བླ་མའི་སྒྲུབ་པ་འོད་གསལ་སྙིང་ཐིག་ཅེས་བྱ་བ་བི་ཛ་ཧ་རཾ།

From Khyentse Lineage - A Tsadra Foundation Project
Wylie title bla ma'i sgrub pa 'od gsal snying thig ces bya ba bi dza ha raM JKCL-KABUM-10-THA-013.pdf
Location chos kyi blo gros bka' 'bum
Volume 10, Text 13, Pages 71-92 (Folios 1a to 11b4)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. bla ma'i sgrub pa 'od gsal snying thig ces bya ba bi dza ha raM. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 10: 71-92. Bir, H.P.: Khyentse Labrang, 2012.
Genre Guru Yoga Texts - bla ma'i rnal 'byor
Deity o rgyan rdo rje 'chang
Colophon

།ཅེས་པའང་སྡེ་སྣོད་འཛིན་པ་ཆེན་པོ་ཀཿཐོག་མཁན་རིན་པོ་ཆེ་ཚུལ་ཁྲིམས་ཉི་མས་གནང་སྐྱེས་བཟང་པོ་དང་བཅས་ངོས་ཀྱི་བླ་སྒྲུབ་ཐུན་མོང་མ་ཡིན་པ་ཉམས་སུ་བླངས་བདེ་ཞིག་བྲིས་ཡང་ཡང་གསུང་ནན་ཆེན་པོས་བསྐུལ་བ་རང་ལ་སྦྱོར་འོས་མ་ཆེ་ཡང་། རྩ་གསུམ་ཀུན་འདུས་ཨོ་རྒྱན་རྡོ་རྗེ་འཆང་གི་རྣམ་ཐར་རྗེས་སུ་དྲན་པའི་དད་མོས་ཀྱི་གསོས་ཙམ་དུ་བླ་སྒྲུབ་འོད་གསལ་སྙིང་ཏིག་ཏུ་གྲགས་པ་འདི་ཡང་མཁས་གྲུབ་རྒྱ་མཚོའི་སྤྱི་རྗེ་པདྨ་འོད་གསལ་མདོ་སྔགས་གླིང་བའི་བྱིན་བརླབས་ཀྱི་སྣང་བ་ལས་རང་ཤར་བའི་ཚུལ་གྱིས་རྗེ་དེ་ཉིད་ཀྱི་ཕྲིན་ལས་ཀྱི་བྱེད་པོར་སྨོན་པ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་སམ། རིག་འཛིན་ཀུན་བཟང་འོད་གསལ་སྙིང་པོ་རྩལ་གྱིས་ས་ཕོ་བྱི་བའི་ལོར་དབོ་ཟླ་བའི་གྲལ་ཚེས་བཟང་པོར་སྨྲས་རིམ་བཞིན་དུ་ཡི་གེའི་བྱེད་པོ་རྨུགས་སངས་མཆོག་སྤྲུལ་པདྨ་ཀུན་གྲོལ་གྱིས་བགྱིས་པ་འདིས་ཀྱང་རང་གཞན་རྣམས་ཀྱི་རྒྱུད་ལ་ཨོ་རྒྱན་རྡོ་རྗེ་འཆང་གི་བྱིན་རླབས་སྙིང་དབུས་སུ་འཇུག་པའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ།།

/ces pa'ang sde snod 'dzin pa chen po kaHthog mkhan rin po che tshul khrims nyi mas gnang skyes bzang po dang bcas ngos kyi bla sgrub thun mong ma yin pa nyams su blangs bde zhig bris yang yang gsung nan chen pos bskul ba rang la sbyor 'os ma che yang /__rtsa gsum kun 'dus o rgyan rdo rje 'chang gi rnam thar rjes su dran pa'i dad mos kyi gsos tsam du bla sgrub 'od gsal snying tig tu grags pa 'di yang mkhas grub rgya mtsho'i spyi rje pad+ma 'od gsal mdo sngags gling ba'i byin brlabs kyi snang ba las rang shar ba'i tshul gyis rje de nyid kyi phrin las kyi byed por smon pa 'jam dbyangs chos kyi blo gros sam/__rig 'dzin kun bzang 'od gsal snying po rtsal gyis sa pho byi ba'i lor dbo zla ba'i gral tshes bzang por smras rim bzhin du yi ge'i byed po rmugs sangs mchog sprul pad+ma kun grol gyis bgyis pa 'dis kyang rang gzhan rnams kyi rgyud la o rgyan rdo rje 'chang gi byin rlabs snying dbus su 'jug pa'i rgyur gyur cig__/sarba mang+ga laM//

1 Texts in this Section (sde tshan or chos tshan)

[edit]
༄༅། །བླ་མའི་སྒྲུབ་པ་འོད་གསལ་སྙིང་ཐིག་ཅེས་བྱ་བ་བི་ཛ་ཧ་རཾ། ། ན་མོ་གུ་རུ། ཤིན་ཏུ་རྣམ་དག་རྡུལ་བྲལ་སྟོང་པའི་མཁར། །ཡེ་ཤེས་ཉི་མ་འབར་བའི་གཟི་བྱིན་གྱིས། །རྨོངས་པའི་མུན་པ་སྟུག་པོ་བསལ་མཛད་པ། །དཔལ་ལྡན་བླ་མ་དང་པོའི་སངས་རྒྱས་ཀྱི། །ཞལ་སྐྱིན་སྙིང་དབུས་པད་དཀར་བཞད་པའི་དབུས། །མི་འབྲལ་སྙིང་གི་དབྱིག་ཏུ་མཆོད་བྱས་ནས། །དེ་ཡི་སྒྲུབ་ཐབས་འོད་གསལ་སྙིང་ཏིག་གི། ཟབ་ལམ་ཡང་བཅུད་ཅུང་ཟད་དབྱེ་བར་བྱ། །དེ་ལ་འདིར་བླ་མའི་བྱིན་རླབས་དང་དབང་གི་རྒྱུད་སྨིན་པར་བྱས་པའི་གང་ཟག་ཐར་པ་རྣམ་གྲོལ་དོན་དུ་གཉེར་བར་འདོད་པ་རྣམས་ཀྱིས་གནས་དབེན་པར་རྩ་གསུམ་གྱི་སྣང་བརྙན་བྲིས་འབུར་ཅི་རིགས་བཀྲམ་པའི་སྤྱན་སྔར་ཕྱི་ནང་གསང་བའི་མཆོད་ཚོགས་ཅི་འབྱོར་པ་བཤམས་ལ། སྟན་བདེ་བར་འདུག་ལ། ངེས་འབྱུང་དང་བྱང་ཆུབ་ཀྱི་སེམས་རིན་པོ་ཆེར་བློ་སྦྱངས་བ་སྔོན་དུ་བཏང་ནས། སྦྱོར་བ་སྔོན་འགྲོའི་ཆོས་ལ་སྐྱབས་འགྲོ་ནི། མདུན་གྱི་ནམ་མཁར་བླ་མ་སྐུ་གསུམ་གྱི་ལྷ་ཚོགས་བཀྲ་ལམ་གྱིས་སད་དེ་བཞུགས་པར་བསམ་ལ། རང་གཞན་སེམས་ཅན་ཐམས་ཅད་ཀྱིས་དད་མོས་དྲག་པོས། ན་མོ། བདག་དང་མཐའ་ཡས་སེམས་ཅན་ཀུན། །དེང་བཟུང་བྱང་ཆུབ་མ་ཐོབ་བར། །བླ་མ་སྐུ་གསུམ་ལྷ་ཚོགས་ལ། །མི་ཕྱེད་གུས་པས་སྐྱབས་སུ་མཆི། །ཞེས་ལན་ཅི་ནུས་དང་། སེམས་བསྐྱེད་པ་ནི། རྟོག་འཁྲུལ་གྱུར་པའི་སེམས་ཅན་རྣམས། །སྲིད་པའི་མཚོ་ལས་སྒྲོལ་བའི་ཕྱིར། །ཟབ་མོའི་རྣལ་འབྱོར་བསྒོམ་པ་ཡི། །སྐུ་གསུམ་གོ་འཕང་ཐོབ་པར་བྱ། །འགྲོ་རྣམས་བདེ་ལྡན་སྡུག་བསྔལ་བྲལ། །བདེ་བ་མཆོག་དང་མི་འབྲལ་ཞིང་། །ཕྱོགས་དང་རིས་མེད་འགྲོ་བ་ལ། །བླ་མེད་བྱང་ཆུབ་སེམས་མཆོག་བསྐྱེད། །ཅེས་བློ་སྦྱོངས་དང་འབྲེལ་བར་ཅི་ནུས་སྒོམ། བགེགས་བསྐྲད་པ་ནི། ཧཱུྃ་ཧྲཱིཿགཉིས་སྣང་འཁྲུལ་པའི་གདོན་བགེགས་ཚོགས། །མ་དག་སྣང་སེམས་གཏོར་མ་ལོངས། །གནས་འདིར་མ་འདུག་གཞན་དུ་དེངས། །འདས་ན་བརླགས་པར་གདོན་མི་ཟ། ཧཱུྃ་བཞིའི་སྔགས་དང་གུལ་ཡུངས་ཀྱིས་ཚ་རྔམ་བྱ། མཚམས་གཅོད་པ་ནི། ཧཱུྃ་ཧྲཱིཿབདག་རྟོག་གཉིས་འཛིན་བདུད་བགེགས་རྣམས། །བདག་མེད་ལྟ་བས་མཚམས་བཅད་ཅིང་། །རིག་སྟོང་ཡེ་ཤེས་རྡོ་རྗེའི་གུར། །མེ་དཔུང་འབར་བས་ཕྱོགས་མཚམས་དཀྲིགས། །ཨོཾ་བཛྲ་རཀྵ་ཏིཀྞ་ཛྭ་ལ་རྃ་ཧཱུྃ་ཕཊཿབྱིན་ཆེན་འབེབས་པ་ལ་ཐོད་རྔ་གསང་བའི་གླིང་བུ་སྤོས་རོལ་དབྱངས་དང་བཅས། ཧཱུྃ་ཧྲཱིཿབརྡལ་ཁྱབ་ཐིག་ལེ་ཆེན་པོའི་དབྱིངས། །རང་སྣང་དོན་གྱི་འོག་མིན་ནས། །བླ་མ་ཆོས་སྐུའི་ལྷ་ཚོགས་རྣམས། །གནས་འདིར་བྱིན་ཆེན་དབབ་ཏུ་གསོལ། །འོད་གསལ་འཇའ་འོད་འཁྲིགས་པ་ཡི། །ལྷུན་གྲུབ་གཞལ་མེད་ཁང་ཆེན་ནས། །བླ་མ་ལོངས་སྐུའི་ལྷ་ཚོགས་རྣམས། །གནས་འདིར་བྱིན་ཆེན་དབབ་ཏུ་གསོལ། །གང་འདུལ་བཀོད་པ་ཚད་མེད་ཞིང་། །རིག་རྩལ་སྤྲུལ་པའི་ཞིང་ཁམས་ནས། །བླ་མ་སྤྲུལ་སྐུའི་ལྷ་ཚོགས་རྣམས། །གནས་འདིར་བྱིན་ཆེན་དབབ་ཏུ་གསོལ། །སྒྲུབ་པའི་གནས་མཆོག་ཉམས་རེ་དགའ། །མཆོད་རྫས་འདོད་ཡོན་དྭངས་རེ་སྤྲོ། །སྐུ་ཡི་གར་སྟབས་སྔགས་སྒྲ་འུར། །བདེ་ཆེན་དགོངས་པའི་རྩལ་བསྐྱེད་ལ། །ཡེ་ཤེས་ཆེན་པོའི་བྱིན་དབབ་གསོལ། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་ཝ་དྷཱ་ཀི་ནི་སརྦ་མཎྜལ་ཛྙཱ་ན་ཨ་བེ་ཤ་ཡ་ཨ། ཨཻ་ཨ་རལླི་ཧྲིང་ཧྲིང་ཕཻཾ་ཕཻཾ། ཞེས་དྲག་ཏུ་བརྗོད་ལ་སྣོད་བཅུད་ཐམས་ཅད་ཡེ་ཤེས་ཀྱི་འཁོར་ལོར་བྱིན་གྱིས་བརླབ་བོ། །མཆོད་པ་བྱིན་བརླབས་ནི། རྃ་ཡྃ་ཁྃ། གནས་ཡུལ་བདེ་ཆེན་དག་པའི་ཞིང་། །དངོས་འབྱོར་ཡིད་སྤྲུལ་མཆོད་པའི་སྤྲིན། །ནམ་མཁའ་མཛོད་ཀྱི་འཁོར་ལོར་སྤེལ། །ཀུན་བཟང་བདེ་སྟོང་རོལ་པར་ཤར། ཨོཾ་སརྦ་པཱུ་ཛ་མེ་གྷ་ས་མ་ཡེ་ཧཱུྃ། ལན་གསུམ་གྱིས་བརླབས། བཛྲ་སྤ་ར་ཎ་ཁཾ་གིས་རྒྱས་པར་སྤེལ། དངོས་གཞི་བདག་ལྷར་བསྐྱེད་ཅིང་རྟེན་གསལ་གདབ་པ་ལ། ཨཿཆོས་ཀུན་གདོད་ནས་དག་པའི་ཀློང་། །སྟོང་ཆེན་དེ་བཞིན་ཉིད་དབྱིངས་ལས། །སྙིང་རྗེ་སྒྱུ་མ་ཀུན་ཏུ་སྣང་། །གསལ་བའི་ཡེ་ཤེས་འགགས་པ་མེད། །རིག་པ་ཧྲཱིཿཡི་ཆོ་འཕྲུལ་ལས། །ཕྱི་སྣོད་དག་པ་གཞལ་མེད་ཁང་། །འབྱུང་ལྔ་ཡུམ་གྱི་མཁའ་ཀློང་དུ། །རྡོ་རྗེའི་སྲུང་བའི་འཁོར་ལོའི་ནང་། །ཐར་པ་ཆེན་པོའི་གཞལ་མེད་ཁང་། །གྲུ་བཞི་སྒོ་བཞི་རྒྱན་རྟ་བབ། །མཚན་ཉིད་ཐམས་ཅད་ཡོངས་རྫོགས་དབུས། །པདྨ་ཉི་ཟླར་དམ་སྲི་དང་། །དྲེགས་པ་གཟའ་ཀླུའི་གདན་གྱི་སྟེང་། །རྒྱུ་ཡི་ཧྲཱི་ཡིག་ཡོངས་གྱུར་ལས། །བདག་ཉིད་དབང་ཆེན་རྟ་མཆོག་དཔལ། །དམར་སྨུག་ཞལ་གཅིག་ཕྱག་གཉིས་པ། །པདྨ་གྲི་གུག་ཐོད་ཁྲག་འཛིན། །དབུ་གཙུག་རྟ་གདོང་རྔམ་བཞད་འཚེར། །ཞབས་གཉིས་བརྐྱང་བསྐུམ་དོར་སྟབས་འགྱིང་། །དཔལ་དང་དུར་ཁྲོད་ཆོས་ཀྱིས་བརྒྱན། །སྦྱོར་ཡུམ་རྣལ་འབྱོར་མ་དཔལ་ནི། །དམར་གསལ་ཞལ་གཅིག་ཕྱག་གཉིས་པ། །གྲི་ཐོད་འཛིན་ཅིང་རུས་པ་དང་། །དར་དཔྱངས་ཨུཏྤལ་ཕྲེང་བས་བརྒྱན། །རྗེས་ཆགས་བདེ་བ་ཆེན་པོས་འཁྲིལ། །ཡེ་ཤེས་མེ་དཔུང་ཀློང་ན་བཞུགས། །སྤྱི་བོར་པདྨ་ཉི་ཟླའི་སྟེང་། །རྩ་བའི་བླ་མ་ཐོད་ཕྲེང་རྩལ། །ཞི་འཛུམ་ཁྲོ་ཆགས་ཉམས་དང་ལྡན། །མཐིང་ནག་རྡོར་དྲིལ་ཐུགས་ཀར་བསྣོལ། །མཚོ་རྒྱལ་དཀར་མོ་གྲི་ཐོད་འཛིན། །སྤྱི་གཙུག་ཆོས་སྐུ་འོད་དཔག་མེད། །དམར་གསལ་སྤྲུལ་སྐུའི་ཆ་བྱད་ཅན། །མཉམ་བཞག་ཚེ་ཡི་བུམ་པ་བསྣམས། །མགྲིན་པར་ལོངས་སྐུ་སྤྱན་རས་གཟིགས། །དམར་པོ་པད་ཕྲེང་བུམ་པ་འཛིན། །རང་འོད་གསང་ཡེ་དམར་མོར་འཁྲིལ། །ཐུགས་ཀར་བཛྲ་ཧེ་རུ་ཀ །ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་། །དུང་ཁྲག་བསྣམས་ཤིང་ཁྲོ་ཆས་རྫོགས། །རང་འོད་ཀྲོ་དྷི་ཤྭ་རིར་སྦྱོར། །སྐུ་ལ་དཔལ་ཆེན་སྒྲུབ་སྡེ་བརྒྱད། །ཉི་དང་འོད་ཟེར་བཞིན་དུ་གསལ། །ལྟེ་བར་ཆོས་འབྱུང་པད་འདབ་བཞིར། །རྡོ་རྗེ་ཕག་མོ་མཐིང་འོད་འབར། །དབུ་གཙུག་ཕག་ཞལ་ངུར་སྒྲ་སྒྲོགས། །བརྐྱང་བསྐུམ་དོར་སྟབས་པད་ཉི་དང་། །བམ་རོའི་སྟེང་ན་རྣམ་པར་འགྱིང་། །འདབ་བཞིར་རིགས་བཞིའི་མཁའ་འགྲོ་ནི། །དཀར་སེར་དམར་ལྗང་རང་རྟགས་ཀྱི། །ཕྱག་མཚན་གྲི་ཐོད་གར་སྟབས་བཞེངས། །ཀུན་ཀྱང་དུར་ཁྲོད་ཆས་ཀྱིས་བརྒྱན། །གསང་བར་ཨེ་ཀློང་ཁྲག་མཚོ་ཁོལ། །སྔགས་སྲུང་རྡོ་རྗེ་ཁྲོས་མ་ནག །རལ་གཅིག་སྤྱན་གཅིག་ཚེམ་གཅིག་མ། །ཕྱག་གཡས་ཞིང་དབྱུག་ཙིཏྟ་བསྣམས། །སྤྲུལ་པ་ལྕགས་སྤྱང་ཁྲ་ཐབས་འགྱེད། །འཇའ་སྤྲིན་དཀར་པོའི་སྟོད་གཡོགས་གསོལ། །པད་ཉི་རོ་གདན་སྟེང་དུ་ནི། །བརྐྱང་བསྐུམ་གར་གྱི་རྣམ་པར་བཞེངས། །གཡས་གཡོན་མདུན་དང་རྒྱབ་ཏུ་ནི། །མགོན་པོ་གཟའ་མཆོག་གང་བཙན་དང་། །དུར་ཁྲོད་མ་མོ་ཆེན་མོར་གསལ། །གཙོ་འཁོར་ཀུན་གྱི་གནས་གསུམ་དུ། །རྡོ་རྗེ་གསུམ་གྱི་ཡི་གེས་མཚན། །དེ་ལས་འཕྲོས་པའི་འོད་ཟེར་གྱིས། །སྐུ་གསུམ་ཞིང་ཁམས་རབ་འབྱམས་ནས། །ཡེ་ཤེས་པ་རྣམས་སྤྱན་དྲངས་གྱུར། །སྤོས་རོལ་གདུང་བའི་ཤུགས་ཀྱིས་བསྐུལ་ལ། སྤྱན་འདྲེན་པ་ནི། ཧཱུྃ་ཧྲཱིཿཆོས་དབྱིངས་འོག་མིན་བདེ་ལྡན་ཞིང་། །དང་པོའི་སངས་རྒྱས་འོད་དཔག་མེད། །རང་སྣང་བསམ་བརྗོད་འདས་པའི་འཁོར། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །ངེས་པ་ལྔ་ལྡན་ལོངས་སྐུའི་ཞིང་། །པདྨ་དྲྭ་བའི་ཞིང་ཁམས་ནས། །ཐུགས་རྗེ་ཆེན་པོའི་ལྷ་ཚོགས་རྣམས། །གནས་འདིར་སྤྱན་འདྲེན༴ །ཐུགས་རྗེ་ཚད་མེད་ཞིང་ཁམས་ནས། །འགྲོ་འདུལ་སྤྲུལ་སྐུ་ཐོད་ཕྲེང་རྩལ། །རིག་འཛིན་གྲུབ་ཐོབ་རྒྱ་མཚོའི་ཚོགས། །གནས་འདིར་སྤྱན་འདྲེན༴ །དགུ་ཀློང་འབར་བའི་དཀྱིལ་འཁོར་ནས། །དཔལ་ཆེན་བཛྲ་ཧེ་རུ་ཀ །ཞི་ཁྲོ་རྒྱ་མཚོའི་ཚོགས་དང་བཅས། །གནས་འདིར༴ །མཁའ་སྤྱོད་རྡོ་རྗེ་བཙུན་མོའི་ཞིང་། །ཆོས་འབྱུང་བརྡལ་བ་ཆེན་པོའི་ཀློང་། །མཁའ་འགྲོ་རྒྱ་མཚོ་གཙོ་འཁོར་རྣམས། །གནས་འདིར༴ །ཨེ་ཡིག་གྲུ་གསུམ་ཁྲག་མཚོ་འཁྲུགས། །དུར་ཁྲོད་རབ་འཇིགས་རྔམ་པ་ནས། །རྒྱུད་གསུམ་ཆོས་སྲུང་རྒྱ་མཚོ་རྣམས། །གནས་འདིར་སྤྱན་འདྲེན༴ །ཧཱུྃ་ཧྲཱིཿཧེ་རུ་ཀ་ཡི་གནས་བཅུ་ནས། །པདྨ་དབང་ཆེན་རྟ་མགྲིན་ནི། །དཔལ་བོ་དྷཀྐིའི་འཁོར་གྱིས་བསྐོར། །སྐུ་ནི་དུར་ཁྲོད་ཆས་དང་ལྡན། །གསུང་གིས་འཛབ་དབྱངས་སྔགས་སྒྲ་སྒྲོགས། །ཐུགས་མཆོག་འགྱུར་མེད་རྡོ་རྗེའི་ཀློང་། །གར་དགུའི་ཉམས་དང་ལྡན་པ་ཡི། །སྒྲུབ་པའི་གནས་འདིར་གཤེགས་སུ་གསོལ། །མ་གཡེལ་ཐུགས་དམ་གཉེན་པོ་དགོངས། །རྟགས་དང་མཚན་མ་མྱུར་དུ་སྟོན། །ལུས་ངག་ཡིད་ལ་བྱིན་གྱིས་རློབས། །སྒོ་གསུམ་རྡོ་རྗེར་སྨིན་པ་དང་། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཨོཾ་ཨཱཿཧཱུྃ་སརྦ་མ་ཧཱ་གུ་རུ་མཎྜ་ལ་དྷེ་ཝ་དྷཱ་ཀི་དྷརྨཱ་པ་ལ་ས་པ་རི་ཝ་ར་བཛྲ་ས་མ་ཛཿཨེ་ཧྱེ་ཧི། ས་མ་ཡ་ཛཿཛཿཧཱུྃ་བྃ་ཧོ། དབྱེར་མེད་དུ་བསྟིམས། བཞུགས་གསོལ་ནི། ཧཱུྃ་ཧྲཱིཿདུར་ཁྲོད་གཞལ་ཡས་ཉམས་རེ་དགའ། །པདྨ་ཉི་ཟླ་རྒྱ་རེ་ཆེ། །སྐུ་གསུམ་བླ་མའི་ལྷ་ཚོགས་རྣམས། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །ཛྙཱ་ན་ས་མ་ཡ། ཨ་ཝེ་ཤ་ཡ་ཏིཥྛ་ལྷན། ཞེས་པས་དམ་ཡེ་དབྱེར་མེད་དུ་བྱས་ལ་ཕྱག་མཆོད་བསྟོད་པའི་ལས་རིམ་ནི། ན་མོ། སྐྱེ་འགགས་འགྱུར་མེད་ཕྲིན་ལས་རྫོགས། །རང་བྱུང་ཐུགས་རྗེས་འགྲོ་རྣམས་སྒྲོལ། །ཡིད་བཞིན་དངོས་གྲུབ་ཆར་འབེབས་པའི། །དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་ལོ། །ཨ་ཏི་པུ་ཧོ། པྲ་ཏིཙྪ་ཧོ། ཞེས་པས་ཕྱག་བྱ། ཧཱུྃ་ཧྲཱིཿརྩ་གསུམ་བླ་མའི་དཀྱིལ་འཁོར་ལྷ་ཚོགས་ལ། །དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་པའི། །མཆོད་ཡོན་ཞབས་བསིལ་མེ་ཏོག་བདུག་སྤོས་དང་། །མར་མེ་དྲི་ཆབ་ཞལ་ཟས་རོལ་མོའི་སྒྲ། །གཟུགས་མཛེས་སྒྲ་སྙན་དྲི་ཞིམ་རོ་མངར་དང་། །རེག་འཇམ་ཆོས་ཀྱི་འབྱུང་གནས་རྣམས་ཀྱིས་མཆོད། །དགྱེས་པར་བཞེས་ལ་དམ་སྐོང་དངོས་གྲུབ་སྩོལ། །ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་ཝ་དྷཱ་ཀི་ནི་མཎྜ་ལ་ས་པ་རི་ཝ་ར་ཨརྒྷཾ་ནས། ཤབྡའི་བར་དང་། རཱུ་པ་ཤབྡ་གནྡྷ་ར་ས་སྤཪྴེ་པྲ་ཏཱིཙྪ་སྭཱ་ཧཱ། ཧཱུྃ་ཧྲཱིཿཡིད་འཕྲོག་འཇོ་སྒེག་ལྡན་པའི་ལང་ཚོ་ཅན། །བཅུ་དྲུག་རིག་མས་རྡོ་རྗེའི་གར་སྟབས་བསྒྱུར། །རྡོ་རྗེའི་གླུ་དབྱངས་ནམ་མཁའི་དབྱིངས་ཁྱབ་པ། །ཟག་མེད་བདེ་བ་བསྐྱེད་ཕྱིར་བཞེས་སུ་གསོལ། །ཨོཾ་བཛྲ་ཝི་ནི། ཝཾ་སེ། མྲཱྀ་ཏཾ་གིམ་ར་ཛེ། ལ་སྱ། མ་ལྱ། གིརྟཱི། ནིརྟི། དྷཱུ་པེ། པུཥྤེ། ཨ་ལོ་ཀེ། གནྡྷེ། རཱུ་པ། རཱ་ས། སྤཪྴེ། དྷརྨ་དྷཱ་ཏུ་ཨཱཿ ཧཱུྃཿཨོཾ། རབ་ཡངས་བྷནྫིའི་སྣོད་ནང་དུ། །རྩ་བརྒྱད་སྟོང་ལ་སྦྱར་བའི་སྨན། །ཡེ་ཤེས་ལྔ་ལྡན་གྲུབ་པའི་རྫས། །རྣམ་དག་བདུད་རྩིའི་མཆོད་པ་འབུལ། །ཨོཾ་སརྦ་པཉྩ་ཨ་མྲྀ་ཏ་ཁཱ་ཧིཿམཚན་དོན་སྦྱར། ཨཱཿ ཉོན་མོངས་རྒྱུ་དྲུག་གཅོད་པའི་རྫས། །དམར་ཆེན་རཀྟའི་ལྦུ་ཕྲེང་འཁྲིགས། །འདོད་ཆགས་དབྱིངས་སུ་བསྒྲལ་བའི་ཕྱིར། །དམར་གྱི་མཆོད་པ་བཞེས་སུ་གསོལ། །མ་ཧཱ་རཀྟ་ཁཱ་ཧི། ཧཱུྃ། སྐྱེ་མེད་དབྱིངས་ཀྱི་བྷནྡྷ་རུ། །རིག་པ་རང་སྣང་གཏོར་ཚོགས་བཤམས། །འདོད་ཡོན་རྒྱ་མཚོའི་སྤྲིན་ཆེན་པོས། །རྩ་གསུམ་ལྷ་ཚོགས་མཉེས་གྱུར་ཅིག །ཨོཾ་མ་ཧཱ་བ་ལིངྟ་ཁཱ་ཧི། ཧོ། རྡོ་རྗེ་པདྨོ་རོལ་པ་ལས། །བྱང་ཆུབ་སེམས་ཀྱི་དགྱེས་སྤྲིན་གྱིས། །དགའ་བཞིའི་ཡེ་ཤེས་དབུ་མར་སྦྱར། ཟག་མེད་བདེ་བ་རྒྱས་ཕྱིར་འབུལ། །ཨ་ནུ་རཱ་ག་མ་ཧཱ་སུ་ཁ་པཱུ་ཛ་ཧོ། །རྣམ་ཐར་གསུམ་གྱི་ཨེ་དབྱིངས་སུ། །གཉིས་འཛིན་རཱུ་ཏྲའི་ཚོགས་རྣམས་བཀུག །བདག་མེད་རྡོ་རྗེའི་མཚོན་གྱིས་བསྒྲལ། །སྒྲོལ་བའི་མཆོད་པ་བླ་ན་མེད། །སརྦ་ཤ་ཏྲུཾ་མ་ར་ཡ་རྦད་ཕཊཿཨཱཿ མཆོད་བྱ་མཆོད་བྱེད་མཆོད་ཡུལ་སོགས། འཁོར་གསུམ་སྤྲོས་པ་ལས་འདས་ཤིང་། །རང་བཞིན་འོད་གསལ་བྱང་ཆུབ་སེམས། །མཆོག་གི་མཆོད་པ་ཆེན་པོའོ། །སརྦ་དྷརྨ་དྷ་རྟུ་ཨཏྨ་ཀོ྅་ཧཾ། བསྟོད་པ་ནི། ཧཱུྃ་ཧྲཱིཿམ་བཅོས་སྤྲོས་བྲལ་ཆོས་ཀྱི་སྐུ། །མ་འགགས་རང་གསལ་ལོངས་སྤྱོད་རྫོགས། །ཐུགས་རྗེ་རིག་རྩལ་སྤྲུལ་པར་ཤར། །སྐུ་གསུམ་བླ་མའི་ཚོགས་ལ་བསྟོད། །ཞི་ཁྲོའི་གར་ནི་རྣམ་པར་སྟོན། །མཆོག་ཐུན་དངོས་གྲུབ་སྩོལ་བའི་བདག །གང་འདུལ་རོལ་གར་བསམ་མི་ཁྱབ། །ཡི་དམ་ཞི་ཁྲོའི་ཚོགས་ལ་བསྟོད། །གནས་གསུམ་མཁའ་འགྲོ་ཡོངས་ཀྱི་གཙོ། །རྡོ་རྗེ་ཕག་མོ་བདེ་བའི་བདག །སྣ་ཚོགས་གཟུགས་ཅན་གྲུབ་པ་མོ། །ཌཱཀྐིའི་ཚོགས་ལ་ཕྱག་འཚལ་བསྟོད། །བདུད་དང་དམ་སྲི་འདུལ་བའི་གཤེད། །པདྨ་ཏ་ཀྲྀཊ་ཁྲོ་བོའི་རྒྱལ། །ཁམས་གསུམ་དབང་དུ་སྡུད་མཛད་པ། །རྟ་མགྲིན་དབང་གི་རྒྱལ་པོར་བསྟོད། །དམ་ཉམས་དགྲ་བགེགས་ཚར་གཅོད་ཅིང་། །དམ་ལྡན་རྣལ་འབྱོར་བུ་བཞིན་སྐྱོངས། །ཕྲིན་ལས་རྣམ་བཞི་ཐོགས་མེད་སྒྲུབ། །རྒྱུད་གསུམ་དྲེགས་ཚོགས་རྒྱ་མཚོར་བསྟོད། །གཞན་ཡང་དཔལ་གྱི་བཀའ་ཉན་པ། །མ་ཚོགས་དབང་ཕྱུག་གིང་ལངྐ། །དྲེགས་པ་སྔགས་བདག་སྲུང་མའི་ཚོགས། །བཀའ་སྡོད་སྤྲུལ་པར་བཅས་ལ་བསྟོད། །ཞེས་བསྟོད་པར་བྱའོ། །ཛབ྄་བཟླ་བ་ལ། ཐུགས་དམ་བསྐུལ་བ་ནི། ཧཱུྃ་ཧྲཱིཿབླ་མ་སྐུ་གསུམ་ལྷ་ཚོགས་རྣམས། །མི་མངོན་དབྱིངས་ནས་བརྩེར་དགོངས་ཤིང་། །ཛབ྄་ཀྱི་ཐུགས་དམ་རྒྱུད་བསྐུལ་ན། །མཆོག་ཐུན་དངོས་གྲུབ་སྩལ་དུ་གསོལ། །ཛབ྄་ཀྱི་བཟླས་དམིགས་ནི། སྤྱི་བོའི་རིག་འཛིན་བླ་མ་ཡི། །ཐུགས་དབུས་བཛྲ་ཧེ་རུ་ཀའི། །ཐུགས་ཀར་ཉི་སྟེང་རྡོ་རྗེའི་དབུས། །སྔགས་ཀྱི་ཕྲེང་བས་བསྐོར་བ་ལས། །འོད་འཕྲོས་སྣང་སྲིད་སྣོད་བཅུད་སྦྱངས། །དག་པ་རབ་འབྱམས་འཁོར་ལོར་རྫོགས། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ། ཞེས་དང་། སྐབས་སུ་རྡོ་རྗེའི་ཚིག་བདུན་དང་། ཁྱབ་བདག་རྡོ་རྗེ་ཐོད་ཕྲེང་གི། ཐུགས་སྲོག་ཧྲཱིཿཡི་འོད་ཟེར་གྱིས། །རྩ་བརྒྱུད་རིག་འཛིན་བླ་མ་ཡི། །བྱིན་བརླབས་བསྡུས་ནས་ཐུགས་ཀར་ཐིམ། །དེ་ལས་བདུད་རྩི་ཆུ་བོའི་རྒྱུན། །གནས་བཞིར་བབ་པས་དབང་བཞི་ཐོབ། །སྒྲིབ་པ་བཞི་སྦྱོངས་ལམ་བཞི་ཡི། །སྣོད་ལྡན་སྐུ་བཞིའི་ངོ་བོར་སྨིན། །རྡོ་རྗེ་བཞི་དང་དབྱེར་མེད་གྱུར། །ཐོད་ཕྲེང་རྩལ་གྱི་ཛབ྄་སྔགས་བཟླ། སྤྱི་བོའི་རིགས་བདག་ཐུགས་ཀ་རུ། །པད་ཟླའི་སྟེང་དུ་ཧྲཱིཿདམར་མཐར། །སྔགས་ཀྱིས་བསྐོར་ལས་འོད་ཟེར་འཕྲོས། །འཁོར་འདས་སྲིད་ཞིའི་ཚེ་བཅུད་བསྡུས། །དུས་མིན་འཆི་བའི་འཇིགས་པ་སྦྱོངས། །ཚེ་དང་ཡེ་ཤེས་རྒྱས་པར་བསམ། །ཨོཾ་གུ་རུ་ཨ་ཡུ་སིདྡྷི་ཧཱུྃ་ཧྲཱིཿཨ་མཱ་ར་ཎི་ཛཱི་ཝནྟི་ཡེ་སྭཱ་ཧཱ། ཞེས་དང་། ཚེ་གཟུངས་བཟླ། མགྲིན་པའི་སྤྱན་རས་གཟིགས་དབང་གི། ཐུགས་ཀར་ཧྲཱིཿམཐར་སྔགས་ཀྱིས་བསྐོར། །འོད་འཕྲོས་རིགས་དྲུག་འཁྲུལ་སྣང་སྦྱངས། །སྣོད་བཅུད་པདྨ་དྲྭ་བར་ཤར། །ཨོཾ་ཨཱཿཧཱུྃ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུྃ། དྷཱུ་མ་གྷ་ཡེ་ན་མ་སྭཱ་ཧཱཿཞེས་བཟླ། དཔལ་ཆེན་བཛྲ་ཧེ་རུ་ཀའི། །ཐུགས་སྲོག་ས་བོན་སྔགས་བཅས་ལས། །འོད་ཟེར་སྤྲོ་བསྡུས་དོན་གཉིས་བྱས། །ཕྱི་སྣོད་དག་པ་རབ་འབྱམས་ཞིང་། །ནང་བཅུད་སྣང་བ་འཇམ་དཔལ་སྐུ། །སྒྲ་གྲགས་པདྨ་དྲན་རྟོག་ཚོགས། །ཡང་དག་བྱ་བྱེད་ཀཱི་ལ་ཡ། །ཟག་མེད་ཡོན་ཏན་ཆེ་མཆོག་དལ། །ཚར་གཅོད་རྗེས་འཛིན་ཕྲིན་ལས་སྒོ། །མངོན་རྫོགས་དྲག་སྔགས་དྲེགས་པ་འདུལ། །ཀུན་གྱི་ཁྱབ་བདག་ཐོད་ཕྲེང་རྩལ། །རིག་འཛིན་བླ་མའི་གསང་བ་ནི། །མི་ཟད་རྒྱན་གྱི་འཁོར་ལོ་ཡིས། །དཀྱིལ་འཁོར་ཆེན་པོར་ལྷུན་རྫོགས་གྱུར། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་བཛྲ་ཙཎྜ་སརྦ་དུཥྚན་ཏ་ཀ་ཧ་ན་ད་ཧ་པ་ཙ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ། ཞེས་ཅི་ནུས་བཟླ། ལྟེ་བར་ཕག་མོའི་ཐུགས་ཀ་རུ། །ཆོས་འབྱུང་དགའ་འཁྱིལ་བྃ་གྱིས་མཚན། །དེ་ལས་སྔགས་ཀྱི་ཕྲེང་བ་འཕྲོས། །སྣང་སེམས་དབང་དུ་འདུས་པར་བསམ། ཨོཾ་བྃ་བཛྲ་བྷ་ར་ཧི་ཀྲོ་དྷི་ཀཱ་ལི་ཧ་རི་ནི་ས་ཨཱ་ཝེ་ཤ་ཡ། ཞེས་བཟླ། གསང་བར་མ་མོའི་ཐུགས་ཀ་རུ། །ཉི་སྟེང་ཏྲཀ་ཡིག་སྔགས་ཀྱིས་བསྐོར། །འོད་འཕྲོས་དྲེགས་པ་རྒྱུད་གསུམ་གྱི། །སྲོག་སྙིང་དབང་དུ་འདུས་པར་བསམ། །མ་མ་ཏྲཀ་རཀྴ་ཨེ་ཀ་ཙ་ཏི་མ་ཧཱ་ཀཱ་ལ་ཤ་ས་ན་བཛྲ་ས་དྷཱུ་ཏྲི་རཀྵ་ར་ཧུ་ལ་རཱ་ལི་པྲ་མ་ནི་ཧཱུྃ་བྷྱོ་ཧཱུྃ། ཞེས་བཟླ། རང་ཉིད་རྟ་མགྲིན་གསལ་བ་ཡི། །ཐུགས་ཀར་པད་ཉི་ཧྲཱིཿམས་མཚན། །དེ་མཐར་སྔགས་ཀྱི་ཕྲེང་བས་བསྐོར། །འོད་འཕྲོས་མ་དག་སྣོད་བཅུད་སྦྱངས། །རྩ་གསུམ་རྒྱལ་བའི་བྱིན་རླབས་བསྡུས། །སླར་ཡང་ཡབ་ཡུམ་སྐུའི་དབྱིབས་བརྒྱུད། །སྔགས་ཀྱི་ཕྲེང་བ་འཁོར་བ་ལས། །མཆོག་ཐུན་དངོས་གྲུབ་བཅུད་བསྡུས་ཤིང་། །སྣང་བ་ལྷ་ལ་གྲགས་པ་སྔགས། །དྲན་རྟོག་འོད་གསལ་ཐིག་ལེར་རྫོགས། །ཨོཾ་ཧྲཱི་པདྨནྟ་ཀྲྀཏ་བཛྲ་ཀྲོ་དྷ་ཧྱ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊཿརཱ་ཙ་ཧྲཱི་ཡ་སརྦ་སིདྡྷི་ཧཱུྃ། ཞེས་བཟླ། སྤྱི་དྲིལ་བཟླས་པ་ནི། རྩ་གསུམ་ལྷ་ཚོགས་ཐམས་ཅད་ཀུན། །སྔགས་ཀྱི་ཛབ྄་སྒྲ་དིར་དིར་སྒྲོགས། །བྱིན་རླབས་གཟི་བྱིན་དཔལ་དུ་འབར། །འཁོར་འདས་དག་མཉམ་དབྱེར་མེད་པ། །ཡེ་ཤེས་ཆེན་པོའི་སྲོག་ཏུ་བཟུངས། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་ཝ་དྷཱཀྐི་ནི་སརྦ་སིདྡྷི་ཕ་ལ་ཧཱུྃ། ལས་སྦྱོར་གྱི་བཟླས་དམིགས་བྱ་བར་སྤྲོ་ན། ལྷ་ཚོགས་ཐུགས་ཀའི་སྔགས་རྣམས་ལས། །འོད་ཟེར་དཀར་སེར་དམར་ལྗང་འཕྲོས། །སྡིག་སྒྲིབ་ཞི་ཞིང་ཚེ་བསོད་རྒྱས། །སྣང་སེམས་དབང་འདུས་དགྲ་བགེགས་སྒྲོལ། །ལས་བཞིའི་ཕྲིན་ལས་འགྲུབ་པར་བསམ། སྤྱི་དྲིལ་སྔགས་མཐར། ཛཿཤནྟིཾ་ཀུ་རུ་སྭཱ་ཧཱ། ཧཱུྃ་པཱུཥྚིཾ་ཀུ་རུ་ཨོཾ། བྃ་ཝ་ཤཾ་ཀུ་རུ་ཧོ། ཧོཿམ་ར་ཡ་ཕཊཿསོ་སོར་འདོགས་ལ་ཅུང་ཟད་རེ་བཟླའོ། །མཐར་སྟོང་ཚིག་གི་མཆོད་བསྟོད་འབུལ། ཚེ་འགུགས་བྱ་བར་སྤྲོ་ན། ཚེ་མདའ་གཡབ་སྟེ། ཧཱུྃ་ཧྲཱིཿདབྱིངས་དང་ཡེ་ཤེས་ཕོ་བྲང་ནས། །ཚེ་ཡི་བདག་པོ་བཅོམ་ལྡན་འདས། །གཙོ་དང་འཁོར་དུ་སྤྲུལ་པ་དང་། །ཡང་སྤྲུལ་ཕོ་ཉ་མགྱོགས་མའི་ཚོགས། །གནས་འདིར་བརྩེར་དགོངས་དངོས་གྲུབ་སྩོལ། །བདག་ཅག་བླ་ཚེ་ཆད་པ་དང་། །ཡར་དང་འཐོར་དང་ཉམས་པ་དང་། །ཕྱོགས་སྐྱོང་སྡེ་བརྒྱད་འབྱུང་པོ་ཡི། །བརྐུས་དང་འཕྲོག་དང་ཁྱེར་བ་རྣམས། །ཨ་ནྲཱྀ་ཧྲཱིཿཡི་རྣམ་པར་བསྡུས། །བཀྲ་ཤིས་ཚེ་ཡི་རྫས་ལ་བསྟིམ། །འཁོར་འདས་སྲིད་ཞིའི་ཚེ་ཡི་བཅུད། །འཇའ་འོད་ཟེར་ཐག་སྦྲེངས་སེ་སྦྲེང་། །ཐིག་ལེ་མང་པོ་ཏ་ལ་ལ། །ཚེ་ཡི་དངོས་གྲུབ་རྫས་ལ་ཐིམ། །རྣལ་འབྱོར་སྲོག་གི་ཀྭ་བ་ཚུགས། །འཆི་མེད་རྡོ་རྗེ་གྲུབ་པར་མཛོད། །ཚེ་སྔགས་བརྗོད། རྒྱས་གདབ་ནི། ཨཿསྲིད་ཞིའི་ཚེ་ཡི་དྭངས་བཅུད་རྣམས། །མི་ཤིག་སྲོག་གི་ཐིག་ལེར་ཐིམ། །ཡུམ་ལྔའི་ཀློང་དུ་རྒྱས་བཏབ་པས། །ཡེ་ཤེས་ལྔ་ལ་སྐྱེ་འཆི་མེད། །བྷྲཱུྃ་ཛྙཱ་ནཱ་བཛྲ་རཀྵ་ཨ་ཨཿཞེས་རྒྱས་བཏབ་བོ། །རྗེས་ལ་ཚོགས་ཀྱི་མཆོད་པ་ནི། ཐབས་ཤེས་ཀྱི་རྫས་བཟའ་བཏུང་ཅི་འབྱོར་པར་བཤམས་ལ་བདུད་རྩི་བྲན་ཏེ། ཧཱུྃ། བདག་ཉིད་ལྷར་གསལ་ཐུགས་ཀ་ནས། རྃ་ཡྃ་ཁྃ་འཕྲོས་མེ་རླུང་ཆུས། །དངོས་འཛིན་དྲི་མ་བསྲེག་གཏོར་བཀྲུས། །སྣོད་ནི་བདེ་ཆེན་ཀ་པཱ་ལར། །བཅུད་ནི་རིགས་ལྔའི་དམ་ཚིག་རྫས། །འདོད་ཡོན་ཚོགས་ཀྱི་འཁོར་ལོར་གྱུར། །རྃ་ཡྃ་ཁྃ། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿལན་གསུམ་བརྗོད་པས་རྒྱས་པར་སྤེལ། ཧཱུྃ་ཧྲཱིཿའོག་མིན་བདེ་ཆེན་ཞིང་ཁམས་དང་། །ཨོ་རྒྱན་དྷུ་མ་ཐ་ལ་སོགས། །མཁའ་སྤྱོད་ས་སྤྱོད་གནས་ཡུལ་ནས། །རྩ་གསུམ་ཆོས་སྲུང་རྒྱ་མཚོའི་ཚོགས། །འདོད་ཡོན་ཚོགས་ལ་སྤྱན་འདྲེན་གཤེགས། །ཚོགས་གཏོར་འདི་ལ་བཅུད་ཅིག་ཕོབས། །ལུས་ངག་ཡིད་ལ་བདེ་ཆེན་སྤོར། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཨཻ་ཨ་ར་ལི་ཧྲཱིང་ཧྲཱིང་ཕཻཾ་ཕཻཾ་ཛྙཱ་ན་ཨ་ཝེ་ཤ་ཡ་ཨ་ཨཿཚོགས་ཕུད་རིམ་པར་སྤྲོས་ལ། ཨཱཿ སྐྱེ་མེད་དབྱིངས་ཀྱི་བྷནྡྷ་རུ། །རིག་པ་རང་གསལ་ཚོགས་གཏོར་བཤམས། །བླ་མ་ངོ་བོ་ཉིད་སྐུར་འབུལ། །ཡེ་ཤེས་རྡོ་རྗེའི་དངོས་གྲུབ་སྩོལ། །བདེ་ཆེན་ཐིག་ལེའི་ཀ་པཱ་ལར། །རང་བྱུང་སྒྲོན་མའི་ཚོགས་གཏོར་བཤམས། །བླ་མ་ཆོས་སྐུའི་ཚོགས་ལ་འབུལ། །ཐུགས་ཀྱི་རྡོ་རྗེའི་དངོས་གྲུབ་སྩོལ། །འགྲོ་འོང་རླུང་གི་ཀ་པཱ་ལར། །ཨ་དཱི་ཀ་དཱིའི་ཚོགས་གཏོར་བཤམས། །བླ་མ་ལོངས་སྐུའི་ཚོགས་ལ་འབུལ། །གསུང་གི་རྡོ་རྗེའི་དངོས་གྲུབ་སྩོལ། །ལུས་གནས་རྩ་ཡི་ཀ་པཱ་ལར། །སྐུ་གསུམ་ལྷུན་གྲུབ་ཚོགས་གཏོར་བཤམས། །བླ་མ་སྤྲུལ་སྐུའི་ཚོགས་ལ་འབུལ། །སྐུ་ཡི་རྡོ་རྗེའི་དངོས་གྲུབ་སྩོལ། །སྣོད་ཀྱི་འཇིག་རྟེན་ཀ་པཱ་ལར། །བཅུད་ཀྱི་སེམས་ཅན་ཚོགས་གཏོར་བཤམས། །བླ་མ་རྩ་གསུམ་ཚོགས་ལ་འབུལ། །འཇའ་ལུས་རྡོ་རྗེའི་དངོས་གྲུབ་སྩོལ། །མ་ཧཱ་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི། བཤགས་པ་ནི། བདག་ཅག་ཐོག་མ་མེད་དུས་ནས། །ཐ་མ་ད་ལྟ་ཐུག་གི་བར། །མ་རིག་གཏི་མུག་དབང་གིས་ནི། །རང་བཞིན་ཁ་ན་མ་ཐོ་དང་། །བཅས་པའི་སྡིག་ལྟུང་ཅི་མཆིས་པ། །གནོང་འགྱོད་དྲག་པོས་མཐོལ་ལོ་བཤགས། །དག་ཚངས་མཆོག་གི་དངོས་གྲུབ་སྩོལ། །ཡིག་བརྒྱ་བརྗོད། ཚོགས་ཐ་མ་བསྒྲལ་བསྟབས་ནི། ཨེ་ནྲྀ་ཏྲི་སརྦ་ཤ་ཏྲུན་བིགྷྣཱན་ཛཿཧཱུྃ་བྃ་ཧོ། ཧཱུྃ། ང་ནི་པདྨ་ཧེ་རུ་ཀ །དབང་ཆེན་རྡོ་རྗེ་རྟ་ཡི་མགྲིན། །སྲིད་གསུམ་འདིར་གནས་བདུད་དང་བགེགས། །གདུག་པའི་ཚོགས་རྣམས་བཀུག་ཅིང་གཟིར། །ལྔ་ཕུང་དུག་ལྔ་རྩད་གཅོད་དེ། །ཡེ་ཤེས་དབྱིངས་སུ་བསྒྲལ་བར་བྱ། །སརྦ་ཤ་ཏྲུཾ་མཱ་ར་ཡ་རྦད་ཕཊཿཤ་ཁྲག་བདུད་རྩིར་སྤར་བྱས་ལ། ཧཱུྃ། དགྲ་བགེགས་ཤ་ཁྲག་རུས་པ་ནི། །དུག་གསུམ་དབྱིངས་སུ་དག་པའི་རྫས། །ཟ་བྱེད་དབང་ཆེན་ཁྲོས་པ་ཡི། །ཞལ་དུ་བསྟབ་བོ་ཁ་རཾ་ཁཱ་ཧི། །མགུལ་དུ་བསྟིམ་མོ་བཞེས་སུ་གསོལ། །མ་ཧཱ་མཾ་ས་རཀྟ་ཀིཾ་ནི་རི་ཏི་ཁཱ་ཧི། སྐབས་འདིར་རྩ་གསུམ་སྤྱི་སྐོངས་གསང་ཐིག་བླ་མ་མཁའ་འགྲོ་ལ་སྦྱར་རྒྱུ་སྙིང་པོ་སྐོར་ལྔ་ནས་ཁོལ་ཕྱུངས་ལྟ་བུ་སྦྱར། དེ་ནས་ཚོགས་བར་བ་བརྡ་དང་བརྡ་ལེན་གྱིས་ཚིམ་པར་རོལ། ལྷག་མ་བསྔོ་བ་ནི། ཚོགས་ལྷག་ལ་ཁ་ཆུས་བྲན་ཏེ། པཉྩ་ཨ་མྲྀ་ཏ་ཧཱུྃ་ཧ་ཧོ་ཧྲཱིཿཧྲཱི་ཕཻཾ། དཔལ་གྱི་བཀའ་ཉན་ལྷག་སྡུད་ནི། །ཞིང་སྐྱོང་དབང་ཕྱུག་གིང་ལངྐ། །ཕོ་ཉ་སུམ་བརྒྱ་དྲུག་ཅུའི་ཚོགས། །འདིར་གཤེགས་དཔལ་གྱི་ཚོགས་ལྷག་བཞེས། །བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །མ་མ་ཧྲཱིང་ཧྲཱིང་བ་ལིངྟ་ཁཱ་ཧི། ལྷག་གཏོར་ཕྱིར་མཆོད། དེ་ནས་རྡོ་རྗེའི་གླུ་གར་བྱ་ཞིང་། །རིག་འཛིན་བླ་མའི་དཀྱིལ་འཁོར་དུ། སོགས་ཀྱིས་སྨོན་ལམ་གདབ་བོ། །གཏོར་མ་སྦྱིན་ཞིང་ཆད་ཐོ་བསྒྲགས་པ་ནི། ཨོཾ་ཨཱཿཧཱུྃ་ཧོཿས་གཏོར་མ་བྱིན་གྱིས་བརླབས། ཨོཾ་ཤྲཱི་དྷརྨ་པཱ་ལ་ས་པ་རི་ཝ་ར་ཨི་དཾ་བཱ་ལིངྟ་ཁ་ཁ་ཁཱ་ཧི། ལན་གསུམ་གྱིས་བསྔོས་ལ། ཧཱུྃ་ཧྲཱིཿསྔོན་ཚེ་དཔལ་ཆེན་ཧེ་རུ་ཀའི། །སྤྱན་སྔར་ཁས་བླངས་དམ་བཅས་པའི། །རྒྱུད་གསུམ་དྲེགས་པའི་དཔུང་ཚོགས་ཀུན། །འདིར་གཤེགས་དམ་ཚིག་གཏོར་མ་ལོངས། །ཁས་བླངས་དམ་བཅའ་དྲན་གྱིས་ལ། །ཇི་ལྟར་བཅོལ་བའི་ལས་རྣམས་ཀུན། །འབད་མེད་མྱུར་དུ་བསྒྲུབ་པ་དང་། །ཟབ་གསང་རྡོ་རྗེ་ཐེག་པ་ཡི། །བསྟན་པ་ཕྱོགས་བཅུར་རྒྱས་པར་མཛོད། །སརྦ་ས་མ་ཡ་བཱ་ལིངྟ་ཁཱ་ཧི། གཏོར་གཞོང་བཤལ་ཏེ་བརྟན་མར་བྲན། ཧཱུྃ་ཧྲཱིཿགཡའ་གངས་མཚོ་གླིང་གནས་རྣམས་སུ། །མ་སྲིང་བརྟན་མ་བཅུ་གཉིས་དང་། །སྨན་མོ་འབུམ་ཕྲག་ཡངས་པའི་ཚོགས། །འདིར་གཤེགས་གཏོར་མའི་བཤལ་ཆུ་བཞེས། །བོད་ཁམས་སོ་ཁ་བསྲུང་བ་དང་། །མཐའ་དམག་གདུག་པའི་རྒྱུ་འགྲུལ་ཆོད། །ནད་ཡམས་དལ་ཁ་དགྲ་ལ་བསྒྱུར། །སྣོད་བཅུད་བསྟན་འགྲོའི་ལེགས་ཚོགས་སྤེལ། །གངས་ལྗོངས་བདེ་བའི་ཕྲིན་ལས་མཛོད། །མ་མ་སརྦ་དྷཱཀྐི་ནི་བཱ་ལིངྟ་ཁཱ་ཧི། གཏོར་གཞོང་སྦུབས་རྡོ་རྗེའི་ཕྱག་རྒྱས་བཏབ་སྟེ་རྟ་བྲོ་བྱ་བ་ནི། ཧཱུྃ་ཧྲཱིཿང་ནི་པདྨ་དབང་ཆེན་ཏེ། །ཁམས་གསུམ་འདི་ན་སུ་ཡང་རུང་། །ང་ལས་ཆེ་བ་སུ་ཡང་མེད། །སྲིད་གསུམ་འདི་ནི་ང་ཡི་ཟས། །རྟ་ཡི་རྡོ་རྗེའི་ཞབས་བྲོ་ཡིས། །སྲིད་པ་གསུམ་པོ་གཡོ་ཞིང་འགུལ། །དམ་སྲི་གདོན་བགེགས་ཕོ་མོ་རྣམས། །རི་རབ་ལྷུན་པོའི་འོག་ཏུ་མནན། །རྡོ་རྗེ་འབར་བའི་ཕྱག་རྒྱས་བཏབ། །བྱང་ཆུབ་སེམས་ནི་མ་སྐྱེས་བར། །ནམ་ཡང་ལྡང་བར་མ་གྱུར་ཅིག །ཧི་ཧི་ཧི། ཤཱནྟིང་པཱུཥྚིང་ཝ་ཤཾ་མཱ་ར་ཡ་རྦད་སྟྭཾ་བྷ་ཡ་ནན། དེ་ནས་དངོས་གྲུབ་གསོལ་བ་ནི། ཧོཿརྩ་གསུམ་ལྷ་ཚོགས་བདག་ལ་དགོངས་སུ་གསོལ། །བདག་ཅག་ཁྱེད་ཀྱི་གདུང་འཚོབ་བརྒྱུད་འཛིན་ཕྱིར། །རྩེ་གཅིག་གུས་པས་བསྙེན་ཅིང་སྒྲུབ་ལགས་ན། །ཐུན་མོང་མཆོག་གི་དངོས་གྲུབ་དེང་འདིར་སྩོལ། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷཱེ་ཝ་དྷཱཀྐི་ནཱི་ཀཱ་ཡ་ཝཱཀྐ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧོཿཞེས་བསྐུལ་དངོས་གྲུབ་བླང་བར་བྱའོ། །དེ་ནས་གཏང་རག་གི་མཆོད་བསྟོད་དང་། ཡིག་བརྒྱ་དང་། མ་རྙེད་ཡོངས་སུ་མ་ཚང་སོགས་ཀྱིས་བཟོད་གསོལ་བྱ། །དབང་བླང་ཞིང་དཀྱིལ་འཁོར་བསྡུ་བ་ནི། སྤྱི་བོའི་བླ་མ་ལུས་དཀྱིལ་གྱི་ལྷ་དང་བཅས་པ་ལ་དམིགས་ཏེ་གསོལ་འདེབས་སྤྲོས་བྲལ་ཆོས་དབྱིངས་མ་དང་། སྤྲོས་བྲལ་བདེ་ཆེན་མ་གང་རུང་གིས་གསོལ་འདེབས་བྱས་ལ། བླ་མའི་ལྷ་ཚོགས་གནས་གསུམ་དུ། །ཨོཾ་དཀར་ཨཱཿ དམར་ཧཱུྃ་མཐིང་ལས། །འོད་ཟེར་བདུད་རྩིའི་ཆུ་རྒྱུན་ནི། །འབྲུ་གསུམ་སྒྲ་དང་བཅས་ཏེ་འབབ། །རང་གི་ལུས་ངག་ཡིད་གསུམ་ལ། །རིམ་དང་གཅིག་ཆར་ཐིམ་པ་ཡིས། །དབང་བཞི་ཐོབ་ཅིང་སྒྲིབ་བཞི་དག །སྐུ་བཞི་ཐོབ་པའི་ས་བོན་འཇོག །མཐར་ནི་བླ་མ་འོད་དུ་ཞུ། །མཐིང་སྔོན་བདུད་རྩིའི་གོང་བུ་ནི། །གསལ་ཞིང་ཕྲ་ལ་གཏིང་དཔག་དཀའ། །རང་གི་སྙིང་དབུས་ཐིམ་པ་ཡིས། །རིག་སྟོང་འོད་གསལ་རྡོ་རྗེའི་སེམས། །གཉུག་མ་བྱ་རྩོལ་བྲལ་བའི་ངང་། །དུས་གསུམ་རྟོག་པས་མ་བསླད་པར། །རིག་སྟོང་འོད་གསལ་ཆེན་པོར་བཞག །ཨ་ཨ་ཨཱཿ ཐུགས་ཡིད་བསྲེས་ལ་ཅི་གནས་སུ་མཉམ་པར་བཞག །མདུན་དཀྱིལ་ཡོད་ན་རྟེན་བཞུགས་དང་། བསྡུ་ལྡང་ནི། ཧཱུྃ་ཧཱུྃ་ཧཱུྃ། སྣོད་བཅུད་གཞལ་ཡས་ཁང་དང་བཅས། །རང་ཉིད་ལྷར་གསལ་ལ་ཐིམ་ཞིང་། །དེ་ཡང་ཡས་མར་རིམ་གྱིས་ཞུ། །ཧྲཱིཿམར་ཐིམ་ཞིང་དེ་ཡང་བསྡུད། །མི་དམིགས་འོད་གསལ་ངང་དུ་བཞག །ཕiཊ་ཕiཊ་ཕiཊཿསླར་ཡང་རང་ཉིད་རྟ་མགྲིན་སྐུར། །ལམ་གྱིས་གསལ་ཞིང་གནས་གསུམ་དུ། །ཨོཾ་ཨཱཿཧཱུྃ་གིས་མཚན་པར་གྱུར། །དགེ་བསྔོ་ཤིས་བརྗོད་བྱ་བ་ནི། རྩ་གསུམ་ལྷ་ཚོགས་སྒྲུབ་པ་ཡི། །ལེགས་སྤྱད་དགེ་བ་གང་མཆིས་པ། །བསྟན་དང་འགྲོ་ལ་ཡོངས་བསྔོས་པས། །སྐུ་བཞིའི་གོ་འཕང་མྱུར་ཐོབ་ཤོག །ཅེས་དང་། རྩ་གསུམ་གདུང་སེམས་གསོལ་འདེབས་སྨོན་ལམ་ཀུན་མཁྱེན་ཀློང་ཆེན་པས་མཛད་པ་སོགས་སྤྲོ་ན་བྱའོ། །རིག་འཛིན་བླ་མའི་བྱིན་རླབས་སྤྲིན་ཕུང་འཁྲིགས། །ཡི་དམ་དངོས་གྲུབ་བདུད་རྩིའི་སྦྲང་ཆར་འབེབས། །མཁའ་འགྲོའི་ཚོགས་ཀྱི་བར་ཆད་ཀུན་བསལ་ནས། །གྲུབ་གཉིས་དཔལ་ལ་རོལ་པའི་བཀྲ་ཤིས་ཤོག །ཅེས་དང་། གཞན་ཡང་ཞལ་ནས་གསུངས་པའི་ཚིག་བཅད་སོགས་རྒྱ་ཆེར་བྱའོ། །འདིར་འབད་དགེ་བ་གངྒའི་རྒྱུན། །ཤས་ཙམ་ཐོབ་བའི་ལེགས་བྱས་འདི། །སེམས་ཅན་ཀུན་ལ་ཡོངས་བསྔོས་ནས། །རྣམ་གྲོལ་བྱང་ཆུབ་མཆོག་ཐོབ་སྨོན། །རྨོངས་པས་ཚིག་ཕྲེང་སྦྱར་བ་ལ། །བྱིན་རླབས་ཅུང་ཟད་མེད་ན་ཡང་། །དམ་པའི་གསུང་གི་ལེགས་བསྐུལ་བས། །བརྩམ་པའི་ཉེས་ཚོགས་ཅི་མཆིས་བཤགས། །འོན་ཀྱང་སྒྲུབ་གཞི་བདེ་གཤེགས་སྙིང་། །སྒྲུབ་བྱེད་ཐབས་ཀྱི་ལམ་ཟབ་མོ། །ཀུན་གྱི་ཡང་སྙིང་འདི་ཁོ་ན། །དེ་ཕྱིར་དོན་ལ་རྟོན་པ་ཡི། །ཐར་འདོད་རྣམས་ཀྱིས་ཉམས་བླངས་རིགས། །ཅེས་པའང་སྡེ་སྣོད་འཛིན་པ་ཆེན་པོ་ཀཿཐོག་མཁན་རིན་པོ་ཆེ་ཚུལ་ཁྲིམས་ཉི་མས་གནང་སྐྱེས་བཟང་པོ་དང་བཅས་ངོས་ཀྱི་བླ་སྒྲུབ་ཐུན་མོང་མ་ཡིན་པ་ཉམས་སུ་བླངས་བདེ་ཞིག་བྲིས་ཡང་ཡང་གསུང་ནན་ཆེན་པོས་བསྐུལ་བ་རང་ལ་སྦྱོར་འོས་མ་ཆེ་ཡང་། རྩ་གསུམ་ཀུན་འདུས་ཨོ་རྒྱན་རྡོ་རྗེ་འཆང་གི་རྣམ་ཐར་རྗེས་སུ་དྲན་པའི་དད་མོས་ཀྱི་གསོས་ཙམ་དུ་བླ་སྒྲུབ་འོད་གསལ་སྙིང་ཏིག་ཏུ་གྲགས་པ་འདི་ཡང་མཁས་གྲུབ་རྒྱ་མཚོའི་སྤྱི་རྗེ་པདྨ་འོད་གསལ་མདོ་སྔགས་གླིང་བའི་བྱིན་བརླབས་ཀྱི་སྣང་བ་ལས་རང་ཤར་བའི་ཚུལ་གྱིས་རྗེ་དེ་ཉིད་ཀྱི་ཕྲིན་ལས་ཀྱི་བྱེད་པོར་སྨོན་པ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་སམ། རིག་འཛིན་ཀུན་བཟང་འོད་གསལ་སྙིང་པོ་རྩལ་གྱིས་ས་ཕོ་བྱི་བའི་ལོར་དབོ་ཟླ་བའི་གྲལ་ཚེས་བཟང་པོར་སྨྲས་རིམ་བཞིན་དུ་ཡི་གེའི་བྱེད་པོ་རྨུགས་སངས་མཆོག་སྤྲུལ་པདྨ་ཀུན་གྲོལ་གྱིས་བགྱིས་པ་འདིས་ཀྱང་རང་གཞན་རྣམས་ཀྱི་རྒྱུད་ལ་ཨོ་རྒྱན་རྡོ་རྗེ་འཆང་གི་བྱིན་རླབས་སྙིང་དབུས་སུ་འཇུག་པའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ།། །།
[edit]

