JKCL-KABUM-05-CA-001: Difference between revisions
From Khyentse Lineage - A Tsadra Foundation Project
WikiBot2015 (talk | contribs) (Created page with "{{Khyentse Metadata |classification=Tibetan Publications |subclass=Tibetan Texts |collectiontitle=chos kyi blo gros bka' 'bum |collectiontitletib=ཆོས་ཀྱི་བ...") |
No edit summary |
||
Line 2: | Line 2: | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|citation=[['jam dbyangs mkhyen brtse chos kyi blo gros]]. ''''. In ''Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum'', Vol. 5: . Bir, H.P.: Khyentse Labrang, 2012. | |||
|collectiontitletib=ཆོས་ཀྱི་བློ་གྲོས་བཀའ་འབུམ་ | |||
|collectiontitle=chos kyi blo gros bka' 'bum | |collectiontitle=chos kyi blo gros bka' 'bum | ||
|author='jam dbyangs mkhyen brtse chos kyi blo gros | |author='jam dbyangs mkhyen brtse chos kyi blo gros | ||
|authortib=འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ | |authortib=འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ | ||
|tibgenre=Sadhanas - Evocation Ritual - sgrub thabs | |||
|terma=No | |||
|jkcloutline=Six | |||
|language=Tibetan | |language=Tibetan | ||
| | |volumenumber=005 | ||
| | |volnumtib=༥ | ||
|volyigtib=ཅ་ | |||
|totalvolumes=12 | |||
|beginfolioline=1a1 | |||
|textnuminvol=001 | |textnuminvol=001 | ||
|pdflink=File:JKCL-KABUM-05-CA-001.pdf | |pdflink=File:JKCL-KABUM-05-CA-001.pdf | ||
Line 16: | Line 22: | ||
<h1 style="font-size: 24px !important;">Tibetan Text</h1> | <h1 style="font-size: 24px !important;">Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP|༄༅། | {{TibP|༄༅། །འདུས་མདོའི་དབང་ཆོག་རིན་ཆེན་ཕྲེང་བ་ལས་སྤྱོད་རྒྱུད་རྣམ་སྣང་གི་དཀྱིལ་འཁོར་བཀླག་ཆོག་ཏུ་བཀོད་པ་དོན་གསལ་མེ་ལོང་ཅེས་བྱ་བ་བཞུགས་སོ། ། | ||
ན་མོ་གུ་རུ་བཻ་རོ་ཙཱ་ན་ཡེ། གང་གི་རང་བཞིན་སྤྲོས་པ་ཉེར་ཞི་ཡང་། །སྙིང་རྗེ་ཆེན་པོ་རྩལ་སྣང་འགགས་པ་མེད། །འགྲོ་དོན་བྲལ་པའི་བྱང་ཆུབ་སེམས་མཆོག་ཉིད། །བྱང་ཆུབ་རྡོ་རྗེའི་སྐུར་བཞེངས་བླ་མ་རྒྱལ། །རྣམ་པར་སྣང་མཛད་དཀྱིལ་འཁོར་རྒྱ་མཚོའི་གཙོ། །རྒྱུད་སྡེ་བཞི་འབྲེལ་སྒྲུབ་ཐབས་བསམ་ཡས་ལས། །བསྟན་པ་ཡོངས་རྫོགས་ཉམས་ལེན་འདུས་པ་མདོའི། །སྤྱོད་རྒྱུད་དང་འབྲེལ་དཀྱིལ་འཁོར་ཆོ་ག་དབྱེ། །དེའང་ལྷ་ཐེམ་ལས། ཨུ་པ་ཡོ་ག་སྤྱོད་པའི་རྒྱུད། །གཉིས་ཀའི་རྒྱུད་ཀྱི་ཐེག་པ་ཡིན། །ཀྲྀ་ཡའི་ཞོར་དང་ཡོ་གའི་ཤུགས། །ཡང་ན་ཟུར་དུ་དཀྱིལ་འཁོར་མཛད། །ཞེས་གསུངས་པའི་དགོངས་དོན་ཀྲྀ་ཡའི་ཤུགས་ལ་བསྟན་པ་དང་། ཡོ་ག་མ་བསྡུ་བ་དང་། ཟུར་དུ་མཛད་པའི་ཕྱག་བཞེས་གསུམ་ལས། ལུགས་འདི་ལ་ཚད་མར་གྱུར་པའི་མཁས་གྲུབ་ཆེན་པོ་ཀླན་པོགས་ཀྱིས་བདེ་བ་གསལ་མཛད་ཀྱིས་ལས་ཐོའི་དགོངས་དོན་བཞིན་ཀྲྀ་ཡོ་ག་གཉིས་སུ་བསྡུ་བར་མཛད་ལ། འདིར་གོང་གི་ལུང་དོན་བཞིན། ཟུང་ཆེན་ཐམས་ཅད་མཁྱེན་པ་ཤཱཀྱ་འབྱུང་གནས་དང་དངོས་སློབ་བདེ་ལེགས་སོགས་ཀྱིས་ངེས་པར་ཟུར་དུ་མཛད་པ་དང་། འཇམ་པའི་དབྱངས་རིན་ཆེན་རྒྱལ་མཚན་དང་། པཎ་ཆེན་སྐུ་མཆེད་སོགས་ཀྱིས་ཐུགས་ཉམས་སུ་བསྟར་ཞིང་། ལྷ་ཐེམ་སུ་འཁོར་ཡུག་གི་ལྷའི་མངོན་རྟོགས་གསལ་བར་མཛད་འདུག་པ་དང་། མཁས་གྲུབ་བྲ་བོ་ཆོས་འབམ་པ་སོགས་ཀཿཐོག་སྔ་རབས་ཕལ་ཆེར་ཀྱང་ཟུར་དུ་མཛད་པའི་ཕྱག་རྒྱུན་ད་ལྟ་དཔལ་ཡུལ་ཕྱོགས་དབང་གི་རྒྱུན་ཀྱང་བཞུགས་པ་བཅས་ཀྱིས་རིག་འཛིན་ཆེན་པོ་པདྨ་ཕྲིན་ལས་ཀྱི་འདུས་མདོའི་དབང་ཆོག་ཆེན་པོ་ལས་ཟུར་དུ་ཕྱུང་ནས་ཅུང་གསལ་བར་བཀོད་པ་ལ། སྟ་གོན་དང་། དངོས་གཞི། རྗེས་ཀྱི་རིམ་པའོ། །དང་པོ་ལ་བདག་གི་རྣལ་འབྱོར་དང་། སྟ་གོན་དངོས་གཉིས་ལས། དང་པོ་ནི། གང་དུ་བྱ་བའི་གཞིར་ཕྱག་དར་དང་དྲི་བཟང་གི་ཆུས་བརྐྱངས་ནུལ་བྱ་ཞིང་མཆོད་གཏོར་བཤམས་ལ། བདེ་བའི་སྟན་ལ་འཁོད་དེ། སྐྱབས་ཡུལ་རྣམས་མདུན་མཁར་མངོན་སུམ་བཞིན་དུ་བལྟས་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས་དུས་འདི་ནས་བཟུང་སྟེ། ནམ་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་སངས་རྒྱས་བཅོམ་ལྡན་འདས་ལ་སྐྱབས་སུ་མཆིའོ། །དེ་བཞིན་གཤེགས་པ་ཆོས་ཀྱི་སྐུ་ཞི་བ་བླ་ན་མེད་པ་སོ་སོར་རང་གི་རིག་པ་ལ་སྐྱབས་སུ་མཆིའོ། །ཕྱོགས་བཞིའི་བྱང་ཆུབ་སེམས་དཔའ་ཆེན་པོ་འཕགས་པ་ཕྱིར་མི་ལྡོག་པའི་དགེ་འདུན་ལ་སྐྱབས་སུ་མཆིའོ། །ཞེས་སྐྱབས་འགྲོ་ཡན་ལག་གསུམ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས་དུས་འདི་ནས་བཟུང་སྟེ་ནམ་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། དངོས་པོ་ཐམས་ཅད་དང་བྲལ་བ། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། གཟུང་བ་དང་། འཛིན་པ་རྣམ་པར་སྤངས་བ། ཆོས་བདག་མེད་པ་མཉམ་པའི་ཕྱིར་རང་གི་སེམས་ཐོག་མ་ནས་མ་སྐྱེས་པ་སྟོང་པ་ཉིད་དུ་ཇི་ལྟ་བ་ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་བཞིན་དུ་བདག་གིས་ཀྱང་སེམས་བསྐྱེད་དོ། །ཞེས་སེམས་བསྐྱེད་ལན་གསུམ་བརྗོད། དེ་ནས་ལག་གཉིས་ཁོང་སྟོང་དུ་སྦྱར། མཐེའུ་ཆུང་གཉིས་འབར་བ་ལྟར་བསྐྱེད། མཛུབ་མོ་གཉིས་བཀུག་སྟེ་བ་དན་ལྟར་བཟུང་བ་རྡོ་རྗེ་མི་ཤིག་པའི་ཕྱག་རྒྱ་དང་། ན་མཿས་མནྟ་བུདྡྷཱ་ནཱཾ། བཾ་བ་སྭཱ་ཧཱ། ཕྱག་རྒྱའི་ནང་དུ་ཡི་གེ་བ་ལྟ་བུ་རྡོ་རྗེ་འབར་བ་དང་བཅས་པ་སྔགས་ཀྱི་ཡི་གེས་མཚན་པ་དེས་བྱིན་གྱིས་རླབས་པས་བདག་ཉིད་གནས་པའི་ས་གཞི་དང་། དབང་ཆེན་དཀྱིལ་འཁོར་རྡོ་རྗེའི་གདན་དུ་གྱུར། ལག་གཉིས་ཐལ་མོ་ཁོང་སྟོང་དུ་སྦྱར་ལ། མཐེ་བོང་གཉིས་སྦྲེང་ལ་སངས་རྒྱས་ཀུན་གྱི་དམ་ཚིག་གི་ཕྱག་རྒྱ་དང་། ན་མཿས་མནྟ་བུདྡྷཱ་ནཱཾ། ཨ་ས་མེ་ཏྲི་ས་མེ། ས་མ་ཡེ་སྭཱ་ཧཱ། སངས་རྒྱས་ཀུན་གྱི་དམ་ཚིག་ལ་གནས་པར་གྱུར། ལག་གཉིས་ཐལ་མོ་ཁོང་སྟོང་དུ་སྦྱར་ལ། མཛུབ་མོ་གཉིས་ཕུར་བུས་བཏབ་པར་གྱུར། ལག་གཉིས་ཁོང་སྟོང་དུ་སྦྱར་ལ་མཛུབ་མོ་གཉིས་བཀུག་སྟེ་ནང་དུ་གཞུག །གུང་མོ་དང་སྲིན་ལག་གཉིས་གཤིབ་སྟེ་སྦྲེང་། མཐེ་བོང་དང་མཐེའུ་ཆུང་ཅུང་ཟད་བཀུག་པ་མཚམས་ཆེན་པོ་བཅད་པའི་ཕྱག་རྒྱ་དང་། ན་མཿས་མནྟ་བུདྡྷཱ་ནཱཾ། བེ་ལུ་སུ་ཏི་པི་ཀུ་རི་བི་ཀུ་ལེ་སྭཱ་ཧཱ། ཕྱོགས་བཅུར་རྡོ་རྗེའི་རྭ་བས་བསྐོར་ཏེ་མཚམས་བཅད་པར་གྱུར། ཕྱག་རྒྱ་སྔ་མ་ལས་མཛུབ་མོ་གཉིས་བརྐྱང་བ་ལ་མཐེ་བོང་གཉིས་ནང་དུ་བཅུག་པ་ཀུན་ཏུ་འབར་བའི་ཕྱག་རྒྱ་དང་། ན་མཿས་མནྟ་བུདྡྷཱ་ནཱཾ། ཛྭ་ལ་མ་ལི་ནི་ཏ་ཐཱ་ག་ཏ་ཨ་རྩི་སྭཱ་ཧཱ། ཕྱོགས་བཅུར་འབར་བའི་ཕྲེང་བས་ཀུན་ནས་བསྐོར་བར་གྱུར་པས་སྲུང་སྟེ་སྲུང་འཁོར་རོ། །ལག་གཉིས་ཁུ་ཚུར་བཅང་། མཐེ་བོང་གཉིས་ནང་དུ་གཞུག །མཛུབ་མོ་གཉིས་སྦྲེང་པ་ཆོས་དབྱིངས་རྣམ་པར་སྦྱར་བའི་ཕྱག་རྒྱ་དང་། ན་མཿས་མནྟ་བུདྡྷཱ་ནཱཾ། དྷཱརྨ་དྷཱ་ཏུ་སྭཱ་བྷཱ་ཝ་ཨཏྨ་ཀོ྅ཧཾཿཆོས་ཐམས་ཅད་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་སྟོང་པ་ཉིད་དུ་གྱུར། ལག་གཉིས་ཀྱི་སོར་མོ་ཐམས་ཅད་བཟློག་སྟེ་བསྣོལ་ལ་མཐེ་བོང་གཉིས་རྩེ་སྤྲད་པ་ཆོས་ཀྱི་འཁོར་ལོའི་ཕྱག་རྒྱ་དང་། ན་མཿས་མནྟ་བུདྡྷཱ་ནཱཾ། ཨཏྨ་ཀོ྅ཧཾ། བདག་གི་ཐ་མལ་པའི་ལུས་སྤངས་ནས་རྡོ་རྗེ་སེམས་དཔའི་སྐུ་ཟླ་བའི་དཀྱིལ་འཁོར་གྱི་ནང་ན་བཞུགས་ཤིང་ཟླ་བའི་དཀྱིལ་འཁོར་གྱི་འོད་དང་ལྡན་པ་ཕྱག་གཉིས་ཀྱི་རྡོ་རྗེ་དང་དྲིལ་བུ་བསྣམས་པ། དབུ་རྒྱན་ལ་སོགས་པའི་རྒྱན་སྣ་ཚོགས་པས་བརྒྱན་པ་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་ན་རྡོ་རྗེ་རྩེ་ལྔ་པ་དང་བཅས་པར་གྱུར། དེ་བཞིན་གཤེགས་པའི་གོ་ཆའི་ཕྱག་རྒྱ་དང་། ན་མཿས་མནྟ་བཛྲ་ཎཾ་བཛྲ་ཀ་བ་ཙི་ཧཱུྃ། རང་གི་ལུས་ལ་རྡོ་རྗེའི་གོ་ཆ་གྱོན་པར་གྱུར། ཅེས་བརྗོད་པས་བདག་ཉིད་ལྷར་བསྐྱེད་དོ། །གཉིས་པ་སྟ་གོན་དངོས་ལ། རྡུལ་ཚོན་ལྟར་ན་སྟེགས་བུར་དྲི་བཟང་གི་ཆུས་བྱུག་པར་དཀྱིལ་འཁོར་ཡོངས་རྫོགས་ལྟེ་བར་པདྨ་འདབ་བཞིའམ་འཁོར་ལོ་རྩིབས་བཞིར་གང་བདེར་བྱ་བར་གསུངས་ཀྱང་འཐད་ཕྱོགས་པདྨ་འདབ་བཞི་པ་ཆེ་ཞིང་ཕྱི་རོལ་པདྨ་དང་རྡོ་རྭའི་བར་དུ་འཁོར་ཡུག་དང་བཅས་པའི་ལས་ཐིག་བཏབ། རས་བྲིས་ལ་མཎྜལ་སྟེང་དུ་ལྷ་གནས་སོ་སོར་དྲི་བཟང་གི་ཆུས་ཐིག་ལེ་བྱ་ཞིང་པདྨ་སུཪྻ་ཙནྡྲ་ལ་ཞེས་བརྗོད་ནས། འོག་ནས་འབྱུང་བའི་ལྷ་སྔགས་རྣམས་ཀྱིས་ཚོམ་བུ་བསྐྱེད་ཆོག་གི་གོ་རིམ་ལྟར་བཀོད་པའི་མཐར། ཉེར་སྤྱོད་བདུན་དང་ཁྱད་པར་མཆོད་ཡོན་དྲི་ཆབ་མེ་ཏོག་སྤོས་མར་མེ་ཞལ་ཟས་རྣམ་ལྷ་གྲངས་དང་མཉམ་པའམ། ཚན་པ་བཅུ་སོགས་ཀྱིས་རྡུལ་ཚོན་ལ་སྒོར་མོ་དང་། རས་བྲིས་ལ་གྲུ་བཞིར་བཤམས། མཆོད་བུམ་རྒྱས་པ་བཅུ་དྲུག་དང་བརྒྱད། བསྡུ་ན་གཅིག་མཆུ་དཀྱིལ་འཁོར་ལ་ཕྱོགས་ཏེ་བཞག་གོ། དེ་ནས། ཨོཾ་བུདྡྷ་བཻ་རོ་ཙ་ན། ཨོཾ། དབུས་སུ་རྣམ་སྣང་དཀར་པོ་ཆོས་འཆད་ཀྱི་སྟེང་ན་འཁོར་ལོ་བསྣམས་པ། ཨོཾ་བཛྲ་སཏྭ་ཧཱུྃ། ཤར་དུ་མི་བསྐྱོད་པ་སྔོན་པོ་གཡས་ས་གནོན་དང་། གཡོན་མཉམ་བཞག་གི་སྟེང་ན་རྡོ་རྗེ་འཛིན་པ། ལྷོར་ཨོཾ་རནྟ་སམྦྷ་ཏྲྃ་རིན་ཆེན་འབྱུང་ལྡན་སེར་པོ་མཆོག་སྦྱིན་དང་མཉམ་བཞག་གི་སྟེང་ན་རིན་པོ་ཆེ་འཛིན་པ། ནུབ་ཏུ་ཨོཾ་པདྨ་ཨ་མི་དྷེ་དེ་ཝ་ཧྲཱིཿསྣང་བ་མཐའ་ཡས་དམར་པོ་མཉམ་བཞག་གི་སྟེང་ན་པདྨ་བསྣམས་པ། བྱང་དུ་ཀརྨ་ཨ་མོ་གྷ་སིདྡྷི་ཨཱཿདོན་ཡོད་གྲུབ་པ་ལྗང་གུ་གཡས་སྐྱབས་སྦྱིན་དང་གཡོན་རྒྱ་གྲམ་འཛིན་པ། ལྔ་ཀའང་དར་དང་རིན་པོ་ཆེའི་རྒྱན་ཅན་སྣ་ཚོགས་ཀྱིས་བརྒྱན་ཅིང་རྡོ་རྗེའི་སྐྱིལ་མོ་ཀྲུང་དུ་བཞུགས་པའོ། །གྲལ་བཞིའི་ནང་དུ་ཤར་ལྷོ། ཨོཾ་བཛྲ་ལཱ་སྱ་ཧཱུྃ། སྒེག་མོ་དཀར་མོ་མེ་ལོང་འཛིན་པ། ལྷོ་ནུབ་ཏུ། ཨོཾ་བཛྲ་མ་ལེ་ཏྲཱྃ། རྡོ་རྗེ་ཕྲེང་བ་མ་སེར་མོ་མེ་ཏོག་གི་ཕྲེང་བ་འཛིན་པ། ནུབ་བྱང་དུ། ཨོཾ་བཛྲ་གིརྟཱི་ཧྲཱིཿརྡོ་རྗེ་གླུ་མ་དམར་མོ་པི་ཝཾ་འཛིན་པ། བྱང་ཤར་དུ། ཨོཾ་བཛྲ་ནཱིརྟི་ཨཱཿརྡོ་རྗེ་གར་མ་ལྗང་གུ་གར་བསྒྱུར་བ། དེའི་ཕྱི་རོལ་གྱི་གྲྭ་བཞིར་ཤར་ལྷོ། ཨོཾ་བཛྲ་དྷུ་པེ་ཧཱུྃ། རྡོ་རྗེ་བདུག་སྤོས་མ་དཀར་མོ་བདུག་སྤོས་འཛིན་པ། ལྷོ་ནུབ་ཏུ། ཨོཾ་བཛྲ་པུཥྤེ་ཏྲཾ། རྡོ་རྗེ་མེ་ཏོག་མ་དམར་སེར་མེ་ཏོག་འཛིན་པ། ནུབ་བྱང་དུ། ཨོཾ་བཛྲ་ཨ་ལོ་ཀེ་ཧྲཱིཿརྡོ་རྗེ་མར་མེ་དམར་མོ་མར་མེ་འཛིན་པ། བྱང་ཤར་དུ། ཨོཾ་བཛྲ་གནྡྷེ་ཨཱཿརྡོ་རྗེ་དྲི་ཆབ་མ་ལྗང་གུ་དྲིའི་དུང་ཆོས་འཛིན་པའོ། །སྣམ་བུའི་ཤར་དུ། ཏྲཾ་མངྒ་ལ་དེ་བི་ཧཱུྃ། དུས་ལྡན་མ་དཀར་མོ་དཔལ་བེ་བསྣམས་པ། ཏྲཾ་པདྨ་ཅན་དཀར་མོ་འཁོར་ལོ་འཛིན་པ། ལྷོར། ཏྲཾ་མངྒ༴འཇིགས་བྲལ་མ་སྔོན་མོ་པདྨ་བསྣམས་པ། ཏྲྃ༴འོད་ལྡན་མ་སྔོན་མོ་རྒྱལ་མཚན་འཛིན་པ། ནུབ་ཏུ། ཏྲཾ༴མདངས་ལྡན་མ་དམར་མོ་གདུགས་འཛིན་པ། ཏྲཾ༴དྲི་མེད་མ་དམར་མོ་བུམ་པ་འཛིན་པ། བྱང་དུ། ཏྲཾ༴རྒྱལ་གདུང་མ་ལྗང་གུ་དུང་བསྣམས་པ། ཏྲཾ༴ཡིད་བཟང་མ་ལྗང་གུ་གསེར་ཉ་འཛིན་པ། དེ་དག་ཐམས་ཅད་ཀྱང་དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པའོ། །ཕྱི་རོལ་གྱི་འཁོར་ཡུག་ལ་མགོན་པོ་བདུན་ཅུ་རྩ་ལྔ་ནི་ཤར་དུ་ལྷ་ཆེན་དབང་ཕྱུག་སོགས་མདུན་བསྐྱེད་ལྟར་ལ་བཞི་ཀའང་གོ་ཆ་ཅན་ནོ། །དེ་ནས་མཆོད་པ་བཞི་ཡི་དང་པོ་ཕྱག་གི་མཆོད་པ་ནི། ཐལ་མོ་སྦྱར་ཏེ། ཕྱག་འཚལ་བྱང་ཆུབ་སེམས་ཁྱོད་ལ། །ཕྱག་འཚལ་བྱང་ཆུབ་འབྱུང་ཁྱོད་ལ། །སྤྱོད་གཟུགས་ཁྱོད་དང་ས་དང་ནི། །ཕ་རོལ་ཕྱིན་ལ་ཕྱག་འཚལ་ལོ། །ཕྱག་འཚལ་ཐོག་མར་བྱེད་ཁྱོད་ལ། །སྟོང་པ་ཉིད་ལ་འདུད་ཕྱག་འཚལ། །གཉིས་པ་ཕྱི་མཆོད་ནི། བྱིན་རླབས་འོག་ནས་འབྱུང་བ་ལྟར་བྱས་ལ། མཆོད་ཡོན་གྱི་ཕྱག་རྒྱས། ན་མཿས་མནྟ་བུདྡྷཱ་ནཱཾ། ག་ག་ན་ས་མ་སྭཱ་ཧཱ། དྲི་ཆབ་ཀྱི་རྒྱས། ན་མཿས་མནྟ་བུདྡྷཱ་ནཱཾ། སརྦ་ཏ་ཐཱ་ག་ཏ་ཨར་ཙི་སྥ་ར་ཎ་ཨ་ཝ་བྷཱ་ས་ག་གནོད་ཏཱ་ར་བྷྱཿསྭཱ་ཧཱཿཞལ་ཟས་ཀྱི་རྒྱས། ན་མཿས་མནྟ་བུདྡྷཱ་ནཱཾ། ཏྲཻ་ཡ་ད་དྷི་ཀ་ནཱཾ་ཨ་ར་ར་བ་ར་ར་ཕི་ལ་དེ་བ་ལིནྟ་ད་ཧི་སྭཱ་ཧཱ། ཞེས་སོགས་ཀྱི་མཆོད་པ་རྣམས་སྔགས་རྒྱ་དེ་དག་ལན་གསུམ་གྱིས་བྱིན་གྱིས་བརླབས་རྗེས་སྔགས་ལན་གཅིག་གིས་དབུལ་ལོ། །ཕྱག་རྒྱ་དེ་དག་འོག་ཏུ་འཆད་དོ། །གསུམ་པ་ཡིད་མཆོད་ནི། ཐལ་མོ་ཁོང་སྟོང་དུ་སྦྱར་བ་མཐེ་བོང་གཉིས་ཕྱེ་སྟེ། ན་མཿས་