JKCL-KABUM-10-THA-014: Difference between revisions

From Khyentse Lineage - A Tsadra Foundation Project
No edit summary
No edit summary
Line 2: Line 2:
|classification=Tibetan Publications
|classification=Tibetan Publications
|subclass=Tibetan Texts
|subclass=Tibetan Texts
|citation=[['jam dbyangs mkhyen brtse chos kyi blo gros]]. ''''. In ''Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum'', Vol. 10: . Bir, H.P.: Khyentse Labrang, 2012.
|fulltitletib=བྱིན་རླབས་བླ་མའི་ཐུགས་སྒྲུབ་ཀྱི་དབང་བསྐུར་འོད་གསལ་བཅུད་ཐིག།
|fulltitle=byin rlabs bla ma'i thugs sgrub kyi dbang bskur 'od gsal bcud thig
|citation=[['jam dbyangs mkhyen brtse chos kyi blo gros]]. ''byin rlabs bla ma'i thugs sgrub kyi dbang bskur 'od gsal bcud thig''. In ''Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum'', Vol. 10: 93-108. Bir, H.P.: Khyentse Labrang, 2012.
|collectiontitletib=ཆོས་ཀྱི་བློ་གྲོས་བཀའ་འབུམ་
|collectiontitletib=ཆོས་ཀྱི་བློ་གྲོས་བཀའ་འབུམ་
|collectiontitle=chos kyi blo gros bka' 'bum
|collectiontitle=chos kyi blo gros bka' 'bum
|author='jam dbyangs mkhyen brtse chos kyi blo gros
|author='jam dbyangs mkhyen brtse chos kyi blo gros
|authortib=འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
|authortib=འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
|tibgenre=
|tibgenre=Empowerment Ritual - dbang chog - dbang skur
|terma=No
|terma=No
|jkcloutline=Eleven
|jkcloutline=Eleven
|deity=o rgyan rdo rje 'chang
|language=Tibetan
|language=Tibetan
|volumenumber=010
|volumenumber=010
Line 15: Line 18:
|volyigtib=ཐ་
|volyigtib=ཐ་
|totalvolumes=12
|totalvolumes=12
|textnuminvol=014
|pagenumbers=93-108
|totalpages=16
|beginfolioline=1a
|beginfolioline=1a
|textnuminvol=014
|endfolioline=8b3
|totalfolios=8
|multivolumework=No
|colophontib=།ཅེས་བླ་སྒྲུབ་འོད་གསལ་སྙིང་ཐིག་གི་སྨིན་བྱེད་འོད་གསལ་བཅུད་ཐིག་ཅེས་བྱ་བ་འདི་སྡེ་སྣོད་འཛིན་པ་ཆེན་པོ་ཀཿཐོག་མཁན་རིན་པོ་ཆེ་ཚུལ་ཁྲིམས་ཉི་མས་རྟེན་དང་བཅས་གསུང་བསྐུལ་བཞིན།  ཆོས་ཀྱི་བློ་གྲོས་པས་དབོ་ཟླའི་ཚེས་བཅུར་ཞུས་རིམ་བཞིན་ཡི་གེ་པ་ནི་ཀུན་གཟིགས་མཆོག་སྤྲུལ་རིན་པོ་ཆེ་མངྒ་ལས་བཀའ་དྲིན་བསྐྱང་བ་འདིས་ཀྱང་སེམས་ཅན་དཔག་ཏུ་མེད་པ་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བ་ཨོ་རྒྱན་རྡོ་རྗེ་འཆང་གིས་བྱིན་གྱིས་བརླབ་ཏུ་གསོལ།  སརྦ་དཱ་མངྒ་ལཾ།  །འདི་ཡི་ཆོས་སྒོ་དང་པོ་ལྕགས་ཡོས་ཟླ་ཚེས་ལ་དབྱེ་ཟིན་མ་ཐག་ཁྲི་འདུ་བླ་གསར་གཉེར་པས་མཉམ་མེད་དྭགས་པོའི་ཐུགས་རུས་ཕུལ་བ་རྟེན་འབྲེལ་ཤིན་ཏུ་བཟང་བར་བྱུང་ངོ་།།
|colophonwylie=/ces bla sgrub 'od gsal snying thig gi smin byed 'od gsal bcud thig ces bya ba 'di sde snod 'dzin pa chen po kaHthog mkhan rin po che tshul khrims nyi mas rten dang bcas gsung bskul bzhin/__chos kyi blo gros pas dbo zla'i tshes bcur zhus rim bzhin yi ge pa ni kun gzigs mchog sprul rin po che mang+ga las bka' drin bskyang ba 'dis kyang sems can dpag tu med pa la phan pa rgya chen po 'byung ba o rgyan rdo rje 'chang gis byin gyis brlab tu gsol/__sarba dA mang+ga laM/__/'di yi chos sgo dang po lcags yos zla tshes la dbye zin ma thag khri 'du bla gsar gnyer pas mnyam med dwags po'i thugs rus phul ba rten 'brel shin tu bzang bar byung ngo //
|pdflink=File:JKCL-KABUM-10-THA-014.pdf
|pdflink=File:JKCL-KABUM-10-THA-014.pdf
}}
}}

Revision as of 10:56, 10 January 2022

བྱིན་རླབས་བླ་མའི་ཐུགས་སྒྲུབ་ཀྱི་དབང་བསྐུར་འོད་གསལ་བཅུད་ཐིག།
Wylie title byin rlabs bla ma'i thugs sgrub kyi dbang bskur 'od gsal bcud thig JKCL-KABUM-10-THA-014.pdf
Location chos kyi blo gros bka' 'bum
Volume 10, Text 14, Pages 93-108 (Folios 1a to 8b3)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. byin rlabs bla ma'i thugs sgrub kyi dbang bskur 'od gsal bcud thig. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 10: 93-108. Bir, H.P.: Khyentse Labrang, 2012.
Genre Empowerment Ritual - dbang chog - dbang skur
Deity o rgyan rdo rje 'chang
Colophon

།ཅེས་བླ་སྒྲུབ་འོད་གསལ་སྙིང་ཐིག་གི་སྨིན་བྱེད་འོད་གསལ་བཅུད་ཐིག་ཅེས་བྱ་བ་འདི་སྡེ་སྣོད་འཛིན་པ་ཆེན་པོ་ཀཿཐོག་མཁན་རིན་པོ་ཆེ་ཚུལ་ཁྲིམས་ཉི་མས་རྟེན་དང་བཅས་གསུང་བསྐུལ་བཞིན། ཆོས་ཀྱི་བློ་གྲོས་པས་དབོ་ཟླའི་ཚེས་བཅུར་ཞུས་རིམ་བཞིན་ཡི་གེ་པ་ནི་ཀུན་གཟིགས་མཆོག་སྤྲུལ་རིན་པོ་ཆེ་མངྒ་ལས་བཀའ་དྲིན་བསྐྱང་བ་འདིས་ཀྱང་སེམས་ཅན་དཔག་ཏུ་མེད་པ་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བ་ཨོ་རྒྱན་རྡོ་རྗེ་འཆང་གིས་བྱིན་གྱིས་བརླབ་ཏུ་གསོལ། སརྦ་དཱ་མངྒ་ལཾ། །འདི་ཡི་ཆོས་སྒོ་དང་པོ་ལྕགས་ཡོས་ཟླ་ཚེས་ལ་དབྱེ་ཟིན་མ་ཐག་ཁྲི་འདུ་བླ་གསར་གཉེར་པས་མཉམ་མེད་དྭགས་པོའི་ཐུགས་རུས་ཕུལ་བ་རྟེན་འབྲེལ་ཤིན་ཏུ་བཟང་བར་བྱུང་ངོ་།།

/ces bla sgrub 'od gsal snying thig gi smin byed 'od gsal bcud thig ces bya ba 'di sde snod 'dzin pa chen po kaHthog mkhan rin po che tshul khrims nyi mas rten dang bcas gsung bskul bzhin/__chos kyi blo gros pas dbo zla'i tshes bcur zhus rim bzhin yi ge pa ni kun gzigs mchog sprul rin po che mang+ga las bka' drin bskyang ba 'dis kyang sems can dpag tu med pa la phan pa rgya chen po 'byung ba o rgyan rdo rje 'chang gis byin gyis brlab tu gsol/__sarba dA mang+ga laM/__/'di yi chos sgo dang po lcags yos zla tshes la dbye zin ma thag khri 'du bla gsar gnyer pas mnyam med dwags po'i thugs rus phul ba rten 'brel shin tu bzang bar byung ngo //

1 Texts in this Section (sde tshan or chos tshan)

[edit]
༄༅། །བྱིན་རླབས་བླ་མའི་ཐུགས་སྒྲུབ་ཀྱི་དབང་བསྐུར་འོད་གསལ་བཅུད་ཐིག་བཞུགས་སོ། ། ཨོཾ་སྭསྟི། བླ་མ་དཔལ་ལྡན་རྡོ་རྗེ་འཆང་། །རིགས་རྣམས་ཀུན་བདག་དངོས་གྲུབ་གཏེར། །ཡེ་ཤེས་ཆེན་པོའི་མཛོད་འཛིན་རྗེའི། །ཞབས་ལ་གུས་བཏུད་དབང་བསྐུར་དབྱེ། །དེ་ལ་གང་དུ་བྱ་བའི་གཞི་སྟེགས་བུ་ཁེབས་ལྡན་གྱི་སྟེང་དཀྱིལ་འཁོར་སྒོ་རྫོགས་པདྨ་འདབ་བརྒྱད་ཀྱི་ལྟེ་བར་རྡོ་རྗེ་རྩེ་ལྔ་ཧཱུྃ་མཚན་ཅན་བཀྲམ། མ་འཛོམ་ན་མཎྜལ་ཚོམ་བུ་བཀོད་པས་ཀྱང་རུང་། མཉྫིུའི་ཁར་བུམ་པ། ཐོད་ཆང་། མེ་ལོང་། སིནྡྷཱུ་ར་ཧྲཱི་མཐར་སྔགས་ཕྲེང་གིས་བརྒྱན་པ། ཤེལ་རྡོ། ལྷ་ཙག །སྔགས་ཕྲེང་། རྡོ་རྗེ་རྩེ་ལྔ། རྡོར་དྲིལ། ཚེ་འབྲང་། ཚེ་རིལ། ཆང་། ཚེ་མདའ་རྣམས་དང་། སྨན་རཀ་གཏོར་གསུམ། ཕྱི་མཆོད། ཚོགས། དཀར་བགེགས། ཆད་བརྟན་སོགས་བཤམས་པ། ལས་བྱང་གི་དབུ་ནས་བརྩམས་སྐྱབས་སེམས་ཡན་ལག་བདུན་པའི་རྗེས་དཀར་གཏོར་སྤྱི་འགྲེ་ལྟར། རང་ཉིད་དབང་ཆེན་སྐུར་གསལ་ནས། བགེགས་གཏོར་བསྔོ་ཞིང་། བཀའ་བསྒོ་ནས་བསྟོད་པ་རྫོགས་ཀྱི་བར་བཏང་། བྷྲཱུྃ་བི་ཤྭ་བི་ཤུདྡྷེ་སརྦ་མ་ཧཱ་གུ་རུ་མཎྜལ་ཕཊ་ཛཿཅེས་ཛབi་ཁང་དབྱེ་ནས་བདག་མདུན་སྤྲོ་བསྡུའི་བཟླས་པ་རྣམས་བཏང་། བུམ་བསྐྱེད་ཟུར་དུ་སྤྲོ་ན། གཟུངས་ཐག་འདོགས། བུམ་པ་རང་བྱུང་གི་གཞལ་མེད་ཁང་དུ་གུ་རུ་རྩ་བ་གསུམ་གྱི་ལྷ་ཚོགས་སྐད་ཅིག་གི་གསལ་བར་གྱུར། རང་གི་ཐུགས་ཀ་ནས་སྔགས་ཕྲེང་གཟུངས་ཐག་ལ་འཁྲིལ་ཏེ་སོང་བ་ལྷ་ཚོགས་རྣམས་ཀྱི་ཐུགས་རྒྱུད་བསྐུལ། སྐུ་ཡི་ཆ་ཐམས་ཅད་ནས་བྱང་སེམས་བདུད་རྩིའི་རྒྱུན་བབ་པས་བུམ་པ་གང་བར་གྱུར། ཅེས་བརྗོད་ལ་གཟུངས་ཐག་ནས་བཟུངས་ཏེ་བསྙེན་སྒྲུབ་སྔགས་རྣམས་ཅི་ནུས་བཟླས་མཐར་སྟོང་ཚིག་མཆོད་བསྟོད་དང་། བུམ་པའི་ལྷ་བདེ་སྟོང་ཆེན་པོའི་ངོ་བོར་འོད་དུ་ཞུ་ནས་བུམ་ཆུ་དང་དབྱེར་མེད་དུ་གྱུར། ཅེས་བརྗོད་ལ་མཆོད་ཡོན་ཕུལ། བརྗོད་མེད་དོན་བཤགས་སྔོན་དུ་འགྲོ་བས་ཚོགས་དྲངས་པའི་མགོ་བར་བཏང་། ལས་བུམ་དུ་རྟ་མགྲིན་བསྐྱེད་བཟླས་སྤྱི་ལྟར་བྱ། རིག་མེ་དོར་ལ་སློབ་མ་འཇུག་པར་གསོལ་བ་གདབ། སློབ་མ་རྣམས་སྒོ་དྲུང་དུ་ཁྲུས་ནས་དབྱུང་། བགེགས་གཏོར་བསྔོ་ཞིང་མཚམས་བཅད་སྲུང་འཁོར་བསྒོམ་ལ། ཆོས་བཤད་ཅི་རིགས་དང་། དེ་ལ་འདིར་གང་ཞིག་གསན་པར་བྱ་བའི་ཆོས་ནི། དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱི་སྤྱི་གཟུགས་དགེ་བའི་བཤེས་གཉེན་རྡོ་རྗེ་སློབ་དཔོན་གྱི་གཟུགས་སུ་བསྒྱུར་ནས་སློབ་མའི་རྒྱུད་བྱིན་གྱིས་རློབས་པ་དང་། གང་དེའི་དཀྱིལ་འཁོར་དུ་དབང་རྫོགས་པས་དཀྱིལ་འཁོར་ཐམས་ཅད་དུ་དབང་ཡང་རྫོགས་པར་འགྱུར་ཞིང་མཆོག་དང་ཐུན་མོང་གི་ཡོན་ཏན་དང་དངོས་གྲུབ་ཐམས་ཅད་ལ་དབང་འབྱོར་བར་འགྱུར་ཏེ། སྒྲ་ཐལ་འགྱུར་ལས། རྟེན་པ་དེ་ལས་ཡོན་ཏན་ནི། །དཔག་བསམ་ཤིང་དང་ཡིད་བཞིན་ནོར། །འདོད་འཇོའི་བ་དང་འདྲ་བ་ལས། །ཡོན་ཏན་དཔག་ཏུ་མེད་པ་ཐོབ། །དེ་ལ་དམིགས་ཏེ་བླ་མ་བསྟེན། །འཁོར་བའི་གཡུལ་ངོར་བཟློག་པར་བྱེད། །ཅེས་དང་། སྡོམ་འབྱུང་ལས། མཆོད་པ་ཐམས་ཅད་ཡོངས་སྤངས་ནས། །བླ་མ་མཆོད་པ་ཡང་དག་རྩོམས། །དེ་མཉེས་པ་ལས་ཀུན་མཁྱེན་གྱི། །ཡེ་ཤེས་མཆོག་ནི་ཐོབ་པར་འགྱུར། །ཅེས་དང་། སྒྱུ་འཕྲུལ་ལས། བླ་མ་དཀྱིལ་འཁོར་ཐམས་ཅད་ཀྱི། །དབང་ཕྱུག་ལོངས་སྤྱོད་ལྔས་མཆོད་ན། །དཀྱིལ་འཁོར་ཐམས་ཅད་མཆོད་པ་ཡིན། །ཉེ་བའི་དཀྱིལ་འཁོར་སྨོས་ཅི་དགོས། །ཞེས་སོགས་སྔགས་རྒྱུད་རྒྱ་མཚོ་ནས་ཡང་ཡང་བསྔགས་ཤིང་། ཁྱད་པར་བཀའ་དྲིན་མཉམ་མེད་ཨོ་རྒྱན་རྡོ་རྗེ་འཆང་ཆེན་པོ་ཉིད་སྒྲུབ་པས་རྩ་གསུམ་རབ་འབྱམས་རྒྱ་མཚོ་སྒྲུབ་པར་འགྱུར་བ་ནི་རྡོ་རྗེའི་གསུང་ལས། ང་སྒྲུབ་སངས་རྒྱས་ཐམས་ཅད་སྒྲུབ། །ང་མཐོང་སངས་རྒྱས་ཐམས་ཅད་མཐོང་། །ང་ནི་བདེ་གཤེགས་འདུས་པ་ཡིན། ཅེས་དང་། ཁྱད་པར་བྱིན་རླབས་དངོས་གྲུབ་མྱུར་འདོད་ན། །པདྨ་ང་བསྒོམ་མཆོད་དང་སུས་བསྒྲུབ་པ། །ཇི་ལྟར་ཡིད་བཞིན་ནོར་བུ་རིན་ཆེན་ལས། །དགོས་འདོད་ཐམས་ཅད་ངང་གིས་འབྱུང་བ་བཞིན། །རྒྱལ་བ་རྒྱ་མཚོས་བྱིན་བརླབ་བུ་བཞིན་བསྲུང་། །དམ་ཅན་མཁའ་འགྲོས་དངོས་གྲུབ་ཆར་ལྟར་འབེབས། །སྣང་སྲིད་དྲེགས་པ་ཅི་བཅོལ་ལས་རྣམས་སྒྲུབ། །ཕྲིན་ལས་ལྷུན་གྲུབ་སེམས་ཅན་མཐའ་ཡས་སྒྲོལ། །དེ་ལྟར་ཐམས་ཅད་བདག་ཉིད་དྲན་ལས་འབྱུང་། །ཅེས་དང་། ཁྱད་པར་ཡར་མར་གྱི་ཚེས་བཅུ་སོགས་ལ་བརྩོན་པས་བྱིན་རླབས་ལྷག་པར་ཆེ་བ་ཡང་། །བདེ་མཆོག་རྩ་རྒྱུད་ལས། རང་འདོད་ལས་ལ་རྣལ་འབྱོར་པས། །ཆོ་ག་ཇི་བཞིན་སྦྱིན་པར་བྱ། །མར་གྱི་ངོ་ཡི་ཚེས་བཅུ་དང་། །ཟླ་བ་ཡར་ངོ་གང་གྱུར་ལ། །མྱུར་དུ་འབད་པས་མཆོད་བྱ་སྟེ། །ཞེས་དང་། གུ་རུའི་ཞལ་ནས། དུས་ཀྱི་རྒྱལ་པོ་ཚེས་བཅུ་ཐམས་ཅད་ལ། །དབང་ཁྲིད་མཆོད་བསྟོད་ལ་སོགས་དགེ་བའི་ལས། །བྱས་ན་བརྒྱ་སྟོང་ཁྲི་དང་འབུམ་འགྱུར་འབྱུང་། །པདྨ་ང་ཉིད་འབྱོན་པའི་ཚེས་གྲངས་ཡིན། །ཅེས་སློབ་དཔོན་ཆེན་པོས་མཛད་པའི་དུས་ཆེན་ཚེས་བཅུ་བཟུང་ན་བྱིན་རླབས་ལྷག་པར་ཆེ་བ་སོགས། མདོར་ན་བླ་མ་སྒྲུབ་ཅིང་མཆོད་པ་ཁོ་ན་གལ་ཆེ་བས། སྔགས་ཀྱི་ཟབ་ལམ་མཐར་ཐུག་པ་ཡིན་པས། དེ་ལ་སྔོན་དུ་སྨིན་བྱེད་ཀྱི་དབང་བསྐུར་བ་ཐོབ་དགོས་པ་ནི། སྒྱུ་འཕྲུལ་ལས། དབང་བསྐུར་ཐོབ་པར་མ་བྱས་ཤིང་། ཉན་པ་ལ་སོགས་བརྩོན་པ་རྣམས། །འབྲས་བུ་མེད་ཅིང་བརླག་པར་འགྱུར། ཞེས་དབང་བསྐུར་ཐོབ་པ་གལ་ཆེ་བས་དེ་ཉིད་སྒྲུབ་པ་ལ། བདག་གི་བགྱི་འོས་གྲུབ་ནས་ཁྱེད་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ལ་སྨིན་བྱེད་གསན་པའི་ཡོན་དུ་དམིགས་ནས་མཎྜལ་འབུལ་བར་ཞུ། ཞེས་བརྗོད་པས་མཚམས་སྦྱར། མཎྜལ་འབུལ། ཙཀྵུ་བྷནྡྷ་སོགས་ཀྱིས་མིག་དར་དང་། ཨ་ཁཾ་ཝི་ར་ཧཱུྃ་གིས་མེ་ཏོག་སྦྱིན། གསོལ་བ་འདེབས་པ་འདི་ཡི་རྗེས་ཟློས་མཛོད། །སློབ་དཔོན་ཆེན་པོ་དགོངས་སུ་གསོལ། །རྩ་གསུམ་ཀུན་འདུས་དཀྱིལ་འཁོར་དུ། །ཐུགས་རྗེ་ཆེན་པོས་ཉེར་བཟུངས་ནས། །བདག་ཅག་འཇུག་པར་མཛད་དུ་གསོལ། །ཞེས་གསོལ་བ་བཏབ་ནས་སླར་ཡང་གནང་བ་སྦྱིན་པ་ནི། ལེགས་འོང་བུ་ཁྱོད་སྐལ་པ་བཟང་། །རྩ་གསུམ་དཀྱིལ་འཁོར་ཆེན་པོ་འདིར། །ཁྱེད་ཅག་བདག་གིས་གཞུག་པར་བྱ། །རྣམ་དག་དམ་ཚིག་སྲུང་བར་གྱིས། །དེ་ནས་རྒྱུད་དག་པར་བྱ་བའི་སླད་དུ། ཚོགས་ཞིང་རྩ་གསུམ་རྒྱལ་བ་རྒྱ་མཚོའི་ཚོགས་དང་བཅས་པ་མངོན་སུམ་བཞིན་དུ་བཞུགས་པའི་སྤྱན་སྔར་བདག་གཞན་སེམས་ཅན་ཐམས་ཅད་འཁོད་དེ་ཡན་ལག་བདུན་པ་བགྱི་བའི་བློས་འདིའི་རྗེས་ཟློས། རྡོ་རྗེ་སློབ་དཔོན་སོགས་ལན་གསུམ། སྡོམ་པ་བཟུང་བ་ནི། ཚོགས་ཞིང་དེ་རྣམས་དཔང་པོར་བཞུགས་པའི་སྤྱན་སྔར་རྡོ་རྗེ་ཐེག་པའི་སྡོམ་པ་སྤྱི་དང་ཁྱད་པར་གྱི་དམ་ཚིག་མཐའ་དག་བཟུང་བར་བགྱིའོ་སྙམ་པའི་བློས་རྗེས་ཟློས། །བདེ་བར་གཤེགས་པ་ཁྱེད་ཅི་འདྲ་སོགས་ལན་གསུམ། དམ་ལ་བཞག་པ་ནི། བདུད་རྩིའི་ཆུ་ནན་བྱིན་ཏེ། འདི་ནི་རྡོ་རྗེའི་དམ་ཚིག་ཆུ། །བསྲུང་ན་ཚེ་འདིར་དངོས་གྲུབ་ཐོབ། །མ་སྲུང་ཉམས་ན་དམྱལ་བར་ལྟུང་། །རྡོ་རྗེ་བདུད་རྩིའི་ཆུ་འཐུང་ཞིག །བཛྲ་ས་མ་ཡ་ཨུ་ད་ཀ་ཋ་ཋ་ཋཿདཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་ཕྱག་བྱ་བར་མོས་ཏེ་ཐལ་མོ་གནས་གསུམ་དུ་སྦྱར་བ་དང་བཅས། ཨོཾ་ན་མ་ཏེ་ཧཱུྃ། ན་མ་མེ་ཧཱུྃ། ན་མོ་ན་མ་ཧཱུྃ། ཞེས་པས་ཕྱག་བྱས་ནས་དཀྱིལ་འཁོར་གྱི་ཤར་སྒོར་འཁོད་པར་གྱུར། ཡེ་ཤེས་དབབ་པ་ལ་སྒོ་གསུམ་གྱི་གནད་གཅུན་ཏེ་དམིགས་པ་འདི་བཞིན་མཛོད། སློབ་དཔོན་དཀྱིལ་འཁོར་གྱི་བདག་པོར་བཞུགས་པའི་ཐུགས་ཀ་ནས་ཡེ་ཤེས་ཀྱི་འོད་ཟེར་འཕྲོས་ཏེ་སློབ་མའི་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་སྟོང་པར་གྱུར། སྟོང་པའི་ངང་ལས་རིག་པའི་ངོ་བོ་ཧྲཱིཿཡིག་དམར་པོའི་འཕྲོ་འདུ་ལས་པདྨ་ཟླ་ཉི་དམ་སྲི་དང་སོགས་ནས། ཡེ་ཤེས་པ་རྣམས་སྤྱན་དྲངས་གྱུར། འབེབས་པའི་རྫས་བདུག །ཌཱ་དྲིལ་དབྱངས་དང་བཅས། ཧཱུྃ་ཧྲཱིཿཆོས་དབྱིངས་འོག་མིན་སོགས་ཀྱིས་ཐུགས་དམ་བསྐུལ་ཞིང་། རྩ་སྔགས་མཐར། ཛྙཱ་ན་ཨཱ་བཻ་ཤ་ཡ་ཨ་ཨ་ཧྲཱིཾ་ཧྲཱིཾ་ཕཻཾ་ཕཻཾ། ཞེས་བཏགས་པ་མང་དུ་བརྗོད་པས་བྱིན་དབབ། རྡོ་རྗེ་མགོར་བཞག །ཏིཥྛ་བཛྲས་བརྟན་པར་བྱའོ། །དེ་ནས་དཀྱིལ་འཁོར་ལ་མེ་ཏོག་འདོར་བ་ནི། རང་རིག་སྨོན་པའི་ལྷ་ལ་མེ་ཏོག་འབབ་པར་ཤོག་ཅིག་སྙམས་པས་རྗེས་ཟློས། ཧོཿཚེ་རབས་སྔོན་ནས་འབྲེལ་བ་ཡི། །རིགས་ཀྱི་ལྷ་མཆོག་གང་ཡིན་པར། །རིག་པའི་མེ་ཏོག་འདི་དོར་བས། །ལྷག་པའི་ལྷ་དང་མཇལ་བར་ཤོག །པུཥྤེ་པྲ་ཏཱིཙྪ་ཧོཿཞེས་ཕུལ་བ་སླར་ཡང་སྤྱི་བོར་བཞག་སྟེ། པུཥྤེ་སིདྡྷི་ས་མ་ཡ་སྟྭཾ། །རིགས་ཀྱི་ལྷ་དེ་སྤྱི་བོར་ཐིམ་པར་མོས། །མ་རིག་པའི་སྒྲིབ་གཡོགས་མིག་དར་དང་ལྷན་ཅིག་བསལ་བར་གྱུར། །ང་ནི་ཡེ་ཤེས་རྒྱལ་པོ་སྟེ། །ཁྱོད་ཀྱི་མ་རིག་མུན་པ་བསལ། །ཡེ་ཤེས་སྤྱན་ནི་ཐོབ་གྱུར་ཅིག །དཀྱིལ་འཁོར་ལྷ་དང་ཁྱོད་སྤྲོད་དོ། །ཛྙཱ་ན་ཙཀྵུ་པྲ་བེ་ཤ་ཡ་ཕཊ། ཅེས་རྡོ་རྗེའི་མིག་དབྱེ། དཀྱིལ་འཁོར་མཐོང་བ་བསྟན་པ་ནི། ལེགས་འོང་བུ་ཁྱོད་སྐལ་པ་བཟང་། །ལྟོས་ཤིག་དཀྱིལ་འཁོར་འདི་ལ་ལྟོས། །མཐོང་བས་སྡིག་སྒྲིབ་ཐམས་ཅད་དག །ཚུལ་བཞིན་བསྒོམ་པས་དངོས་གྲུབ་ཐོབ། །འདི་ན་རྩ་བ་གསུམ་གྱི་དཀྱིལ་འཁོར་གྱི་ལྷ་ཚོགས་བཞུགས་པ་ཐམས་ཅད་ཀྱང་། ནང་དུ་རང་ལུས་ལྷུན་གྲུབ་དག་པ་རབ་འབྱམས་རྒྱལ་བའི་དཀྱིལ་འཁོར་ཆེན་པོར་རྫོགས་པ་དང་། གསང་བ་རང་རིག་བྱང་ཆུབ་སེམས་ཀྱི་ངོ་བོ་དབྱེར་མེད་པ་མངོན་སུམ་བཞིན་དུ་མཐོང་བར་མོས། དེས་དཀྱིལ་འཁོར་དུ་འཇུག་པའི་ཆོས་རྣམས་སོགས་ནས་དངོས་གཞིའི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདི་ཡི་རྗེས་ཟློས། བྱང་ཆུབ་རྡོ་རྗེ་སོགས་ལན་གསུམ། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ནམ་མཁའ་གང་བའི་དབང་གི་ལྷ་ཚོགས་སྤྱན་དྲངས་པ་རྣམས་དང་ལྷན་ཅིག་པས་རྣམ་པར་རྒྱལ་བའི་བུམ་པ་ཡེ་ཤེས་བདུད་རྩིའི་བཅུད་ཀྱིས་གཏམས་པས་སྤྱི་བོའི་གནས་ལྔ་ནས་དབང་བསྐུར་བར་གྱུར། ཨོཾ། ཏིལ་གྱི་གོང་བུ་བཞིན་གང་བའི། །རྒྱལ་བས་བུམ་པ་བཟུང་ནས་ནི། །བྱང་ཆུབ་སེམས་ཀྱི་བདུད་རྩིའི་ཆུས། །བདེ་གཤེགས་རིགས་ལྔར་དབང་བསྐུར་རོ། །ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཿསརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཨོཾ་བཛྲི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་གསུངས་ཤིང་བུམ་ཆུའི་སྤྱི་བོ་ནས་དབང་བསྐུར། སྐུ་གང་དྲི་མ་དག །ཆུའི་ལྷག་མ་སྤྱི་བོར་ཡར་ལུད་པ་ལས་དེ་བཞིན་གཤེགས་པ་རིགས་ལྔས་དབུ་བརྒྱན་པར་གྱུར། དེ་ལྟར་དབང་བསྐུར་བས་ཉོན་མོངས་པ་ལྔ་དག །ཕུང་པོ་ལྔ་རིགས་ལྔའི་སངས་རྒྱས་སུ་གནས་གྱུར། །ཡེ་ཤེས་ལྔ་མངོན་དུ་བྱས། །རིགས་ལྔའི་གོ་འཕང་ཐོབ་པའི་སྐལ་བ་རྒྱུད་ལ་བཞག་གོ །དཀྱིལ་འཁོར་གྱི་ལྷ་ཚོགས་ལས་ཕྱག་རྒྱ་གཉིས་པ་རེ་འཕྲོས་ཏེ་གནས་སོ་སོར་ཐིམ་པར་གྱུར། ཧཱུྃ། བཅོམ་ལྡན་རྟ་མཆོག་ཧེ་རུ་ཀ །རྡོ་རྗེ་ཕག་མོ་ཡུམ་དང་སྦྱོར། །ཡབ་ཡུམ་གཉིས་སུ་མེད་པ་ཡི། །རིགས་ཀྱི་བུ་ལ་དབང་བསྐུར་རོ། །རང་སྔགས་མཐར། ཀཱ་ཡ་ཨ་བྷི་ཥིཉྩ་ཨཱཿ ཧཱུྃ། བླ་མ་རྡོ་རྗེ་ཐོད་ཕྲེང་རྩལ། །མཚོ་རྒྱལ་ཡུམ་དང་མཉམ་པར་སྦྱོར། །ཐབས་དང་ཤེས་རབ་གཉིས་མེད་པས། །རིགས་ཀྱི་བུ་ལ་དབང་བསྐུར་རོ། །སྔགས་མཐར། ཀཱ་ཡ་ཨ༴ ཧྲཱིཿབཅོམ་ལྡན་མགོན་པོ་ཚེ་དཔག་མེད། །རིགས་ཀྱི་བདག་པོ་སྤྲུལ་པའི་སྐུ། །ཚེ་དང་ཡེ་ཤེས་དངོས་གྲུབ་བདག །རིགས་ཀྱི་བུ་ལ༴ རང་སྔགས་དང་། ཀཱ་ཡ་ཨ༴ ཨོཾ། ཐུགས་རྗེ་ཆེན་པོ་པདྨའི་རྒྱལ། །གསང་བ་ཡེ་ཤེས་ཡུམ་དང་སྦྱོར། །བདེ་སྟོང་འདུ་འབྲལ་མེད་པ་ཡིས། །རིགས་ཀྱི་བུ་ལ༴ སྔགས་མཐར། ཀཱ་ཡ་ཨ༴ ཧཱུྃ། དཔལ་ཆེན་བཛྲ་ཧེ་རུ་ཀ །ཀྲོ་དྷཱི་ཤྭ་རི་ཡུམ་དང་སྦྱོར། །ཕྱག་རྒྱ་རྒྱ་ཆེན་རྟག་པའི་སྐུས། །རིགས་ཀྱི་བུ་ལ༴ སྔགས་མཐར། ཀཱ་ཡ་ཨ༴ ཧཱུྃ། བཅོམ་ལྡན་རྡོ་རྗེ་ཕག་མོ་ནི། །མཁའ་འགྲོ་རྒྱ་མཚོའི་ཚོགས་དང་བཅས། །བདེ་ཆེན་འབར་བའི་གཟི་བྱིན་གྱིས། །རིགས་ཀྱི་བུ་ལ༴ སྔགས་དང་། ཀཱ་ཡ་ཨ༴ ཧཱུྃ། རྡོ་རྗེ་ཁྲོས་མ་ཀུན་ཏུ་བཟང་། །བདེ་ཆེན་དབྱིངས་ཀྱི་རལ་གཅིག་མ། །རྒྱུད་གསུམ་དྲེགས་པའི་ཚོགས་བཅས་ཀྱིས། །རིགས་ཀྱི་བུ་ལ་དབང་བསྐུར་རོ། །སྔགས་དང་། ཀཱ་ཡ་ཨ༴ དེང་ཕྱིན་ཆད་བརྟན་གཡོ་ཐམས་ཅད་ཡེ་ཤེས་ཕྱག་རྒྱའི་སྐུ་བསྒོམ་པ་དང་མ་བྲལ་བར་གྱིས་ཤིག །གསུང་བཟླས་ལུང་གི་སླད་དུ་སློབ་དཔོན་གྱི་ཐུགས་ཀ་ནས་སྔགས་ཕྲེང་འཕྲོས། ཁྱེད་རང་གི་སྙིང་གར་ཐིམ་པ་དང་འོད་ཟེར་སྤྲོ་བསྡུས་དོན་གཉིས་བྱས། སྣོད་བཅུད་དག་མཉམ་ཆེན་པོར་རྫོགས་ཤིང་བརྟན་གཡོའི་སྒྲ་སྐད་སྔགས་ཀྱི་འཁོར་ལོར་གྱུར་པར་མོས་ལ། བསྙེན་སྒྲུབ་ལས་གསུམ་སྔགས་རྣམས་བཟླ། དེང་ཕྱིན་ཆད་འབྱུང་འཇུག་གནས་གསུམ་སྔགས་ཀྱི་འཁོར་ལོར་བསྒོམ་པ་དང་མ་བྲལ་བར་གྱིས་ཤིག །དེ་བརྟན་པའི་སླད་དུ་སྔགས་ཕྲེང་མགྲིན་པར་བཞག །ཨཱཿ སྔགས་ཀྱི་རང་སྒྲ་སྒྲོགས་པ་ཡི། །སྙིང་པོའི་ཕྲེང་བ་འདི་གཏད་པས། །རླུང་སྔགས་ཡི་གེ་བརྟན་པ་དང་། །གཞོམ་མེད་རྡོ་རྗེའི་སྲོག་འགྲུབ་ཤོག །ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ། ཐུགས་ཀྱི་དབང་བསྐུར་བའི་སླད་དུ་ལྷ་སྔགས་ཀྱི་མཚོན་པའི་བརྟན་གཡོའི་སྣང་བ་འདི་དག་རིག་སྟོང་འོད་གསལ་ཐུགས་ཀྱི་ངོ་བོར་རྫོགས་པར་མོས་ལ་དགོངས་པ་སྐྱེ་མེད་ཀྱི་ངང་དུ་མཉམ་པར་བཞག །དེ་བརྟན་པའི་སླད་དུ་རྡོ་རྗེ་རྩེ་ལྔ་སྙིང་གར་བཞག་སྟེ། ཧཱུྃ། རིག་སྟོང་ཐུགས་ཀྱི་རྡོ་རྗེ་འདི། །རྒྱལ་བ་ཀུན་དང་མཉམ་པར་སྦྱོར། །ཡེ་ཤེས་རང་བྱུང་ཕྱག་རྒྱ་ཡིས། །ཐུགས་མཆོག་འགྲུབ་པར་དབང་བསྐུར་རོ། །ཙིཏྟ་ཨབྷི་ཥིཉྩ་ཧཱུྃ། རྟོག་ཚོགས་ཐམས་ཅད་རང་རིག་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་རྣམ་པར་དག་གོ །རྡོ་རྗེ་སློབ་དཔོན་གྱི་དབང་གི་སླད་དུ་རྡོར་དྲིལ་ལག་ཏུ་གཏད་དེ། ཧཱུྃ། ཐབས་དང་ཤེས་རབ་དབྱེར་མེད་པའི། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་འདིས། །སློབ་དཔོན་ཆེན་པོར་མངའ་གསོལ་ཞིང་། །འགྲོ་དོན་བྱེད་པར་དབང་བསྐུར་རོ། །ཨོཾ་མ་ཧཱ་བཛྲ་གཎྜེ་ཛྙཱ་ན་བཛྲ་སྭཱ་བྷ་ཝ་ཨཏྨ་ཀོ྅་ཧཾ། རྟེན་སྙིང་དང་སུ་པྲ་ཏིཥྛས་བརྟན་པར་བྱ། དེ་ལྟར་བུམ་པའི་དབང་བསྐུར་བས་ལུས་རྩ་དབྱིབས་ཀྱི་སྒྲིབ་པ་དག །བསྐྱེད་རིམ་བསྒོམ་པ་ལ་དབང་། །འབྲས་བུ་སྤྲུལ་པའི་སྐུ་འགྲུབ་པའི་སྐལ་བ་རྒྱུད་ལ་བཞག་གོ །གསང་བའི་དབང་གི་སླད་དུ། དེ་བཞིན་གཤེགས་པ་ཐམས་ཅད་བླ་མ་ཡབ་ཡུམ་གྱི་སྐུ་ལ་ཞུགས་པ་རྗེས་ཆགས་བདེ་བ་ཆེན་པོར་བྱང་ཆུབ་སེམས་ཀྱི་བདུད་རྩིར་ཞུ་བ་ཐོད་པའི་ནང་དུ་བསྐྱིལ་བས་དབང་བསྐུར་བར་གྱུར། ཐོད་པའི་བདུད་རྩི་ཐོགས་ལ། ཧཱུྃ། ཇི་སྙེད་སངས་རྒྱས་ཐམས་ཅད་ཀྱིས། །རབ་ཏུ་བསྔགས་པ་གསང་བའི་དབང་། །བྱང་ཆུབ་སེམས་ཀྱི་བདུད་རྩི་ཆེའི། །བདེ་བ་ཆེན་པོར་དབང་བསྐུར་རོ། །བོདྷི་ཙིཏྟ་ཨ་ཧོ་མ་ཧཱ་སུ་ཁཱ་ཧོ། །དེ་ལྟར་གསང་བའི་དབང་བསྐུར་བས་ངག་དང་རླུང་གི་སྒྲིབ་པ་དག །སྲོག་རྩོལ་རླུང་གི་རྣལ་འབྱོར་དང་། གཏུམ་མོ་བསྒོམ་པ་ལ་དབང་། འབྲས་བུ་ལོངས་སྐུ་འགྲུབ་པའི་སྐལ་བ་རྒྱུད་ལ་བཞག་གོ །ཤེས་རབ་ཡེ་ཤེས་ཀྱི་དབང་གི་སླད་དུ་རྡོ་རྗེ་བཙུན་མོའི་ཆུ་སྐྱེས་ཀྱི་ངོ་བོ་སིནྡྷུ་རའི་མེ་ལོང་སྔགས་ཀྱིས་བརྒྱན་པ་གཏད་དེ། ཧཱུྃ། དགའ་བའི་གནས་སྦྱིན་ལྷ་མོ་འདི། །སྣ་ཚོགས་གཟུགས་ཅན་ཡིད་འོང་མ། །འདི་ཁྱེར་རྟག་ཏུ་མཆོད་པར་གྱིས། །འདི་སྤང་མཆོག་གི་དངོས་གྲུབ་མེད། སྟཱཾ་པདྨ་བྷཉྫ་མོཀྵ་ཧོ། འདུ་ཤེས་གསུམ་གྱིས་མཉམ་སྦྱོར་བས། །དགའ་བཞིའི་ཡེ་ཤེས་སྐྱེས་པར་མོས། དེ་ལྟར་གསུམ་པའི་དབང་བསྐུར་བས། །ཡིད་དང་ཐིག་ལེའི་སྒྲིབ་པ་དག །རང་བྱིན་རླབས་དང་དཀྱིལ་འཁོར་འཁོར་ལོ་སྒོམ་པ་ལ་དབང་འབྲས་བུ་ཆོས་སྐུ་ཐོབ་པའི་སྐལ་བ་རྒྱུད་ལ་བཞག་གོ །དབང་བཞི་པའི་སླད་དུ། རྡོ་རྗེ་སེམས་དཔའི་མན་ཤེལ་གྱི་བརྡས་མཚོན་ཏེ། ཧོཿདབྱིངས་ཀྱི་སྟོང་པ་ཤེལ་ལྟ་བུ། །རང་བཞིན་གསལ་བ་འཇའ་ཚོན་བཞིན། །ཐུགས་རྗེའི་རིག་རྩལ་ཕྱོགས་བཅུར་འཕྲོ། །དབྱེར་མེད་དོན་གྱི་གནས་ལུགས་ལྟོས། དྷརྨཱ་དྷཱ་ཏུ་ཛྙཱ་ན་བཛྲ་ཨ་ཨ་ཨ། དབྱིངས་རིག་བསྲེས་ལ་མཉམ་པར་བཞག །དེ་ལྟར་དབང་བཞི་པ་ཚིག་དབང་རིན་པོ་ཆེ་བསྐུར་བས། ཀུན་གཞི་དང་སྒོ་གསུམ་ཆ་མཉམ་གྱི་སྒྲིབ་པ་སྦྱངས། ལམ་རིག་སྟོང་འོད་གསལ་རྫོགས་པ་ཆེན་པོ་བསྒོམ་པ་ལ་དབང་། འབྲས་བུ་ཡེ་ཤེས་རྡོ་རྗེ་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་བ་རྒྱུད་ལ་བཞག་གོ །མཐའ་རྟེན་དུ་བཀྲ་ཤིས་ཚེ་ཡི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདི་ཡི་རྗེས་ཟློས། ཀྱཻ། དུས་གསུམ་སངས་རྒྱས་འགྲོ་བའི་མགོན། །ཚེ་བདག་བླ་མ་རིན་པོ་ཆེས། །བདག་གི་དུས་མིན་འཆི་བ་སོལ། །ཚེ་ཡི་དབང་བསྐུར་སྩལ་དུ་གསོལ། །ཞེས་ལན་གསུམ་གསོལ་བ་བཏབ། བླ་མ་རིགས་བདག་ཚེ་དཔག་མེད་མགོན་གྱི་སྐུ་ལས་ཚེ་འགུགས་པའི་ལྷ་མོ་ཉི་ཟེར་གྱི་རྡུལ་འཚུབས་པ་ལྟར་འཕྲོས་པས་འཁོར་འདས་ཀྱི་ཚེ་བཅུད་ཐམས་ཅད་བསྡུས་ནས་ཁྱེད་རང་དང་ཚེ་ཡི་རྟེན་རྫས་རྣམས་ལ་ཐིམ་པར་མོས། ཚེ་མདའ་ཐོགས་ལ་ཚེ་འགུགས་བསྐུལ། ཚེ་འབྲང་ཐོགས་ཏེ། ཚེ་འབྲང་ཚེ་དཔག་མེད་མགོན་དུ་གསལ་བ་སྤྱི་བོར་བཞག་པས་བདུད་རྩིའི་རྒྱུན་བབས་ལུས་ཀྱི་ནང་གང་། སྐུ་རྡོ་རྗེ་ཚེ་ཡི་དངོས་གྲུབ་ཐོབ་པར་གྱུར། ཨོཾ། བཀྲ་ཤིས་འཆི་མེད་བུམ་པ་ནི། །ཚེ་དཔག་མེད་མགོན་བཞུགས་པ་ཡི། །བདུད་རྩིའི་རྒྱུན་གྱིས་དབང་བསྐུར་བས། །གཞོམས་བྲལ་རྡོ་རྗེའི་སྐུར་སྨིན་ཤོག །ཚེ་སྔགས་དང་། ཀཱ་ཡ་ཨ་བྷཱི་ཥིཉྩ་ཨོཾ། བདུད་རྩི་ཐོགས་ཏེ། འཁོར་འདས་ཀྱི་དྭངས་བཅུད་བདུད་རྩིར་གྱུར་པ་ངག་ཏུ་བླུད་པས་གསུང་འགགས་མེད་རྡོ་རྗེའི་དབྱངས་སུ་སྨིན་པར་མོས། ཨཱཿ སྲིད་དང་ཞི་བའི་དྭངས་བཅུད་ཀུན། །གྲུབ་པའི་བདུད་རྩིར་བསྐྱིལ་བ་འདིས། །ལས་རླུང་རྒྱུ་བ་དབྱིངས་སུ་དག །འགགས་མེད་རྡོ་རྗེའི་གསུང་ཐོབ་ཤོག །ཚེ་སྔགས་དང་། ཝཱ་ཀ་ཨ་བྷི་ཥིཉྩ་ཨཱཿ ཚེ་རིལ་ཐོགས་ལ། སྲིད་ཞིའི་འབྱུང་བཅུད་དྭངས་མའི་ཐིག་ལེ་བདེ་སྟོང་རིལ་བུའི་གཟུགས་སུ་ཤར་བ་མྱོང་བས་སྐྱེ་འཆི་མེད་པ་ཐུགས་རྡོ་རྗེར་སྨིན་པར་མོས། ཧཱུྃཿའཁོར་དང་མྱ་ངན་འདས་པའི་བཅུད། །བདེ་སྟོང་རྡོ་རྗེ་ཚེའི་རིལ་བུ། །མྱོང་བས་སྲོག་གི་དྭངས་མར་སྨིན། །ཐུགས་ཀྱི་རྡོ་རྗེའི་དབང་ཐོབ་ཤོག །སྔགས་དང་། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། རྒྱས་གདབ་སྤྱི་བོར་ཚེ་མདའ་རྒྱ་གྲམ་བཞག་ལ། ཨཱཿ སྲིད་ཞིའི་སོགས་ཀྱིས་རྒྱས་གདབ་པར་བྱའོ། །དེས་དབང་གི་དངོས་གཞི་རྣམས་སོང་ནས། དབང་དོན་གྱི་ཡེ་ཤེས་བརྟན་པར་བྱ་བའི་སླད་དུ་ཤིས་པ་བརྗོད་པས་རྡོ་རྗེ་གསུམ་གྱི་ཡེ་ཤེས་གོང་འཕེལ་དུ་གྱུར་པའི་མོས་པ་མཛོད། བཀྲ་ཤིས་དང་། དམ་ཚིག་བསྒྲགས་གཟུང་། གཏང་རག་མཎྜལ་ལུས་འབུལ་དགེ་བསྔོ་རྣམས་བྱས་ལ། སློབ་མ་རྣམས་གྲོལ། རྗེས་ལ་ཚོགས་རོལ་ཞིང་ལྷག་མ་བཏང་བ་སོགས་མཐུག་གི་ལས་རིམ་རྣམས་བྱའོ། །དེ་ལྟར་རང་བློས་སྦྱར་བ་ཡི། །ཆོ་གས་སྨིན་པའི་ངེས་པ་ནི། །འོན་ཀྱང་དད་མོས་ལྡན་པ་ལ། །བླ་མའི་ལམ་གྱིས་གྲོལ་བར་འགྱུར། །དེ་ཕྱིར་ལེགས་བྱས་དགེ་བ་གང་། །མཁའ་ཁྱབ་ཡིད་ཅན་སྐྱེ་རྒུ་རྣམས། །གཏན་བདེའི་ས་ལ་འགོད་པ་དང་། །སྐུ་བཞིའི་གོ་འཕང་མྱུར་ཐོབ་ཤོག །ཅེས་བླ་སྒྲུབ་འོད་གསལ་སྙིང་ཐིག་གི་སྨིན་བྱེད་འོད་གསལ་བཅུད་ཐིག་ཅེས་བྱ་བ་འདི་སྡེ་སྣོད་འཛིན་པ་ཆེན་པོ་ཀཿཐོག་མཁན་རིན་པོ་ཆེ་ཚུལ་ཁྲིམས་ཉི་མས་རྟེན་དང་བཅས་གསུང་བསྐུལ་བཞིན། ཆོས་ཀྱི་བློ་གྲོས་པས་དབོ་ཟླའི་ཚེས་བཅུར་ཞུས་རིམ་བཞིན་ཡི་གེ་པ་ནི་ཀུན་གཟིགས་མཆོག་སྤྲུལ་རིན་པོ་ཆེ་མངྒ་ལས་བཀའ་དྲིན་བསྐྱང་བ་འདིས་ཀྱང་སེམས་ཅན་དཔག་ཏུ་མེད་པ་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བ་ཨོ་རྒྱན་རྡོ་རྗེ་འཆང་གིས་བྱིན་གྱིས་བརླབ་ཏུ་གསོལ། སརྦ་དཱ་མངྒ་ལཾ། །འདི་ཡི་ཆོས་སྒོ་དང་པོ་ལྕགས་ཡོས་ཟླ་ཚེས་ལ་དབྱེ་ཟིན་མ་ཐག་ཁྲི་འདུ་བླ་གསར་གཉེར་པས་མཉམ་མེད་དྭགས་པོའི་ཐུགས་རུས་ཕུལ་བ་རྟེན་འབྲེལ་ཤིན་ཏུ་བཟང་བར་བྱུང་ངོ་།། །།
[edit]

@#/__/byin rlabs bla ma'i thugs sgrub kyi dbang bskur 'od gsal bcud thig bzhugs so/__/ oM swasti/__bla ma dpal ldan rdo rje 'chang /__/rigs rnams kun bdag dngos grub gter/__/ye shes chen po'i mdzod 'dzin rje'i/__/zhabs la gus btud dbang bskur dbye/__/de la gang du bya ba'i gzhi stegs bu khebs ldan gyi steng dkyil 'khor sgo rdzogs pad+ma 'dab brgyad kyi lte bar rdo rje rtse lnga hU~M mtshan can bkram/__ma 'dzom na maN+Dal tshom bu bkod pas kyang rung /__many+dzu+i'i khar bum pa/__thod chang /__me long /__sin+d+hU ra hrI mthar sngags phreng gis brgyan pa/__shel rdo/__lha tsag__/sngags phreng /__rdo rje rtse lnga/__rdor dril/__tshe 'brang /__tshe ril/__chang /__tshe mda' rnams dang /__sman raka gtor gsum/__phyi mchod/__tshogs/__dkar bgegs/__chad brtan sogs bshams pa/__las byang gi dbu nas brtsams skyabs sems yan lag bdun pa'i rjes dkar gtor spyi 'gre ltar/__rang nyid dbang chen skur gsal nas/__bgegs gtor bsngo zhing /__bka' bsgo nas bstod pa rdzogs kyi bar btang /__b+h+rU~M bi shwa bi shud+d+he sarba ma hA gu ru maN+Dal phaT dzaHces dzab[i] khang dbye nas bdag mdun spro bsdu'i bzlas pa rnams btang /__bum bskyed zur du spro na/__gzungs thag 'dogs/__bum pa rang byung gi gzhal med khang du gu ru rtsa ba gsum gyi lha tshogs skad cig gi gsal bar gyur/__rang gi thugs ka nas sngags phreng gzungs thag la 'khril te song ba lha tshogs rnams kyi thugs rgyud bskul/__sku yi cha thams cad nas byang sems bdud rtsi'i rgyun bab pas bum pa gang bar gyur/__ces brjod la gzungs thag nas bzungs te bsnyen sgrub sngags rnams ci nus bzlas mthar stong tshig mchod bstod dang /__bum pa'i lha bde stong chen po'i ngo bor 'od du zhu nas bum chu dang dbyer med du gyur/__ces brjod la mchod yon phul/__brjod med don bshags sngon du 'gro bas tshogs drangs pa'i mgo bar btang /__las bum du rta mgrin bskyed bzlas spyi ltar bya/__rig me dor la slob ma 'jug par gsol ba gdab/__slob ma rnams sgo drung du khrus nas dbyung /__bgegs gtor bsngo zhing mtshams bcad srung 'khor bsgom la/__chos bshad ci rigs dang /__de la 'dir gang zhig gsan par bya ba'i chos ni/__dus gsum gyi rgyal ba thams cad kyi spyi gzugs dge ba'i bshes gnyen rdo rje slob dpon gyi gzugs su bsgyur nas slob ma'i rgyud byin gyis rlobs pa dang /__gang de'i dkyil 'khor du dbang rdzogs pas dkyil 'khor thams cad du dbang yang rdzogs par 'gyur zhing mchog dang thun mong gi yon tan dang dngos grub thams cad la dbang 'byor bar 'gyur te/__sgra thal 'gyur las/__rten pa de las yon tan ni/__/dpag bsam shing dang yid bzhin nor/__/'dod 'jo'i ba dang 'dra ba las/__/yon tan dpag tu med pa thob/__/de la dmigs te bla ma bsten/__/'khor ba'i g.yul ngor bzlog par byed/__/ces dang /__sdom 'byung las/__mchod pa thams cad yongs spangs nas/__/bla ma mchod pa yang dag rtsoms/__/de mnyes pa las kun mkhyen gyi/__/ye shes mchog ni thob par 'gyur/__/ces dang /__sgyu 'phrul las/__bla ma dkyil 'khor thams cad kyi/__/dbang phyug longs spyod lngas mchod na/__/dkyil 'khor thams cad mchod pa yin/__/nye ba'i dkyil 'khor smos ci dgos/__/zhes sogs sngags rgyud rgya mtsho nas yang yang bsngags shing /__khyad par bka' drin mnyam med o rgyan rdo rje 'chang chen po nyid sgrub pas rtsa gsum rab 'byams rgya mtsho sgrub par 'gyur ba ni rdo rje'i gsung las/__nga sgrub sangs rgyas thams cad sgrub/__/nga mthong sangs rgyas thams cad mthong /__/nga ni bde gshegs 'dus pa yin/__ces dang /__khyad par byin rlabs dngos grub myur 'dod na/__/pad+ma nga bsgom mchod dang sus