@#/__/bla ma'i sgrub pa 'od gsal snying thig ces bya ba bi dza ha raM/__/ na mo gu ru/__shin tu rnam dag rdul bral stong pa'i mkhar/__/ye shes nyi ma 'bar ba'i gzi byin gyis/__/rmongs pa'i mun pa stug po bsal mdzad pa/__/dpal ldan bla ma dang po'i sangs rgyas kyi/__/zhal skyin snying dbus pad dkar bzhad pa'i dbus/__/mi 'bral snying gi dbyig tu mchod byas nas/__/de yi sgrub thabs 'od gsal snying tig gi/__zab lam yang bcud cung zad dbye bar bya/__/de la 'dir bla ma'i byin rlabs dang dbang gi rgyud smin par byas pa'i gang zag thar pa rnam grol don du gnyer bar 'dod pa rnams kyis gnas dben par rtsa gsum gyi snang brnyan bris 'bur ci rigs bkram pa'i spyan sngar phyi nang gsang ba'i mchod tshogs ci 'byor pa bshams la/__stan bde bar 'dug la/__nges 'byung dang byang chub kyi sems rin po cher blo sbyangs ba sngon du btang nas/__sbyor ba sngon 'gro'i chos la skyabs 'gro ni/__mdun gyi nam mkhar bla ma sku gsum gyi lha tshogs bkra lam gyis sad de bzhugs par bsam la/__rang gzhan sems can thams cad kyis dad mos drag pos/__na mo/__bdag dang mtha' yas sems can kun/__/deng bzung byang chub ma thob bar/__/bla ma sku gsum lha tshogs la/__/mi phyed gus pas skyabs su mchi/__/zhes lan ci nus dang /__sems bskyed pa ni/__rtog 'khrul gyur pa'i sems can rnams/__/srid pa'i mtsho las sgrol ba'i phyir/__/zab mo'i rnal 'byor bsgom pa yi/__/sku gsum go 'phang thob par bya/__/'gro rnams bde ldan sdug bsngal bral/__/bde ba mchog dang mi 'bral zhing /__/phyogs dang ris med 'gro ba la/__/bla med byang chub sems mchog bskyed/__/ces blo sbyongs dang 'brel bar ci nus sgom/__bgegs bskrad pa ni/__hU~M hrIHgnyis snang 'khrul pa'i gdon bgegs tshogs/__/ma dag snang sems gtor ma longs/__/gnas 'dir ma 'dug gzhan du dengs/__/'das na brlags par gdon mi za/__hU~M bzhi'i sngags dang gul yungs kyis tsha rngam bya/__mtshams gcod pa ni/__hU~M hrIHbdag rtog gnyis 'dzin bdud bgegs rnams/__/bdag med lta bas mtshams bcad cing /__/rig stong ye shes rdo rje'i gur/__/me dpung 'bar bas phyogs mtshams dkrigs/__/oM badz+ra rak+Sha tik+Na dz+wa la ra~M hU~M phaTaHbyin chen 'bebs pa la thod rnga gsang ba'i gling bu spos rol dbyangs dang bcas/__hU~M hrIHbrdal khyab thig le chen po'i dbyings/__/rang snang don gyi 'og min nas/__/bla ma chos sku'i lha tshogs rnams/__/gnas 'dir byin chen dbab tu gsol/__/'od gsal 'ja' 'od 'khrigs pa yi/__/lhun grub gzhal med khang chen nas/__/bla ma longs sku'i lha tshogs rnams/__/gnas 'dir byin chen dbab tu gsol/__/gang 'dul bkod pa tshad med zhing /__/rig rtsal sprul pa'i zhing khams nas/__/bla ma sprul sku'i lha tshogs rnams/__/gnas 'dir byin chen dbab tu gsol/__/sgrub pa'i gnas mchog nyams re dga'/__/mchod rdzas 'dod yon dwangs re spro/__/sku yi gar stabs sngags sgra 'ur/__/bde chen dgongs pa'i rtsal bskyed la/__/ye shes chen po'i byin dbab gsol/__/oM AHhU~M badz+ra gu ru d+he wa d+hA ki ni sarba maN+Dal dz+nyA na a be sha ya a/__ai a ral+li hring hring phaiM phaiM/__zhes drag tu brjod la snod bcud thams cad ye shes kyi 'khor lor byin gyis brlab bo/__/mchod pa byin brlabs ni/__ra~M ya~M kha~M/__gnas yul bde chen dag pa'i zhing /__/dngos 'byor yid sprul mchod pa'i sprin/__/nam mkha' mdzod kyi 'khor lor spel/__/kun bzang bde stong rol par shar/__oM sarba pU dza me g+ha sa ma ye hU~M/__lan gsum gyis brlabs/__badz+ra spa ra Na khaM gis rgyas par spel/__dngos gzhi bdag lhar bskyed cing rten gsal gdab pa la/__aHchos kun gdod nas dag pa'i klong /__/stong chen de bzhin nyid dbyings las/__/snying rje sgyu ma kun tu snang /__/gsal ba'i ye shes 'gags pa med/__/rig pa hrIHyi cho 'phrul las/__/phyi snod dag pa gzhal med khang /__/'byung lnga yum gyi mkha' klong du/__/rdo rje'i srung ba'i 'khor lo'i nang /__/thar pa chen po'i gzhal med khang /__/gru bzhi sgo bzhi rgyan rta bab/__/mtshan nyid thams cad yongs rdzogs dbus/__/pad+ma nyi zlar dam sri dang /__/dregs pa gza' klu'i gdan gyi steng /__/rgyu yi hrI yig yongs gyur las/__/bdag nyid dbang chen rta mchog dpal/__/dmar smug zhal gcig phyag gnyis pa/__/pad+ma gri gug thod khrag 'dzin/__/dbu gtsug rta gdong rngam bzhad 'tsher/__/zhabs gnyis brkyang bskum dor stabs 'gying /__/dpal dang dur khrod chos kyis brgyan/__/sbyor yum rnal 'byor ma dpal ni/__/dmar gsal zhal gcig phyag gnyis pa/__/gri thod 'dzin cing rus pa dang /__/dar dpyangs ut+pal phreng bas brgyan/__/rjes chags bde ba chen pos 'khril/__/ye shes me dpung klong na bzhugs/__/spyi bor pad+ma nyi zla'i steng /__/rtsa ba'i bla ma thod phreng rtsal/__/zhi 'dzum khro chags nyams dang ldan/__/mthing nag rdor dril thugs kar bsnol/__/mtsho rgyal dkar mo gri thod 'dzin/__/spyi gtsug chos sku 'od dpag med/__/dmar gsal sprul sku'i cha byad can/__/mnyam bzhag tshe yi bum pa bsnams/__/mgrin par longs sku spyan ras gzigs/__/dmar po pad phreng bum pa 'dzin/__/rang 'od gsang ye dmar mor 'khril/__/thugs kar badz+ra he ru ka__/zhal gcig phyag gnyis rdo rje dang /__/dung khrag bsnams shing khro chas rdzogs/__/rang 'od kro d+hi shwa rir sbyor/__/sku la dpal chen sgrub sde brgyad/__/nyi dang 'od zer bzhin du gsal/__/lte bar chos 'byung pad 'dab bzhir/__/rdo rje phag mo mthing 'od 'bar/__/dbu gtsug phag zhal ngur sgra sgrogs/__/brkyang bskum dor stabs pad nyi dang /__/bam ro'i steng na rnam par 'gying /__/'dab bzhir rigs bzhi'i mkha' 'gro ni/__/dkar ser dmar ljang rang rtags kyi/__/phyag mtshan gri thod gar stabs bzhengs/__/kun kyang dur khrod chas kyis brgyan/__/gsang bar e klong khrag mtsho khol/__/sngags srung rdo rje khros ma nag__/ral gcig spyan gcig tshem gcig ma/__/phyag g.yas zhing dbyug tsit+ta bsnams/__/sprul pa lcags spyang khra thabs 'gyed/__/'ja' sprin dkar po'i stod g.yogs gsol/__/pad nyi ro gdan steng du ni/__/brkyang bskum gar gyi rnam par bzhengs/__/g.yas g.yon mdun dang rgyab tu ni/__/mgon po gza' mchog gang btsan dang /__/dur khrod ma mo chen mor gsal/__/gtso 'khor kun gyi gnas gsum du/__/rdo rje gsum gyi yi ges mtshan/__/de las 'phros pa'i 'od zer gyis/__/sku gsum zhing khams rab 'byams nas/__/ye shes pa rnams spyan drangs gyur/__/spos rol gdung ba'i shugs kyis bskul la/__spyan 'dren pa ni/__hU~M hrIHchos dbyings 'og min bde ldan zhing /__/dang po'i sangs rgyas 'od dpag med/__/rang snang bsam brjod 'das pa'i 'khor/__/gnas 'dir spyan 'dren gshegs su gsol/__/nges pa lnga ldan longs sku'i zhing /__/pad+ma drwa ba'i zhing khams nas/__/thugs rje chen po'i lha tshogs rnams/__/gnas 'dir spyan 'dren=__/thugs rje tshad med zhing khams nas/__/'gro 'dul sprul sku thod phreng rtsal/__/rig 'dzin grub thob rgya mtsho'i tshogs/__/gnas 'dir spyan 'dren=__/dgu klong 'bar ba'i dkyil 'khor nas/__/dpal chen badz+ra he ru ka__/zhi khro rgya mtsho'i tshogs dang bcas/__/gnas 'dir=__/mkha' spyod rdo rje btsun mo'i zhing /__/chos 