུན་སེལ་དམ་ཆོས་གློག་ཞགས་ཀྱིས། །འགྲོ་ཀུན་ཡིད་ཀྱི་དགའ་སྟོན་སྦྱིན་པའི་ཕྱིར། །རྩེ་གཅིག་དད་མོས་གདུང་བས་ཁྱེད་བསྐུལ་ན། །མ་གཡེལ་ཐུགས་རྗེས་སྐྱོང་ཕྱིར་མངའ་གསོལ་ན། །སྔོན་བྱོན་གོང་མའི་རྡོ་རྗེའི་བཀའ་ལུང་ཚིག །མ་བསྙེལ་ཡིད་ཆེས་དགའ་བས་དབུགས་དབྱུང་ལ། །བསྟན་སྲུང་མཚན་སྙན་དོན་གྱིས་ལྕི་བ་ཡི། །དགེ་མཚན་ཕྱོགས་མཐར་ཁྱབ་པའི་དཔལ་སྩོལ་ཅིག །ཅེས་པའང་དམ་པའི་ཡོན་ཏན་བདུད་རྩིས་ཕྱུག་ཅིང་ཐུགས་རྩེའི་གཡར་དམ་མི་ལྷོད་པའི་ཨ་གྲོ་མཆོག་སྤྲུལ་ཀརྨ་སྒྲུབ་བརྒྱུད་ངེས་དོན་བསྟན་འཕེལ་ལམ། མཐུ་སྟོབས་རྣམ་རྒྱལ་གྱིས་རིན་པོ་ཆེའི་རྟེན་བཅས་རིང་ནས་གསུང་གིས་བསྐུལ་བ་རྗེས་སུ་དྲན་པས་ནུབ་ཕྱོགས་པ་རི་སི་གྲོང་ཁྱེར་དུ་ལྷོད་པར་གནས་པའི་འཁྱམས་པོ་མི་རྒན་མངྒ་ལའི་མིང་གིས་བྲིས་ཤིང་སྨོན་པས་མཆོག་སྤྲུལ་རྒྱལ་བའི་མྱུ་གུའི་བསྟན་འགྲོའི་དཔལ་ཡོན་སྤེལ་བའི་ཕྲིན་ལས་ཀྱིས་གསོས་སྨན་དུ་གྱུར་ཅིག །སུ་ཤྲཱི་ཡེ་བྷ་ཝནྟུ། དགེའོ།། །། ༈ ཧྲཱིཿ དབང་དྲག་པདྨའི་བཀའ་ཉན་མཐུ་རྩལ་ཅན། །བསྟན་ལ་རབ་གུས་མཐུ་སྟོབས་རྫུ་འཕྲུལ་བདག །ཕྲིན་ལས་ཐོགས་མེད་རྡོ་རྗེ་བདུད་འདུལ་མཆོག །གསོལ་ལོ་མཆོད་དོ་སྒྲུབ་མཆོག་རྗེས་སྐྱོངས་མཛོད། །ཅེས་གྲོང་སར་བླ་མ་ཡེ་ཤེས་ཀློང་གྲོལ་ནས་འབོད་བསྐུལ་བཞིན་མངྒ་ལས་སྨྲས་པའོ། ༈ ཧྲཱིཿ བདེ་ཆེན་འབར་བ་དབང་གི་ཕོ་བྲང་ནས། །དབང་ཆེན་པདྨའི་བཀའ་ཉན་བཙན་རྒོད་ཆེ། །ཇག་པ་མེ་ལེན་དགྱེས་ཡུམ་སྤྲུལ་འཁོར་བཅས། །གསོལ་ལོ་མཆོད་དོ་དབང་དྲག་ཕྲིན་ལས་མཛོད། །སྒྲུབ་བརྩོན་པདྨ་འགྱུར་མེད་ནས་བསྐུལ་ངོར་མངྒ་ལས་སོ། ༈ ཧཱུྃ། དཔལ་ཆེན་ཀརྨ་ཀཱི་ལ་ཡ། །ཕྲིན་ལས་རིགས་ཀྱི་སྤྱི་དཔལ་ཆེའི། །བཀའ་ཡི་སྲུང་མར་ཞལ་བཞེས་པ། །བསྭེ་ལྕགས་དུང་གི་སྐྱེས་བུ་ནི། །ཕྱི་ལྟར་ལྷ་བཙན་བདུད་ཀྱི་རྒྱལ། །ནང་ལྟར་སྐུ་གསུང་ཐུགས་ཀྱི་སྤྲུལ། །མཐུ་ཆེན་བསྟན་པའི་གཉེར་འཛིན་པ། །འཁོར་དང་བཀའ་སྡོད་འབར་བའི་ཚོགས། །ཀུན་ལ་མཐུན་པའི་དམ་ཚིག་རྫས། །ཕྱི་ནང་གསང་བའི་མཆོད་པ་འབུལ། །ཉམས་ཆགས་ཉེས་ལྟུང་མཐོལ་བཤགས་སྡོམས། །ཕུར་པ་སྒྲུབ་པའི་གྲོགས་མཛོད་ལ། །མཆོག་ཐུན་དངོས་གྲུབ་སྒྲུབ་པ་ཡི། །འགལ་རྐྱེན་བར་ཆད་ཐམས་ཅད་སོལ། །མཐུན་རྐྱེན་བསམ་དོན་ཡིད་བཞིན་སྒྲུབས། །འདོད་དགུའི་ཕྲིན་ལས་རབ་འབྱམས་སྩོལ། །ཅེས་མཁྱེན་རབ་དཔལ་གྱི་བདུད་རྩིས་མཛེས་པའི་ཆོས་རྒྱལ་སྤྲུལ་སྐུ་རིན་པོ་ཆེའི་བཀས་བསྐུལ་བཞིན་འཇིགས་མེད་མཁྱེན་བརྩེའི་འོད་ཟེར་གྱིས་བྲིས་པ་དགེ་ལེགས་འཕེལ།།}} | |||
</onlyinclude> | </onlyinclude> | ||
{{TsagliCall}} | |||
</ | <headertabs/> | ||
== Footnotes == | |||
<references/> | |||
==Other Information== | |||
{{Footer}} | |||
[[Category:DKR-KABUM-Volume-11-DA]] | [[Category:DKR-KABUM-Volume-11-DA]] | ||
[[Category:Khyentse Lineage Project]] | [[Category:Khyentse Lineage Project]] | ||
Revision as of 12:40, 4 November 2022
🚧 This website is under continued development. We appreciate your patience!
Previous Text"DA" is not a number. Back to Volume Page"DA" is not a number.Next Text "DA" is not a number.
Wylie title | ||
---|---|---|
Location | dil mgo mkhyen brtse bka' 'bum Volume Expression error: Unrecognized word "da"., Text 5, Pages (Folios to ) | |
Author | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |
Less details More details | ||
Citation | ||
Genre | "DA" is not a number. |
"DA" is not a number.