JKCL-KABUM-06-CHA-017: Difference between revisions
No edit summary |
No edit summary |
||
Line 2: | Line 2: | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|citation=[['jam dbyangs mkhyen brtse chos kyi blo gros]]. ''''. In ''Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum'', Vol. 6: . Bir, H.P.: Khyentse Labrang, 2012. | |fulltitletib=རིག་འཛིན་སྲོག་སྒྲུབ་ཀྱི་སྔོན་འགྲོའི་ངག་འདོན་བྱང་ཆུབ་མྱུར་ལམ། | ||
|fulltitle=rig 'dzin srog sgrub kyi sngon 'gro'i ngag 'don byang chub myur lam | |||
|citation=[['jam dbyangs mkhyen brtse chos kyi blo gros]]. ''rig 'dzin srog sgrub kyi sngon 'gro'i ngag 'don byang chub myur lam''. In ''Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum'', Vol. 6: 271-296. Bir, H.P.: Khyentse Labrang, 2012. | |||
|collectiontitletib=ཆོས་ཀྱི་བློ་གྲོས་བཀའ་འབུམ་ | |collectiontitletib=ཆོས་ཀྱི་བློ་གྲོས་བཀའ་འབུམ་ | ||
|collectiontitle=chos kyi blo gros bka' 'bum | |collectiontitle=chos kyi blo gros bka' 'bum | ||
Line 9: | Line 11: | ||
|sourcerevealer=lha btsun nam mkha' 'jigs med | |sourcerevealer=lha btsun nam mkha' 'jigs med | ||
|sourcerevealertib=ལྷ་བཙུན་ནམ་མཁའ་འཇིགས་མེད་ | |sourcerevealertib=ལྷ་བཙུན་ནམ་མཁའ་འཇིགས་མེད་ | ||
|terma= | |tibgenre=Preliminary Practices - sngon 'gro | ||
|terma=Yes | |||
|jkcloutline=Six | |jkcloutline=Six | ||
|cycle=rtsa gsum rig 'dzin srog sgrub | |cycle=rtsa gsum rig 'dzin srog sgrub | ||
Line 18: | Line 21: | ||
|volyigtib=ཆ་ | |volyigtib=ཆ་ | ||
|totalvolumes=12 | |totalvolumes=12 | ||
|textnuminvol=017 | |||
|pagenumbers=271-296 | |||
|totalpages=26 | |||
|beginfolioline=1a1 | |beginfolioline=1a1 | ||
| | |endfolioline=13b4 | ||
|totalfolios=13 | |||
|multivolumework=No | |||
|colophontib=།ཅེས་པའང་མེ་བྱ་ལོར་སྦས་ཡུལ་འབྲས་ལྗོངས་ཀྱི་ས་ཡི་ལྟེ་བ་བྲག་དཀར་བཀྲ་ཤིས་ལྡིང་དུ་བསྐྱོད་པའི་སྐབས་མཁའ་སྤྱོད་སྤྲུལ་སྐུ་རིན་པོ་ཆེ་ཡེ་ཤེས་བློ་གྲོས་དཔལ་ལྡན་བསྟན་པའི་ཉི་མ་བརྒྱུད་ནས་ལྷ་ཡུམ་ཀུན་བཟང་བདེ་ཆེན་མཚོ་མོ་ནས་བཀྲ་ཤིས་ལྷ་རྫས་དང་བཅས་གསུང་བསྐུལ་ངོར་འཇམ་དབྱངས་བློ་གྲོས་རྒྱ་མཚོའམ། ཆོས་ཀྱི་བློ་གྲོས་སུ་འབོད་པས་ཁྲིགས་བསྡེབས་སུ་བྲིས་པ་བསྟན་འགྲོར་མཆོག་ཏུ་སྨན་པའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ། ཤུ་བྷཾ།། | |||
|colophonwylie=/ces pa'ang me bya lor sbas yul 'bras ljongs kyi sa yi lte ba brag dkar bkra shis lding du bskyod pa'i skabs mkha' spyod sprul sku rin po che ye shes blo gros dpal ldan bstan pa'i nyi ma brgyud nas lha yum kun bzang bde chen mtsho mo nas bkra shis lha rdzas dang bcas gsung bskul ngor 'jam dbyangs blo gros rgya mtsho'am/__chos kyi blo gros su 'bod pas khrigs bsdebs su bris pa bstan 'gror mchog tu sman pa'i rgyur gyur cig__/sarba mang+ga laM/__shu b+haM// | |||
|pdflink=File:JKCL-KABUM-06-CHA-017.pdf | |pdflink=File:JKCL-KABUM-06-CHA-017.pdf | ||
}} | }} | ||
Line 26: | Line 36: | ||
<onlyinclude> | <onlyinclude> | ||
{{TibP|༄༅། །རིག་འཛིན་སྲོག་སྒྲུབ་ཀྱི་སྔོན་འགྲོའི་ངག་འདོན་བྱང་ཆུབ་མྱུར་ལམ་ཞེས་བྱ་བ་བཞུགས་སོ། ། | {{TibP|༄༅། །རིག་འཛིན་སྲོག་སྒྲུབ་ཀྱི་སྔོན་འགྲོའི་ངག་འདོན་བྱང་ཆུབ་མྱུར་ལམ་ཞེས་བྱ་བ་བཞུགས་སོ། ། | ||
ན་མོ་གུ་རུ་པདྨ་ཀ་ར་ཤྲཱི་ག་ག་ན་ནིརྦྷ་ཡཿགང་གི་མཚན་ཙམ་རྣ་བར་ལྷུང་བས་ཀྱང་། །འཁོར་བའི་འཇིགས་པ་ཆེ་ལ་སྐྱོབས་མཛད་པ། །རྩ་བའི་བླ་མ་ཨོ་རྒྱན་པད་འབྱུང་དང་། །དབྱེར་མེད་ཁྲག་འཐུང་ནམ་མཁའ་འཇིགས་མེད་ལ། །གུས་པས་བཏུད་ནས་ཐེག་མཆོག་སྙིང་པོའི་དོན། །ཉམས་སུ་ལེན་འདོད་སྐལ་བཟང་སྐྱེ་བོ་རྣམས། །དང་པོར་འཇུག་པའི་སྔོན་འགྲོ་ཐུན་མོང་དང་། །ཐུན་མིན་ངག་འདོན་ཁྲིགས་བསྡེབས་དབྱེ་བར་བྱ། །དེ་ལ་འདིར་ལྷ་བཙུན་ཆེན་པོ་ནམ་མཁའ་འཇིགས་མེད་ཀྱི་དག་སྣང་གི་ཆོས་སྡེ་རྩ་གསུམ་རིག་འཛིན་སྲོག་སྒྲུབ་ཀྱི་བསྐྱེད་རྫོགས་ཟབ་མོ་ཉམས་སུ་ལེན་པར་འདོད་པ་རྣམས་ཀྱིས་ཐོག་མར་སྔོན་འགྲོ་ཐུན་མོང་དང་ཐུན་མིན་གྱིས་རྒྱུད་སྦྱོང་བ་གལ་ཆེ་བས། དེའང་དལ་བརྒྱད་འབྱོར་བཅུས་བརྒྱན་པའི་མིའི་ལུས་རྟེན་འདི་ཉིད་དཔེ་གྲངས་རྒྱུ་གསུམ་ངོ་བོ་གང་ལ་བསམས་ཀྱང་རྙེད་པར་དཀའ་ཞིང་། འཕྲལ་བྱུང་རྐྱེན་དང་རིས་ཆད་བློའི་མི་ཁོམ་བརྒྱད་ཚན་གཉིས་པོ་ཡང་འབྱུང་བར་ཉེ་བའམ། བྱུང་ཟིན་པའི་ཚུལ་ལ་སྤང་བླང་ལེགས་པར་བསམ་ཞིང་རྙེད་དཀའི་རྟེན་འདི་དོན་མེད་ཆུད་ཟོས་སུ་མི་བཏང་བར་སྙིང་པོ་ལེན་དགོས་པར་དཔེ་དོན་སྣ་ཚོགས་དྲན་པའི་སྒོ་ནས་ཡང་ཡང་བསམ། དེ་ལྟར་ཐོབ་པའི་དལ་རྟེན་འདིའང་ཡུན་རིང་དུ་མི་རྟག་པར་ཕྱི་སྣོད་འཇིག་རྟེན། ནང་བཅུད་སེམས་ཅན་རྣམས་ཀྱི་འགྱུར་ལྡོག །སྐྱེས་བུ་དམ་པ་རྣམས་ཀྱང་མྱ་ངན་འདའ་ཚུལ་སྟོན་པ། མྱུར་དུ་འཆི་བ། ནམ་འཆི་ཆ་མེད། འཆི་རྐྱེན་ངེས་མེད་རྣམས་ལ་བསམ་ནས་སྒྱུ་མའི་དཔེ་བརྒྱད་སོགས་ཀྱི་དོན་ལ་བསམ་ནས་བསྒོམ། དེ་ལྟ་བུའི་འཆི་བ་ཐོག་ཏུ་བབ་ན་འཁོར་དང་ལོངས་སྤྱོད་གང་ཡང་རྗེས་སུ་མི་འབྲང་ཞིང་། ལས་དགེ་སྡིག་གང་བསགས་པ་ཐམས་ཅད་ཕྱི་བཞིན་དུ་འབྲང་ནས་རྒྱུ་རྐྱེན་འཛོམས་པ་ན། བྱས་པ་ཆུད་མི་འཛའ་བར་ངེས་པར་རང་གི་རྣམ་ཤེས་ཀྱིས་ཟིན་པའི་ཕུང་པོ་འབའ་ཞིག་གི་སྟེང་དུ་སྨིན་པར་འགྱུར་ཞིང་། དེའང་མི་དགེ་བའི་ལས་ཀྱིས་ངན་སོང་དུ་འཕེན། ཟག་བཅས་དགེ་བའི་ལས་ཀྱིས་མཐོ་རིས་གསུམ་དུ་སྐྱེས་ནའང་། སླར་ངན་སོང་རྣམས་སུ་སྐྱེ་བར་ཤས་ཆེ་ཞིང་། གང་དུ་སྐྱེས་ཀྱང་སྡུག་བསྔལ་གསུམ་དང་། བྱེ་བྲག་གི་སྡུག་བསྔལ་རྣམས་ཀྱིས་མནར་བའི་ཚུལ་ལ་ལེགས་པར་བསམ་ནས་རྒྱུ་མི་དགེ་བ་ཆ་དང་བཅས་པ་དང་དུ་བླང་བར་བྱ་བ་དང་། དེའང་ཉོན་མོངས་པ་ཞེ་སྡང་གིས་གཙོར་བསྐྱེད་པའི་ལས་ཀྱིས་དམྱལ་བ། འདོད་ཆགས་ཀྱི་ཀུན་ནས་སློང་བའི་ལས་ཀྱིས་ཡི་དྭགས། གཏི་མུག་གི་ལས་ཀྱིས་དུད་འགྲོ། ཕྲག་དོག་གིས་ལྷ་མ་ཡིན། ང་རྒྱལ་གྱིས་ལྷ་དང་། ཐེ་ཚོམ་གྱི་སྒྲིབ་པས་མིར་སྐྱེ་བ་དང་། ཟག་བཅས་དགེ་བའི་ལས་ཆུང་ངུས་མི། འབྲིང་གིས་འདོད་ལྷ། ཆེན་པོས་གཟུགས་ཁམས་གཟུགས་མེད་རྣམས་སུ་སྐྱེ་བ་དང་། མཚམས་མེད་ལས་དང་ལོག་ལྟ་དང་། དམ་པའི་ཆོས་སྤངས་པ་དང་། ཟབ་མོའི་ཆོས་ཡང་དག་པ་ལ་སྐུར་འདེབས་བྱེད་པ་སོགས་ཉེས་པ་ཤིན་ཏུ་ལྕི་ཞིང་། དེའང་སྐྱེས་བུ་དམ་པ། མཁན་སློབ། ཕ་མ་སོགས་ལ་བརྟེན་པའི་དགེ་སྡིག་གང་བྱས་ལྕི་ཞིང་། གསང་སྔགས་ཀྱི་དམ་སྡོམ་ཉམས་པས་རྡོ་རྗེའི་དམྱལ་བར་སྐྱེ་བ་ལས་མེད་པས། དེས་ན་རྒྱུ་འབྲས་སྤང་བླང་བྱ་བ་ལ་ཤིན་ཏུ་གཟབ་པར་བྱ་དགོས་པ་རྣམས་ལེགས་པར་བསམ་པར་བྱས་ནས་དེ་རྣམས་ངག་འདོན་གྱིས་ཉམས་སུ་བླངས་བར་འདོད་པས་གནས་དབེན་པར་བདེ་བའི་སྟན་ལ་བསམ་གཏན་གྱི་ཆོས་དང་ལྡན་པས་རླུང་རོ་ལན་གསུམ་མམ་དགུ་སྤྲུགས་སུ་བསལ་བས་ཉོན་མོངས་དུག་གསུམ་གྱི་ལས་རླུང་ཐམས་ཅད་དཀར་དམར་ནག་པའི་ཁ་དོག་ཅན་འོད་མི་གསལ་བ་མོག་མོག་པོའི་རྣམ་པས་ཕྱིར་དོན་པར་བསམ། དེ་རྗེས་རླུང་འབྱུང་འཇུག་དལ་བུས་རྣལ་དུ་དབབ། མདུན་གྱི་ནམ་མཁར་བླ་མ་བསྒོམ་ལ། ན་མོ་གུ་རུ། དཔལ་ལྡན་རྩ་བའི་བླ་མ་རིན་པོ། །སོགས་དང་། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་རིན་པོ་ཆེ་མཁྱེན་ནོ། །བདག་གི་རྒྱུད་སྨིན་ཅིང་གྲོལ་བར་བྱིན་གྱིས་བརླབ་ཏུ་གསོལ། ཟབ་ལམ་གྱི་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། །ཚེ་འདི་ཉིད་ལ་འོད་གསལ་རྫོགས་པ་ཆེན་པོའི་ལམ་མཆོག་མཐར་ཕྱིན་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ་ལ་བླ་མ་རང་ལ་བསྟིམ། འདི་ནི་ཐུན་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ་གལ་ཆེའོ། །རྒྱས་པར་ལྷ་བཙུན་ཆེན་པོར་གསོལ་འདེབས་དང་། རིག་འཛིན་དྲག་པོའི་སྐུར་བསྐྱེད་པ་ཧཱུྃ་བཟླས་སོགས་བྱས་ཀྱང་ལེགས། སྔོན་འགྲོ་དངོས་ལ་ཐུན་མོང་གི་སྔོན་འགྲོ་ལ་བློ་ལྡོག་རྣམ་པ་བཞི་བསྒོམ་པའི་ངག་འདོན་ནི། དལ་འབྱོར་འདི་ནི་ཤིན་ཏུ་རྙེད་པར་དཀའ། །སྐྱེས་བུ་དོན་སྒྲུབ་ཐོབ་པར་གྱུར་པ་ལ། །གལ་ཏེ་འདི་ལ་ཕན་པ་མ་བསྒྲུབ་ན། །ཕྱིས་ནས་ཡང་དག་འབྱོར་པ་ག་ལ་འགྱུར། །སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ། །འགྲོ་བའི་སྐྱེ་འཆི་གར་ལ་ལྟ་དང་མཚུངས། །འགྲོ་བའི་ཚེ་འགྲོ་ནམ་མཁའི་གློག་འདྲ་སྟེ། །རི་གཟར་འབབ་ཆུ་བཞིན་དུ་མྱུར་མགྱོགས་འགྲོ། །དུས་ཀྱིས་ཉེན་ནས་རྒྱལ་པོ་འགྲོ་གྱུར་ན། ལོངས་སྤྱོད་མཛའ་དང་གཉེན་བཤེས་རྗེས་མི་འབྲང་། །སྐྱེས་བུ་དག་ནི་གར་གནས་གར་འགྲོ་ཡང་། །ལས་ནི་གྲིབ་མ་བཞིན་དུ་རྗེས་སུ་འབྲང་། །སྲེད་སྲིད་མ་རིག་དབང་གིས་སྐྱེ་བོ་རྣམས། མི་དང་ལྷ་དང་ངན་སོང་རྣམ་གསུམ་པོ། །འགྲོ་བ་ལྔ་པོ་དག་ཏུ་མི་མཁས་འཁོར། །དཔེར་ན་རྫ་མཁན་འཁོར་ལོ་འཁོར་བ་བཞིན། །སྲིད་གསུམ་རྒ་དང་ནད་ཀྱི་སྡུག་བསྔལ་འབར། །འདི་ན་འཆི་མེ་རབ་འབར་མགོན་མེད་དེ། །སྲིད་ལས་བྱུང་ལ་འགྲོ་བ་རྟག་ཏུ་རྨོངས། །བུམ་པར་ཆུད་པའི་བུང་བ་འཁོར་བ་བཞིན། །དེས་ན་ཐར་པ་དམ་པའི་ལམ་མཆོག་ལ། །སྤྲོ་བ་ཆེན་པོས་བརྩོན་འགྲུས་ཤུགས་བསྐྱེད་དེ། །སྲིད་པའི་ཆུ་བོ་བཞི་ལས་བརྒལ་ནས་ནི། །བླ་མེད་བྱང་ཆུབ་གོ་འཕང་བསྒྲུབ་པར་བྱ། །ཞེས་ངག་ནས་འདོན་བཞིན་དོན་ལ་བསམས་ནས་ངེས་འབྱུང་གི་བློ་བཅོས་པར་བྱའོ། །གཉིས་པ་ཐུན་མིན་ཁྱད་པར་གྱི་སྔོན་འགྲོ་ལ། དང་པོ་སྐྱབས་སུ་འགྲོ་བ་ལ་ཚོགས་ཞིང་གསལ་གདབ་པ་ནི། ས་ཕྱོགས་དག་པའི་ཞིང་ཁམས་ཆེན་པོའི་དབུས། །མདུན་མཁར་པདྨ་དམར་པོ་འདབ་བཞི་པ། །དེ་ལས་གྱེས་པའི་འདབ་མ་སྟོང་ཕྲག་བརྡལ། །ཟླ་བའི་གདན་རེ་དེ་སྟེང་པད་དཀར་ནི། །འདབ་བཞི་འདབ་ཕྲན་སྟོང་གིས་བསྐོར་བའི་དབུས། །ཟླ་ཉིའི་སྟེང་དུ་རྩ་བའི་བླ་མ་ནི། །མཚོ་སྐྱེས་རྡོ་རྗེ་དཀར་དམར་མདངས་ལྡན་པ། །ཞལ་གཅིག་ཕྱག་གཉིས་རྡོ་རྗེ་ཐོད་ཞལ་བསྣམས། །དབུ་སྐྲ་ཐོར་ཚུགས་རིན་ཆེན་རུས་རྒྱན་སྤྲས། །མཆན་གཡོན་མནྡཱ་ར་བ་སྦས་ཚུལ་གྱིས། །ཁ་ཊྭཱྃ་དཀུར་བརྟེན་འོད་ཕུང་ཀློང་ན་བཞུགས། །མཐའ་བསྐོར་དགོངས་བརྡ་སྙན་བརྒྱུད་བླ་མས་བསྐོར། །གཡས་ཕྱོགས་སྟོན་པ་ཐུབ་པའི་དབང་པོ་ལ། །བསྐལ་བཟང་སངས་རྒྱས་སྟོང་དང་རྒྱབ་ཕྱོགས་སུ། །མདོ་སྔགས་རྒྱུད་སྡེའི་གླེགས་བམ་བགྲང་ལས་འདས། །གཡོན་དུ་བྱང་སེམས་ཉན་རང་འཕགས་པའི་ཚོགས། །མདུན་དུ་རྒྱུད་སྡེ་བཞི་ཡི་ལྷ་ཚོགས་དང་། །མཐའ་སྐོར་ཆོས་སྐྱོང་གཙང་རིས་དཔལ་མགོན་ཚོགས། །ནོར་ལྷ་གཏེར་བདག་དཀར་ཕྱོགས་སྐྱོང་བ་རྣམས། །མངོན་སུམ་བཞིན་དུ་བཞུགས་པར་གསལ་བ་ལ། །བདག་སོགས་རྩེ་གཅིག་གུས་པས་སྐྱབས་སུ་འགྲོ། །ཨོཾ་ཨཱཿ ཧཱུྃ༔ མཁའ་མཉམ་སྲིད་ཞིའི་སྐྱབས་ཀུན་སྙིང་པོའི་བཅུད༔ དབང་དྲག་རིག་འཛིན་པདྨ་ཐོད་ཕྲེང་རྩལ༔ ཁྱོད་སྐུར་སྣང་སྲིད་རྒྱལ་བའི་དཀྱིལ་འཁོར་རྫོགས༔ འགྲོ་ཀུན་སྲིད་ལས་བསྒྲལ་ཕྱིར་སྐྱབས་སུ་མཆི༔ ཞེས་ལན་གསུམ་ཉུང་མཐར་བྱས་པ་དང་། །སྐྱབས་ཡུལ་སྐུ་ཡི་གནས་གསུམ་འབྲུ་གསུམ་ལས། །འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས་པ་ཡིས། །བདག་གཞན་ལ་ཕོག་སྡིག་སྒྲིབ་ཉེས་ལྟུང་དག །ཐམས་ཅད་འོད་ཀྱི་ལུས་གྱུར་མཁའ་སྤྱོད་གཤེགས། །སྐྱབས་ཡུལ་རྣམས་དང་རང་སེམས་དབྱེར་མེད་བསྲེས། །མི་དམིགས་ཆོས་དབྱིངས་བརྗོད་བྲལ་ངང་དུ་བཞག །གཉིས་པ་སེམས་བསྐྱེད་ནི། ནམ་མཁའ་མཉམ་པའི་སེམས་ཅན་ཐམས་ཅད་ནི། །བདག་གི་ཕ་མར་མ་གྱུར་གཅིག་ཀྱང་མེད། །ཕན་བཏགས་དྲིན་ཆེའི་ཚུལ་ལ་ལེགས་བསམས་ནས། །ད་ལྟ་འཁོར་བའི་སྡུག་བསྔལ་གྱིས་མནར་ལ། །ཚོད་མེད་བྱམས་དང་སྙིང་རྗེས་ཀུན་སློངས་ཏེ། །ངག་འདོན་ནི། གསང་མཆོག་འོད་གསལ་ཡེ་ཤེས་ཐིག་ལེའི་གཞིར༔ འགྲོ་ཀུན་སྒྲིབ་གསུམ་དག་ནས་སྐུ་དང་གསུང་༔ ཐུགས་ཀྱི་ཐིག་ལེ་ལྷུན་གྲུབ་སྣང་བཞིའི་ངང་༔ གཞོན་ནུ་བུམ་སྐུར་གྲོལ་བར་སེམས་བསྐྱེད་དོ༔ ཞེས་གྲངས་ཅི་ནུས་གསོགས། བར་མཚམས་སུ་བདག་གཞན་མཉམ་བརྗེས་ཀྱི་བློ་སྦྱོང་ཡང་ཡང་བསྒོམ། ཐུན་མཚམས་ཡན་ལག་བདུན། ཕྱག་བསྐོར། ཤེར་ཕྱིན་གྱི་མདོ་བཀླགས་པ་སོགས་ཅི་ནུས་དང་། བདག་གཞན་ཐམས་ཅད་མེད་སྣང་སྒྱུ་མའི་རང་བཞིན་དུ་བལྟས་ལ་སྙིང་རྗེ་ཤུགས་དྲག་ཏུ་བསྐྱེད་པར་བྱའོ། །སྐྱབས་སེམས་སྦྲེལ་ན་གོང་གི་སྐྱབས་ཡུལ་མི་བསྡུ་བར་དཔང་པོའི་ཚུལ་དུ་འཇོག་ལ། སེམས་བསྐྱེད་ཚར་རྗེས་སྐྱབས་ཡུལ་བསྡུ་བསྟིམ་བྱས་ཀྱང་ལེགས། གསུམ་པ་སྡིག་སྒྲིབ་སྦྱོང་བ་རྡོ་རྗེ་སེམས་དཔའི་བསྒོམ་བཟླས་ནི། བདག་གཞན་སེམས་ཅན་ཐམས་ཅད་ཀྱི་སྤྱི་བོར་རང་གི་རིག་པའི་སྣང་ཆར་པཾ་ལས་པདྨ། ཨ་ལས་ཟླ་བ། ཨ་ལས་ཉི་མ། དེའི་སྟེང་རང་རིག་ཨ་ཡིག་འོད་འབར་བ་ལས་འོད་ཟེར་སྤྲོ་བསྡུའི་སྣང་སྲིད་ཀྱི་ཆོས་རྣམས་ཀྱི་མ་དག་པ་ཐམས་ཅད་སྦྱངས། དག་པ་མཁའ་སྤྱོད་འཇའ་འོད་ལྔ་ལྡན་གྱི་གུར་ཁང་། སངས་རྒྱས་རྣམས་ཀྱི་ཡེ་ཤེས་ཆེན་པོའི་རང་སྣང་ལས་གྲུབ་པའི་རྡོ་རྗེ་སྙིང་པོའི་ཕོ་བྲང་ཆེན་པོར་གྱུར་པ་དང་། ཨ་ཡིག་གི་སྟེང་དུ་རང་རིག་བླ་མའི་ངོ་བོ་ཧཱུྃ་དཀར་པོ། དེ་ལས་འོད་ཟེར་སྤྲོ་བསྡུས་ཧཱུྃ་ལ་ཐིམ། དེ་ཡོངས་སུ་གྱུར་བ་ལས་རྡོ་རྗེ་སེམས་དཔའ་ཞི་ཚུལ་དགུ་དང་རྒྱན་ཆས་བཅུ་གསུམ་གྱིས་སྤྲས་པ། ཞབས་རྡོར་སྐྱིལ་དང་། དེ་ལས་ཞི་ཁྲོའི་དཀྱིལ་འཁོར་རིགས་ལྔ་རིགས་བརྒྱ་བསམ་གྱིས་མི་ཁྱབ་པ་སྤྲོ་བསྡུས་བདག་ཉིད་དུ་བཞུགས་པའི་སྤྱི་བོར་ཟླ་གདན་སྟེང་ཨོཾ་དཀར་ལ་ཡིག་བརྒྱ་དཀར་པོས་བསྐོར་བ། མགྲིན་པར་ཟླ་བའི་སྟེང་ཨཱཿ དམར་ལ་ཡིག་བརྒྱ་དམར་པོས༴ཐུགས་ཀར་ཟླ་གདན་ཧཱུྃ་སྔོན་པོའི་མཐའ་ཡིག་བརྒྱ་སྔོན་པོས་བསྐོར་བ་རྣམས་ལས་འོད་ཟེར་འཕྲོས་རྒྱལ་བ་སྲས་དང་བཅས་པའི་བྱིན་རླབས་ཐམས་ཅད་བླ་མ་རྡོ་རྗེ་སེམས་དཔའི་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱའི་རྣམ་པར་ཚད་མེད་གྲངས་མེད་སྤྱན་དྲངས་སྐུ་དང་སྔགས་ཕྲེང་ལ་ཐིམ་པར་བསམ་པ་རྟེན་གྱི་སྟོབས། སྔར་བྱས་ཀྱི་སྡིག་པ་ལ་གནོང་འགྱོད་དྲག་པོ་བྱས་པ་རྣམ་པར་སུན་འབྱིན་པའི་སྟོབས། སྐུ་དང་སྔགས་ཕྲེང་རྣམས་ལས་བདུད་རྩི་དཀར་པོ་ཤེལ་དཀར་གྱི་མདངས་ལྡན་བབས་པས་རང་གཞན་སེམས་ཅན་ཐམས་ཅད་ཀྱི་ལུས་ནང་གང་བས་ནད་ཐམས་ཅད་རྣག་ཁྲག །གདོན་ཐམས་ཅད་སྲོག་ཆགས་ཀྱི་རྣམ་པ། སྡིག་སྒྲིབ་ཐམས་ཅད་དུད་སོལ་ཁུ་རླངས་ཀྱི་རྣམ་པར་དབང་པོའི་སྒོ་དང་བ་སྤུའི་བུ་ག་ནས་ཕྱིར་ཐོན་སྡིག་སྒྲིབ་ཉེས་ལྟུང་དྲི་མ་བག་ཆགས་དང་བཅས་པ་དག་ཅིང་གཙང་བ་དང་། ལུས་ནང་བདུད་རྩིས་ལྟེམ་གྱིས་གང་བས་དགའ་བཞིའི་ཡེ་ཤེས་རྒྱུད་ལ་སྐྱེས་པར་བསམ་པ་ནི་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས། ཕྱིན་ཆད་སྡིག་པའི་ལས་སྲོག་ལ་བབ་ཀྱང་མི་བྱེད་སྙམ་པའི་སྡོམ་སེམས་བརྟན་པོ་བྱེད་པ་ཉེས་སྤྱོད་སྡོམ་པའི་སྟོབས་ཏེ་སྟོབས་བཞིའི་བཤགས་པས། ངག་འདོན་ནི། པད་ཟླ་ཉི་སྟེང་རང་རིག་ཨ་གསལ་བའི༔ འོད་ཟེར་འཕྲོ་འདུས་ཁམས་གསུམ་སྲིད་གསུམ་གྱི༔ སྣང་གྲགས་ཐམས་ཅད་རྡོ་རྗེ་སྙིང་པོའི་ཞིང་༔ ཡེ་ཤེས་འོད་ལྔ་འཇའ་ཟེར་ཐིག་ལེར་འཁྲིགས༔ དེ་སྟེང་ཡི་གེ་ཧཱུྃ་གི་འཕྲོ་འདུ་ལས༔ དྲན་རིག་སྣང་སྟོང་རྡོ་རྗེ་སེམས་དཔའི་སྐུ༔ ངོ་བོ་གཅིག་ལ་རིགས་ལྔ་རིགས་བརྒྱ་སོགས༔ ནམ་མཁའི་ཁམས་གང་ཆོས་དབྱིངས་ཁྱབ་པར་གསལ༔ རྒྱུད་སྡེ་བཞི་དྲུག་ཐེག་པ་རིམ་དགུ་ཡི༔ སོ་སོའི་གནས་ནས་རྒྱལ་བའི་དཀྱིལ་འཁོར་གང་༔ ཐམས་ཅད་གནས་གསུམ་འབྲུ་གསུམ་ཧཱུྃ་ཡིག་མཐར༔ ཡིག་བརྒྱའི་འཕྲོ་འདུའི་སྒྲིབ་གསུམ་བག་ཆགས་སྦྱངས༔ ཞེས་གསལ་བཏབ་ལ། ཨོཾ་བཛྲ་སཏྭ་སོགས༴ཡི་གེ་བརྒྱ་པ་ཉེར་གཅིག་ལས་མི་ཉུང་བར་བཟླའོ། །མཐར་རུ་ཏྲའི་སྨྲེ་བཤགས་སམ། མགོན་པོ་བདག་ནི་མི་ཤེས་སོགས་ཀྱིས་བཤགས་སྡོམ་དང་། །བླ་མ་རྡོ་རྗེ་སེམས་དཔའ་དགྱེས་ཤིང་འཛུམ་པ་དང་བཅས་རིགས་ཀྱི་བུ་ཁྱོད་རྣམས་ཀྱི་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་དག་པ་ཡིན་ནོ་ཞེས་གསུང་གི་གནང་བ་བྱིན་པ་དང་། རྡོ་རྗེ་སེམས་དཔའ་འོད་དུ་ཞུ་ནས་རང་ལ་ཐིམ་པས་རང་གི་སྒོ་གསུམ་རྡོ་རྗེ་སེམས་དཔའི་གསང་བ་གསུམ་དང་དབྱེར་མེད་དུ་གྱུར་པར་མོས་ལ་བཤགས་བྱ་བཤགས་བྱེད་བྲལ་བའི་ངང་ལ་དོན་གྱི་རྡོ་རྗེ་སེམས་དཔའི་རང་ཞལ་བསྐྱངས་ལ་མཉམ་པར་བཞག་གོ །གསུམ་པ་བླ་མའི་རྣལ་འབྱོར་ནི། རྡོ་རྗེའི་ཡེ་ཤེས་སྙིང་ལ་འབེབས་ཤིང་བྱིན་གྱིས་བརླབས་པར་མཛད་པའི་དཔལ་མགོན་རྩ་བའི་བླ་མ་ཉིད་ཡོན་ཏན་སངས་རྒྱས་དང་མཉམ། བཀའ་དྲིན་སངས་རྒྱས་ལས་ལྷག །སྲིད་ཞི་གཉིས་ལས་སྐྱོབས་པའི་མགོན་པོ། སངས་རྒྱས་བྱང་སེམས་སོགས་རྩ་གསུམ་རབ་འབྱམས་གཅིག་ཏུ་བསྡུས་བའི་ངོ་བོ། ཡང་དག་ཐར་པར་བཀྲི་བའི་ལམ་མཁན། མ་རིག་མུན་པ་སེལ་བའི་སྒྲོན་མེ། ཉོན་མོངས་གཅོང་ནད་སེལ་བའི་སྨན་པ། འགྲོ་བ་ཐར་གླིང་འདྲེན་པའི་དེད་དཔོན། སྐུ་བཞི་ཡེ་ཤེས་ལྔ་ལྡན་གྱི་དབང་ཕྱུག །དངོས་གྲུབ་ཐམས་ཅད་ཀྱི་འབྱུང་གནས། ངོ་མཚར་གྱི་སྣང་བ་མཐའ་ཡས་པའི་གནས། དཀྱིལ་འཁོར་རྒྱ་མཚོའི་སྤྲོ་བསྡུའི་བྱེད་པོར་ཤེས་པའི་མོས་གུས་གཏིང་ཚུགས་པས་ཕྱི་སྒྲུབ་ཁྲོམ་ཚོགས་སུ་བསྒོམ། ནང་སྒྲུབ་ཐོ་བརྩེགས། གསང་སྒྲུབ་ཀུན་འདུས་ནོར་བུའི་ལུགས་སུ་བསྒོམས་པ་རྣམས་ལས་འདིར་ཕྱི་མ་ཀུན་འདུས་ནོར་བུའི་ལུགས་ལྟར་བསྐྱེད་པ་སྟེ། རང་སྣང་གར་ཁྱབ་ཐམས་ཅད་འོག་མིན་གྱི་ཞིང་ཁམས་གསལ་བའི་ངང་ལས། རང་གི་གཞི་ལུས་རྣམ་འབྱོར་དམར་མོ་གྲི་ཐོད་འཛིན་པ། རུས་རྒྱན་དང་མི་མགོ་སྐམ་རློན་གྱི་ཕྲེང་བ་ཞབས་གཡས་བསྐུམ་པའི་རྟིང་པ་བྷ་གར་གཏད་པ། གཡོན་བརྐྱངས་པས་པད་ཉི་བམ་རོ་སེར་སྨུག་བྱི་ཆིངས་སུ་བསྣོལ་བའི་སྟེང་ན་འགྱིང་ཞིང་། ཡབ་ཧེ་རུ་ཀ་སྦས་པའི་ཚུལ་གྱིས་ཁ་ཊྭྃ་ཀའི་རྣམ་པར་མཆན་གཡོན་དུ་བསྣམས་པར་གསལ་བའི་སྤྱི་བོར་པད་ཟླའི་སྟེང་དུ་རྩ་བའི་བླ་མ་མཚོ་སྐྱེས་རྡོ་རྗེ་དཀར་དམར་མདངས་ལྡན་ཞི་མ་ཁྲོ་འཛུམ་ཞལ་གཅིག་ཕྱག་གཉིས་ཞབས་རོལ་སྟབས་སྐུ་འགྱིང་བག་དང་ལྡན་པ། ཕྱག་གཡས་རྡོ་རྗེའི་གྲི་གུག་ཐུགས་ཀར་འཛིན་པ། གཡོན་ཐོད་པ་བདུད་རྩིས་གང་བ་དཀུ་གཡོན་པར་བསྣམས་པ་ཟིན་བྲིས་སུ་ཐུགས་ཀར་སྟེང་འོག་ཏུ་གསུངས་ཀྱང་འགལ་བ་མེད། མཆནདབུ་སྐྲ་ཐོར་ཅོག་སྤྱི་བོར་བཅིངས་པའི་ལྷག་མ་རྒྱབ་ཏུ་གྲོལ་ཞིང་། སྟག་ཤམས་དང་དར་དམར་ལྗང་གི་སྟོད་གཡོགས་རུས་པ་དང་རིན་པོ་ཆེའི་རྒྱན་དྲུག །པང་དུ་ཡུམ་ལྷ་ལྕམ་མནྡཱ་ར་བ་དམར་གསལ་བཅུ་དྲུག་ལོན་པའི་ལང་ཚོ་ཅན། གཡས་གྲི་གུག་གིས་ཡབ་ཀྱི་མགུལ་ནས་འཁྱུད་ཅིང་། གཡོན་ཐོད་པ་བདུད་རྩིས་གང་བ་ཡབ་ལ་སྟོབས་པ། དར་གྱི་སྟོད་གཡོགས་དང་སྨད་དཀྲིས་རུས་པ་དང་རིན་ཆེན་རྒྱན་ཅན་ཞབས་པདྨའི་སྐྱིལ་ཀྲུང་གིས་འཁྱུད་པ། བླ་མའི་སྤྱི་བོར་པད་ཟླར་རྡོ་རྗེ་ཐོད་ཕྲེང་རྩལ་དཀར་པོ་ཞི་འཛུམ་ཁྲོ་ཆགས་ཉམས་ལྡན་གཡས་རྡོ་རྗེས་མཚན་པའི་གྲི་གུག །ཡུམ་རྡོ་རྗེ་མཁའ་འགྲོ་དཀར་མོ་གཡས་རྡོ་རྗེའི་གྲི་གུག །མགྲིན་པར་པདྨ་ཐོད་ཕྲེང་དམར་པོ་གཡས་པདྨའི་གྲི་གུག །ཡུམ་པདྨ་མཁའ་འགྲོ་དམར་མོ་གཡས་པདྨའི་གྲི་གུག །ཐུགས་ཀར་བུདྡྷ་ཐོད་ཕྲེང་སྔོན་པོ་གཡས་འཁོར་ལོའི་གྲི་གུག །ཡུམ་སངས་རྒྱས་མཁའ་འགྲོ་སྔོ་བསངས་གཡས་འཁོར་ལོའི་གྲི་གུག །ལྟེ་བར་རཏྣ་ཐོད་ཕྲེང་སེར་པོ་གཡས་ནོར་བུའི་གྲི་གུག །ཡུམ་རིན་ཆེན་མཁའ་འགྲོ་སེར་གསལ་རིན་ཆེན་གྲི་གུག །གསང་བར་ཀརྨ་ཐོད་ཕྲེང་ལྗང་གུ་གཡས་རྒྱ་གྲམ་གྱི་གྲི་གུག །ཡུམ་ལས་ཀྱི་མཁའ་འགྲོ་ལྗང་གསལ་རྒྱ་གྲམ་གྲི་གུག །ཡབ་ཡུམ་རྣམས་ཀྱི་གཡོན་ཐོད་པ་བདུད་རྩིས་གང་བ། རྒྱན་ཆ་ལུགས་གཙོ་བོ་དང་མཚུངས་པ་བདེ་བའི་ཉམས་ལྡན། སྣང་ལ་རང་བཞིན་མ་གྲུབ་པ། དེ་དག་ཐམས་ཅད་ཀྱི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿ དམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། ལྟེ་བར་སྭཱ་སེར་པོ། གསང་བར་ཧཱ་ལྗང་གུ་རྣམས་གསལ་བ་ལས་འོད་ཟེར་འཕྲོས། ཕྱོགས་དུས་ཀྱི་རྩ་བརྒྱུད་བླ་མ་སྤྱན་དྲངས་བླ་མའི་སྟོད་ཀྱི་ཆ་ལ་ཐིམ། ཡི་དམ་རྒྱུད་སྡེ་བཞིའི་ལྷ་ཚོགས་རྣམས་སྐུ་སྐེད་ལ་ཐིམ། བྱང་སེམས་དགེ་འདུན་གནས་གསུམ་གྱི་དཔའ་བོ་མཁའ་འགྲོ་ཐམས་ཅད་སྐུ་སྨད་ཀྱི་ཆ་ལ་ཐིམ། ཆོས་སྐྱོང་ནོར་ལྷ་གཏེར་བདག་སོགས་པད་གདན་ལ་ཐིམ་པས་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོར་གྱུར་པར་མོས་ལ། ངག་འདོན་ནི། ཨཿམ་ཡེངས་མ་བཅོས་དྲན་རིག་ཆོས་སྐུའི་ངང་༔ གསལ་སྟོང་དབྱེར་མེད་བླ་མ་སྐུ་གསུམ་གྱི༔ དག་པ་རབ་འབྱམས་རྒྱན་གྱི་འཁོར་ལོའི་གཞིར༔ རང་ལུས་འོད་སྣང་རྡོ་རྗེ་བཙུན་མོར་གསལ༔ སྤྱི་བོའི་གཙུག་ཏུ་པད་སྡོང་འཇའ་ཟེར་དང་༔ འོད་ལྔ་ཐིག་ལེ་འཁྲུགས་པའི་ཚོམ་བུའི་དབུས༔ རྩ་བའི་བླ་མ་ཡིད་བཞིན་ནོར་བུ་ལ༔ འདྲེན་མཆོག་བརྒྱུད་གསུམ་བླ་མའི་སྤྲིན་ཕུང་གཏིབས༔ སྐུ་གསུམ་ཐུགས་ཀྱི་འོད་ཟེར་སྣང་སྲིད་ཁྱབ༔ སྣང་སྲིད་རྡུལ་ཕྲན་བདེ་གཤེགས་གཞལ་ཡས་ཁང་༔ ལྷ་དང་བླ་མའི་ཐུགས་རྗེའི་བྱིན་འོད་འཁྲུགས༔ ཐུགས་གསང་རྒྱན་གྱི་འཁོར་ལོ་དམ་པར་གྱུར༔ ཚོགས་བསགས་ཡན་ལག་བདུན་པ་འབུལ་བ་ལ་ལུས་ཞིང་རྡུལ་གྱི་གྲངས་མཉམ་སྤྲུལ་ཏེ་ཕྱག་འཚལ། དངོས་འབྱོར་ཡིད་སྤྲུལ་གྱི་མཆོད་པ། ཚེ་རབས་ཐོག་མེད་བྱས་བསགས་སྡིག་ལྟུང་བཤགས་པ། འཁོར་འདས་ལམ་གསུམ་གྱི་དགེ་བར་ཕྲག་དོག་མེད་པར་རྗེས་སུ་ཡི་རང་། སངས་རྒྱས་བྱང་སེམས་ཉན་ཐོས་དགེ་བའི་བཤེས་གཉེན་རྣམས་ལ་ཆོས་འཁོར་བསྐོར་བར་བསྐུལ་ཞིང་། མགོན་པོ་མྱ་ངན་ལས་འདའ་བར་བཞེད་པ་རྣམས་ལ་བཞུགས་གསོལ་འདེབས་པ། དུས་གསུམ་བསགས་པའི་དགེ་བ་གཞན་དོན་རྫོགས་བྱང་ཐོབ་ཕྱིར་བསྔོ་བ་རྣམས་ཀྱི་དོན་ལ་སེམས་གཞོལ་ནས། ངག་འདོན་ནི། གཤིས་རིག་མ་བཅོས་གཉུག་མར་ཕྱག་འཚལ་ཞིང་༔ གཏིང་མཐའ་བྲལ་བའི་འོད་གསལ་མཆོད་པ་འབུལ༔ འཁོར་བ་མྱང་འདས་མཉམ་ཉིད་ཀློང་དུ་བཤགས༔ བློ་བྲལ་ཆོས་ཟད་ཆེན་པོར་རྗེས་ཡི་རངས༔ ལྷུན་གྲུབ་རྫོགས་པ་ཆེན་པོའི་ཆོས་འཁོར་བསྐོར༔ འཁོར་བ་དོང་ནས་སྤྲུགས་པར་གསོལ་བ་འདེབས༔ འཁོར་གསུམ་དམིགས་མཐའ་བྲལ་བའི་ཕ་མཐར་བསྔོ༔ ཞེས་ལན་གསུམ། སྔོན་འགྲོ་གསོག་སྐབས་ཕྱག་འབུམ་ཐེར་ཡན་ལག་བདུན་པའི་སྐབས་བསགས་ན་ལེགས་ཤིང་། བློ་ཆེན་རྣམས་ཀྱིས་གཞུང་ཚིག་དང་མཐུན་པའི་ཡན་ལག་བདུན་པ་དམིགས་མཚན་བྲལ་བའི་ངང་དུ་འཇོག་པ་ཡེ་ཤེས་ཀྱི་ཚོགས་བསགས་པ་དང་། ཁྱད་པར་ཚོགས་བསགས་ཀྱི་རྒྱལ་པོ་མཎྜལ་འབུལ་བ། གསེར་དངུལ་ལི་ཤིང་རྡོ་ལེབ་སོགས་གང་འཛོམ་ལ། རིན་ཆེན་འབྲུ་སྨན་སོགས་ཅི་འབྱོར་སེར་སྣས་མ་སྦགས་པ་དངོས་གཙང་དང་། བ་བྱུང་དྲི་བཟང་གི་ཆུ་འདུ་བྱ། འབུམ་ཐེར་བསོག་སྐབས་སྒྲུབ་པའི་མཎྜལ་ཚོམ་བུ་ལྔ་པ་མདུན་དུ་ཉེར་སྤྱོད་མཆོད་པ་བཤམས། རང་གཞན་རྣམས་ཀྱི་ལུས་ལོངས་སྤྱོད་དུས་གསུམ་དགེ་ཚོགས་དང་བཅས་པ་རི་རབ་གླིང་བཞི། གླིང་ཕྲན། རིན་ཆེན་རི་བོ། དཔག་བསམ་གྱི་ཤིང་། འདོད་འཇོའི་བ། མ་རྨོས་ལོ་ཏོག །རྒྱལ་སྲིད་སྣ་བདུན། གཏེར་གྱི་བུམ་བཟང་། སྒེག་སོགས་བརྒྱད། ཉི་ཟླ། རིན་པོ་ཆེའི་གདུགས་དང་། རྒྱལ་མཚན་སོགས་སྲིད་ཞིའི་དཔལ་འབྱོར་མ་ཚང་བ་མེད་པ་སྤྲུལ་སྐུའི་ཞིང་ཁམས་རྒྱས་པར་བཀོད་དེ་འབུལ་བ་དང་། རང་ལུས་ཕུང་ཁམས་སྐྱེ་མཆེད་དབང་ཡུལ་དང་བཅས་པ་རྣམས། པགས་པ་གསེར་གྱི་ས་གཞི། ཁྲག་དང་བྱང་སེམས་ཀྱི་ཆག་ཆག །རྒལ་ཚིགས་རི་རབ། མགོ་བོ་རྣམ་རྒྱལ་ཁང་བཟང་། ཡན་ལག་ཉིང་ལག་གླིང་བཞི་གླིང་ཕྲན། དོན་སྣོད་རྣམས་རིན་ཆེན་རི་བོ། དཔག་བསམ་ཤིང་། འདོད་འཇོའི་བ་དང་། མ་རྨོས་པའི་ལོ་ཏོག །གཏེར་ཆེན་བུམ་པ། རྒྱལ་སྲིད་སྣ་བདུན། མིག་གཉིས་ཉི་ཟླ། སྙིང་ཡིད་བཞིན་ནོར་བུ་སོགས་སུ་སྤྲུལ་ནས་འབུལ་བའམ། ཡང་ན་ཟག་མེད་རྡོ་རྗེ་ལུས་ཀྱི་རྩ་དང་ཐིག་ལེའི་ཚོགས་ཇི་སྙེད་སྒྱུ་འཕྲུལ་དྲྭ་བ་འོག་མིན་གྱི་ཞིང་དང་བཀོད་པ། རྒྱན་དང་ཡེ་ཤེས་ཀྱི་རོལ་པ་བསམ་གྱིས་མི་ཁྱབ་པར་སྤྲུལ་ནས་ཟུང་འཇུག་ལོངས་སྤྱོད་རྫོགས་སྐུའི་ལྷ་ཚོགས་ལ་འབུལ་བ་དང་། གདོད་ནས་དག་པའི་དབྱིངས་སྟོང་པ་ཆེན་པོར་དབྱིངས་སྣང་ལྷུན་གྲུབ་འོད་གསལ་གྱི་ཚོམ་བུ་འབྱམས་ཀླས་པ་བླ་མ་ཆོས་སྐུའི་ལྷ་ཚོགས་ལ་བློས་ལུས་ཀྱི་ལས་སུ་ཚོམ་བུ་འགོད་པ་དང་བསྟུན་ངག་ཏུ། ཧཱུྃ༔ འབྱམས་ཀླས་ཟག་མེད་བདེ་ཆེན་ཆོས་ཀྱི་དབྱིངས༔ རབ་འབྱམས་སྲིད་ཞི་རང་བྱུང་རིག་པའི་ངང་༔ མི་འགྱུར་དབྱིངས་རིག་སྐུ་གསུམ་ཞིང་རབ་འབྱམས༔ སྣང་སྟོང་ལྷུན་གྲུབ་འོད་ལྔའི་ཚོམ་བུ་འབུལ༔ སྒྱུ་འཕྲུལ་ཟག་མེད་རྡོ་རྗེ་ལུས་ཀྱི་སྦུབས༔ འོད་ཀྱི་རྩ་དང་ཡེ་ཤེས་རླུང་ལྔའི་ཞིང་༔ རྒྱལ་བ་ཞི་ཁྲོ་རང་བྱུང་དམ་རྫས་དང་༔ གནས་ཡུལ་དུར་ཁྲོད་དཔའ་བོ་ཌཱཀྐིར་བཅས༔ དྭངས་མའི་གཤིས་རིག་མ་བྱུང་མ་སྐྱེས་ཤིང་༔ ཟག་བྲལ་བློ་འདས་གདོད་ནས་ཀུན་ཏུ་བཟང་༔ དག་པ་གཉིས་ལྡན་ཡེ་ཤེས་འཁོར་ལོ་འདི༔ རིག་འཛིན་རྒྱལ་བའི་དཀྱིལ་འཁོར་ལྷ་ལ་འབུལ༔ བཞེས་ནས་མཆོག་གི་དངོས་གྲུབ་བདག་ལ་སྩོལ༔ ཞེས་པས་འབུལ། གྲངས་གསོག་མཎྜལ་ཚོམ་བུ་སོ་བདུན་མ་ཅི་རིགས་དང་། ས་གཞི་སྤོས་ཆུའི་ལྟ་བུའི་གྲངས་གསོགས་ན་རུང་། གཞུང་གི་དངོས་བསྟན་ནང་གསང་གི་མཎྜལ་དོད་འདུག་ཀྱང་། སྐུ་གསུམ་མཎྜལ་གྱི་དམིགས་རིམ་གོང་གསལ་ལྟར་བྱས་པས་ཆོག་སྙམ། །དེ་ནས་དད་མོས་གདུང་ཤུགས་དྲག་པོས་གསོལ་བ་འདེབས་པ་ནི། བཀའ་དྲིན་དང་ཡོན་ཏན་རྗེས་སུ་དྲན་བཞིན་པས། ཧྲཱིཿསྲིད་ཞིའི་ངོ་བོ་རང་བྱུང་སྙིང་པོའི་བཅུད༔ འོད་གསལ་རྒྱལ་པོ་རང་གྲོལ་ཆོས་ཀྱི་སྐུ༔ མ་འགགས་སྣང་བ་གང་ཤར་ཡེ་ཤེས་ཀྱི༔ རྒྱལ་བའི་དཀྱིལ་འཁོར་མི་ཟད་ལོངས་སྤྱོད་རྫོགས༔ གང་འདུལ་ཐབས་ཀྱི་འགྲོ་བ་འདྲེན་པའི་མཆོག༔ ཕྱོགས་དུས་རྒྱལ་བ་ཀུན་འདུས་རིག་པ་འཛིན༔ ཐོད་ཕྲེང་རིགས་ལྔའི་སྐུ་གསུང་ཐུགས་རྡོ་རྗེ༔ ཡོན་ཏན་ཕྲིན་ལས་སྙིང་པོར་གསོལ་བ་འདེབས༔ མདོ་རྒྱུད་ལུང་དང་མན་ངག་ཆུ་བོའི་མགོ༔ བཀའ་གཏེར་སྙན་བརྒྱུད་ངེས་དོན་ཡོངས་ཀྱི་མཛོད༔ ཐར་གླིང་འགྲོ་བ་འདྲེན་པའི་དེད་དཔོན་མཆོག༔ དྲིན་ཅན་རྩ་བའི་བླ་མར་གསོལ་བ་འདེབས༔ རང་བྱུང་རང་རིག་ཤེས་པ་བཟོ་མེད་སྟོན༔ ཟག་མེད་དབྱིངས་རིག་སྣང་སྟོང་ལྷིང་བར་སྟོན༔ ལྷུན་གྲུབ་སྣང་སྟོང་དགའ་བཞི་སྙིང་པོར་སྟོན༔ འཕོ་མེད་མཆོག་གི་བདེ་ཆེན་འདིར་སྩོལ་ཅིག༔ ཅེས་གསོལ་འདེབས་ཁ་ཙམ་ཚིག་ཙམ་མིན་པར་སྙིང་ཐག་པ་ནས་གསོལ་བ་བཏབ། གསོལ་འདེབས་འབུམ་ཐེར་འདོན་ན། གུ་རུའི་ཚིག་བདུན་གསོལ་འདེབས་འབུམ་ཐེར་བསོགས་ཀྱང་ལེགས། གོང་གི་གསོལ་བདེབས་འདིའང་ཅི་ནུས་བཏོན། གཞན་ཡང་བླ་མ་སྐུ་གསུམ་གྱི་གསོལ་འདེབས་དང་། ལྷ་བཙུན་མཁའ་འགྲོའི་དབང་ཕྱུག་ཆེན་པོའི་གསོལ་འདེབས་ཞལ་གསུངས་སོགས་ཀྱང་སྤྲོ་ན་བྱ། གསོལ་འདེབས་ཐུགས་དམ་རྒྱུད་བསྐུལ་གྱི་བཟླས་པ་མ་གསུངས་ཀྱང་བྱས་ན་ལེགས་པས། སིདྡྷི་གཙོ་བོ་དང་། ཨོཾ་ཨཱཿ ཧཱུྃ་བུདྡྷ་བཛྲ་རཏྣ་པདྨ་ཀརྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛ་སིདྡྷི་ཕ་ལ་ཧཱུྃ༔ ཞེས་པའང་ཅི་རིགས་བཟླས། གྲངས་གསགས་ན་སིདྡྷི་འབུམ་ཕྲག་བཅུ་གཉིས། ཐོད་ཕྲེང་རྩལ་འབུམ་ཕྲག་གཅིག་གམ་ཁྲི་གསུམ་ཙམ་བཟླས་ཞིང་། དེ་དག་གི་སྐབས་སུ་ཤེས་པ་རྒྱ་འབྱམས་སུ་མི་གཏོང་བར་དད་མོས་བྱ་བ་དང་། བཀའ་དྲིན་དྲན་ཞིང་གཙོ་བོ་དབང་བླང་བའི་དམིགས་པ་དང་། རེས་འགའ་སྐུ་ལ་སེམས་འཛིན། རེས་འགའ་ཐུགས་ཡིད་བསྲེ་ཞིང་སེམས་ཅན་ལ་སྙིང་རྗེ་དང་། སྣོད་བཅུད་བླ་མའི་དཀྱིལ་འཁོར་དུ་རྫོགས་པའི་དམིགས་འདུན་སོགས་བྱའོ། །རྗེས་དབང་ཞུ་བ་ནི། སླར་ཡང་མོས་གུས་གདུང་ཤུགས་དྲག་པོས། སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ། མཁྱེན་བརྩེ་ནུས་པའི་བདག་ཉིད། དྲིན་ཅན་མཚོ་སྐྱེས་རྡོ་རྗེ། སྙིང་ནས་གསོལ་བ་འདེབས་སོ། །བདག་རྒྱུད་བྱིན་གྱིས་རློབས་ཤིག །ཅེས་ལན་གསུམ་དུ་གསོལ་བ་བཏབ་པས་ཨོ་རྒྱན་རྡོ་རྗེ་འཆང་ཤིན་ཏུ་དགྱེས་པ་ཆེན་པོས་ཞལ་འཛུམ་མུ་ལེ་སྤྱན་ཁྲ་ཅི་ལེ་བདག་སོགས་རྣམས་ལ་གཟིགས་ཤིང་། མཁྱེན་དང་བརྩེ་བས་ལྷག་པར་དགོངས་ཏེ་བྱིན་གྱིས་བརླབས་པར་མོས་ལ། བླ་མ་མཚོ་སྐྱེས་རྡོ་རྗེའི་དཔྲལ་བའི་ཨོཾ་དང་རྡོ་རྗེ་ཐོད་ཕྲེང་རྩལ་ཡབ་ཡུམ་གྱི་སྐུ་ལས་འོད་ཟེར་དང་བདུད་རྩི་དཀར་པོའི་རྒྱུན་བབས། རང་གི་སྤྱི་བོར་ཐིམ་པས་བུམ་དབང་ཐོབ། ལུས་དང་རྩ་ཡི་སྒྲིབ་པ་དག །བསྐྱེད་རིམ་བསྒོམ་པ་ལ་དབང་། འབྲས་བུ་སྤྲུལ་པའི་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས། བླ་མའི་མགྲིན་པའི་ཨཱཿ དང་། པདྨ་ཐོད་ཕྲེང་རྩལ་ཡབ་ཡུམ་གྱི་སྐུ་ལས་འོད་ཟེར་དང་བདུད་རྩི་དམར་པའི་རྒྱུན་བབས། རང་གི་མགྲིན་པར་ཐིམ། ངག་རླུང་གི་སྒྲིབ་པ་དག །ངག་སྔགས་དང་གཏུམ་མོ་བསྒོམ་པ་ལ་དབང་། འབྲས་བུ་ལོངས་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས། བླ་མའི་ཐུགས་ཀའི་ཧཱུྃ་དང་། བུདྡྷ་ཐོད་ཕྲེང་རྩལ་ཡབ་ཡུམ་གྱི་སྐུ་ལས་འོད་དང་བདུད་རྩིའི་རྒྱུན་སྔོན་པོ་འཕྲོས། རང་གི་སྙིང་གར་ཐིམ། ཡིད་དང་ཐིག་ལེའི་སྒྲིབ་པ་དག །ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཕོ་ཉའི་ལམ་བསྒོམ་པ་ལ་དབང་། འབྲས་བུ་ཆོས་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས། བླ་མའི་ལྟེ་བའི་སྭཱ་དང་རཏྣ་ཐོད་ཕྲེང་རྩལ་ཡབ་ཡུམ་གྱི་སྐུ་ལས་འོད་དང་བདུད་རྩིའི་རྒྱུན་སེར་པོ་དང་། བླ་མའི་གསང་གནས་ཀྱི་ཧཱ་ལྗང་ཁུ་དང་། ཀརྨ་ཐོད་ཕྲེང་རྩལ་ཡབ་ཡུམ་གྱི་སྐུ་ལས་འོད་ཟེར་དང་བདུད་རྩིའི་རྒྱུན་འཕྲོས། བདག་གི་ལྟེ་གསང་གཉིས་སུ་བབས། སྒོ་གསུམ་ཆ་སྙོམས་དང་། ཤེས་བྱའི་སྒྲིབ་པ་བག་ཆགས་དང་བཅས་པ་སྦྱངས། ཚིག་དབང་རིན་པོ་ཆེ་དང་རིག་པའི་རྩལ་དབང་ཐོབ། ལམ་བློ་འདས་རྫོགས་པ་ཆེན་པོ་ཀ་དག་ལྷུན་གྲུབ་དབྱེར་མེད་བསྒོམ་པ་ལ་དབང་། འབྲས་བུ་ཡེ་ཤེས་རྡོ་རྗེ་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས། སླར་ཡང་མོས་གུས་དྲག་པོས་གསོལ་བ་བཏབ་པས་བླ་མའི་སྐུ་ཡི་གནས་ལྔའི་ཐོད་ཕྲེང་སྡེ་ལྔ་འོད་ཟེར་ཁ་དོག་དཀར་དམར་མཐིང་སེར་ལྗང་བའི་ཐིག་ལེར་གྱུར། དེ་རྣམས་ལས་འོད་དང་བདུད་རྩི་ཁ་དོག་ལྔ་ལྡན་དུ་བབས། རང་གི་གནས་ལྔར་ཐིམ། དབང་དང་བྱིན་རླབས་དངོས་གྲུབ་ཐམས་ཅད་ཤིན་ཏུ་བརྟན་པར་བྱས། བླ་མ་མཚོ་སྐྱེས་རྡོ་རྗེ་ཤིན་ཏུ་དགྱེས་པ་ཆེན་པོས་འོད་ཀྱི་གོང་བུ་དཀར་ལ་དམར་བའི་མདངས་ཅན་གཏིང་གསལ་ཁ་དོག་ལྔ་ལྡན་དུ་གྱུར་པ་རང་གི་སྤྱི་བོ་ནས་སྙིང་དབུས་སུ་སིབ་ཀྱིས་ཐིམ་པ་དང་། རང་རིག་དཔལ་ལྡན་བླ་མའི་རང་ཞལ་བསྐྱངས་པའི་ངང་ལ་འཇོག་པ་སོགས་ཀྱི་དོན་དྲན་བཞིན་ངག་ཏུ། སྣང་གྲགས་ཐམས་ཅད་རྒྱལ་བའི་སྐུ་དང་གསུང་༔ ཐུགས་ཀྱི་རྡོ་རྗེ་ཐིག་ལེ་འོད་ལྔའི་བཅུད༔ སྤྱི་མགྲིན་སྙིང་ཁ་ལྟེ་གསང་གནས་ལྔར་བབས༔ སྒོ་ལྔར་འཛིན་སྣང་འོད་སྐུན་རྒྱ་རལ་ནས༔ ཆུ་ཟླ་སྤྲུལ་པ་སྒྱུ་མའི་དཔེ་བརྒྱད་དང་༔ འོད་གསལ་སྟོང་དབྱིངས་ཆེན་པོ་མཁའ་སྤྱོད་སྦུབས༔ འོག་མིན་རྡོ་རྗེ་གདན་གཞིར་དབང་བཞི་རྫོགས༔ ཕྱིར་མི་ལྡོག་པ་རྒྱ་ཡི་མཛེས་སྐུར་བསྟན༔ སྲིད་གསུམ་འགྲོ་ཀུན་མོས་པ་རྒྱ་མཚོའི་མཁར༔ གང་འདུལ་སྤྲུལ་པའི་འོད་ཟེར་མཐའ་ཡས་པ༔ རྒྱལ་བའི་ཞིང་ནས་བདག་གི་ཡོངས་སྤྲོས་ཏེ༔ ཁམས་གསུམ་འཁོར་བ་དོང་ནས་སྤྲུགས་པར་ཤོག༔ ཀཱ་ཡ་ཝཱཀྐ་ཙིཏྟ་སིདྡྷི་ཧཱུྃ༔ ཞེས་བརྗོད་ལ་བླ་མ་རང་ལ་བསྟིམ༔ ཐུགས་ཡིད་བསྲེ་པའི་ངང་ལ་ཅི་གནས་སུ་བཞག །ཐུན་ལས་ལྡང་བ་ན། ཧོཿམནན་ན་ནེམ་བྱེད་བཏེགས་ན་རབ་འཕར་བའི༔ ཕྱི་ནང་མེད་པ་འོད་ལྔ་ཡེ་ཤེས་སྦུབས༔ གསལ་འགྲིབ་བྲལ་བ་རང་བྱུང་རིག་པའི་གཞིཿསྐུ་ཞིང་གདུལ་བྱ་རྣམ་དབྱེར་མེད་པའི་མཁའ༔ ཆོས་དབྱིངས་སྒྱུ་མ་རྡོ་རྗེ་སྙིང་པོའི་གཞིར༔ ཀུན་བཟང་སྣང་མཐའ་འོད་དཔག་མེད་པའི་མགོན༔ ཅིར་ཡང་མ་གྲུབ་སྲིད་ཞི་ཡོངས་ཁྱབ་སྟེ༔ ཟབ་གསང་རྡོ་རྗེའི་སྦུབས་སུ་སངས་རྒྱས་ཤོག༔ ཆོས་དབྱིངས་ཀློང་འདིར་རྒྱལ་བའི་སྐྱེད་མོས་ཚལ༔ བདག་གི་སྤྲུལ་པས་ཞིང་ཀུན་ཕྱུར་བུར་སྤུངས༔ མཛད་པ་རྒྱ་མཚོ་བསྡུ་བཞིའི་ཆོས་འཁོར་གྱི༔ སྲིད་གསུམ་འགྲོ་བའི་དེད་དཔོན་ཆེན་པོར་ཤོག༔ ཅེས་བརྗོད་འཁོར་གསུམ་དམིགས་པ་མེད་པའི་ཤེས་རབ་ཟབ་མོ་དང་། སྙིང་རྗེ་ཆེན་པོ་གཉིས་སུ་མེད་པས་དུས་གསུམ་བསགས་པའི་དགེ་ཚོགས་ཐམས་ཅད་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀ་དག་གི་གྲོལ་གཞི་གཞོན་ནུ་བུམ་པ་སྐུ་ཡི་དབྱིངས་སུ་མངོན་པར་བྱང་ཆུབ་པའི་ཕྱིར་དུ་བསྔོ་སྨོན་དང་། སླར་ཡང་བླ་མ་རྩ་གསུམ་རྒྱལ་བ་སྲས་བཅས་ཀྱིས་བཀྲ་ཤིས་པའི་བདེན་ཚིག་དང་། མེ་ཏོག་གི་ཆར་སིལ་མར་བསྙིལ་བས་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་དཔལ་ལྡན་བླ་མ་མཚོ་སྐྱེས་རྡོ་རྗེའི་བྱིན་རླབས་བཀྲ་ཤིས་ཀྱི་སྣང་བས་ཁྱབ་པར་མོས་ལ། ངག་འདོན་ནི། འོད་གསལ་སྙིང་པོ་དོན་གྱི་གཞལ་ཡས་ནས༔ བརྒྱུད་གསུམ་བླ་མ་འཇའ་ལུས་རྡོ་རྗེའི་སྐུ། མི་ཟད་རྒྱན་གྱི་འཁོར་ལོའི་སྤྲུལ་པ་ཡི༔ ཨ་ཏིའི་སྒྲུབ་བརྒྱུད་འཕེལ་བའི་བཀྲ་ཤིས་ཤོག༔ སྲིད་ཞི་གཞིར་རྫོགས་འབྲས་བུ་ཆོས་ཟད་ཀློང་༔ བདེ་ཆེན་མི་གཡོ་ཐར་གླིང་དགའ་བདེའི་གཞིར༔ འགྲོ་བ་རིགས་དྲུག་ཟག་མེད་འོད་གསལ་དང་༔ ཉིན་མཚན་བདེ་ལེགས་སྐྱོང་བའི་བཀྲ་ཤིས་ཤོག༔ ཅེས་བརྗོད་པས་དགེ་ལེགས་སུ་བྱའོ། །ཐུན་མཚམས་ཐམས་ཅད་དུ་ཕྱག་བསྐོར་སོགས་དང་བླ་མ་ཨོ་རྒྱན་རིན་པོ་ཆེའི་སྐུ་གསུམ་ཐུགས་ཀྱི་ཁྱེར་སོ་གསུམ་དང་མི་འབྲལ་ཞིང་དྲན་ཤེས་བག་ཡོད་ལ་བསླབ་ཅིང་ལམ་ཁྱེར་རྨི་ལམ་འོད་གསལ་བར་དོ་སོགས་ཀྱང་བླ་མའི་ལམ་ཁྱེར་གྱིས་སྦྱངས་པ་དང་། བཟའ་བཏུང་གི་ཕུད་ཀྱིས་མཆོད་པ། གོས་གྱོན་པ་དང་། ཁྲུས་ཀྱི་རྣལ་འབྱོར་སོགས་སྤྱོད་ལམ་ཐམས་ཅད་བླ་མའི་ལམ་ཁྱེར་ཤེས་པ་དང་། འདི་ཕྱི་བར་དོ་ཐམས་ཅད་ཀྱི་བློ་གཏད་ཅིག་ཆོག་ལམ་ཟབ་བླ་མ་སྒྲུབ་པ་ཁོ་ནར་འདུས་ཤིང་། འདི་ལྟ་བུའི་སྔོན་འགྲོའི་ཉམས་ལེན་མཐར་ཕྱིན་པས་སྤྲོས་བཅས་སྤྲོས་མེད་ཀྱི་བསྐྱེད་རིམ། རླུང་དང་གཏུམ་མོའི་རྣལ་འབྱོར། ཐབས་ལམ། ཀ་དག་ལྷུན་གྲུབ་ཀྱི་ཉམས་ལེན་སོགས་དབང་བཞིའི་ཁྲིད་རིམ་མཐའ་དག་རྩ་བའི་གཞུང་དང་རྒྱབ་ཆོས། བླ་མ་ཉམས་མྱོང་ཅན་གྱི་ཞལ་སྒོ་ལས་ལེགས་པར་ཉན་ཏེ་དབེན་པའི་གནས་སུ་ཉམས་ལེན་ལ་ས་སྡེར་བཙུགས་ནས་རང་རྒྱུད་གྲོལ་ཞིང་། གཞན་དོན་རྒྱ་ཆེར་འབྱུང་བའི་ཐབས་ལ་བརྩོན་པར་བྱའོ། །སླར་སྨྲས་པ། སྙིགས་དུས་བི་མ་དངོས་སྣང་ལྷ་བཙུན་ཆེ། །ནམ་མཁའ་འཇིགས་མེད་ཧེ་རུ་ཀ་དཔལ་དངོས། །བདག་གི་སྐྱབས་གཅིག་བཀའ་དྲིན་མཚུངས་བྲལ་དེས། ངེས་པར་རྟག་ཏུ་ཐུགས་རྗེས་བསྐྱབ་ཡོད་སྙམ། །བདེ་བའི་མལ་ན་སྐྱིད་པའི་ཚད་གཅིག་འདུག །དེ་ཡི་དག་སྣང་རིག་འཛིན་སྲོག་སྒྲུབ་ལ། །བདག་བློ་སྦྱངས་བརྩོན་ཕྲ་ཡང་སྔོན་སྨོན་གྱི། དམ་པའི་མགོན་རྣམས་དྲིན་ལས་སྨིན་གྲོལ་རྣམས། །ལེགས་པར་ནོས་པའི་སྐལ་བཟང་མཆོག་གྱུར་པས། །དལ་བའི་རྟེན་འདི་བྱིན་དང་ལྡན་པར་སྒྲུབ། །དེ་ཡིས་བློ་གྲོས་སྤོབས་པའི་ཤེད་བསྐྱེད་ཅིང་། །ཚུལ་འདིར་རབ་དགའི་ཏིང་འཛིན་ཚུས་བརླན་པས། །བཀྲ་ཤིས་དཔག་བསམ་སྡོང་པོ་རྒྱས་པ་དང་། ཟུང་འཇུག་སྐུ་དང་ཡེ་ཤེས་འཆར་བ་དང་། །བྲག་རིའི་བ་གམ་བཀྲ་ཤིས་ལྡིང་གུར་གྱི། །ངོ་མཚར་བཀོད་པ་དུས་གསུམ་ཀུན་ཏུ་རྒྱལ། །འདིར་དགེས་འབྲེལ་ཐོགས་གཙོར་བྱས་སེམས་ཅན་རྣམས། །རྣམ་གྲོལ་རིག་པའི་ཡེ་ཤེས་འདབ་སྟོང་བཞད། འོད་གསལ་དྭངས་མའི་འཇའ་སྐུ་མངོན་གྱུར་ཏེ། ལྷུན་གྲུབ་ཆེན་པོའི་བཙན་ས་ཟིན་པར་ཤོག | ན་མོ་གུ་རུ་པདྨ་ཀ་ར་ཤྲཱི་ག་ག་ན་ནིརྦྷ་ཡཿགང་གི་མཚན་ཙམ་རྣ་བར་ལྷུང་བས་ཀྱང་། །འཁོར་བའི་འཇིགས་པ་ཆེ་ལ་སྐྱོབས་མཛད་པ། །རྩ་བའི་བླ་མ་ཨོ་རྒྱན་པད་འབྱུང་དང་། །དབྱེར་མེད་ཁྲག་འཐུང་ནམ་མཁའ་འཇིགས་མེད་ལ། །གུས་པས་བཏུད་ནས་ཐེག་མཆོག་སྙིང་པོའི་དོན། །ཉམས་སུ་ལེན་འདོད་སྐལ་བཟང་སྐྱེ་བོ་རྣམས། །དང་པོར་འཇུག་པའི་སྔོན་འགྲོ་ཐུན་མོང་དང་། །ཐུན་མིན་ངག་འདོན་ཁྲིགས་བསྡེབས་དབྱེ་བར་བྱ། །དེ་ལ་འདིར་ལྷ་བཙུན་ཆེན་པོ་ནམ་མཁའ་འཇིགས་མེད་ཀྱི་དག་སྣང་གི་ཆོས་སྡེ་རྩ་གསུམ་རིག་འཛིན་སྲོག་སྒྲུབ་ཀྱི་བསྐྱེད་རྫོགས་ཟབ་མོ་ཉམས་སུ་ལེན་པར་འདོད་པ་རྣམས་ཀྱིས་ཐོག་མར་སྔོན་འགྲོ་ཐུན་མོང་དང་ཐུན་མིན་གྱིས་རྒྱུད་སྦྱོང་བ་གལ་ཆེ་བས། དེའང་དལ་བརྒྱད་འབྱོར་བཅུས་བརྒྱན་པའི་མིའི་ལུས་རྟེན་འདི་ཉིད་དཔེ་གྲངས་རྒྱུ་གསུམ་ངོ་བོ་གང་ལ་བསམས་ཀྱང་རྙེད་པར་དཀའ་ཞིང་། འཕྲལ་བྱུང་རྐྱེན་དང་རིས་ཆད་བློའི་མི་ཁོམ་བརྒྱད་ཚན་གཉིས་པོ་ཡང་འབྱུང་བར་ཉེ་བའམ། བྱུང་ཟིན་པའི་ཚུལ་ལ་སྤང་བླང་ལེགས་པར་བསམ་ཞིང་རྙེད་དཀའི་རྟེན་འདི་དོན་མེད་ཆུད་ཟོས་སུ་མི་བཏང་བར་སྙིང་པོ་ལེན་དགོས་པར་དཔེ་དོན་སྣ་ཚོགས་དྲན་པའི་སྒོ་ནས་ཡང་ཡང་བསམ། དེ་ལྟར་ཐོབ་པའི་དལ་རྟེན་འདིའང་ཡུན་རིང་དུ་མི་རྟག་པར་ཕྱི་སྣོད་འཇིག་རྟེན། ནང་བཅུད་སེམས་ཅན་རྣམས་ཀྱི་འགྱུར་ལྡོག །སྐྱེས་བུ་དམ་པ་རྣམས་ཀྱང་མྱ་ངན་འདའ་ཚུལ་སྟོན་པ། མྱུར་དུ་འཆི་བ། ནམ་འཆི་ཆ་མེད། འཆི་རྐྱེན་ངེས་མེད་རྣམས་ལ་བསམ་ནས་སྒྱུ་མའི་དཔེ་བརྒྱད་སོགས་ཀྱི་དོན་ལ་བསམ་ནས་བསྒོམ། དེ་ལྟ་བུའི་འཆི་བ་ཐོག་ཏུ་བབ་ན་འཁོར་དང་ལོངས་སྤྱོད་གང་ཡང་རྗེས་སུ་མི་འབྲང་ཞིང་། ལས་དགེ་སྡིག་གང་བསགས་པ་ཐམས་ཅད་ཕྱི་བཞིན་དུ་འབྲང་ནས་རྒྱུ་རྐྱེན་འཛོམས་པ་ན། བྱས་པ་ཆུད་མི་འཛའ་བར་ངེས་པར་རང་གི་རྣམ་ཤེས་ཀྱིས་ཟིན་པའི་ཕུང་པོ་འབའ་ཞིག་གི་སྟེང་དུ་སྨིན་པར་འགྱུར་ཞིང་། དེའང་མི་དགེ་བའི་ལས་ཀྱིས་ངན་སོང་དུ་འཕེན། ཟག་བཅས་དགེ་བའི་ལས་ཀྱིས་མཐོ་རིས་གསུམ་དུ་སྐྱེས་ནའང་། སླར་ངན་སོང་རྣམས་སུ་སྐྱེ་བར་ཤས་ཆེ་ཞིང་། གང་དུ་སྐྱེས་ཀྱང་སྡུག་བསྔལ་གསུམ་དང་། བྱེ་བྲག་གི་སྡུག་བསྔལ་རྣམས་ཀྱིས་མནར་བའི་ཚུལ་ལ་ལེགས་པར་བསམ་ནས་རྒྱུ་མི་དགེ་བ་ཆ་དང་བཅས་པ་དང་དུ་བླང་བར་བྱ་བ་དང་། དེའང་ཉོན་མོངས་པ་ཞེ་སྡང་གིས་གཙོར་བསྐྱེད་པའི་ལས་ཀྱིས་དམྱལ་བ། འདོད་ཆགས་ཀྱི་ཀུན་ནས་སློང་བའི་ལས་ཀྱིས་ཡི་དྭགས། གཏི་མུག་གི་ལས་ཀྱིས་དུད་འགྲོ། ཕྲག་དོག་གིས་ལྷ་མ་ཡིན། ང་རྒྱལ་གྱིས་ལྷ་དང་། ཐེ་ཚོམ་གྱི་སྒྲིབ་པས་མིར་སྐྱེ་བ་དང་། ཟག་བཅས་དགེ་བའི་ལས་ཆུང་ངུས་མི། འབྲིང་གིས་འདོད་ལྷ། ཆེན་པོས་གཟུགས་ཁམས་གཟུགས་མེད་རྣམས་སུ་སྐྱེ་བ་དང་། མཚམས་མེད་ལས་དང་ལོག་ལྟ་དང་། དམ་པའི་ཆོས་སྤངས་པ་དང་། ཟབ་མོའི་ཆོས་ཡང་དག་པ་ལ་སྐུར་འདེབས་བྱེད་པ་སོགས་ཉེས་པ་ཤིན་ཏུ་ལྕི་ཞིང་། དེའང་སྐྱེས་བུ་དམ་པ། མཁན་སློབ། ཕ་མ་སོགས་ལ་བརྟེན་པའི་དགེ་སྡིག་གང་བྱས་ལྕི་ཞིང་། གསང་སྔགས་ཀྱི་དམ་སྡོམ་ཉམས་པས་རྡོ་རྗེའི་དམྱལ་བར་སྐྱེ་བ་ལས་མེད་པས། དེས་ན་རྒྱུ་འབྲས་སྤང་བླང་བྱ་བ་ལ་ཤིན་ཏུ་གཟབ་པར་བྱ་དགོས་པ་རྣམས་ལེགས་པར་བསམ་པར་བྱས་ནས་དེ་རྣམས་ངག་འདོན་གྱིས་ཉམས་སུ་བླངས་བར་འདོད་པས་གནས་དབེན་པར་བདེ་བའི་སྟན་ལ་བསམ་གཏན་གྱི་ཆོས་དང་ལྡན་པས་རླུང་རོ་ལན་གསུམ་མམ་དགུ་སྤྲུགས་སུ་བསལ་བས་ཉོན་མོངས་དུག་གསུམ་གྱི་ལས་རླུང་ཐམས་ཅད་དཀར་དམར་ནག་པའི་ཁ་དོག་ཅན་འོད་མི་གསལ་བ་མོག་མོག་པོའི་རྣམ་པས་ཕྱིར་དོན་པར་བསམ། དེ་རྗེས་རླུང་འབྱུང་འཇུག་དལ་བུས་རྣལ་དུ་དབབ། མདུན་གྱི་ནམ་མཁར་བླ་མ་བསྒོམ་ལ། ན་མོ་གུ་རུ། དཔལ་ལྡན་རྩ་བའི་བླ་མ་རིན་པོ། །སོགས་དང་། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་རིན་པོ་ཆེ་མཁྱེན་ནོ། །བདག་གི་རྒྱུད་སྨིན་ཅིང་གྲོལ་བར་བྱིན་གྱིས་བརླབ་ཏུ་གསོལ། ཟབ་ལམ་གྱི་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། །ཚེ་འདི་ཉིད་ལ་འོད་གསལ་རྫོགས་པ་ཆེན་པོའི་ལམ་མཆོག་མཐར་ཕྱིན་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ་ལ་བླ་མ་རང་ལ་བསྟིམ། འདི་ནི་ཐུན་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ་གལ་ཆེའོ། །རྒྱས་པར་ལྷ་བཙུན་ཆེན་པོར་གསོལ་འདེབས་དང་། རིག་འཛིན་དྲག་པོའི་སྐུར་བསྐྱེད་པ་ཧཱུྃ་བཟླས་སོགས་བྱས་ཀྱང་ལེགས། སྔོན་འགྲོ་དངོས་ལ་ཐུན་མོང་གི་སྔོན་འགྲོ་ལ་བློ་ལྡོག་རྣམ་པ་བཞི་བསྒོམ་པའི་ངག་འདོན་ནི། དལ་འབྱོར་འདི་ནི་ཤིན་ཏུ་རྙེད་པར་དཀའ། །སྐྱེས་བུ་དོན་སྒྲུབ་ཐོབ་པར་གྱུར་པ་ལ། །གལ་ཏེ་འདི་ལ་ཕན་པ་མ་བསྒྲུབ་ན། །ཕྱིས་ནས་ཡང་དག་འབྱོར་པ་ག་ལ་འགྱུར། །སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ། །འགྲོ་བའི་སྐྱེ་འཆི་གར་ལ་ལྟ་དང་མཚུངས། །འགྲོ་བའི་ཚེ་འགྲོ་ནམ་མཁའི་གློག་འདྲ་སྟེ། །རི་གཟར་འབབ་ཆུ་བཞིན་དུ་མྱུར་མགྱོགས་འགྲོ། །དུས་ཀྱིས་ཉེན་ནས་རྒྱལ་པོ་འགྲོ་གྱུར་ན། ལོངས་སྤྱོད་མཛའ་དང་གཉེན་བཤེས་རྗེས་མི་འབྲང་། །སྐྱེས་བུ་དག་ནི་གར་གནས་གར་འགྲོ་ཡང་། །ལས་ནི་གྲིབ་མ་བཞིན་དུ་རྗེས་སུ་འབྲང་། །སྲེད་སྲིད་མ་རིག་དབང་གིས་སྐྱེ་བོ་རྣམས། མི་དང་ལྷ་དང་ངན་སོང་རྣམ་གསུམ་པོ། །འགྲོ་བ་ལྔ་པོ་དག་ཏུ་མི་མཁས་འཁོར། །དཔེར་ན་རྫ་མཁན་འཁོར་ལོ་འཁོར་བ་བཞིན། །སྲིད་གསུམ་རྒ་དང་ནད་ཀྱི་སྡུག་བསྔལ་འབར། །འདི་ན་འཆི་མེ་རབ་འབར་མགོན་མེད་དེ། །སྲིད་ལས་བྱུང་ལ་འགྲོ་བ་རྟག་ཏུ་རྨོངས། །བུམ་པར་ཆུད་པའི་བུང་བ་འཁོར་བ་བཞིན། །དེས་ན་ཐར་པ་དམ་པའི་ལམ་མཆོག་ལ། །སྤྲོ་བ་ཆེན་པོས་བརྩོན་འགྲུས་ཤུགས་བསྐྱེད་དེ། །སྲིད་པའི་ཆུ་བོ་བཞི་ལས་བརྒལ་ནས་ནི། །བླ་མེད་བྱང་ཆུབ་གོ་འཕང་བསྒྲུབ་པར་བྱ། །ཞེས་ངག་ནས་འདོན་བཞིན་དོན་ལ་བསམས་ནས་ངེས་འབྱུང་གི་བློ་བཅོས་པར་བྱའོ། །གཉིས་པ་ཐུན་མིན་ཁྱད་པར་གྱི་སྔོན་འགྲོ་ལ། དང་པོ་སྐྱབས་སུ་འགྲོ་བ་ལ་ཚོགས་ཞིང་གསལ་གདབ་པ་ནི། ས་ཕྱོགས་དག་པའི་ཞིང་ཁམས་ཆེན་པོའི་དབུས། །མདུན་མཁར་པདྨ་དམར་པོ་འདབ་བཞི་པ། །དེ་ལས་གྱེས་པའི་འདབ་མ་སྟོང་ཕྲག་བརྡལ། །ཟླ་བའི་གདན་རེ་དེ་སྟེང་པད་དཀར་ནི། །འདབ་བཞི་འདབ་ཕྲན་སྟོང་གིས་བསྐོར་བའི་དབུས། །ཟླ་ཉིའི་སྟེང་དུ་རྩ་བའི་བླ་མ་ནི། །མཚོ་སྐྱེས་རྡོ་རྗེ་དཀར་དམར་མདངས་ལྡན་པ། །ཞལ་གཅིག་ཕྱག་གཉིས་རྡོ་རྗེ་ཐོད་ཞལ་བསྣམས། །དབུ་སྐྲ་ཐོར་ཚུགས་རིན་ཆེན་རུས་རྒྱན་སྤྲས། །མཆན་གཡོན་མནྡཱ་ར་བ་སྦས་ཚུལ་གྱིས། །ཁ་ཊྭཱྃ་དཀུར་བརྟེན་འོད་ཕུང་ཀློང་ན་བཞུགས། །མཐའ་བསྐོར་དགོངས་བརྡ་སྙན་བརྒྱུད་བླ་མས་བསྐོར། །གཡས་ཕྱོགས་སྟོན་པ་ཐུབ་པའི་དབང་པོ་ལ། །བསྐལ་བཟང་སངས་རྒྱས་སྟོང་དང་རྒྱབ་ཕྱོགས་སུ། །མདོ་སྔགས་རྒྱུད་སྡེའི་གླེགས་བམ་བགྲང་ལས་འདས། །གཡོན་དུ་བྱང་སེམས་ཉན་རང་འཕགས་པའི་ཚོགས། །མདུན་དུ་རྒྱུད་སྡེ་བཞི་ཡི་ལྷ་ཚོགས་དང་། །མཐའ་སྐོར་ཆོས་སྐྱོང་གཙང་རིས་དཔལ་མགོན་ཚོགས། །ནོར་ལྷ་གཏེར་བདག་དཀར་ཕྱོགས་སྐྱོང་བ་རྣམས། །མངོན་སུམ་བཞིན་དུ་བཞུགས་པར་གསལ་བ་ལ། །བདག་སོགས་རྩེ་གཅིག་གུས་པས་སྐྱབས་སུ་འགྲོ། །ཨོཾ་ཨཱཿ ཧཱུྃ༔ མཁའ་མཉམ་སྲིད་ཞིའི་སྐྱབས་ཀུན་སྙིང་པོའི་བཅུད༔ དབང་དྲག་རིག་འཛིན་པདྨ་ཐོད་ཕྲེང་རྩལ༔ ཁྱོད་སྐུར་སྣང་སྲིད་རྒྱལ་བའི་དཀྱིལ་འཁོར་རྫོགས༔ འགྲོ་ཀུན་སྲིད་ལས་བསྒྲལ་ཕྱིར་སྐྱབས་སུ་མཆི༔ ཞེས་ལན་གསུམ་ཉུང་མཐར་བྱས་པ་དང་། །སྐྱབས་ཡུལ་སྐུ་ཡི་གནས་གསུམ་འབྲུ་གསུམ་ལས། །འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས་པ་ཡིས། །བདག་གཞན་ལ་ཕོག་སྡིག་སྒྲིབ་ཉེས་ལྟུང་དག །ཐམས་ཅད་འོད་ཀྱི་ལུས་གྱུར་མཁའ་སྤྱོད་གཤེགས། །སྐྱབས་ཡུལ་རྣམས་དང་རང་སེམས་དབྱེར་མེད་བསྲེས། །མི་དམིགས་ཆོས་དབྱིངས་བརྗོད་བྲལ་ངང་དུ་བཞག །གཉིས་པ་སེམས་བསྐྱེད་ནི། ནམ་མཁའ་མཉམ་པའི་སེམས་ཅན་ཐམས་ཅད་ནི། །བདག་གི་ཕ་མར་མ་གྱུར་གཅིག་ཀྱང་མེད། །ཕན་བཏགས་དྲིན་ཆེའི་ཚུལ་ལ་ལེགས་བསམས་ནས། །ད་ལྟ་འཁོར་བའི་སྡུག་བསྔལ་གྱིས་མནར་ལ། །ཚོད་མེད་བྱམས་དང་སྙིང་རྗེས་ཀུན་སློངས་ཏེ། །ངག་འདོན་ནི། གསང་མཆོག་འོད་གསལ་ཡེ་ཤེས་ཐིག་ལེའི་གཞིར༔ འགྲོ་ཀུན་སྒྲིབ་གསུམ་དག་ནས་སྐུ་དང་གསུང་༔ ཐུགས་ཀྱི་ཐིག་ལེ་ལྷུན་གྲུབ་སྣང་བཞིའི་ངང་༔ གཞོན་ནུ་བུམ་སྐུར་གྲོལ་བར་སེམས་བསྐྱེད་དོ༔ ཞེས་གྲངས་ཅི་ནུས་གསོགས། བར་མཚམས་སུ་བདག་གཞན་མཉམ་བརྗེས་ཀྱི་བློ་སྦྱོང་ཡང་ཡང་བསྒོམ། ཐུན་མཚམས་ཡན་ལག་བདུན། ཕྱག་བསྐོར། ཤེར་ཕྱིན་གྱི་མདོ་བཀླགས་པ་སོགས་ཅི་ནུས་དང་། བདག་གཞན་ཐམས་ཅད་མེད་སྣང་སྒྱུ་མའི་རང་བཞིན་དུ་བལྟས་ལ་སྙིང་རྗེ་ཤུགས་དྲག་ཏུ་བསྐྱེད་པར་བྱའོ། །སྐྱབས་སེམས་སྦྲེལ་ན་གོང་གི་སྐྱབས་ཡུལ་མི་བསྡུ་བར་དཔང་པོའི་ཚུལ་དུ་འཇོག་ལ། སེམས་བསྐྱེད་ཚར་རྗེས་སྐྱབས་ཡུལ་བསྡུ་བསྟིམ་བྱས་ཀྱང་ལེགས། གསུམ་པ་སྡིག་སྒྲིབ་སྦྱོང་བ་རྡོ་རྗེ་སེམས་དཔའི་བསྒོམ་བཟླས་ནི། བདག་གཞན་སེམས་ཅན་ཐམས་ཅད་ཀྱི་སྤྱི་བོར་རང་གི་རིག་པའི་སྣང་ཆར་པཾ་ལས་པདྨ། ཨ་ལས་ཟླ་བ། ཨ་ལས་ཉི་མ། དེའི་སྟེང་རང་རིག་ཨ་ཡིག་འོད་འབར་བ་ལས་འོད་ཟེར་སྤྲོ་བསྡུའི་སྣང་སྲིད་ཀྱི་ཆོས་རྣམས་ཀྱི་མ་དག་པ་ཐམས་ཅད་སྦྱངས། དག་པ་མཁའ་སྤྱོད་འཇའ་འོད་ལྔ་ལྡན་གྱི་གུར་ཁང་། སངས་རྒྱས་རྣམས་ཀྱི་ཡེ་ཤེས་ཆེན་པོའི་རང་སྣང་ལས་གྲུབ་པའི་རྡོ་རྗེ་སྙིང་པོའི་ཕོ་བྲང་ཆེན་པོར་གྱུར་པ་དང་། ཨ་ཡིག་གི་སྟེང་དུ་རང་རིག་བླ་མའི་ངོ་བོ་ཧཱུྃ་དཀར་པོ། དེ་ལས་འོད་ཟེར་སྤྲོ་བསྡུས་ཧཱུྃ་ལ་ཐིམ། དེ་ཡོངས་སུ་གྱུར་བ་ལས་རྡོ་རྗེ་སེམས་དཔའ་ཞི་ཚུལ་དགུ་དང་རྒྱན་ཆས་བཅུ་གསུམ་གྱིས་སྤྲས་པ། ཞབས་རྡོར་སྐྱིལ་དང་། དེ་ལས་ཞི་ཁྲོའི་དཀྱིལ་འཁོར་རིགས་ལྔ་རིགས་བརྒྱ་བསམ་གྱིས་མི་ཁྱབ་པ་སྤྲོ་བསྡུས་བདག་ཉིད་དུ་བཞུགས་པའི་སྤྱི་བོར་ཟླ་གདན་སྟེང་ཨོཾ་དཀར་ལ་ཡིག་བརྒྱ་དཀར་པོས་བསྐོར་བ། མགྲིན་པར་ཟླ་བའི་སྟེང་ཨཱཿ དམར་ལ་ཡིག་བརྒྱ་དམར་པོས༴ཐུགས་ཀར་ཟླ་གདན་ཧཱུྃ་སྔོན་པོའི་མཐའ་ཡིག་བརྒྱ་སྔོན་པོས་བསྐོར་བ་རྣམས་ལས་འོད་ཟེར་འཕྲོས་རྒྱལ་བ་སྲས་དང་བཅས་པའི་བྱིན་རླབས་ཐམས་ཅད་བླ་མ་རྡོ་རྗེ་སེམས་དཔའི་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱའི་རྣམ་པར་ཚད་མེད་གྲངས་མེད་སྤྱན་དྲངས་སྐུ་དང་སྔགས་ཕྲེང་ལ་ཐིམ་པར་བསམ་པ་རྟེན་གྱི་སྟོབས། སྔར་བྱས་ཀྱི་སྡིག་པ་ལ་གནོང་འགྱོད་དྲག་པོ་བྱས་པ་རྣམ་པར་སུན་འབྱིན་པའི་སྟོབས། སྐུ་དང་སྔགས་ཕྲེང་རྣམས་ལས་བདུད་རྩི་དཀར་པོ་ཤེལ་དཀར་གྱི་མདངས་ལྡན་བབས་པས་རང་གཞན་སེམས་ཅན་ཐམས་ཅད་ཀྱི་ལུས་ནང་གང་བས་ནད་ཐམས་ཅད་རྣག་ཁྲག །གདོན་ཐམས་ཅད་སྲོག་ཆགས་ཀྱི་རྣམ་པ། སྡིག་སྒྲིབ་ཐམས་ཅད་དུད་སོལ་ཁུ་རླངས་ཀྱི་རྣམ་པར་དབང་པོའི་སྒོ་དང་བ་སྤུའི་བུ་ག་ནས་ཕྱིར་ཐོན་སྡིག་སྒྲིབ་ཉེས་ལྟུང་དྲི་མ་བག་ཆགས་དང་བཅས་པ་དག་ཅིང་གཙང་བ་དང་། ལུས་ནང་བདུད་རྩིས་ལྟེམ་གྱིས་གང་བས་དགའ་བཞིའི་ཡེ་ཤེས་རྒྱུད་ལ་སྐྱེས་པར་བསམ་པ་ནི་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས། ཕྱིན་ཆད་སྡིག་པའི་ལས་སྲོག་ལ་བབ་ཀྱང་མི་བྱེད་སྙམ་པའི་སྡོམ་སེམས་བརྟན་པོ་བྱེད་པ་ཉེས་སྤྱོད་སྡོམ་པའི་སྟོབས་ཏེ་སྟོབས་བཞིའི་བཤགས་པས། ངག་འདོན་ནི། པད་ཟླ་ཉི་སྟེང་རང་རིག་ཨ་གསལ་བའི༔ འོད་ཟེར་འཕྲོ་འདུས་ཁམས་གསུམ་སྲིད་གསུམ་གྱི༔ སྣང་གྲགས་ཐམས་ཅད་རྡོ་རྗེ་སྙིང་པོའི་ཞིང་༔ ཡེ་ཤེས་འོད་ལྔ་འཇའ་ཟེར་ཐིག་ལེར་འཁྲིགས༔ དེ་སྟེང་ཡི་གེ་ཧཱུྃ་གི་འཕྲོ་འདུ་ལས༔ དྲན་རིག་སྣང་སྟོང་རྡོ་རྗེ་སེམས་དཔའི་སྐུ༔ ངོ་བོ་གཅིག་ལ་རིགས་ལྔ་རིགས་བརྒྱ་སོགས༔ ནམ་མཁའི་ཁམས་གང་ཆོས་དབྱིངས་ཁྱབ་པར་གསལ༔ རྒྱུད་སྡེ་བཞི་དྲུག་ཐེག་པ་རིམ་དགུ་ཡི༔ སོ་སོའི་གནས་ནས་རྒྱལ་བའི་དཀྱིལ་འཁོར་གང་༔ ཐམས་ཅད་གནས་གསུམ་འབྲུ་གསུམ་ཧཱུྃ་ཡིག་མཐར༔ ཡིག་བརྒྱའི་འཕྲོ་འདུའི་སྒྲིབ་གསུམ་བག་ཆགས་སྦྱངས༔ ཞེས་གསལ་བཏབ་ལ། ཨོཾ་བཛྲ་སཏྭ་སོགས༴ཡི་གེ་བརྒྱ་པ་ཉེར་གཅིག་ལས་མི་ཉུང་བར་བཟླའོ། །མཐར་རུ་ཏྲའི་སྨྲེ་བཤགས་སམ། མགོན་པོ་བདག་ནི་མི་ཤེས་སོགས་ཀྱིས་བཤགས་སྡོམ་དང་། །བླ་མ་རྡོ་རྗེ་སེམས་དཔའ་དགྱེས་ཤིང་འཛུམ་པ་དང་བཅས་རིགས་ཀྱི་བུ་ཁྱོད་རྣམས་ཀྱི་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་དག་པ་ཡིན་ནོ་ཞེས་གསུང་གི་གནང་བ་བྱིན་པ་དང་། རྡོ་རྗེ་སེམས་དཔའ་འོད་དུ་ཞུ་ནས་རང་ལ་ཐིམ་པས་རང་གི་སྒོ་གསུམ་རྡོ་རྗེ་སེམས་དཔའི་གསང་བ་གསུམ་དང་དབྱེར་མེད་དུ་གྱུར་པར་མོས་ལ་བཤགས་བྱ་བཤགས་བྱེད་བྲལ་བའི་ངང་ལ་དོན་གྱི་རྡོ་རྗེ་སེམས་དཔའི་རང་ཞལ་བསྐྱངས་ལ་མཉམ་པར་བཞག་གོ །གསུམ་པ་བླ་མའི་རྣལ་འབྱོར་ནི། རྡོ་རྗེའི་ཡེ་ཤེས་སྙིང་ལ་འབེབས་ཤིང་བྱིན་གྱིས་བརླབས་པར་མཛད་པའི་དཔལ་མགོན་རྩ་བའི་བླ་མ་ཉིད་ཡོན་ཏན་སངས་རྒྱས་དང་མཉམ། བཀའ་དྲིན་སངས་རྒྱས་ལས་ལྷག །སྲིད་ཞི་གཉིས་ལས་སྐྱོབས་པའི་མགོན་པོ། སངས་རྒྱས་བྱང་སེམས་སོགས་རྩ་གསུམ་རབ་འབྱམས་གཅིག་ཏུ་བསྡུས་བའི་ངོ་བོ། ཡང་དག་ཐར་པར་བཀྲི་བའི་ལམ་མཁན། མ་རིག་མུན་པ་སེལ་བའི་སྒྲོན་མེ། ཉོན་མོངས་གཅོང་ནད་སེལ་བའི་སྨན་པ། འགྲོ་བ་ཐར་གླིང་འདྲེན་པའི་དེད་དཔོན། སྐུ་བཞི་ཡེ་ཤེས་ལྔ་ལྡན་གྱི་དབང་ཕྱུག །དངོས་གྲུབ་ཐམས་ཅད་ཀྱི་འབྱུང་གནས། ངོ་མཚར་གྱི་སྣང་བ་མཐའ་ཡས་པའི་གནས། དཀྱིལ་འཁོར་རྒྱ་མཚོའི་སྤྲོ་བསྡུའི་བྱེད་པོར་ཤེས་པའི་མོས་གུས་གཏིང་ཚུགས་པས་ཕྱི་སྒྲུབ་ཁྲོམ་ཚོགས་སུ་བསྒོམ། ནང་སྒྲུབ་ཐོ་བརྩེགས། གསང་སྒྲུབ་ཀུན་འདུས་ནོར་བུའི་ལུགས་སུ་བསྒོམས་པ་རྣམས་ལས་འདིར་ཕྱི་མ་ཀུན་འདུས་ནོར་བུའི་ལུགས་ལྟར་བསྐྱེད་པ་སྟེ། རང་སྣང་གར་ཁྱབ་ཐམས་ཅད་འོག་མིན་གྱི་ཞིང་ཁམས་གསལ་བའི་ངང་ལས། རང་གི་གཞི་ལུས་རྣམ་འབྱོར་དམར་མོ་གྲི་ཐོད་འཛིན་པ། རུས་རྒྱན་དང་མི་མགོ་སྐམ་རློན་གྱི་ཕྲེང་བ་ཞབས་གཡས་བསྐུམ་པའི་རྟིང་པ་བྷ་གར་གཏད་པ། གཡོན་བརྐྱངས་པས་པད་ཉི་བམ་རོ་སེར་སྨུག་བྱི་ཆིངས་སུ་བསྣོལ་བའི་སྟེང་ན་འགྱིང་ཞིང་། ཡབ་ཧེ་རུ་ཀ་སྦས་པའི་ཚུལ་གྱིས་ཁ་ཊྭྃ་ཀའི་རྣམ་པར་མཆན་གཡོན་དུ་བསྣམས་པར་གསལ་བའི་སྤྱི་བོར་པད་ཟླའི་སྟེང་དུ་རྩ་བའི་བླ་མ་མཚོ་སྐྱེས་རྡོ་རྗེ་དཀར་དམར་མདངས་ལྡན་ཞི་མ་ཁྲོ་འཛུམ་ཞལ་གཅིག་ཕྱག་གཉིས་ཞབས་རོལ་སྟབས་སྐུ་འགྱིང་བག་དང་ལྡན་པ། ཕྱག་གཡས་རྡོ་རྗེའི་གྲི་གུག་ཐུགས་ཀར་འཛིན་པ། གཡོན་ཐོད་པ་བདུད་རྩིས་གང་བ་དཀུ་གཡོན་པར་བསྣམས་པ་ཟིན་བྲིས་སུ་ཐུགས་ཀར་སྟེང་འོག་ཏུ་གསུངས་ཀྱང་འགལ་བ་མེད། མཆནདབུ་སྐྲ་ཐོར་ཅོག་སྤྱི་བོར་བཅིངས་པའི་ལྷག་མ་རྒྱབ་ཏུ་གྲོལ་ཞིང་། སྟག་ཤམས་དང་དར་དམར་ལྗང་གི་སྟོད་གཡོགས་རུས་པ་དང་རིན་པོ་ཆེའི་རྒྱན་དྲུག །པང་དུ་ཡུམ་ལྷ་ལྕམ་མནྡཱ་ར་བ་དམར་གསལ་བཅུ་དྲུག་ལོན་པའི་ལང་ཚོ་ཅན། གཡས་གྲི་གུག་གིས་ཡབ་ཀྱི་མགུལ་ནས་འཁྱུད་ཅིང་། གཡོན་ཐོད་པ་བདུད་རྩིས་གང་བ་ཡབ་ལ་སྟོབས་པ། དར་གྱི་སྟོད་གཡོགས་དང་སྨད་དཀྲིས་རུས་པ་དང་རིན་ཆེན་རྒྱན་ཅན་ཞབས་པདྨའི་སྐྱིལ་ཀྲུང་གིས་འཁྱུད་པ། བླ་མའི་སྤྱི་བོར་པད་ཟླར་རྡོ་རྗེ་ཐོད་ཕྲེང་རྩལ་དཀར་པོ་ཞི་འཛུམ་ཁྲོ་ཆགས་ཉམས་ལྡན་གཡས་རྡོ་རྗེས་མཚན་པའི་གྲི་གུག །ཡུམ་རྡོ་རྗེ་མཁའ་འགྲོ་དཀར་མོ་གཡས་རྡོ་རྗེའི་གྲི་གུག །མགྲིན་པར་པདྨ་ཐོད་ཕྲེང་དམར་པོ་གཡས་པདྨའི་གྲི་གུག །ཡུམ་པདྨ་མཁའ་འགྲོ་དམར་མོ་གཡས་པདྨའི་གྲི་གུག །ཐུགས་ཀར་བུདྡྷ་ཐོད་ཕྲེང་སྔོན་པོ་གཡས་འཁོར་ལོའི་གྲི་གུག །ཡུམ་སངས་རྒྱས་མཁའ་འགྲོ་སྔོ་བསངས་གཡས་འཁོར་ལོའི་གྲི་གུག །ལྟེ་བར་རཏྣ་ཐོད་ཕྲེང་སེར་པོ་གཡས་ནོར་བུའི་གྲི་གུག །ཡུམ་རིན་ཆེན་མཁའ་འགྲོ་སེར་གསལ་རིན་ཆེན་གྲི་གུག །གསང་བར་ཀརྨ་ཐོད་ཕྲེང་ལྗང་གུ་གཡས་རྒྱ་གྲམ་གྱི་གྲི་གུག །ཡུམ་ལས་ཀྱི་མཁའ་འགྲོ་ལྗང་གསལ་རྒྱ་གྲམ་གྲི་གུག །ཡབ་ཡུམ་རྣམས་ཀྱི་གཡོན་ཐོད་པ་བདུད་རྩིས་གང་བ། རྒྱན་ཆ་ལུགས་གཙོ་བོ་དང་མཚུངས་པ་བདེ་བའི་ཉམས་ལྡན། སྣང་ལ་རང་བཞིན་མ་གྲུབ་པ། དེ་དག་ཐམས་ཅད་ཀྱི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿ དམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། ལྟེ་བར་སྭཱ་སེར་པོ། གསང་བར་ཧཱ་ལྗང་གུ་རྣམས་གསལ་བ་ལས་འོད་ཟེར་འཕྲོས། ཕྱོགས་དུས་ཀྱི་རྩ་བརྒྱུད་བླ་མ་སྤྱན་དྲངས་བླ་མའི་སྟོད་ཀྱི་ཆ་ལ་ཐིམ། ཡི་དམ་རྒྱུད་སྡེ་བཞིའི་ལྷ་ཚོགས་རྣམས་སྐུ་སྐེད་ལ་ཐིམ། བྱང་སེམས་དགེ་འདུན་གནས་གསུམ་གྱི་དཔའ་བོ་མཁའ་འགྲོ་ཐམས་ཅད་སྐུ་སྨད་ཀྱི་ཆ་ལ་ཐིམ། ཆོས་སྐྱོང་ནོར་ལྷ་གཏེར་བདག་སོགས་པད་གདན་ལ་ཐིམ་པས་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོར་གྱུར་པར་མོས་ལ། ངག་འདོན་ནི། ཨཿམ་ཡེངས་མ་བཅོས་དྲན་རིག་ཆོས་སྐུའི་ངང་༔ གསལ་སྟོང་དབྱེར་མེད་བླ་མ་སྐུ་གསུམ་གྱི༔ དག་པ་རབ་འབྱམས་རྒྱན་གྱི་འཁོར་ལོའི་གཞིར༔ རང་ལུས་འོད་སྣང་རྡོ་རྗེ་བཙུན་མོར་གསལ༔ སྤྱི་བོའི་གཙུག་ཏུ་པད་སྡོང་འཇའ་ཟེར་དང་༔ འོད་ལྔ་ཐིག་ལེ་འཁྲུགས་པའི་ཚོམ་བུའི་དབུས༔ རྩ་བའི་བླ་མ་ཡིད་བཞིན་ནོར་བུ་ལ༔ འདྲེན་མཆོག་བརྒྱུད་གསུམ་བླ་མའི་སྤྲིན་ཕུང་གཏིབས༔ སྐུ་གསུམ་ཐུགས་ཀྱི་འོད་ཟེར་སྣང་སྲིད་ཁྱབ༔ སྣང་སྲིད་རྡུལ་ཕྲན་བདེ་གཤེགས་གཞལ་ཡས་ཁང་༔ ལྷ་དང་བླ་མའི་ཐུགས་རྗེའི་བྱིན་འོད་འཁྲུགས༔ ཐུགས་གསང་རྒྱན་གྱི་འཁོར་ལོ་དམ་པར་གྱུར༔ ཚོགས་བསགས་ཡན་ལག་བདུན་པ་འབུལ་བ་ལ་ལུས་ཞིང་རྡུལ་གྱི་གྲངས་མཉམ་སྤྲུལ་ཏེ་ཕྱག་འཚལ། དངོས་འབྱོར་ཡིད་སྤྲུལ་གྱི་མཆོད་པ། ཚེ་རབས་ཐོག་མེད་བྱས་བསགས་སྡིག་ལྟུང་བཤགས་པ། འཁོར་འདས་ལམ་གསུམ་གྱི་དགེ་བར་ཕྲག་དོག་མེད་པར་རྗེས་སུ་ཡི་རང་། སངས་རྒྱས་བྱང་སེམས་ཉན་ཐོས་དགེ་བའི་བཤེས་གཉེན་རྣམས་ལ་ཆོས་འཁོར་བསྐོར་བར་བསྐུལ་ཞིང་། མགོན་པོ་མྱ་ངན་ལས་འདའ་བར་བཞེད་པ་རྣམས་ལ་བཞུགས་གསོལ་འདེབས་པ། དུས་གསུམ་བསགས་པའི་དགེ་བ་གཞན་དོན་རྫོགས་བྱང་ཐོབ་ཕྱིར་བསྔོ་བ་རྣམས་ཀྱི་དོན་ལ་སེམས་གཞོལ་ནས། ངག་འདོན་ནི། གཤིས་རིག་མ་བཅོས་གཉུག་མར་ཕྱག་འཚལ་ཞིང་༔ གཏིང་མཐའ་བྲལ་བའི་འོད་གསལ་མཆོད་པ་འབུལ༔ འཁོར་བ་མྱང་འདས་མཉམ་ཉིད་ཀློང་དུ་བཤགས༔ བློ་བྲལ་ཆོས་ཟད་ཆེན་པོར་རྗེས་ཡི་རངས༔ ལྷུན་གྲུབ་རྫོགས་པ་ཆེན་པོའི་ཆོས་འཁོར་བསྐོར༔ འཁོར་བ་དོང་ནས་སྤྲུགས་པར་གསོལ་བ་འདེབས༔ འཁོར་གསུམ་དམིགས་མཐའ་བྲལ་བའི་ཕ་མཐར་བསྔོ༔ ཞེས་ལན་གསུམ། སྔོན་འགྲོ་གསོག་སྐབས་ཕྱག་འབུམ་ཐེར་ཡན་ལག་བདུན་པའི་སྐབས་བསགས་ན་ལེགས་ཤིང་། བློ་ཆེན་རྣམས་ཀྱིས་གཞུང་ཚིག་དང་མཐུན་པའི་ཡན་ལག་བདུན་པ་དམིགས་མཚན་བྲལ་བའི་ངང་དུ་འཇོག་པ་ཡེ་ཤེས་ཀྱི་ཚོགས་བསགས་པ་དང་། ཁྱད་པར་ཚོགས་བསགས་ཀྱི་རྒྱལ་པོ་མཎྜལ་འབུལ་བ། གསེར་དངུལ་ལི་ཤིང་རྡོ་ལེབ་སོགས་གང་འཛོམ་ལ། རིན་ཆེན་འབྲུ་སྨན་སོགས་ཅི་འབྱོར་སེར་སྣས་མ་སྦགས་པ་དངོས་གཙང་དང་། བ་བྱུང་དྲི་བཟང་གི་ཆུ་འདུ་བྱ། འབུམ་ཐེར་བསོག་སྐབས་སྒྲུབ་པའི་མཎྜལ་ཚོམ་བུ་ལྔ་པ་མདུན་དུ་ཉེར་སྤྱོད་མཆོད་པ་བཤམས། རང་གཞན་རྣམས་ཀྱི་ལུས་ལོངས་སྤྱོད་དུས་གསུམ་དགེ་ཚོགས་དང་བཅས་པ་རི་རབ་གླིང་བཞི། གླིང་ཕྲན། རིན་ཆེན་རི་བོ། དཔག་བསམ་གྱི་ཤིང་། འདོད་འཇོའི་བ། མ་རྨོས་ལོ་ཏོག །རྒྱལ་སྲིད་སྣ་བདུན། གཏེར་གྱི་བུམ་བཟང་། སྒེག་སོགས་བརྒྱད། ཉི་ཟླ། རིན་པོ་ཆེའི་གདུགས་དང་། རྒྱལ་མཚན་སོགས་སྲིད་ཞིའི་དཔལ་འབྱོར་མ་ཚང་བ་མེད་པ་སྤྲུལ་སྐུའི་ཞིང་ཁམས་རྒྱས་པར་བཀོད་དེ་འབུལ་བ་དང་། རང་ལུས་ཕུང་ཁམས་སྐྱེ་མཆེད་དབང་ཡུལ་དང་བཅས་པ་རྣམས། པགས་པ་གསེར་གྱི་ས་གཞི། ཁྲག་དང་བྱང་སེམས་ཀྱི་ཆག་ཆག །རྒལ་ཚིགས་རི་རབ། མགོ་བོ་རྣམ་རྒྱལ་ཁང་བཟང་། ཡན་ལག་ཉིང་ལག་གླིང་བཞི་གླིང་ཕྲན། དོན་སྣོད་རྣམས་རིན་ཆེན་རི་བོ། དཔག་བསམ་ཤིང་། འདོད་འཇོའི་བ་དང་། མ་རྨོས་པའི་ལོ་ཏོག །གཏེར་ཆེན་བུམ་པ། རྒྱལ་སྲིད་སྣ་བདུན། མིག་གཉིས་ཉི་ཟླ། སྙིང་ཡིད་བཞིན་ནོར་བུ་སོགས་སུ་སྤྲུལ་ནས་འབུལ་བའམ། ཡང་ན་ཟག་མེད་རྡོ་རྗེ་ལུས་ཀྱི་རྩ་དང་ཐིག་ལེའི་ཚོགས་ཇི་སྙེད་སྒྱུ་འཕྲུལ་དྲྭ་བ་འོག་མིན་གྱི་ཞིང་དང་བཀོད་པ། རྒྱན་དང་ཡེ་ཤེས་ཀྱི་རོལ་པ་བསམ་གྱིས་མི་ཁྱབ་པར་སྤྲུལ་ནས་ཟུང་འཇུག་ལོངས་སྤྱོད་རྫོགས་སྐུའི་ལྷ་ཚོགས་ལ་འབུལ་བ་དང་། གདོད་ནས་དག་པའི་དབྱིངས་སྟོང་པ་ཆེན་པོར་དབྱིངས་སྣང་ལྷུན་གྲུབ་འོད་གསལ་གྱི་ཚོམ་བུ་འབྱམས་ཀླས་པ་བླ་མ་ཆོས་སྐུའི་ལྷ་ཚོགས་ལ་བློས་ལུས་ཀྱི་ལས་སུ་ཚོམ་བུ་འགོད་པ་དང་བསྟུན་ངག་ཏུ། ཧཱུྃ༔ འབྱམས་ཀླས་ཟག་མེད་བདེ་ཆེན་ཆོས་ཀྱི་དབྱིངས༔ རབ་འབྱམས་སྲིད་ཞི་རང་བྱུང་རིག་པའི་ངང་༔ མི་འགྱུར་དབྱིངས་རིག་སྐུ་གསུམ་ཞིང་རབ་འབྱམས༔ སྣང་སྟོང་ལྷུན་གྲུབ་འོད་ལྔའི་ཚོམ་བུ་འབུལ༔ སྒྱུ་འཕྲུལ་ཟག་མེད་རྡོ་རྗེ་ལུས་ཀྱི་སྦུབས༔ འོད་ཀྱི་རྩ་དང་ཡེ་ཤེས་རླུང་ལྔའི་ཞིང་༔ རྒྱལ་བ་ཞི་ཁྲོ་རང་བྱུང་དམ་རྫས་དང་༔ གནས་ཡུལ་དུར་ཁྲོད་དཔའ་བོ་ཌཱཀྐིར་བཅས༔ དྭངས་མའི་གཤིས་རིག་མ་བྱུང་མ་སྐྱེས་ཤིང་༔ ཟག་བྲལ་བློ་འདས་གདོད་ནས་ཀུན་ཏུ་བཟང་༔ དག་པ་གཉིས་ལྡན་ཡེ་ཤེས་འཁོར་ལོ་འདི༔ རིག་འཛིན་རྒྱལ་བའི་དཀྱིལ་འཁོར་ལྷ་ལ་འབུལ༔ བཞེས་ནས་མཆོག་གི་དངོས་གྲུབ་བདག་ལ་སྩོལ༔ ཞེས་པས་འབུལ། གྲངས་གསོག་མཎྜལ་ཚོམ་བུ་སོ་བདུན་མ་ཅི་རིགས་དང་། ས་གཞི་སྤོས་ཆུའི་ལྟ་བུའི་གྲངས་གསོགས་ན་རུང་། གཞུང་གི་དངོས་བསྟན་ནང་གསང་གི་མཎྜལ་དོད་འདུག་ཀྱང་། སྐུ་གསུམ་མཎྜལ་གྱི་དམིགས་རིམ་གོང་གསལ་ལྟར་བྱས་པས་ཆོག་སྙམ། །དེ་ནས་དད་མོས་གདུང་ཤུགས་དྲག་པོས་གསོལ་བ་འདེབས་པ་ནི། བཀའ་དྲིན་དང་ཡོན་ཏན་རྗེས་སུ་དྲན་བཞིན་པས། ཧྲཱིཿསྲིད་ཞིའི་ངོ་བོ་རང་བྱུང་སྙིང་པོའི་བཅུད༔ འོད་གསལ་རྒྱལ་པོ་རང་གྲོལ་ཆོས་ཀྱི་སྐུ༔ མ་འགགས་སྣང་བ་གང་ཤར་ཡེ་ཤེས་ཀྱི༔ རྒྱལ་བའི་དཀྱིལ་འཁོར་མི་ཟད་ལོངས་སྤྱོད་རྫོགས༔ གང་འདུལ་ཐབས་ཀྱི་འགྲོ་བ་འདྲེན་པའི་མཆོག༔ ཕྱོགས་དུས་རྒྱལ་བ་ཀུན་འདུས་རིག་པ་འཛིན༔ ཐོད་ཕྲེང་རིགས་ལྔའི་སྐུ་གསུང་ཐུགས་རྡོ་རྗེ༔ ཡོན་ཏན་ཕྲིན་ལས་སྙིང་པོར་གསོལ་བ་འདེབས༔ མདོ་རྒྱུད་ལུང་དང་མན་ངག་ཆུ་བོའི་མགོ༔ བཀའ་གཏེར་སྙན་བརྒྱུད་ངེས་དོན་ཡོངས་ཀྱི་མཛོད༔ ཐར་གླིང་འགྲོ་བ་འདྲེན་པའི་དེད་དཔོན་མཆོག༔ དྲིན་ཅན་རྩ་བའི་བླ་མར་གསོལ་བ་འདེབས༔ རང་བྱུང་རང་རིག་ཤེས་པ་བཟོ་མེད་སྟོན༔ ཟག་མེད་དབྱིངས་རིག་སྣང་སྟོང་ལྷིང་བར་སྟོན༔ ལྷུན་གྲུབ་སྣང་སྟོང་དགའ་བཞི་སྙིང་པོར་སྟོན༔ འཕོ་མེད་མཆོག་གི་བདེ་ཆེན་འདིར་སྩོལ་ཅིག༔ ཅེས་གསོལ་འདེབས་ཁ་ཙམ་ཚིག་ཙམ་མིན་པར་སྙིང་ཐག་པ་ནས་གསོལ་བ་བཏབ། གསོལ་འདེབས་འབུམ་ཐེར་འདོན་ན། གུ་རུའི་ཚིག་བདུན་གསོལ་འདེབས་འབུམ་ཐེར་བསོགས་ཀྱང་ལེགས། གོང་གི་གསོལ་བདེབས་འདིའང་ཅི་ནུས་བཏོན། གཞན་ཡང་བླ་མ་སྐུ་གསུམ་གྱི་གསོལ་འདེབས་དང་། ལྷ་བཙུན་མཁའ་འགྲོའི་དབང་ཕྱུག་ཆེན་པོའི་གསོལ་འདེབས་ཞལ་གསུངས་སོགས་ཀྱང་སྤྲོ་ན་བྱ། གསོལ་འདེབས་ཐུགས་དམ་རྒྱུད་བསྐུལ་གྱི་བཟླས་པ་མ་གསུངས་ཀྱང་བྱས་ན་ལེགས་པས། སིདྡྷི་གཙོ་བོ་དང་། ཨོཾ་ཨཱཿ ཧཱུྃ་བུདྡྷ་བཛྲ་རཏྣ་པདྨ་ཀརྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛ་སིདྡྷི་ཕ་ལ་ཧཱུྃ༔ ཞེས་པའང་ཅི་རིགས་བཟླས། གྲངས་གསགས་ན་སིདྡྷི་འབུམ་ཕྲག་བཅུ་གཉིས། ཐོད་ཕྲེང་རྩལ་འབུམ་ཕྲག་གཅིག་གམ་ཁྲི་གསུམ་ཙམ་བཟླས་ཞིང་། དེ་དག་གི་སྐབས་སུ་ཤེས་པ་རྒྱ་འབྱམས་སུ་མི་གཏོང་བར་དད་མོས་བྱ་བ་དང་། བཀའ་དྲིན་དྲན་ཞིང་གཙོ་བོ་དབང་བླང་བའི་དམིགས་པ་དང་། རེས་འགའ་སྐུ་ལ་སེམས་འཛིན། རེས་འགའ་ཐུགས་ཡིད་བསྲེ་ཞིང་སེམས་ཅན་ལ་སྙིང་རྗེ་དང་། སྣོད་བཅུད་བླ་མའི་དཀྱིལ་འཁོར་དུ་རྫོགས་པའི་དམིགས་འདུན་སོགས་བྱའོ། །རྗེས་དབང་ཞུ་བ་ནི། སླར་ཡང་མོས་གུས་གདུང་ཤུགས་དྲག་པོས། སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ། མཁྱེན་བརྩེ་ནུས་པའི་བདག་ཉིད། དྲིན་ཅན་མཚོ་སྐྱེས་རྡོ་རྗེ། སྙིང་ནས་གསོལ་བ་འདེབས་སོ། །བདག་རྒྱུད་བྱིན་གྱིས་རློབས་ཤིག །ཅེས་ལན་གསུམ་དུ་གསོལ་བ་བཏབ་པས་ཨོ་རྒྱན་རྡོ་རྗེ་འཆང་ཤིན་ཏུ་དགྱེས་པ་ཆེན་པོས་ཞལ་འཛུམ་མུ་ལེ་སྤྱན་ཁྲ་ཅི་ལེ་བདག་སོགས་རྣམས་ལ་གཟིགས་ཤིང་། མཁྱེན་དང་བརྩེ་བས་ལྷག་པར་དགོངས་ཏེ་བྱིན་གྱིས་བརླབས་པར་མོས་ལ། བླ་མ་མཚོ་སྐྱེས་རྡོ་རྗེའི་དཔྲལ་བའི་ཨོཾ་དང་རྡོ་རྗེ་ཐོད་ཕྲེང་རྩལ་ཡབ་ཡུམ་གྱི་སྐུ་ལས་འོད་ཟེར་དང་བདུད་རྩི་དཀར་པོའི་རྒྱུན་བབས། རང་གི་སྤྱི་བོར་ཐིམ་པས་བུམ་དབང་ཐོབ། ལུས་དང་རྩ་ཡི་སྒྲིབ་པ་དག །བསྐྱེད་རིམ་བསྒོམ་པ་ལ་དབང་། འབྲས་བུ་སྤྲུལ་པའི་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས། བླ་མའི་མགྲིན་པའི་ཨཱཿ དང་། པདྨ་ཐོད་ཕྲེང་རྩལ་ཡབ་ཡུམ་གྱི་སྐུ་ལས་འོད་ཟེར་དང་བདུད་རྩི་དམར་པའི་རྒྱུན་བབས། རང་གི་མགྲིན་པར་ཐིམ། ངག་རླུང་གི་སྒྲིབ་པ་དག །ངག་སྔགས་དང་གཏུམ་མོ་བསྒོམ་པ་ལ་དབང་། འབྲས་བུ་ལོངས་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས། བླ་མའི་ཐུགས་ཀའི་ཧཱུྃ་དང་། བུདྡྷ་ཐོད་ཕྲེང་རྩལ་ཡབ་ཡུམ་གྱི་སྐུ་ལས་འོད་དང་བདུད་རྩིའི་རྒྱུན་སྔོན་པོ་འཕྲོས། རང་གི་སྙིང་གར་ཐིམ། ཡིད་དང་ཐིག་ལེའི་སྒྲིབ་པ་དག །ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཕོ་ཉའི་ལམ་བསྒོམ་པ་ལ་དབང་། འབྲས་བུ་ཆོས་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས། བླ་མའི་ལྟེ་བའི་སྭཱ་དང་རཏྣ་ཐོད་ཕྲེང་རྩལ་ཡབ་ཡུམ་གྱི་སྐུ་ལས་འོད་དང་བདུད་རྩིའི་རྒྱུན་སེར་པོ་དང་། བླ་མའི་གསང་གནས་ཀྱི་ཧཱ་ལྗང་ཁུ་དང་། ཀརྨ་ཐོད་ཕྲེང་རྩལ་ཡབ་ཡུམ་གྱི་སྐུ་ལས་འོད་ཟེར་དང་བདུད་རྩིའི་རྒྱུན་འཕྲོས། བདག་གི་ལྟེ་གསང་གཉིས་སུ་བབས། སྒོ་གསུམ་ཆ་སྙོམས་དང་། ཤེས་བྱའི་སྒྲིབ་པ་བག་ཆགས་དང་བཅས་པ་སྦྱངས། ཚིག་དབང་རིན་པོ་ཆེ་དང་རིག་པའི་རྩལ་དབང་ཐོབ། ལམ་བློ་འདས་རྫོགས་པ་ཆེན་པོ་ཀ་དག་ལྷུན་གྲུབ་དབྱེར་མེད་བསྒོམ་པ་ལ་དབང་། འབྲས་བུ་ཡེ་ཤེས་རྡོ་རྗེ་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས། སླར་ཡང་མོས་གུས་དྲག་པོས་གསོལ་བ་བཏབ་པས་བླ་མའི་སྐུ་ཡི་གནས་ལྔའི་ཐོད་ཕྲེང་སྡེ་ལྔ་འོད་ཟེར་ཁ་དོག་དཀར་དམར་མཐིང་སེར་ལྗང་བའི་ཐིག་ལེར་གྱུར། དེ་རྣམས་ལས་འོད་དང་བདུད་རྩི་ཁ་དོག་ལྔ་ལྡན་དུ་བབས། རང་གི་གནས་ལྔར་ཐིམ། དབང་དང་བྱིན་རླབས་དངོས་གྲུབ་ཐམས་ཅད་ཤིན་ཏུ་བརྟན་པར་བྱས། བླ་མ་མཚོ་སྐྱེས་རྡོ་རྗེ་ཤིན་ཏུ་དགྱེས་པ་ཆེན་པོས་འོད་ཀྱི་གོང་བུ་དཀར་ལ་དམར་བའི་མདངས་ཅན་གཏིང་གསལ་ཁ་དོག་ལྔ་ལྡན་དུ་གྱུར་པ་རང་གི་སྤྱི་བོ་ནས་སྙིང་དབུས་སུ་སིབ་ཀྱིས་ཐིམ་པ་དང་། རང་རིག་དཔལ་ལྡན་བླ་མའི་རང་ཞལ་བསྐྱངས་པའི་ངང་ལ་འཇོག་པ་སོགས་ཀྱི་དོན་དྲན་བཞིན་ངག་ཏུ། སྣང་གྲགས་ཐམས་ཅད་རྒྱལ་བའི་སྐུ་དང་གསུང་༔ ཐུགས་ཀྱི་རྡོ་རྗེ་ཐིག་ལེ་འོད་ལྔའི་བཅུད༔ སྤྱི་མགྲིན་སྙིང་ཁ་ལྟེ་གསང་གནས་ལྔར་བབས༔ སྒོ་ལྔར་འཛིན་སྣང་འོད་སྐུན་རྒྱ་རལ་ནས༔ ཆུ་ཟླ་སྤྲུལ་པ་སྒྱུ་མའི་དཔེ་བརྒྱད་དང་༔ འོད་གསལ་སྟོང་དབྱིངས་ཆེན་པོ་མཁའ་སྤྱོད་སྦུབས༔ འོག་མིན་རྡོ་རྗེ་གདན་གཞིར་དབང་བཞི་རྫོགས༔ ཕྱིར་མི་ལྡོག་པ་རྒྱ་ཡི་མཛེས་སྐུར་བསྟན༔ སྲིད་གསུམ་འགྲོ་ཀུན་མོས་པ་རྒྱ་མཚོའི་མཁར༔ གང་འདུལ་སྤྲུལ་པའི་འོད་ཟེར་མཐའ་ཡས་པ༔ རྒྱལ་བའི་ཞིང་ནས་བདག་གི་ཡོངས་སྤྲོས་ཏེ༔ ཁམས་གསུམ་འཁོར་བ་དོང་ནས་སྤྲུགས་པར་ཤོག༔ ཀཱ་ཡ་ཝཱཀྐ་ཙིཏྟ་སིདྡྷི་ཧཱུྃ༔ ཞེས་བརྗོད་ལ་བླ་མ་རང་ལ་བསྟིམ༔ ཐུགས་ཡིད་བསྲེ་པའི་ངང་ལ་ཅི་གནས་སུ་བཞག །ཐུན་ལས་ལྡང་བ་ན། ཧོཿམནན་ན་ནེམ་བྱེད་བཏེགས་ན་རབ་འཕར་བའི༔ ཕྱི་ནང་མེད་པ་འོད་ལྔ་ཡེ་ཤེས་སྦུབས༔ གསལ་འགྲིབ་བྲལ་བ་རང་བྱུང་རིག་པའི་གཞིཿསྐུ་ཞིང་གདུལ་བྱ་རྣམ་དབྱེར་མེད་པའི་མཁའ༔ ཆོས་དབྱིངས་སྒྱུ་མ་རྡོ་རྗེ་སྙིང་པོའི་གཞིར༔ ཀུན་བཟང་སྣང་མཐའ་འོད་དཔག་མེད་པའི་མགོན༔ ཅིར་ཡང་མ་གྲུབ་སྲིད་ཞི་ཡོངས་ཁྱབ་སྟེ༔ ཟབ་གསང་རྡོ་རྗེའི་སྦུབས་སུ་སངས་རྒྱས་ཤོག༔ ཆོས་དབྱིངས་ཀློང་འདིར་རྒྱལ་བའི་སྐྱེད་མོས་ཚལ༔ བདག་གི་སྤྲུལ་པས་ཞིང་ཀུན་ཕྱུར་བུར་སྤུངས༔ མཛད་པ་རྒྱ་མཚོ་བསྡུ་བཞིའི་ཆོས་འཁོར་གྱི༔ སྲིད་གསུམ་འགྲོ་བའི་དེད་དཔོན་ཆེན་པོར་ཤོག༔ ཅེས་བརྗོད་འཁོར་གསུམ་དམིགས་པ་མེད་པའི་ཤེས་རབ་ཟབ་མོ་དང་། སྙིང་རྗེ་ཆེན་པོ་གཉིས་སུ་མེད་པས་དུས་གསུམ་བསགས་པའི་དགེ་ཚོགས་ཐམས་ཅད་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀ་དག་གི་གྲོལ་གཞི་གཞོན་ནུ་བུམ་པ་སྐུ་ཡི་དབྱིངས་སུ་མངོན་པར་བྱང་ཆུབ་པའི་ཕྱིར་དུ་བསྔོ་སྨོན་དང་། སླར་ཡང་བླ་མ་རྩ་གསུམ་རྒྱལ་བ་སྲས་བཅས་ཀྱིས་བཀྲ་ཤིས་པའི་བདེན་ཚིག་དང་། མེ་ཏོག་གི་ཆར་སིལ་མར་བསྙིལ་བས་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་དཔལ་ལྡན་བླ་མ་མཚོ་སྐྱེས་རྡོ་རྗེའི་བྱིན་རླབས་བཀྲ་ཤིས་ཀྱི་སྣང་བས་ཁྱབ་པར་མོས་ལ། ངག་འདོན་ནི། འོད་གསལ་སྙིང་པོ་དོན་གྱི་གཞལ་ཡས་ནས༔ བརྒྱུད་གསུམ་བླ་མ་འཇའ་ལུས་རྡོ་རྗེའི་སྐུ། མི་ཟད་རྒྱན་གྱི་འཁོར་ལོའི་སྤྲུལ་པ་ཡི༔ ཨ་ཏིའི་སྒྲུབ་བརྒྱུད་འཕེལ་བའི་བཀྲ་ཤིས་ཤོག༔ སྲིད་ཞི་གཞིར་རྫོགས་འབྲས་བུ་ཆོས་ཟད་ཀློང་༔ བདེ་ཆེན་མི་གཡོ་ཐར་གླིང་དགའ་བདེའི་གཞིར༔ འགྲོ་བ་རིགས་དྲུག་ཟག་མེད་འོད་གསལ་དང་༔ ཉིན་མཚན་བདེ་ལེགས་སྐྱོང་བའི་བཀྲ་ཤིས་ཤོག༔ ཅེས་བརྗོད་པས་དགེ་ལེགས་སུ་བྱའོ། །ཐུན་མཚམས་ཐམས་ཅད་དུ་ཕྱག་བསྐོར་སོགས་དང་བླ་མ་ཨོ་རྒྱན་རིན་པོ་ཆེའི་སྐུ་གསུམ་ཐུགས་ཀྱི་ཁྱེར་སོ་གསུམ་དང་མི་འབྲལ་ཞིང་དྲན་ཤེས་བག་ཡོད་ལ་བསླབ་ཅིང་ལམ་ཁྱེར་རྨི་ལམ་འོད་གསལ་བར་དོ་སོགས་ཀྱང་བླ་མའི་ལམ་ཁྱེར་གྱིས་སྦྱངས་པ་དང་། བཟའ་བཏུང་གི་ཕུད་ཀྱིས་མཆོད་པ། གོས་གྱོན་པ་དང་། ཁྲུས་ཀྱི་རྣལ་འབྱོར་སོགས་སྤྱོད་ལམ་ཐམས་ཅད་བླ་མའི་ལམ་ཁྱེར་ཤེས་པ་དང་། འདི་ཕྱི་བར་དོ་ཐམས་ཅད་ཀྱི་བློ་གཏད་ཅིག་ཆོག་ལམ་ཟབ་བླ་མ་སྒྲུབ་པ་ཁོ་ནར་འདུས་ཤིང་། འདི་ལྟ་བུའི་སྔོན་འགྲོའི་ཉམས་ལེན་མཐར་ཕྱིན་པས་སྤྲོས་བཅས་སྤྲོས་མེད་ཀྱི་བསྐྱེད་རིམ། རླུང་དང་གཏུམ་མོའི་རྣལ་འབྱོར། ཐབས་ལམ། ཀ་དག་ལྷུན་གྲུབ་ཀྱི་ཉམས་ལེན་སོགས་དབང་བཞིའི་ཁྲིད་རིམ་མཐའ་དག་རྩ་བའི་གཞུང་དང་རྒྱབ་ཆོས། བླ་མ་ཉམས་མྱོང་ཅན་གྱི་ཞལ་སྒོ་ལས་ལེགས་པར་ཉན་ཏེ་དབེན་པའི་གནས་སུ་ཉམས་ལེན་ལ་ས་སྡེར་བཙུགས་ནས་རང་རྒྱུད་གྲོལ་ཞིང་། གཞན་དོན་རྒྱ་ཆེར་འབྱུང་བའི་ཐབས་ལ་བརྩོན་པར་བྱའོ། །སླར་སྨྲས་པ། སྙིགས་དུས་བི་མ་དངོས་སྣང་ལྷ་བཙུན་ཆེ། །ནམ་མཁའ་འཇིགས་མེད་ཧེ་རུ་ཀ་དཔལ་དངོས། །བདག་གི་སྐྱབས་གཅིག་བཀའ་དྲིན་མཚུངས་བྲལ་དེས། ངེས་པར་རྟག་ཏུ་ཐུགས་རྗེས་བསྐྱབ་ཡོད་སྙམ། །བདེ་བའི་མལ་ན་སྐྱིད་པའི་ཚད་གཅིག་འདུག །དེ་ཡི་དག་སྣང་རིག་འཛིན་སྲོག་སྒྲུབ་ལ། །བདག་བློ་སྦྱངས་བརྩོན་ཕྲ་ཡང་སྔོན་སྨོན་གྱི། དམ་པའི་མགོན་རྣམས་དྲིན་ལས་སྨིན་གྲོལ་རྣམས། །ལེགས་པར་ནོས་པའི་སྐལ་བཟང་མཆོག་གྱུར་པས། །དལ་བའི་རྟེན་འདི་བྱིན་དང་ལྡན་པར་སྒྲུབ། །དེ་ཡིས་བློ་གྲོས་སྤོབས་པའི་ཤེད་བསྐྱེད་ཅིང་། །ཚུལ་འདིར་རབ་དགའི་ཏིང་འཛིན་ཚུས་བརླན་པས། །བཀྲ་ཤིས་དཔག་བསམ་སྡོང་པོ་རྒྱས་པ་དང་། ཟུང་འཇུག་སྐུ་དང་ཡེ་ཤེས་འཆར་བ་དང་། །བྲག་རིའི་བ་གམ་བཀྲ་ཤིས་ལྡིང་གུར་གྱི། །ངོ་མཚར་བཀོད་པ་དུས་གསུམ་ཀུན་ཏུ་རྒྱལ། །འདིར་དགེས་འབྲེལ་ཐོགས་གཙོར་བྱས་སེམས་ཅན་རྣམས། །རྣམ་གྲོལ་རིག་པའི་ཡེ་ཤེས་འདབ་སྟོང་བཞད། འོད་གསལ་དྭངས་མའི་འཇའ་སྐུ་མངོན་གྱུར་ཏེ། ལྷུན་གྲུབ་ཆེན་པོའི་བཙན་ས་ཟིན་པར་ཤོག །{{TibChung|ཅེས་པའང་མེ་བྱ་ལོར་སྦས་ཡུལ་འབྲས་ལྗོངས་ཀྱི་ས་ཡི་ལྟེ་བ་བྲག་དཀར་བཀྲ་ཤིས་ལྡིང་དུ་བསྐྱོད་པའི་སྐབས་མཁའ་སྤྱོད་སྤྲུལ་སྐུ་རིན་པོ་ཆེ་ཡེ་ཤེས་བློ་གྲོས་དཔལ་ལྡན་བསྟན་པའི་ཉི་མ་བརྒྱུད་ནས་ལྷ་ཡུམ་ཀུན་བཟང་བདེ་ཆེན་མཚོ་མོ་ནས་བཀྲ་ཤིས་ལྷ་རྫས་དང་བཅས་གསུང་བསྐུལ་ངོར་འཇམ་དབྱངས་བློ་གྲོས་རྒྱ་མཚོའམ། ཆོས་ཀྱི་བློ་གྲོས་སུ་འབོད་པས་ཁྲིགས་བསྡེབས་སུ་བྲིས་པ་བསྟན་འགྲོར་མཆོག་ཏུ་སྨན་པའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ། ཤུ་བྷཾ།། །།}} }} | ||
</onlyinclude> | </onlyinclude> | ||
{{TsagliCall}} | {{TsagliCall}} |
Revision as of 10:32, 13 December 2021
Wylie title | rig 'dzin srog sgrub kyi sngon 'gro'i ngag 'don byang chub myur lam | |
---|---|---|
Location | chos kyi blo gros bka' 'bum Volume 6, Text 17, Pages 271-296 (Folios 1a1 to 13b4) | |
Author | འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ | |
Less details More details | ||
Tertön | ལྷ་བཙུན་ནམ་མཁའ་འཇིགས་མེད་ (lha btsun nam mkha' 'jigs med) | |
Citation | 'jam dbyangs mkhyen brtse chos kyi blo gros. rig 'dzin srog sgrub kyi sngon 'gro'i ngag 'don byang chub myur lam. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 6: 271-296. Bir, H.P.: Khyentse Labrang, 2012. | |
Genre | Preliminary Practices - sngon 'gro | |
Cycle | རྩ་གསུམ་རིག་འཛིན་སྲོག་སྒྲུབ་ (rtsa gsum rig 'dzin srog sgrub) | |
Colophon |
།ཅེས་པའང་མེ་བྱ་ལོར་སྦས་ཡུལ་འབྲས་ལྗོངས་ཀྱི་ས་ཡི་ལྟེ་བ་བྲག་དཀར་བཀྲ་ཤིས་ལྡིང་དུ་བསྐྱོད་པའི་སྐབས་མཁའ་སྤྱོད་སྤྲུལ་སྐུ་རིན་པོ་ཆེ་ཡེ་ཤེས་བློ་གྲོས་དཔལ་ལྡན་བསྟན་པའི་ཉི་མ་བརྒྱུད་ནས་ལྷ་ཡུམ་ཀུན་བཟང་བདེ་ཆེན་མཚོ་མོ་ནས་བཀྲ་ཤིས་ལྷ་རྫས་དང་བཅས་གསུང་བསྐུལ་ངོར་འཇམ་དབྱངས་བློ་གྲོས་རྒྱ་མཚོའམ། ཆོས་ཀྱི་བློ་གྲོས་སུ་འབོད་པས་ཁྲིགས་བསྡེབས་སུ་བྲིས་པ་བསྟན་འགྲོར་མཆོག་ཏུ་སྨན་པའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ། ཤུ་བྷཾ།། | |
/ces pa'ang me bya lor sbas yul 'bras ljongs kyi sa yi lte ba brag dkar bkra shis lding du bskyod pa'i skabs mkha' spyod sprul sku rin po che ye shes blo gros dpal ldan bstan pa'i nyi ma brgyud nas lha yum kun bzang bde chen mtsho mo nas bkra shis lha rdzas dang bcas gsung bskul ngor 'jam dbyangs blo gros rgya mtsho'am/__chos kyi blo gros su 'bod pas khrigs bsdebs su bris pa bstan 'gror mchog tu sman pa'i rgyur gyur cig__/sarba mang+ga laM/__shu b+haM// |
1 Texts in this Section (sde tshan or chos tshan)
271-296
|
རིག་འཛིན་སྲོག་སྒྲུབ་ཀྱི་སྔོན་འགྲོའི་ངག་འདོན་བྱང་ཆུབ་མྱུར་ལམ། rig 'dzin srog sgrub kyi sngon 'gro'i ngag 'don byang chub myur lam
|
Text page View PDF |
[[|འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ()]] |