'byung brdal ba chen po'i klong /__/mkha' 'gro rgya mtsho gtso 'khor rnams/__/gnas 'dir=__/e yig gru gsum khrag mtsho 'khrugs/__/dur khrod rab 'jigs rngam pa nas/__/rgyud gsum chos srung rgya mtsho rnams/__/gnas 'dir spyan 'dren=__/hU~M hrIHhe ru ka yi gnas bcu nas/__/pad+ma dbang chen rta mgrin ni/__/dpal bo d+hak+ki'i 'khor gyis bskor/__/sku ni dur khrod chas dang ldan/__/gsung gis 'dzab dbyangs sngags sgra sgrogs/__/thugs mchog 'gyur med rdo rje'i klong /__/gar dgu'i nyams dang ldan pa yi/__/sgrub pa'i gnas 'dir gshegs su gsol/__/ma g.yel thugs dam gnyen po dgongs/__/rtags dang mtshan ma myur du ston/__/lus ngag yid la byin gyis rlobs/__/sgo gsum rdo rjer smin pa dang /__/mchog dang thun mong dngos grub stsol/__/oM AHhU~M sarba ma hA gu ru maN+Da la d+he wa d+hA ki d+harmA pa la sa pa ri wa ra badz+ra sa ma dzaHe h+ye hi/__sa ma ya dzaHdzaHhU~M ba~M ho/__dbyer med du bstims/__bzhugs gsol ni/__hU~M hrIHdur khrod gzhal yas nyams re dga'/__/pad+ma nyi zla rgya re che/__/sku gsum bla ma'i lha tshogs rnams/__/dgyes shing brtan par bzhugs su gsol/__/dz+nyA na sa ma ya/__a we sha ya tiSh+Tha lhan/__zhes pas dam ye dbyer med du byas la phyag mchod bstod pa'i las rim ni/__na mo/__skye 'gags 'gyur med phrin las rdzogs/__/rang byung thugs rjes 'gro rnams sgrol/__/yid bzhin dngos grub char 'bebs pa'i/__/dkyil 'khor lha la phyag 'tshal lo/__/a ti pu ho/__pra tits+tsha ho/__zhes pas phyag bya/__hU~M hrIHrtsa gsum bla ma'i dkyil 'khor lha tshogs la/__/dngos su 'byor dang yid kyis rnam sprul pa'i/__/mchod yon zhabs bsil me tog bdug spos dang /__/mar me dri chab zhal zas rol mo'i sgra/__/gzugs mdzes sgra snyan dri zhim ro mngar dang /__/reg 'jam chos kyi 'byung gnas rnams kyis mchod/__/dgyes par bzhes la dam skong dngos grub stsol/__/oM AHhU~M gu ru d+he wa d+hA ki ni maN+Da la sa pa ri wa ra ar+g+haM nas/__shab+da'i bar dang /__rU pa shab+da gan+d+ha ra sa spaR+she pra tIts+tsha swA hA/__hU~M hrIHyid 'phrog 'jo sgeg ldan pa'i lang tsho can/__/bcu drug rig mas rdo rje'i gar stabs bsgyur/__/rdo rje'i glu dbyangs nam mkha'i dbyings khyab pa/__/zag med bde ba bskyed phyir bzhes su gsol/__/oM badz+ra wi ni/__waM se/__mr-I taM gim ra dze/__la s+ya/__ma l+ya/__girtI/__nirti/__d+hU pe/__puSh+pe/__a lo ke/__gan+d+he/__rU pa/__rA sa/__spaR+she/__d+harma d+hA tu AH__hU~MHoM/__rab yangs b+han+dzi'i snod nang du/__/rtsa brgyad stong la sbyar ba'i sman/__/ye shes lnga ldan grub pa'i rdzas/__/rnam dag bdud rtsi'i mchod pa 'bul/__/oM sarba pany+tsa a mr-i ta khA hiHmtshan don sbyar/__AH__nyon mongs rgyu drug gcod pa'i rdzas/__/dmar chen rak+ta'i lbu phreng 'khrigs/__/'dod chags dbyings su bsgral ba'i phyir/__/dmar gyi mchod pa bzhes su gsol/__/ma hA rak+ta khA hi/__hU~M/__skye med dbyings kyi b+han+d+ha ru/__/rig pa rang snang gtor tshogs bshams/__/'dod yon rgya mtsho'i sprin chen pos/__/rtsa gsum lha tshogs mnyes gyur cig__/oM ma hA ba ling+ta khA hi/__ho/__rdo rje pad+mo rol pa las/__/byang chub sems kyi dgyes sprin gyis/__/dga' bzhi'i ye shes dbu mar sbyar/__zag med bde ba rgyas phyir 'bul/__/a nu rA ga ma hA su kha pU dza ho/__/rnam thar gsum gyi e dbyings su/__/gnyis 'dzin rU tra'i tshogs rnams bkug__/bdag med rdo rje'i mtshon gyis bsgral/__/sgrol ba'i mchod pa bla na med/__/sarba sha truM ma ra ya rbad phaTaHAH__mchod bya mchod byed mchod yul sogs/__'khor gsum spros pa las 'das shing /__/rang bzhin 'od gsal byang chub sems/__/mchog gi mchod pa chen po'o/__/sarba d+harma d+ha rtu at+ma ko\u0f85 haM/__bstod pa ni/__hU~M hrIHma bcos spros bral chos kyi sku/__/ma 'gags rang gsal longs spyod rdzogs/__/thugs rje rig rtsal sprul par shar/__/sku gsum bla ma'i tshogs la bstod/__/zhi khro'i gar ni rnam par ston/__/mchog thun dngos grub stsol ba'i bdag__/gang 'dul rol gar bsam mi khyab/__/yi dam zhi khro'i tshogs la bstod/__/gnas gsum mkha' 'gro yongs kyi gtso/__/rdo rje phag mo bde ba'i bdag__/sna tshogs gzugs can grub pa mo/__/DAk+ki'i tshogs la phyag 'tshal bstod/__/bdud dang dam sri 'dul ba'i gshed/__/pad+ma ta kr-iT khro bo'i rgyal/__/khams gsum dbang du sdud mdzad pa/__/rta mgrin dbang gi rgyal por bstod/__/dam nyams dgra bgegs tshar gcod cing /__/dam ldan rnal 'byor bu bzhin skyongs/__/phrin las rnam bzhi thogs med sgrub/__/rgyud gsum dregs tshogs rgya mtshor bstod/__/gzhan yang dpal gyi bka' nyan pa/__/ma tshogs dbang phyug ging lang+ka/__/dregs pa sngags bdag srung ma'i tshogs/__/bka' sdod sprul par bcas la bstod/__/zhes bstod par bya'o/__/dzaba? bzla ba la/__thugs dam bskul ba ni/__hU~M hrIHbla ma sku gsum lha tshogs rnams/__/mi mngon dbyings nas brtser dgongs shing /__/dzaba? kyi thugs dam rgyud bskul na/__/mchog thun dngos grub stsal du gsol/__/dzaba? kyi bzlas dmigs ni/__spyi bo'i rig 'dzin bla ma yi/__/thugs dbus badz+ra he ru ka'i/__/thugs kar nyi steng rdo rje'i dbus/__/sngags kyi phreng bas bskor ba las/__/'od 'phros snang srid snod bcud sbyangs/__/dag pa rab 'byams 'khor lor rdzogs/__/oM AHhU~M badz+ra gu ru pad+ma sid+d+hi hU~M/__zhes dang /__skabs su rdo rje'i tshig bdun dang /__khyab bdag rdo rje thod phreng gi/__thugs srog hrIHyi 'od zer gyis/__/rtsa brgyud rig 'dzin bla ma yi/__/byin brlabs bsdus nas thugs kar thim/__/de las bdud rtsi chu bo'i rgyun/__/gnas bzhir bab pas dbang bzhi thob/__/sgrib pa bzhi sbyongs lam bzhi yi/__/snod ldan sku bzhi'i ngo bor smin/__/rdo rje bzhi dang dbyer med gyur/__/thod phreng rtsal gyi dzaba? sngags bzla/__spyi bo'i rigs bdag thugs ka ru/__/pad zla'i steng du hrIHdmar mthar/__/sngags kyis bskor las 'od zer 'phros/__/'khor 'das srid zhi'i tshe bcud bsdus/__/dus min 'chi ba'i 'jigs pa sbyongs/__/tshe dang ye shes rgyas par bsam/__/oM gu ru a yu sid+d+hi hU~M hrIHa mA ra Ni dzI wan+ti ye swA hA/__zhes dang /__tshe gzungs bzla/__mgrin pa'i spyan ras gzigs dbang gi/__thugs kar hrIHmthar sngags kyis bskor/__/'od 'phros rigs drug 'khrul snang sbyangs/__/snod bcud pad+ma drwa bar shar/__/oM AHhU~M hrIHoM ma Ni pad+me hU~M/__d+hU ma g+ha ye na ma