bsgrub pa/__/ji ltar yid bzhin nor bu rin chen las/__/dgos 'dod thams cad ngang gis 'byung ba bzhin/__/rgyal ba rgya mtshos byin brlab bu bzhin bsrung /__/dam can mkha' 'gros dngos grub char ltar 'bebs/__/snang srid dregs pa ci bcol las rnams sgrub/__/phrin las lhun grub sems can mtha' yas sgrol/__/de ltar thams cad bdag nyid dran las 'byung /__/ces dang /__khyad par yar mar gyi tshes bcu sogs la brtson pas byin rlabs lhag par che ba yang /__/bde mchog rtsa rgyud las/__rang 'dod las la rnal 'byor pas/__/cho ga ji bzhin sbyin par bya/__/mar gyi ngo yi tshes bcu dang /__/zla ba yar ngo gang gyur la/__/myur du 'bad pas mchod bya ste/__/zhes dang /__gu ru'i zhal nas/__dus kyi rgyal po tshes bcu thams cad la/__/dbang khrid mchod bstod la sogs dge ba'i las/__/byas na brgya stong khri dang 'bum 'gyur 'byung /__/pad+ma nga nyid 'byon pa'i tshes grangs yin/__/ces slob dpon chen pos mdzad pa'i dus chen tshes bcu bzung na byin rlabs lhag par che ba sogs/__mdor na bla ma sgrub cing mchod pa kho na gal che bas/__sngags kyi zab lam mthar thug pa yin pas/__de la sngon du smin byed kyi dbang bskur ba thob dgos pa ni/__sgyu 'phrul las/__dbang bskur thob par ma byas shing /__nyan pa la sogs brtson pa rnams/__/'bras bu med cing brlag par 'gyur/__zhes dbang bskur thob pa gal che bas de nyid sgrub pa la/__bdag gi bgyi 'os grub nas khyed rnams kyi ngo skal du gyur pa la smin byed gsan pa'i yon du dmigs nas maN+Dal 'bul bar zhu/__zhes brjod pas mtshams sbyar/__maN+Dal 'bul/__tsak+Shu b+han+d+ha sogs kyis mig dar dang /__a khaM wi ra hU~M gis me tog sbyin/__gsol ba 'debs pa 'di yi rjes zlos mdzod/__/slob dpon chen po dgongs su gsol/__/rtsa gsum kun 'dus dkyil 'khor du/__/thugs rje chen pos nyer bzungs nas/__/bdag cag 'jug par mdzad du gsol/__/zhes gsol ba btab nas slar yang gnang ba sbyin pa ni/__legs 'ong bu khyod skal pa bzang /__/rtsa gsum dkyil 'khor chen po 'dir/__/khyed cag bdag gis gzhug par bya/__/rnam dag dam tshig srung bar gyis/__/de nas rgyud dag par bya ba'i slad du/__tshogs zhing rtsa gsum rgyal ba rgya mtsho'i tshogs dang bcas pa mngon sum bzhin du bzhugs pa'i spyan sngar bdag gzhan sems can thams cad 'khod de yan lag bdun pa bgyi ba'i blos 'di'i rjes zlos/__rdo rje slob dpon sogs lan gsum/__sdom pa bzung ba ni/__tshogs zhing de rnams dpang por bzhugs pa'i spyan sngar rdo rje theg pa'i sdom pa spyi dang khyad par gyi dam tshig mtha' dag bzung bar bgyi'o snyam pa'i blos rjes zlos/__/bde bar gshegs pa khyed ci 'dra sogs lan gsum/__dam la bzhag pa ni/__bdud rtsi'i chu nan byin te/__'di ni rdo rje'i dam tshig chu/__/bsrung na tshe 'dir dngos grub thob/__/ma srung nyams na dmyal bar ltung /__/rdo rje bdud rtsi'i chu 'thung zhig__/badz+ra sa ma ya u da ka Tha Tha ThaHdkyil 'khor gyi lha tshogs rnams la phyag bya bar mos te thal mo gnas gsum du sbyar ba dang bcas/__oM na ma te hU~M/__na ma me hU~M/__na mo na ma hU~M/__zhes pas phyag byas nas dkyil 'khor gyi shar sgor 'khod par gyur/__ye shes dbab pa la sgo gsum gyi gnad gcun te dmigs pa 'di bzhin mdzod/__slob dpon dkyil 'khor gyi bdag por bzhugs pa'i thugs ka nas ye shes kyi 'od zer 'phros te slob ma'i phung khams skye mched thams cad stong par gyur/__stong pa'i ngang las rig pa'i ngo bo hrIHyig dmar po'i 'phro 'du las pad+ma zla nyi dam sri dang sogs nas/__ye shes pa rnams spyan drangs gyur/__'bebs pa'i rdzas bdug__/DA dril dbyangs dang bcas/__hU~M hrIHchos dbyings 'og min sogs kyis thugs dam bskul zhing /__rtsa sngags mthar/__dz+nyA na A bai sha ya a a hrIM hrIM phaiM phaiM/__zhes btags pa mang du brjod pas byin dbab/__rdo rje mgor bzhag__/tiSh+Tha badz+ras brtan par bya'o/__/de nas dkyil 'khor la me tog 'dor ba ni/__rang rig smon pa'i lha la me tog 'bab par shog cig snyams pas rjes zlos/__hoHtshe rabs sngon nas 'brel ba yi/__/rigs kyi lha mchog gang yin par/__/rig pa'i me tog 'di dor bas/__/lhag pa'i lha dang mjal bar shog__/puSh+pe pra tIts+tsha hoHzhes phul ba slar yang spyi bor bzhag ste/__puSh+pe sid+d+hi sa ma ya s+t+waM/__/rigs kyi lha de spyi bor thim par mos/__/ma rig pa'i sgrib g.yogs mig dar dang lhan cig bsal bar gyur/__/nga ni ye shes rgyal po ste/__/khyod kyi ma rig mun pa bsal/__/ye shes spyan ni thob gyur cig__/dkyil 'khor lha dang khyod sprod do/__/dz+nyA na tsak+Shu pra be sha ya phaT/__ces rdo rje'i mig dbye/__dkyil 'khor mthong ba bstan pa ni/__legs 'ong bu khyod skal pa bzang /__/ltos shig dkyil 'khor 'di la ltos/__/mthong bas sdig sgrib thams cad dag__/tshul bzhin bsgom pas dngos grub thob/__/'di na rtsa ba gsum gyi dkyil 'khor gyi lha tshogs bzhugs pa thams cad kyang /__nang du rang lus lhun grub dag pa rab 'byams rgyal ba'i dkyil 'khor chen por rdzogs pa dang /__gsang ba rang rig byang chub sems kyi ngo bo dbyer med pa mngon sum bzhin du mthong bar mos/__des dkyil 'khor du 'jug pa'i chos rnams sogs nas dngos gzhi'i dbang bskur zhu ba'i yon du maN+Dal phul/__gsol ba 'debs pa 'di yi rjes zlos/__byang chub rdo rje sogs lan gsum/__slob dpon gyi thugs ka nas 'od zer 'phros pas nam mkha' gang ba'i dbang gi lha tshogs spyan drangs pa rnams dang lhan cig pas rnam par rgyal ba'i bum pa ye shes bdud rtsi'i bcud kyis gtams pas spyi bo'i gnas lnga nas dbang bskur bar gyur/__oM/__til gyi gong bu bzhin gang ba'i/__/rgyal bas bum pa bzung nas ni/__/byang chub sems kyi bdud rtsi'i chus/__/bde gshegs rigs lngar dbang bskur ro/__/oM hU~M trA~M hrIHaHsarba ta thA ga ta a b+hi She ka te sa ma ya shrI ye hU~M/__oM badz+ri b+ha wa a b+hi Shiny+tsa hU~M/__zhes gsungs shing bum chu'i spyi bo nas dbang bskur/__sku gang dri ma dag__/chu'i lhag ma spyi bor yar lud pa las de bzhin gshegs pa rigs lngas dbu brgyan par gyur/__de ltar dbang bskur bas nyon mongs pa lnga dag__/phung po lnga rigs lnga'i sangs rgyas su gnas gyur/__/ye shes lnga mngon du byas/__/rigs lnga'i go 'phang thob pa'i skal ba rgyud la bzhag go__/dkyil 'khor gyi lha tshogs las phyag rgya gnyis pa re 'phros te gnas so sor thim par gyur/__hU~M/__bcom ldan rta mchog he ru ka__/rdo rje phag mo yum dang sbyor/__/yab yum gnyis su med pa yi/__/rigs kyi bu la dbang bskur ro/__/rang sngags mthar/__kA ya a b+hi Shiny+tsa AH__hU~M/__bla ma rdo rje thod phreng rtsal/__/mtsho rgyal yum dang mnyam par sbyor/__/thabs dang shes rab gnyis med pas/__/rigs kyi bu la dbang bskur ro/__/sngags mthar/__kA ya a=__hrIHbcom ldan mgon po tshe dpag med/__/rigs kyi bdag po sprul pa'i sku/__/tshe dang ye shes dngos grub bdag__/rigs kyi bu la=__rang sngags dang /__kA ya a=__oM/__thugs rje chen po pad+ma'i rgyal/__/gsang ba ye shes yum dang sbyor/__/bde stong 'du 'bral med pa yis/__/rigs kyi bu la=__sngags mthar/__kA ya a=__hU~M/__dpal chen badz+ra he ru ka__/kro d+hI shwa ri yum dang sbyor/__/phyag rgya rgya chen rtag pa'i skus/__/rigs kyi bu la=__sngags mthar/__kA ya a=__hU~M/__bcom ldan rdo rje phag mo ni/__/mkha' 'gro rgya mtsho'i tshogs dang bcas/__/bde chen 'bar ba'i gzi byin gyis/__/rigs kyi bu la=__sngags dang /__kA ya a=__hU~M/__rdo rje khros ma kun tu bzang /__/bde chen dbyings kyi ral gcig ma/__/rgyud gsum dregs pa'i tshogs bcas kyis/__/rigs kyi bu la dbang bskur ro/__/sngags dang /__kA ya a=__deng phyin chad brtan g.yo thams cad ye shes phyag rgya'i sku bsgom pa dang ma bral bar gyis shig__/gsung bzlas lung gi slad du slob dpon gyi thugs ka nas sngags phreng 'phros/__khyed rang gi snying gar thim pa dang 'od zer spro bsdus don gnyis byas/__snod bcud dag mnyam chen por rdzogs shing brtan g.yo'i sgra skad sngags kyi 'khor lor gyur par mos la/__bsnyen sgrub las gsum sngags rnams bzla/__deng phyin chad 'byung 'jug gnas gsum sngags kyi 'khor lor bsgom pa dang ma bral bar gyis shig__/de brtan pa'i slad du sngags phreng mgrin par bzhag__/AH__sngags kyi rang sgra sgrogs pa yi/__/snying po'i phreng ba 'di gtad pas/__/rlung sngags yi ge brtan pa dang /__/gzhom med rdo rje'i srog 'grub shog__/wA ka a b+hi Shiny+tsa A/__thugs kyi dbang bskur ba'i slad du lha sngags kyi mtshon pa'i brtan g.yo'i snang ba 'di dag rig stong 'od gsal thugs kyi ngo bor rdzogs par mos la dgongs pa skye med kyi ngang du mnyam par bzhag__/de brtan pa'i slad du rdo rje rtse lnga snying gar bzhag ste/__hU~M/__rig stong thugs kyi rdo rje 'di/__/rgyal ba kun dang mnyam par sbyor/__/ye shes rang byung phyag rgya yis/__/thugs mchog 'grub par dbang bskur ro/__/tsit+ta ab+hi Shiny+tsa hU~M/__rtog tshogs thams cad rang rig byang chub sems kyi dkyil 'khor du rnam par dag go__/rdo rje slob dpon gyi dbang gi slad du rdor dril lag tu gtad de/__hU~M/__thabs dang shes rab dbyer med pa'i/__/rdo rje dril bu'i phyag rgya 'dis/__/slob dpon chen por mnga' gsol zhing /__/'gro don byed par dbang bskur ro/__/oM ma hA badz+ra gaN+De dz+nyA na badz+ra swA b+ha wa at+ma ko\u0f85 haM/__rten snying dang su pra tiSh+Thas brtan par bya/__de ltar bum pa'i dbang bskur bas lus rtsa dbyibs kyi sgrib pa dag__/bskyed rim bsgom pa la dbang /__/'bras bu sprul pa'i sku 'grub pa'i skal ba rgyud la bzhag go__/gsang ba'i dbang gi slad du/__de bzhin gshegs pa thams cad bla ma yab yum gyi sku la zhugs pa rjes chags bde ba chen por byang chub sems kyi bdud rtsir zhu ba thod pa'i nang du bskyil bas dbang bskur bar gyur/__thod pa'i bdud rtsi thogs la/__hU~M/__ji snyed sangs rgyas thams cad