swA hAHzhes bzla/__dpal chen badz+ra he ru ka'i/__/thugs srog sa bon sngags bcas las/__/'od zer spro bsdus don gnyis byas/__/phyi snod dag pa rab 'byams zhing /__/nang bcud snang ba 'jam dpal sku/__/sgra grags pad+ma dran rtog tshogs/__/yang dag bya byed kI la ya/__/zag med yon tan che mchog dal/__/tshar gcod rjes 'dzin phrin las sgo/__/mngon rdzogs drag sngags dregs pa 'dul/__/kun gyi khyab bdag thod phreng rtsal/__/rig 'dzin bla ma'i gsang ba ni/__/mi zad rgyan gyi 'khor lo yis/__/dkyil 'khor chen por lhun rdzogs gyur/__oM badz+ra kro d+ha ma hA shrI he ru ka badz+ra tsaN+Da sarba duSh+Tan ta ka ha na da ha pa tsa ru lu ru lu hU~M b+h+yo hU~M phaT/__zhes ci nus bzla/__lte bar phag mo'i thugs ka ru/__/chos 'byung dga' 'khyil ba~M gyis mtshan/__/de las sngags kyi phreng ba 'phros/__/snang sems dbang du 'dus par bsam/__oM ba~M badz+ra b+ha ra hi kro d+hi kA li ha ri ni sa A we sha ya/__zhes bzla/__gsang bar ma mo'i thugs ka ru/__/nyi steng traka yig sngags kyis bskor/__/'od 'phros dregs pa rgyud gsum gyi/__/srog snying dbang du 'dus par bsam/__/ma ma traka rak+sha e ka tsa ti ma hA kA la sha sa na badz+ra sa d+hU tri rak+Sha ra hu la rA li pra ma ni hU~M b+h+yo hU~M/__zhes bzla/__rang nyid rta mgrin gsal ba yi/__/thugs kar pad nyi hrIHmas mtshan/__/de mthar sngags kyi phreng bas bskor/__/'od 'phros ma dag snod bcud sbyangs/__/rtsa gsum rgyal ba'i byin rlabs bsdus/__/slar yang yab yum sku'i dbyibs brgyud/__/sngags kyi phreng ba 'khor ba las/__/mchog thun dngos grub bcud bsdus shing /__/snang ba lha la grags pa sngags/__/dran rtog 'od gsal thig ler rdzogs/__/oM hrI pad+man+ta kr-ita badz+ra kro d+ha h+ya grI wa hu lu hu lu hU~M phaTaHrA tsa hrI ya sarba sid+d+hi hU~M/__zhes bzla/__spyi dril bzlas pa ni/__rtsa gsum lha tshogs thams cad kun/__/sngags kyi dzaba? sgra dir dir sgrogs/__/byin rlabs gzi byin dpal du 'bar/__/'khor 'das dag mnyam dbyer med pa/__/ye shes chen po'i srog tu bzungs/__/oM AHhU~M badz+ra gu ru d+he wa d+hAk+ki ni sarba sid+d+hi pha la hU~M/__las sbyor gyi bzlas dmigs bya bar spro na/__lha tshogs thugs ka'i sngags rnams las/__/'od zer dkar ser dmar ljang 'phros/__/sdig sgrib zhi zhing tshe bsod rgyas/__/snang sems dbang 'dus dgra bgegs sgrol/__/las bzhi'i phrin las 'grub par bsam/__spyi dril sngags mthar/__dzaHshan+tiM ku ru swA hA/__hU~M pUSh+TiM ku ru oM/__ba~M wa shaM ku ru ho/__hoHma ra ya phaTaHso sor 'dogs la cung zad re bzla'o/__/mthar stong tshig gi mchod bstod 'bul/__tshe 'gugs bya bar spro na/__tshe mda' g.yab ste/__hU~M hrIHdbyings dang ye shes pho brang nas/__/tshe yi bdag po bcom ldan 'das/__/gtso dang 'khor du sprul pa dang /__/yang sprul pho nya mgyogs ma'i tshogs/__/gnas 'dir brtser dgongs dngos grub stsol/__/bdag cag bla tshe chad pa dang /__/yar dang 'thor dang nyams pa dang /__/phyogs skyong sde brgyad 'byung po yi/__/brkus dang 'phrog dang khyer ba rnams/__/a nr-I hrIHyi rnam par bsdus/__/bkra shis tshe yi rdzas la bstim/__/'khor 'das srid zhi'i tshe yi bcud/__/'ja' 'od zer thag sbrengs se sbreng /__/thig le mang po ta la la/__/tshe yi dngos grub rdzas la thim/__/rnal 'byor srog gi kwa ba tshugs/__/'chi med rdo rje grub par mdzod/__/tshe sngags brjod/__rgyas gdab ni/__aHsrid zhi'i tshe yi dwangs bcud rnams/__/mi shig srog gi thig ler thim/__/yum lnga'i klong du rgyas btab pas/__/ye shes lnga la skye 'chi med/__/b+h+rU~M dz+nyA nA badz+ra rak+Sha a aHzhes rgyas btab bo/__/rjes la tshogs kyi mchod pa ni/__thabs shes kyi rdzas bza' btung ci 'byor par bshams la bdud rtsi bran te/__hU~M/__bdag nyid lhar gsal thugs ka nas/__ra~M ya~M kha~M 'phros me rlung chus/__/dngos 'dzin dri ma bsreg gtor bkrus/__/snod ni bde chen ka pA lar/__/bcud ni rigs lnga'i dam tshig rdzas/__/'dod yon tshogs kyi 'khor lor gyur/__/ra~M ya~M kha~M/__oM AHhU~M ha ho hrIHlan gsum brjod pas rgyas par spel/__hU~M hrIH'og min bde chen zhing khams dang /__/o rgyan d+hu ma tha la sogs/__/mkha' spyod sa spyod gnas yul nas/__/rtsa gsum chos srung rgya mtsho'i tshogs/__/'dod yon tshogs la spyan 'dren gshegs/__/tshogs gtor 'di la bcud cig phobs/__/lus ngag yid la bde chen spor/__/mchog dang thun mong dngos grub stsol/__/ai a ra li hrIng hrIng phaiM phaiM dz+nyA na a we sha ya a aHtshogs phud rim par spros la/__AH__skye med dbyings kyi b+han+d+ha ru/__/rig pa rang gsal tshogs gtor bshams/__/bla ma ngo bo nyid skur 'bul/__/ye shes rdo rje'i dngos grub stsol/__/bde chen thig le'i ka pA lar/__/rang byung sgron ma'i tshogs gtor bshams/__/bla ma chos sku'i tshogs la 'bul/__/thugs kyi rdo rje'i dngos grub stsol/__/'gro 'ong rlung gi ka pA lar/__/a dI ka dI'i tshogs gtor bshams/__/bla ma longs sku'i tshogs la 'bul/__/gsung gi rdo rje'i dngos grub stsol/__/lus gnas rtsa yi ka pA lar/__/sku gsum lhun grub tshogs gtor bshams/__/bla ma sprul sku'i tshogs la 'bul/__/sku yi rdo rje'i dngos grub stsol/__/snod kyi 'jig rten ka pA lar/__/bcud kyi sems can tshogs gtor bshams/__/bla ma rtsa gsum tshogs la 'bul/__/'ja' lus rdo rje'i dngos grub stsol/__/ma hA ga Na tsakra pU dza khA hi/__bshags pa ni/__bdag cag thog ma med dus nas/__/tha ma da lta thug gi bar/__/ma rig gti mug dbang gis ni/__/rang bzhin kha na ma tho dang /__/bcas pa'i sdig ltung ci mchis pa/__/gnong 'gyod drag pos mthol lo bshags/__/dag tshangs mchog gi dngos grub stsol/__/yig brgya brjod/__tshogs tha ma bsgral bstabs ni/__e nr-i tri sarba sha trun big+h+nAn dzaHhU~M ba~M ho/__hU~M/__nga ni pad+ma he ru ka__/dbang chen rdo rje rta yi mgrin/__/srid gsum 'dir gnas bdud dang bgegs/__/gdug pa'i tshogs rnams bkug cing gzir/__/lnga phung dug lnga rtsad gcod de/__/ye shes dbyings su bsgral bar bya/__/sarba sha truM mA ra ya rbad phaTaHsha khrag bdud rtsir spar byas la/__hU~M/__dgra bgegs sha khrag rus pa ni/__/dug gsum dbyings su dag pa'i rdzas/__/za byed dbang chen khros pa yi/__/zhal du bstab bo kha raM khA hi/__/mgul du bstim mo bzhes su gsol/__/ma hA maM sa rak+ta kiM ni ri ti khA hi/__skabs 'dir rtsa gsum spyi skongs gsang thig bla ma mkha' 'gro la sbyar rgyu snying po skor lnga nas khol phyungs lta bu sbyar/__de nas tshogs bar ba brda dang brda len gyis tshim par rol/__lhag ma bsngo ba ni/__tshogs lhag la kha chus bran te/__pany+tsa a mr-i ta hU~M ha ho hrIHhrI phaiM/__dpal gyi bka' nyan lhag sdud ni/__/zhing skyong dbang phyug ging lang+ka/__/pho nya sum brgya drug cu'i tshogs/__/'dir gshegs dpal gyi tshogs lhag bzhes/__/bcol pa'i phrin las 'grub par mdzod/__/ma ma hrIng hrIng ba ling+ta khA hi/__lhag gtor phyir mchod/__de nas rdo rje'i glu gar bya zhing /__/rig 'dzin bla ma'i dkyil 'khor du/__sogs kyis smon lam gdab bo/__/gtor ma sbyin zhing chad tho bsgrags pa ni/__oM AHhU~M hoHsa gtor ma byin gyis brlabs/__oM shrI d+harma pA la sa pa ri wa ra i daM bA ling+ta kha kha khA hi/__lan gsum gyis bsngos la/__hU~M hrIHsngon tshe dpal chen he ru ka'i/__/spyan sngar khas blangs dam bcas pa'i/__/rgyud gsum dregs pa'i dpung tshogs kun/__/'dir gshegs dam tshig gtor ma longs/__/khas blangs dam bca' dran gyis la/__/ji ltar bcol ba'i las rnams kun/__/'bad med myur du bsgrub pa dang /__/zab gsang rdo rje theg pa yi/__/bstan pa phyogs bcur rgyas par mdzod/__/sarba sa ma ya bA ling+ta khA hi/__gtor gzhong bshal te brtan mar bran/__hU~M hrIHg.ya' gangs mtsho gling gnas rnams su/__/ma sring brtan ma bcu gnyis dang /__/sman mo 'bum phrag yangs pa'i tshogs/__/'dir gshegs gtor ma'i bshal chu bzhes/__/bod khams so kha bsrung ba dang /__/mtha' dmag gdug pa'i rgyu 'grul chod/__/nad yams dal kha dgra la bsgyur/__/snod bcud bstan 'gro'i legs tshogs spel/__/gangs ljongs bde ba'i phrin las mdzod/__/ma ma sarba d+hAk+ki ni bA ling+ta khA hi/__gtor gzhong sbubs rdo rje'i phyag rgyas btab ste rta bro bya ba ni/__hU~M hrIHnga ni pad+ma dbang chen te/__/khams gsum 'di na su yang rung /__/nga las che ba su yang med/__/srid gsum 'di ni nga yi zas/__/rta yi rdo rje'i zhabs bro yis/__/srid pa gsum po g.yo zhing 'gul/__/dam sri gdon bgegs pho mo rnams/__/ri rab lhun po'i 'og tu mnan/__/rdo rje 'bar ba'i phyag rgyas btab/__/byang chub sems ni ma skyes bar/__/nam yang ldang bar ma gyur cig__/hi hi hi/__shAn+ting pUSh+Ting wa shaM mA ra ya rbad s+t+waM b+ha ya nan/__de nas dngos grub gsol ba ni/__hoHrtsa gsum lha tshogs bdag la dgongs su gsol/__/bdag cag khyed kyi gdung 'tshob brgyud 'dzin phyir/__/rtse gcig gus pas bsnyen cing sgrub lags na/__/thun mong mchog gi dngos grub deng 'dir stsol/__/oM AHhU~M badz+ra gu ru d+hA+e wa d+hAk+ki nI kA ya wAk+ka tsit+ta sarba sid+d+hi pha la hoHzhes bskul dngos grub blang bar bya'o/__/de nas gtang rag gi mchod bstod dang /__yig brgya dang /__ma rnyed yongs su ma tshang sogs kyis bzod gsol bya/__/dbang blang zhing dkyil 'khor bsdu ba ni/__spyi bo'i bla ma lus dkyil gyi lha dang bcas pa la dmigs te gsol 'debs spros bral chos dbyings ma dang /__spros bral bde chen ma gang rung gis gsol 'debs byas la/__bla ma'i lha tshogs gnas gsum du/__/oM dkar AH__dmar hU~M mthing las/__/'od zer bdud rtsi'i chu rgyun ni/__/'bru gsum sgra dang bcas te 'bab/__/rang gi lus ngag yid gsum la/__/rim dang gcig char thim pa yis/__/dbang bzhi thob cing sgrib bzhi dag__/sku bzhi thob pa'i sa bon 'jog__/mthar ni bla ma 'od du zhu/__/mthing sngon bdud rtsi'i gong bu ni/__/gsal zhing phra la gting dpag dka'/__/rang gi snying dbus thim pa yis/__/rig stong 'od gsal rdo rje'i sems/__/gnyug ma bya rtsol bral ba'i ngang /__/dus gsum rtog pas ma bslad par/__/rig stong 'od gsal chen por bzhag__/a a AH__thugs yid bsres la ci gnas su mnyam par bzhag__/mdun dkyil yod na rten bzhugs dang /__bsdu ldang ni/__hU~M hU~M hU~M/__snod bcud gzhal yas khang dang bcas/__/rang nyid lhar gsal la thim zhing /__/de yang yas mar rim gyis zhu/__/hrIHmar thim zhing de yang bsdud/__/mi dmigs 'od gsal ngang du bzhag__/pha[i]Ta pha[i]Ta pha[i]TaHslar yang rang nyid rta mgrin skur/__/lam gyis gsal zhing gnas gsum du/__/oM AHhU~M gis mtshan par gyur/__/dge bsngo shis brjod bya ba ni/__rtsa gsum lha tshogs sgrub pa yi/__/legs spyad dge ba gang mchis pa/__/bstan dang 'gro la yongs bsngos pas/__/sku bzhi'i go 'phang myur thob shog__/ces dang /__rtsa gsum gdung sems gsol 'debs smon lam kun mkhyen klong chen pas mdzad pa sogs spro na bya'o/__/rig 'dzin bla ma'i byin rlabs sprin phung 'khrigs/__/yi dam dngos grub bdud rtsi'i sbrang char 'bebs/__/mkha' 'gro'i tshogs kyi bar chad kun bsal nas/__/grub gnyis dpal la rol pa'i bkra shis shog__/ces dang /__gzhan yang zhal nas gsungs pa'i tshig bcad sogs rgya cher bya'o/__/'dir 'bad dge ba gang+ga'i rgyun/__/shas tsam thob ba'i legs byas 'di/__/sems can kun la yongs bsngos nas/__/rnam grol byang chub mchog thob smon/__/rmongs pas tshig phreng sbyar ba la/__/byin rlabs cung zad med na yang /__/dam pa'i gsung gi legs bskul bas/__/brtsam pa'i nyes tshogs ci mchis bshags/__/'on kyang sgrub gzhi bde gshegs snying /__/sgrub byed thabs kyi lam zab mo/__/kun gyi yang snying 'di kho na/__/de phyir don la rton pa yi/__/thar 'dod rnams kyis nyams blangs rigs/__/ces pa'ang sde snod 'dzin pa chen po kaHthog mkhan rin po che tshul khrims nyi mas gnang skyes bzang po dang bcas ngos kyi bla sgrub thun mong ma yin pa nyams su blangs bde zhig bris yang yang gsung nan chen pos bskul ba rang la sbyor 'os ma che yang /__rtsa gsum kun 'dus o rgyan rdo rje 'chang gi rnam thar rjes su dran pa'i dad mos kyi gsos tsam du bla sgrub 'od gsal snying tig tu grags pa 'di yang mkhas grub rgya mtsho'i spyi rje pad+ma 'od gsal mdo sngags gling ba'i byin brlabs kyi snang ba las rang shar ba'i tshul gyis rje de nyid kyi phrin las kyi byed por smon pa 'jam dbyangs chos kyi blo gros sam/__rig 'dzin kun bzang 'od gsal snying po rtsal gyis sa pho byi ba'i lor dbo zla ba'i gral tshes bzang por smras rim bzhin du yi ge'i byed po rmugs sangs mchog sprul pad+ma kun grol gyis bgyis pa 'dis kyang rang gzhan rnams kyi rgyud la o rgyan rdo rje 'chang gi byin rlabs snying dbus su 'jug pa'i rgyur gyur cig__/sarba mang+ga laM//___//

Footnotes

Other Information