kyis/__/rab tu bsngags pa gsang ba'i dbang /__/byang chub sems kyi bdud rtsi che'i/__/bde ba chen por dbang bskur ro/__/bod+hi tsit+ta a ho ma hA su khA ho/__/de ltar gsang ba'i dbang bskur bas ngag dang rlung gi sgrib pa dag__/srog rtsol rlung gi rnal 'byor dang /__gtum mo bsgom pa la dbang /__'bras bu longs sku 'grub pa'i skal ba rgyud la bzhag go__/shes rab ye shes kyi dbang gi slad du rdo rje btsun mo'i chu skyes kyi ngo bo sin+d+hu ra'i me long sngags kyis brgyan pa gtad de/__hU~M/__dga' ba'i gnas sbyin lha mo 'di/__/sna tshogs gzugs can yid 'ong ma/__/'di khyer rtag tu mchod par gyis/__/'di spang mchog gi dngos grub med/__stAM pad+ma b+hany+dza mok+Sha ho/__'du shes gsum gyis mnyam sbyor bas/__/dga' bzhi'i ye shes skyes par mos/__de ltar gsum pa'i dbang bskur bas/__/yid dang thig le'i sgrib pa dag__/rang byin rlabs dang dkyil 'khor 'khor lo sgom pa la dbang 'bras bu chos sku thob pa'i skal ba rgyud la bzhag go__/dbang bzhi pa'i slad du/__rdo rje sems dpa'i man shel gyi brdas mtshon te/__hoHdbyings kyi stong pa shel lta bu/__/rang bzhin gsal ba 'ja' tshon bzhin/__/thugs rje'i rig rtsal phyogs bcur 'phro/__/dbyer med don gyi gnas lugs ltos/__d+harmA d+hA tu dz+nyA na badz+ra a a a/__dbyings rig bsres la mnyam par bzhag__/de ltar dbang bzhi pa tshig dbang rin po che bskur bas/__kun gzhi dang sgo gsum cha mnyam gyi sgrib pa sbyangs/__lam rig stong 'od gsal rdzogs pa chen po bsgom pa la dbang /__'bras bu ye shes rdo rje ngo bo nyid sku thob pa'i skal ba rgyud la bzhag go__/mtha' rten du bkra shis tshe yi dbang bskur zhu ba'i yon du maN+Dal phul/__gsol ba 'debs pa 'di yi rjes zlos/__kyai/__dus gsum sangs rgyas 'gro ba'i mgon/__/tshe bdag bla ma rin po ches/__/bdag gi dus min 'chi ba sol/__/tshe yi dbang bskur stsal du gsol/__/zhes lan gsum gsol ba btab/__bla ma rigs bdag tshe dpag med mgon gyi sku las tshe 'gugs pa'i lha mo nyi zer gyi rdul 'tshubs pa ltar 'phros pas 'khor 'das kyi tshe bcud thams cad bsdus nas khyed rang dang tshe yi rten rdzas rnams la thim par mos/__tshe mda' thogs la tshe 'gugs bskul/__tshe 'brang thogs te/__tshe 'brang tshe dpag med mgon du gsal ba spyi bor bzhag pas bdud rtsi'i rgyun babs lus kyi nang gang /__sku rdo rje tshe yi dngos grub thob par gyur/__oM/__bkra shis 'chi med bum pa ni/__/tshe dpag med mgon bzhugs pa yi/__/bdud rtsi'i rgyun gyis dbang bskur bas/__/gzhoms bral rdo rje'i skur smin shog__/tshe sngags dang /__kA ya a b+hI Shiny+tsa oM/__bdud rtsi thogs te/__'khor 'das kyi dwangs bcud bdud rtsir gyur pa ngag tu blud pas gsung 'gags med rdo rje'i dbyangs su smin par mos/__AH__srid dang zhi ba'i dwangs bcud kun/__/grub pa'i bdud rtsir bskyil ba 'dis/__/las rlung rgyu ba dbyings su dag__/'gags med rdo rje'i gsung thob shog__/tshe sngags dang /__wA ka a b+hi Shiny+tsa AH__tshe ril thogs la/__srid zhi'i 'byung bcud dwangs ma'i thig le bde stong ril bu'i gzugs su shar ba myong bas skye 'chi med pa thugs rdo rjer smin par mos/__hU~MH'khor dang mya ngan 'das pa'i bcud/__/bde stong rdo rje tshe'i ril bu/__/myong bas srog gi dwangs mar smin/__/thugs kyi rdo rje'i dbang thob shog__/sngags dang /__tsit+ta a b+hi Shiny+tsa hU~M/__rgyas gdab spyi bor tshe mda' rgya gram bzhag la/__AH__srid zhi'i sogs kyis rgyas gdab par bya'o/__/des dbang gi dngos gzhi rnams song nas/__dbang don gyi ye shes brtan par bya ba'i slad du shis pa brjod pas rdo rje gsum gyi ye shes gong 'phel du gyur pa'i mos pa mdzod/__bkra shis dang /__dam tshig bsgrags gzung /__gtang rag maN+Dal lus 'bul dge bsngo rnams byas la/__slob ma rnams grol/__rjes la tshogs rol zhing lhag ma btang ba sogs mthug gi las rim rnams bya'o/__/de ltar rang blos sbyar ba yi/__/cho gas smin pa'i nges pa ni/__/'on kyang dad mos ldan pa la/__/bla ma'i lam gyis grol bar 'gyur/__/de phyir legs byas dge ba gang /__/mkha' khyab yid can skye rgu rnams/__/gtan bde'i sa la 'god pa dang /__/sku bzhi'i go 'phang myur thob shog__/ces bla sgrub 'od gsal snying thig gi smin byed 'od gsal bcud thig ces bya ba 'di sde snod 'dzin pa chen po kaHthog mkhan rin po che tshul khrims nyi mas rten dang bcas gsung bskul bzhin/__chos kyi blo gros pas dbo zla'i tshes bcur zhus rim bzhin yi ge pa ni kun gzigs mchog sprul rin po che mang+ga las bka' drin bskyang ba 'dis kyang sems can dpag tu med pa la phan pa rgya chen po 'byung ba o rgyan rdo rje 'chang gis byin gyis brlab tu gsol/__sarba dA mang+ga laM/__/'di yi chos sgo dang po lcags yos zla tshes la dbye zin ma thag khri 'du bla gsar gnyer pas mnyam med dwags po'i thugs rus phul ba rten 'brel shin tu bzang bar byung ngo //___//

Footnotes

Other Information