མནྟ་བུདྡྷཱ་ནཱཾ། ཨཾ་ཨ་སྭཱ་ཧཱ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་སོགས་ནམ་མཁའ་མཛོད་ཀྱི་སྔགས་ལན་གསུམ་བརྗོད་ལ་མཆོད་པ་རྒྱ་ཆེན་པོས་མཆོད་པར་བསམ་མོ། །བཞི་པ་སྒྲུབ་པའི་མཆོད་པ་ནི། བྱམས་པ་དང་སྙིང་རྗེ་བསྒོམ་ལ། བདག་གི་བསོད་ནམས་སྟོབས་དང་ནི། །དེ་བཞིན་གཤེགས་པའི་སྦྱིན་སྟོབས་དང་། །ཆོས་ཀྱི་དབྱིངས་ཀྱི་སྟོབས་ཀྱིས་སུ། །སེམས་ཅན་རྣམས་ལ་ཕན་འདོད་པས། །དོན་རྣམས་གང་དག་བསམ་པ་ཀུན། །སེམས་ཅན་ཁམས་ནི་མ་ལུས་འདིར། །དེ་དག་ཐམས་ཅད་ཅི་རིགས་པར། །ཐོག་པ་མེད་པར་འབྱུང་གྱུར་ཅིག །ཅེས་མཆོད་བཞིན་མཆོད་ནས། སྟ་གོན་ལ་གནས་པར། གསོལ་བ་གདབ་པ་ནི། སྤོས་ཐོག་ལ་ཐལ་སྦྱར་གྱིས། རྒྱལ་བ་སྲས་བཅས་དགོངས་སུ་གསོལ། །གནས་འདིར་དཀྱིལ་འཁོར་བཞེངས་གསོལ་བས། །བདག་དང་སློབ་མའི་དོན་ཆེད་དུ། །སྟ་གོན་ལ་ནི་དགོངས་སུ་གསོལ། །ཞེས་ལན་གསུམ་བྱ། ཅེས་གསོལ་བས་ལྷ་ཚོགས་རྣམས་ཀྱིས་དེ་ལྟར་བགྱིའོ། །ཞེས་གནང་བ་སྩལ་བར་གྱུར། ཅེས་བརྗོད། སྟ་གོན་གྱི་ལྷ་ནམ་མཁར་མི་འདོགས་པར། ན་མཿས་མནྟ་བུདྡྷཱ་ནཾ། ཏ་ཐཱ་ག་ཏ་ཨ་དྷིཥྛ་ན་ཨ་དྷིཥྛི་ཏེ་ཨ་ཙ་ལེ་བི་མ་ལེ་སྥ་ར་ཎ་པ་ཀྲི་ཏེ་པ་ར་ཤུདྡྷེ་སྭཱ་ཧཱ། ཞེས་བརྗོད་པས་དྲིའི་དཀྱིལ་འཁོར་ལ་གནས་པའི་ལྷ་རྣམས་མཉེས་པར་གྱུར་ཏེ་མི་སྣང་བར་གྱུར། ཅེས་བརྗོད་ལ་ཚོམ་བུ་དང་མཆོད་པ་རྣམས་བསྡུའོ། །སློབ་མ་སྟ་གོན་ནི། པད་ཕྲིན་གྱི་གཞུང་ཉིད་དུ་ཤེས་པར་བྱའོ། །དཀྱིལ་འཁོར་བྲི་བ་ནི། ལྟེ་བ་དཀར་པོ། པད་འདབ་བྱེད་ན། ཤར་སྔོ། ལྷོ་སེར། ནུབ་དམར། བྱང་ལྗང་། འཁོར་ལོ་ཡིན་ན་ཕྱོགས་མདོག་ལྟར། ལྷ་སྣམ་དཀར་པོ་རྩིག་པ་ནང་ནས་དཀར་སེར་དམར་ལྗང་སྔོ་བ་སྤྱོད་རྒྱུད་ཕྱོགས་ཆེན་གྱི་ལྷོར་ལྟ་བས་ནང་ཁྱམས་ཤར་དམར་ལྷོ་སེར་ནུབ་ལྗང་བྱང་ནག་པར་བྲི་ལ། གཞན་སྤྱི་དང་འདྲ་ཞིང་། ཕྱི་རོལ་གྱི་འཁོར་ཡུག་སྔོན་པོ་བྱའོ། །ལྷ་མཚན་ནི་མདུན་བསྐྱེད་སྒྲུབ་མཆོད་སྐབས་བཞིན་ལ་ལྷ་གནས་སུ་ཙཀླི་འགོད་དགོས་ཤིང་། སྤྱོད་རྒྱུད་སྐབས་འདིར་དམིགས་བསལ་དཀྱིལ་འཁོར་ལ་བྲིས་འབུར་གྱི་སྐུ་འགོད་དགོས་པར་གསུངས་པས་གཙོ་བོ་ལྔ་གནས་སོ་སོར་བཀོད་ལྷག་མ་རྣམས་ལ་ཚོན་སྤུངས་བྱའོ། །མཐར་མཆོད་པ་སྔར་ལྟར་བཤམས། དཀྱིལ་འཁོར་ཡས་འབུལ་བའི་གཏོར་མ་དཀར་ཟླུམ་པད་འདབ་བདུན་ཅན་གསུམ་དང་། ལོག་ཤིག་ཏུ་གཏོར་མ་ཆ་གསུམ་ཡང་བཤམས། དཀྱིལ་འཁོར་གྱི་དབུས་སུ་མཉྫིའི་ཁར་རིན་པོ་ཆེའི་བུམ་པ་བཅུད་ལྡན་དར་དཀར་པོས་དཀྲིས་པ་ཁ་རྒྱན་རྡོར་གཟུངས། དྲིའི་དུང་ཆོས་དང་བཅས་པའང་བཤམ་མོ། །སློབ་དཔོན་གྱི་མདུན་དུ་ལས་བུམ་བཅུད་ལྡན་དར་དཀར་པོས་དཀྲིས་པ་རྡོ་རྗེའི་མཚན་མ་དགོད་པ་ཁ་རྒྱན་དང་བཅས་པ་ཡང་ཉེར་བསྡོགས་བྱ། རྡོར་དྲིལ་ལ་རྟེན་སྙིང་དང་མེ་ཏོག་འཐོར་བས་རབ་ཏུ་གནས་ཏེ་བཞག་གོ། ནུབ་དང་པོའི་བྱ་བའོ། །གཉིས་པ་དངོས་གཞི་ལ་གཏོར་མ་གཏོང་བ་མཆོད་པ་བྱིན་རླབས། བདག་ལྷར་བསྐྱེད་པ། བསང་ཆུ་སྒྲུབ་པ། མདུན་བསྐྱེད་སྒྲུབ་ཅིང་སྤྱན་འདྲེན་ཕྱག་མཆོད་བྱ་བ། གཏོར་མ་བཏང་བ། བུམ་པ་སྒྲུབ་པ། ཆ་གསུམ་བསྔོ་བ། བདག་ཉིད་འཇུག་པའོ། །དང་པོ་ནི། སང་ནང་པར་སྔ་བར་ལངས་ནས་ཁྲུས་དང་གཙང་སྦྲའི་ཀུན་སྤྱོད་ལ་གནས་ནས། ཐོག་མར་ཆོས་སྤྱོད་ཅི་རིགས་བཏང་རྗེས། སྔོན་འགྲོ་གཏོར་མ་ལ་ལས་རྡོར་གྱིས་ཆབ་བྲན་ཏེ། ན་མཿས་མནྟ་བཛྲ་ནཱི་ཙཎྜ་མ་ཧཱ་རོ་ཥ་ཎ་སྥོ་ཏྲ་ཡ་ཧཱུྃ་ཊ་ཀ་ཧཾ། ཞེས་པས་བསང་། ཆོས་ཐམས་ཅད་རང་བཞིན་གྱི་ཡི་གེ་རས་སྟོང་པ་ཉིད་དུ་གྱུར། བསང་སྦྱངས་ཐམས་ཅད་འདི་ཡིན། ཨོཾ་ཨཱཿཧཱུྃ་གིས་བྱིན་གྱི་རླབས། བྷཱུ་མི་པཱ་ཏི་ས་པཱ་རི་ཝ་ར་བཛྲ་ས་མ་ཛཿས་མགྲོན་དགུག །བྷཱུ་མི་པ་ཏི་ས་པཱ་རི་ཝཱ་ར་ཨ་ཀ་རོ་སོགས་ལན་གསུམ་གྱིས་བསྔོས། ཨོཾ་བཛྲ་པུཥྤེ་པྲ་ཏཱིཙྪ་སྭཱ་ཧཱ། སོགས་ནས། ནཻ་ཝི་དྱའི་བར་གྱིས་མཆོད། ལྷ་དང་ལྷ་མིན་གསང་སྔགས་དང་། །ཕྱོགས་བཅུ་ཀུན་གྱི་དྲི་ཟ་དང་། །གཟའ་དང་མིའམ་ཅི་གང་དག །བགེགས་ཀྱི་ཚོགས་རྣམས་རབ་ཏུ་ཉོན། །བདག་གིས་དེ་རིང་ཁྱོད་མཆོད་ཀྱིས། །སོང་ཞིག་བགེགས་ཆེན་འགྲོ་བར་གྱིས། །ཕྱིན་ཆད་དེ་ལྟར་མ་བྱེད་ཅིག །ཁྱོད་ཀྱི་སྟོབས་དང་རྩལ་མཐོང་ན། །ཁྱོད་ནི་བགེགས་ཀྱང་བྱ་རེ་ནུས། །ཁྱོད་ནི་ལྷ་ཡི་སྤྲུལ་པ་སྟེ། །ཁྱོད་ནི་བགེགས་བྱེད་མི་ནུས་མིན། སྔོན་ཆད་མཆོད་སྦྱིན་མ་ཐོབ་པས། །དེ་རིང་བདག་གིས་མཆོད་བྱས་ནས། །ཁྱོད་ཀྱིས་ཀྱང་ནི་མཆོད་ཁྱེར་ལ། །བགེགས་ཀྱི་དབང་པོ་ཁྱོད་སོང་ཞིག །ཅེས་གཏོར་མ་བཏང་ངོ་། །གཉིས་པ་མཆོད་པ་བྱིན་རླབས་ནི། ན་མཿས་མནྟ་བཛྲ་ཎཾ་ཙཎྜ་མ་ཧཱ་རོ་ཥ་ཎ་སྥོ་ཊ་ཡ་ཧཱུྃ་ཊ་ཀ་ནཾ། ཞེས་མི་གཡོ་བས་བསངས། སྟོང་པའི་ངང་ལས་ཨཱཿལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་སོ་སོའི་རིག་པས་བྱིན་གྱི་རླབས་པའི་མཆོད་ཡོན་དྲི་ཆབ་མེ་ཏོག་བདུག་སྤོས་མར་མེ་ཞལ་ཟས་ལ་སོགས་པ་མཆོད་རྫས་ཇི་སྙེད་ཡོད་པ་ཐམས་ཅད་དྭངས་ཤིང་ཐོག་པ་མེད་པར་ནམ་མཁའི་མཐའ་ཀླས་པར་གྱུར། ལག་གཉིས་ཐལ་མོ་གྱེན་དུ་བཀན་ལ་གཡས་ཀྱི་མཐེ་བོང་དང་མཐེའུ་ཆུང་གིས་གཡོན་གྱི་མཐེ་བོང་དང་མཐེའུ་ཆུང་ལ་འཁྱུད་ཅིང་སོར་མོ་ལྷག་མ་རྣམས་སྙིམ་པ་ལྟར་གཟེད་པ་མཆོད་ཡོན་གྱི་རྒྱས། ན་མཿས་མནྟ་བུདྡྷཱ་ནཱཾ་ག་ག་ས་མ་མ་སྭཱ་ཧཱ། ལག་གཉིས་གཤིབས་ཏེ་ཐལ་མོ་ཁ་ཕྱིར་བསྟན་དུ་བཀན། མཐེ་བོང་གཉིས་མཛུབ་མོ་ལ་སྦྱར་བ་དྲི་རྒྱས། ན་མཿས་མནྟ་བུདྡྷཱ་ནཱཾ། བི་ཤུདྡྷ་ག་ན་དྷོ་བྷ་སྭཱ་ཧཱ། ལག་པ་གཉིས་གྱེན་བསྟན་མཐེབ་སྲིན་རྩེ་སྦྱར་མེ་ཏོག་འཛིན་ཚུལ་གྱིས་རྒྱས། ན་མཿ༴མ་ཧཱ་མྨེ་རྟྱ་བྷུ་ག་ཏེ་སྭཱ་ཧཱ། རྡོ་རྗེ་ཁུ་ཚུར་གཉིས་མཐུར་དུ་ལྷུགས་ཚུལ་བདུག་སྤོས་ཀྱི་རྒྱས། ན་མཿ༴དྷརྨ་དྷཱ་ཏུ་ཨ་ནུ་ག་ཏ་སྭཱ་ཧཱ། ལག་གཉིས་གཤིབས་ཏེ་གྱེན་བསྟན་གྱི་མཐེ་བོང་བཀན་ལ་གྱེན་དུ་སྦྲེང་བ་མར་མེའི་རྒྱས། ན་མཿ༴སརྦ་ཏ་ཐཱ་ག་ཏ་ཨརྩི་སྥ་ར་ཎ་ཨ་ཝ་བྷ་ས་ག་གནོད་ཏ་ར་བྷྱཿསྭཱ་ཧཱ། ལག་གཉིས་གྱེན་དུ་བཀན་པའི་མཐེ་བོང་གཉིས་སོ་སོའི་ལག་མཐིལ་དུ་བཞག་པ་ལ་མཛུབ་མོས་སོ་སོར་འཁྱུད་ལ་ཞལ་ཟས་ཀྱི་རྒྱས། ན་མཿས་མནྟ་བུདྡྷཱ་ནཱཾ། ཏྲཻ་ཡ་དྷཱི་ཀ་ནཱཾ་ཨ་ར་ར་བ་ར་ར་བི་ལ་དེ་ཝ་ལིནྟ་ད་ཧི་སྭཱ་ཧཱ། ཞེས་སྔགས་རྒྱ་རྣམས་ལན་གསུམ་གྱིས་བྱིན་གྱིས་བརླབ་བོ། །གསུམ་པ་བདག་ལྷར་བསྐྱེད་པ་ནི། སྐྱབས་སེམས་གོང་ལྟར་བྱ། སེམས་ཅན་ཐམས་ཅད་ལ་བྱམས་སྙིང་རྗེ་བསྒོམ་ལ། ངག་ཏུ། བདག་གིས་དགེ་བའི་རྩ་བ་ཇི་ལྟར་བྱས་པའི་དགེ་བའི་རྩ་བས་སེམས་ཅན་ཐམས་ཅད་ཀྱི་ངན་སོང་གི་སྡུག་བསྔལ་ཐམས་ཅད་ཞི་རབ་ཏུ་ཞི་བར་གྱུར་ཅིག །འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་དག་ནི་འབྱོར་བར་གྱུར་ཅིག །ཅེས་བརྗོད། དེ་ནས་རྡོ་རྗེ་མི་ཤིག་པའི་སྔགས་རྒྱ་ནས་ཆོས་ཀྱི་འཁོར་ལོའི་སྔགས་རྒྱ་རྫོགས་ཀྱི་བར་གོང་གི་སྟ་གོན་ལྟར་བྱ། མདུན་གྱི་ནམ་མཁར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་མངོན་པར་རྫོགས་པར་སྙིང་རྗེ་ཆེན་པོའི་སྙིང་པོ་ཅན་གྱི་སྐུའི་བཀོད་པ་མི་ཟད་པའི་རང་བཞིན་གྱི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་སྐད་ཅིག་གིས་མངོན་སུམ་དུ་མཐོང་བ་གྱུར། ཅེས་པས་ཚོགས་ཞིང་གསལ་བཏབ་སྟེ། ན་མཿགུ་རུ་བྷྱཿན་མཿམཎྜལ་ས་པ་རི་ཝ་ར་བྷྱཿཕྱག་འཚལ་བྱང་ཆུབ་སེམས་ཁྱོད་ལ། །ཕྱག་འཚལ་བྱང་ཆུབ་འབྱུང་ཁྱོད་ལ། །སྤྱོད་གཟུགས་ཁྱོད་དང་ས་དང་ནི། །ཕ་རོལ་ཕྱིན་ལ་ཕྱག་འཚལ་ལོ། །ཕྱག་འཚལ་ཐོག་མར་བྱེད་ཁྱོད་ལ། །སྟོང་པ་ཉིད་ལ་ཕྱག་འཚལ་འདུད། །གུ་རུ་མཎྜལ་ས་པ་རི་ཝ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ནསཤབྡའི་བར་གྱིས་མཆོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ཞེས་སོགས་ཀྱིས་སྡོམ་པ་བཟུང་། བདག་མདུན་ཡང་མི་དམིགས་པར་གྱུར་པར་བསམ་པའི་ངང་། རང་གི་སྙིང་ཁར་ཟླ་བའི་དཀྱིལ་འཁོར་ཨཱཿས་མཚན་ལ། དེའི་སྒྲ་ཆོས་ཐམས་ཅད་གདོད་ནས་མ་བྱུང་མ་སྐྱེས་པའི་སྟོང་པར་གྱུར། སྟོང་པའི་ངང་ལས་རང་སེམས་ཟླ་བའི་དཀྱིལ་འཁོར་ཨཱཿས་མཚན་པ་ཡོངས་སུ་གྱུར་པ་ལས་དེའི་ངང་ནས་སྙིང་རྗེའི་དབང་གིས་སྒྱུ་མ་ལྟ་བུའི་ཨཱཿཡིག་ལས་འོད་ཟེར་འཕྲོས་དོན་གཉིས་བྱས་ཡོངས་སུ་གྱུར་པ་ལས་བདག་ཉིད་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོ་པད་དཀར་དང་ཟླ་བའི་གདན་ལ་བཞུགས་པ་ཐོར་ཚུག་དབུ་རྒྱན། རས་དར་གྱིས་སྟོད་སྨད་གཡོགས་པ་སྐུ་མདོག་དཀར་པོ་ཟླ་བའི་དཀྱིལ་འཁོར་ལྟར་འོད་ཟེར་ཀུན་ནས་འཕྲོ་བ་ཕྱག་གཉིས་ཆོས་འཆད་ཀྱིས་འཁོར་ལོ་འཛིན་པ་མཚན་ཉིད་ཐམས་ཅད་རྫོགས་པའི་སྐུར་གྱུར། ལག་པ་གཉིས་ཁོང་སྟོང་དུ་སྦྱར་ལ་མཐེའུ་ཆུང་དང་། མཛུབ་མོ་གཉིས་འབར་བ་ལྟར་བསྐྱེད་གུང་མོ་དང་སྲིན་ལག་གཉིས་དེ་ལ་གནས་པས་སྲིན་ལག་གཉིས་བརྐྱང་པ་པདྨའི་སྦུབས་ཀྱིས་ཕྱག་རྒྱ་དང་། ན་མཿས་མནྟ་བུདྡྷཱ་ནཱཾ་པཾ་པ་སྭཱ་ཧཱ། ཕྱག་རྒྱའི་ནང་དུ་ཆུའི་དཀྱིལ་འཁོར་ཟླ་བའི་དཀྱིལ་འཁོར་ལྟ་བུས་པདྨས་མཚན་པ་སྔགས་དང་བཅས་པ་དེས་བྱིན་གྱིས་རླབས་པས་ལྷའི་སྐུ་ཡན་ལག་དང་ཉིང་ལག་ཐམས་ཅད་དང་ལྡན་པར་གྱུར། ལག་པ་གཉིས་ཁོང་སྟོང་དུ་སྦྱར་ནས་མཐེའུ་ཆུང་གཉིས་དང་མཛུབ་མོ་གཉིས་འཕར་མ་ལྟ་བུ་བསྐྱེད་གུང་མོ་དང་སྲིན་ལག་གཉིས་ཅུང་ཟད་བྱས་པ་གཟི་བརྗིད་འབྱུང་བའི་ཕྱག་རྒྱ་དང་། ན་མཿ༴རཾ་ར་སྭཱ་ཧཱ། ཕྱག་རྒྱའི་ནང་དུ་མེའི་དཀྱིལ་འཁོར་གྲུ་གསུམ་པ་སུམ་མདོ་རིས་འབར་བས་མཚན་པ། སྔགས་དང་བཅས་པ་དེས་བྱིན་གྱིས་བརླབས་པས་སྐུ་འོད་ཀྱི་དཀྱིལ་འཁོར་དང་ལྡན་པར་གྱུར། ལག་པ་གཉིས་ཁོང་སྟོང་དུ་སྦྱར་ལ་མཐའ་གཉིས་སོ་སོར་ཕྱེ་སྟེ། གུང་མོ་གཉིས་བཀུག་ལ་ལྷག་མ་རྣམས་ཅུང་ཟད་སྙེམ་པ་ལྟར་བྱས་པ་གཟུངས་གྱི་ཕྱག་རྒྱ་དང་། ན་མཿ༴བུདྡྷ་དྷཱ་ར་ནི་ཀྲྀ་ཏི་བ་ལ་དྷཱ་ར་ཎི་ཀ་རི་དྷ་ར་དྷ་ར་ཡ་དྷ་ར་ཡ་དྷ་ར་ཡ། སརྦ་ན་བྷ་ག་ཝ་ཏཱི་ཨ་ཀཱ་ར་པ་ཏི་ཨ་ས་མེ་སྭཱ་ཧཱ། ཕྱག་རྒྱའི་ནང་དུ་འབྱུང་བའི་དཀྱིལ་འཁོར་བཞི་ཀའི་ཁ་དོག་དང་ལྡན་པ་འཇའ་ཚོན་ལྟ་བུ་དང་རྡོ་རྗེ་དང་པདྨ་ལ་སོགས་པ་མཚན་མ་བཞི་དང་ལྡན་ཞིང་། རླུང་གི་དཀྱིལ་འཁོར་གྱི་མཚན་མ་མི་གཡོ་བའི་ཕྱིར་རྡོ་རྗེ་ཅན་གྱི་བ་དན་སྔགས་དང་བཅས་པ་དེས་བྱིན་གྱིས་བརླབས་པས་ཆོས་མི་བརྗེད་པའི་དྲན་པ་བརྟན་པར་གྱུར། ལག་གཉིས་ཁོང་སྟོང་དུ་སྦྱར་ལ་མཐེའུ་ཆུང་འོག་ཏུ་གཞུག་མཛུབ་མོ་གཉིས་འབར་བ་ལྟར་བསྐྱེད་པ་གསུང་དབྱངས་བཀོད་པས་རྒྱན་ཀྱི་ཕྱག་རྒྱ་དང་། ན་མཿ༴ཧཾ་ཧཾཿསྭཱ་ཧཱ། ཕྱག་རྒྱའི་ནང་དུ་རླུང་གི་དཀྱིལ་འཁོར་ཟླ་བ་གང་བ་ལྟ་བུ། བ་དན་དང་བཅས་པ་ཀླད་ཀོར་གཉིས་ཀྱིས་མཚན་པ། སྔགས་དང་བཅས་པ་དེས་བྱིན་གྱི་རླབས་པས་སངས་རྒྱས་ཀྱི་གསུང་དབྱངས་ཡན་ལག་དྲུག་ཅུ་དང་ལྡན་པར་གྱུར། ལག་པ་གཉིས་ཁོང་སྟོང་དུ་སྦྱར་ལ་མཐེ་བོང་གཉིས་སོ་སོར་ཕྱེད་བྱེ། མཐེ་ཆུང་གཉིས་གུང་མོ་གཉིས་ཀྱིས་བཀུག་ལ་སྤྱི་བོར་སྦྱར་བ། ཆོས་ལ་གནས་པའི་ཕྱག་རྒྱ་དང་། ན་མཿས་མནྟ༴ཨ་བེ་ད་བེ་ད་ཨ་སྭཱ་ཧཱ། ཕྱག་རྒྱའི་ནང་དུ་ནམ་མཁའ་དཀྱིལ་འཁོར་ཁ་དོག་ཐམས་ཅད་དང་ལྡན་པ། སྟོང་པའང་སྟོང་པར་མཚོན་པའི་མཚན་མ་ཀླད་ཀོར་གཉིས་ཀྱིས་བརྒྱན་པ་སྔགས་དང་བཅས་པ་དེས་བྱིན་གྱིས་བརླབས་པས་དེ་བཞིན་ཉིད་ཀྱི་ཆོས་ཉིད་བརྟན་པར་གྱུར། ལག་པ་གཉིས་ཁོང་སྟོང་དུ་སྦྱར་ཏེ་མཐེ་བོང་གཉིས་ཕན་ཚུན་དུ་ཕྱེ་བས་གུང་མོ་གཉིས་བསྣོལ་བར་བཟུང་བ་རྣལ་འབྱོར་པས་འཛིན་པའི་ཕྱག་རྒྱ་དང་། ན་མཿ༴མ་ཧཱ་ཡོ་ག་ཡོ་གི་ནི། ཡོ་གི་ཤྭ་རི་ཁན་ཛ་རི་ཀེ་སྭཱ་ཧཱ། ཕྱག་རྒྱའི་ནང་དུ་ནམ་མཁའི་དཀྱིལ་འཁོར་ཁྱད་པར་དུ་སྔོ་བ་ཀླད་ཀོར་གྱི་མཚན་པ་སྔགས་དང་བཅས་པ་དེས་བྱིན་གྱིས་བརླབས་པས་ཏིང་ངེ་འཛིན་ཡོངས་སུ་རྫོགས་ཤིང་བརྟན་པར་གྱུར། ཕྲེང་བ་བྱིན་རླབས་གཤེགས་རིགས་ཀྱི། ཨོཾ་ན་མོ་བྷ་ག་ཝ་ཏེ་སིདྡྷི་ས་དྷཱ་ཡ་སིདྡྷི་རྠ་སྭཱ་ཧཱ། ཞེས་དང་། ཨོཾ་རུ་ཙི་ར་མ་ཎ་པྲ་ཝརྡྷ་ན་ཡ་སྭཱ་ཧཱ། ལན་ཁ་ཤས་བཟླ། རང་དམ་ཚིག་པའི་ཐུགས་ཀར་ཟླ་བ་ལ་གནས་པའི་ཨོཾཿབུདྡྷ་བཻ་རོ་ཙ་ན་ཨོཾ། ཞེས་པས་སྔགས་ཕྲེང་གི་མཚན་པ་དང་། རང་གི་མདུན་དུ་ཅུང་ཟད་མཐོ་བར་རང་འདྲའི་ཡེ་ཤེས་པ་རྡོ་རྗེ་འཆང་གི་ཐུགས་ཀར་ཟླ་དཀྱིལ་སྔགས་ཕྲེང་དང་བཅས་པ་གསལ་བ་དང་། མདུན་གྱི་ལྷའི་ཐུགས་ཀ་ནས་སྔགས་ཕྲེང་རྣམས། རང་གི་ལུས་ཀྱི་རླུང་རྣམས་ནང་དུ་བསྡུ་བ་དང་། ལྷན་ཅིག་ཏུ་ཚུར་བྱུང་ཏེ། སྙིང་གི་ནང་ན་གནས་པར་གྱུར། ཅེས་བརྗོད་ཅིང་། ཨོཾ་བུདྡྷ་བཻ་རོ་ཙ་ན་ཨོཾ། ཞེས་པ་ཤུབ་བུར་བཟླ། དབུགས་ཕྱིར་གཏོང་བའི་ཚེ་སླར་སྔགས་ཀྱི་ཡི་གེ་རྣམས་རང་གི་ལུས་ཀྱི་རླུང་རྣམས་ཕྱིར་བཟུང་བ་དང་ལྷན་ཅིག་སོང་སྟེ་མདུན་གྱི་ལྷའི་ཐུགས་ཀར་འཁོད་པར་གྱུར། ཅེས་བརྗོད་ལ། སྔགས་བཟླ། གཞུང་ལས་གསལ་ཀ་མེད་ཀྱང་རྣམ་སྣང་གི་རིག་སྔགས་འདི་ཡང་ཅུང་ཟད་བཟླ་ན་ལེགས་པར་བསམ་སྟེ། ན་མཿས་མནྟ་བུདྡྷཱ་ནཱཾ། ཨ་ས་མེ་བཏ་དྷརྨ་དྷཱ་རྟུ་ཀརྨ་ག་ཏི་ག་ཏཱ་ནཱཾ། སརྦ་ཐཱ། ཨོཾ་ཁཾ། ཨཾ་ཨ་པཾ་པ་རཾ་ཧ། རཾ་ར། བཾ་བཧྃ་ཧཿསྭཱ་ཧཱ། ཞེས་རིག་པའི་རྒྱལ་པོ་ཚིག་ཡན་ལག་བཅུ་གཉིས་པ་ཡིན་པས་གོང་དུ་བདག་མདུན་གྱི་སྙིང་པོའི་མཐར་རིག་སྔགས་ཀྱི་ཕྲེང་བ་བཀོད་པའི་དམིགས་གསལ་བརྗོད་པར་བྱས་ལ་ཤུབ་བུར་བཟླ་བ་དང་། སྐབས་དེར་སྲོག་རྩོལ་བསྡོམ་པ་ཡིད་བཟླས་ཀྱང་བྱའོ། །སྔགས་བཟླས་པའི་དོན་དེ་དག་ཀྱང་རྣམ་སྣང་མངོན་བྱང་ལས། ཡི་གེར་དང་ནི་ཡི་གེ་སྦྱར། །དེ་བཞིན་གཞི་ལ་གཞིར་གྱུར་པ། །ཤིན་ཏུ་བསྡམ་པའི་ཡིད་ལ་ནི། །བཟླས་བརྗོད་འབུམ་ཕྲག་གཅིག་བྱའོ། །ཡི་གེ་བྱང་ཆུབ་སེམས་ཡིན་ཏེ། །གཉིས་པ་སྨྲ་ཞེས་བྱ་བ་ཡིན། །གཞི་ནི་རང་གི་ལྷ་གཞན་ལ། །རང་གི་ལུས་ཀྱི་གནས་ལ་བྱ། །ཡི་གེ་རྣམས་ནི་གོ་རིམ་བཞིན། །དེ་ཡི་དབུས་སུ་ལེགས་པར་བཀོད། །སླར་སྡུད་པ་ཡི་ཚིག་གིས་ནོན། །སྲོག་དང་རྩོལ་བ་རྣམ་པར་སྦྱངས། །ཞེས་གསུངས་པ་ལྟར་ཡི་གེ་དང་བྱང་ཆུབ་ཀྱི་སེམས་རྣམ་པར་རྟོག་པ་དང་བྲལ་བ་ཤིན་ཏུ་རྣམ་དག་དྲི་མ་མེད་པ་མེ་ལོང་ལྟ་བུ་དེ་ཉིད་ཐུགས་ཀར་ཟླ་དཀྱིལ་དུ་སྣང་བའོ། །ཡི་གེ་གཉིས་དང་ནི་དེའི་སྟེང་དུ་སྔགས་ཀྱི་ཡི་གེ་ཕྲེང་བ་བཀོད་པ་དང་། གཞི་དང་པོ་རང་ལུས་ལྷར་བསྒོམ་པ་དང་། གཞི་ཕྱི་མ་མདུན་དུ་རྣམ་སྣང་བསྒོམས་པ་སྟེ། དེ་གཉིས་ལ་དམིགས་པ་རྩེ་གཅིག་ཏུ་གནས་དགོས་ཤིང་། སླར་སྡུད་པ་ཡི་ཚིག་གིས་ནོན་གྱི་དོན་ནི། མིག་སོགས་དབང་པོ་དང་བུ་གར་རྒྱུ་བའི་རླུང་ལུས་ཀྱི་ནང་དུ་བཀུག་ནས་སྲོག་ཅེས་བྱ་བ་རླུང་དང་རྩོལ་བ་ཅེས་པ་ཡིད་ཀྱི་དྲན་པ་འགྱུ་བ་སྟེ། དེ་གཉིས་བསྡོམ་ནས་བཟླས་པ་བྱ་བའོ། །མཚན་མེད་ཀྱི་རྣལ་འབྱོར་བསྒོམ་པ་ནི། བདག་དང་ལྷས་མཚོན་པའི་ཆོས་ཐམས་ཅད་སྐྱེ་འགགས་སོགས་ཀྱི་སྤྲོས་པ་ཐམས་ཅད་དང་བྲལ་བའི་དེ་ཁོ་ན་ཉིད་དོན་དམ་བྱང་ཆུབ་སེམས་ལ་འཇོག་པ་ཡིན་ཏེ། རྣམ་སྣང་མངོན་བྱང་ལས། གསང་བའི་བདག་པོ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ནི་རང་གི་སེམས་ལས་ཡོངས་སུ་བརྩལ་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། སེམས་དེ་ནི་རང་བཞིན་གྱི་ཡོངས་སུ་དག་པ་ཡིན་ཏེ། དེ་ནི་ནང་ན་མེད། ཕྱི་རོལ་ན་ཡང་མེད། གཉིས་ཀའི་བར་ནའང་མི་དམིགས་སོ། །ཞེས་སོགས་རྒྱ་ཆེར་གསུངས་པའི་དོན་ལ་ངེས་ཤེས་བསྐྱེད་པར་བྱའོ། །བསྙེན་པ་བྱེད་ན་རྩ་སྔགས་འབུམ་ཕྲག་བཅུ་དང་། རིག་པ་འབུམ་ཕྲག་གཅིག་ཏུ་བཟླས་པས་འགྲུབ་ཅིང་ཐུན་མཐར་གཏོར་མགྲོན་སྤྱན་དྲངས་ལ་འོག་ནས་འབྱུང་བའི་གཏོར་འབུལ་རེ་བསྙེན་པའི་སྐབས་སུ་བྱ་དགོས། ཐུན་ལས་ལྡང་བ་ན། དགེ་བ་འདི་ཡིས༴རྣམ་པར་སྣང་མཛད་འགྲུབ༴འགྲོ་བ༴དེ་ཡི༴བརྗོད། ཐུན་མཚམས་ཀྱི་བྱ་བ་ལ་འཇུག་པར་བྱའོ། །གསུམ་པ་བསང་ཆུའམ་ལས་བུམ་སྒྲུབ་པ་ནི། བུམ་པ་བསང་སྦྱངས། སྟོང་པའི་ངང་ལས་པད་ཟླའི་སྟེང་དུ་བྷྲཱུྃ་ལས་རིན་པོ་ཆེའི་བུམ་པ་ཚད་དང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་གཞལ་ཡས་ཁང་དུ་གྱུར་པའི་དབུས་སུ་པདྨ་དང་ཉི་མའི་སྟེང་དུ་ཧཱུྃ་དཀར་ལྗང་ལས་ཁྲོ་བོ་ཁམས་གསུམ་རྣམ་རྒྱལ་སྐུ་མདོག་ལྗང་དཀར་ཞལ་གཅིག་ཕྱག་གཉིས་ཀྱིས་ཕུར་བུ་འདྲིལ་བ་ཁྲོ་བོའི་ཆས་དང་ལྡན་པའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ་དེ་ལས་འོད་ཟེར་འཕྲོས་པས་རང་འདྲའི་ཡེ་ཤེས་པ་བཛྲ་ས་མཱཿཛཿཛཿཧཱུྃ་བྃ་ཧོཿབཛྲ་ས་མ་ཡ་སྟྭྃཿཨོཾ་བཛྲ་ཀྲོ་ཏ་རཱ་ཛ་ཏྲི་ལོ་ཀྱ་བི་ཛཱ་ཡ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ་ནས། ཤབྡའི་བར་གྱིས་མཆོད། འཇིགས་པའི་ཧཱུྃ་སྒྲ༴བགེགས་རྣམས༴དངོས་གྲུབ༴བགེགས་ཀྱི༴ཨོཾ་ཏྲཻ་ལོ་ཀྱ་བི་ཛཱ་ཡ་ཧཱུྃ་ཕཊ། ཞེས་བརྒྱ་རྩ་བརྒྱད་བཟླས་མཐར་གོང་བཞིན་མཆོད་བསྟོད་བྱས་ལ་འོད་དུ་ཞུ་སྟེ་བུམ་པའི་ཆུར་གྱུར་པར་བསམ་མོ། །དེ་ནས་བུམ་ཆུས་རང་ཉིད་ཁྲུས་བྱ། སུ་སི་ཏི་ཀ་རེ་ཡེ་སྭཱ་ཧཱ། ཞེས་གནས་རྣམས་སུ་ཉེ་རེག་དང་འཐོར་འཐུང་བྱ། དེ་ནས་ཕྱོགས་བཅུར་གཏོར་རོ། །བཞི་པ་མདུན་བསྐྱེད་ཀྱི་དཀྱིལ་འཁོར་སྒྲུབ་པ་ནི། ཨོཾ་ཏྲཻ་ལོ་ཀྱ་བི་ཛ་ཡ་ཧཱུྃ་ཕཊ། ཀྱིས་ལས་ཆུས་འཐོར། བསགས་སྦྱངས་སྔར་བཤད་པ་ལྟར། སྟོང་པའི་ངང་ལས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྐུ་མི་ཟད་པ་རྒྱན་གྱི་འཁོར་ལོའི་ཆོ་འཕྲུལ་ལས་བྱུང་བའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་པ་ཁང་བརྩེགས་ཀྱི་རྣམ་པ་ཅན་ནུབ་ཕྱོགས་ཀྱི་སྒོ་རྟག་ཏུ་ཕྱེ་བ། རྩིག་པ་ལྔ་ནང་ནས་རིམ་པ་བཞིན་དཀར་སེར་དམར་ལྗང་སྔོ་བའི་རིམ་པ་དང་ལྡན་པའི་ཕྱིར་འདོད་སྣམ་གྱི་སྟེགས་བུ་ཅན། སྒོ་བཞིར་རྟ་བབས་རིམ་བཞི་བློ་འབུར་དུ་བྱས་པ། ནང་གི་ཁྱམས་ཤར་དམར་ལྷོ་སེར་ནུབ་ལྗང་བྱང་ནག་དབུས་དཀར་བ་ཀ་བ་བརྒྱད་དུ་བཙུག་པ་ལ་ཐོག་ཕུབ་པའི་ཡ་ཕུབ་ཤིན་ཏུ་མཐོ་བའི་རྩེར་ནོར་བུའི་ཏོག་གིས་བརྒྱན་པ། ཕ་གུ་དང་དྲྭ་ཕྱེད་མདའ་ཡབ་ཤར་བུས་བརྒྱན་པ། ཕྱི་རོལ་དུ་མཚོ་དང་རྫིང་བུ་པདྨ་སྣ་ཚོགས་དང་ཆུ་བྱ་ལྗོན་ཤིང་དང་། རིན་པོ་ཆེའི་ཕྲེང་བས་བསྐོར་ཞིང་རྡོ་རྗེ་རྩེ་ལྔ་པའི་རྭ་བ་དང་འོད་ཟེར་གྱི་ཕྲེང་བས་ཁོར་ཡུག་ཏུ་བསྐོར་བའི་ནང་གི་དབུས་སུ་པདྨ་འདབ་བཞི་སྡོང་བུ་གེ་སར་ལྷ་རྣམས་དང་བཅས་པར་གྱུར། དབུས་སུ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་སྐུ་མདོག་དཀར་པོ་ཆོས་འཆད་ཀྱི་སྟེང་ན་འཁོར་ལོ་ཅན། ཤར་དུ་མི་བསྐྱོད་པ་སྔོན་པོ་གཡས་ས་གནོན་གཡོན་མཉམ་བཞག་གི་སྟེང་ན་རྡོ་རྗེ་འཛིན་པ། ལྷོར་རིན་འབྱུང་སེར་པོ་མཆོག་སྦྱིན་དང་མཉམ་བཞག་གི་སྟེང་ན་རིན་པོ་ཆེ་འཛིན་པ། ནུབ་ཏུ་སྣང་བ་མཐའ་ཡས་དམར་པོ་མཉམ་བཞག་གི་སྟེང་ན་པདྨ་བསྣམས་པ། བྱང་དུ་དོན་ཡོད་གྲུབ་པ་ལྗང་གུ་གཡས་སྐྱབས་སྦྱིན་དང་གཡོན་རྒྱ་གྲམ་འཛིན་པ། ལྔ་ཀའང་དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་ཅིང་རྡོ་རྗེའི་སྐྱིལ་མོ་ཀྲུང་དུ་བཞུགས་པའོ། །ཕྱི་རོལ་གྱི་གྲྭ་བཞིར་ཤར་ལྷོར་སྒེག་མོ་དཀར་མོ་མེ་ལོང་འཛིན་པ་ལྷོ་ནུབ་ཏུ་ཕྲེང་བ་མ་སེར་མོ་མེ་ཏོག་གི་ཕྲེང་བ་འཛིན་པ། ནུབ་བྱང་དུ་གླུ་མ་དམར་མོ་པི་ཝཾ་འཛིན་པ། བྱང་ཤར་དུ་གར་མ་ལྗང་གུ་གར་བསྒྱུར་བ། དེའི་ཕྱི་རོལ་གྱི་གྲྭ་བཞིར་ཤར་ལྷོར་བདུག་སྤོས་མ་དཀར་མོ་བདུག་སྤོས་འཛིན་པ། ལྷོ་ནུབ་ཏུ་མེ་ཏོག་མ་དམར་སེར་མེ་ཏོག་འཛིན་པ། ནུབ་བྱང་དུ་མར་མེ་མ་དམར་མོ་མར་མེ་འཛིན་པ། བྱང་ཤར་དུ་དྲི་ཆབ་མ་ལྗང་གུ་དྲིའི་དུང་ཆོས་འཛིན་པའོ། །སྣམ་བུའི་ཤར་དུ་དུས་ལྡན་མ་དཀར་མོ་དཔལ་བེ་བསྣམས་པ། པདྨ་ཅན་དཀར་མོ་འཁོར་ལོ་འཛིན་པ། ལྷོར་འཇིགས་བྲལ་མ་སྔོན་མོ་པདྨ་བསྣམས་པ། འོད་ལྡན་མ་སྔོན་མོ་རྒྱལ་མཚན་འཛིན་པ། ནུབ་ཏུ་མདངས་ཅན་མ་དམར་མོ་གདུགས་འཛིན་པ། དྲི་མེད་མ་དམར་མོ་བུམ་པ་འཛིན་པ། བྱང་དུ་རྒྱལ་གདུང་མ་ལྗང་གུ་དུང་བསྣམས་པ། ཡིད་བཟང་མ་ལྗང་གུ་གསེར་ཉ་འཛིན་པ། དེ་དག་ཐམས་ཅད་ཀྱང་དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པའོ། །ཕྱི་རོལ་འཁོར་ཡུག་ལ་མགོན་པོ་བདུན་ཅུ་རྩ་ལྔ་ནི། ཤར་དུ་ལྷ་ཆེན་དབང་ཕྱུག་ཆེན་པོ་དཀར་པོ་ཏྲི་ཤུལ་འཛིན་པ། ལྷོར་བརྒྱ་བྱིན་སེར་པོ་རྡོ་རྗེ་གདེངས་པ། ནུབ་ཏུ་ཚང་པ་སེར་པོ་རིན་པོ་ཆེ་འཛིན༴བྱང་དུ་ཁྱབ་འཇུག་ལྗང་གུ་འཁོར་ལོ༴ཤར་ལྷོར་འདོད་པའི་དབང་ཕྱུག་དམར་པོ་མདའ་ལྔ་དང་འོད་མའི་གཞུ༴ལྷོ་ནུབ་ཏུ་ཚོགས་བདག་དཀར་པོ་དགྲ་སྟྭ༴ནུབ་བྱང་དུ་གྷྲིང་གི་རི་ཏི་དཀར་པོ་རིན་པོ་ཆེའི་སྒྲོམ་བུ༴བྱང་ཤར་དུ་གཞོན་ནུ་གདོང་དྲུག་དམར་པོ་ཤཀྟི་དང་མདུང་ཐུང་འཛིན་པ་སྟེ་ལྷ་ཆེན་བརྒྱད། ཤར་དུ་མཐའ་ཡས་དཀར་པོ་ཨུཏྤལ༴ལྷོར་འཇོག་པོ་དམར་པོ་རིན་པོ་ཆེ༴ནུབ་ཏུ་སྟོབས་རྒྱུ་ནག་པོ་སྦྲུལ༴བྱང་དུ་རིགས་ལྡན་ལྗང་གུ་རིན་པོ་ཆེའི་སྒྲོམ་བུ༴ཤར་ལྷོ་ནོར་རྒྱས་སེར་པོ་བུམ་པ༴ལྷོ་ནུབ་ཏུ་དུང་སྐྱོང་ལྗང་གུ་དུང་༴ནུབ་བྱང་དུ་པདྨ་དམར་པོ་པདྨ་འཛིན་པ། བྱང་ཤར་དུ་པདྨ་ཆེན་པོ་དམར་པོ་རིན་པོ་ཆེ་དང་སྦྲུལ་ཞགས་འཛིན་པ་གདེངས་ཀ་དང་སྦྲུལ་མཇུག་ཅན་ཏེ་ཀླུ་བརྒྱད། ཤར་དུ་པ་ཝ་སངས་དཀར་པོ་མེ་ཏོག་ཀུ་མུཏྟ་དང་ཤིང་ཏོག །ལྷོར་ཕུར་བུ་མཐིང་ཁ་པོ་ཏི་བསྣམས་པ། ནུབ་ཏུ་ཟླ་བ་དཀར་པོ་མཆོག་སྦྱིན་གྱིས་མེ་ཏོག་ཀུ་མུཏྟ་འཛིན༴བྱང་དུ་ལྷག་པ་ལྗང་གུ་ཨཏྤལ༴ཤར་ལྷོར་མིག་དམར་དམར་པོ་བུམ་པ་དང་མེ་སྒྲོན༴ལྷོ་ནུབ་ཏུ་སྒྲ་གཅན་དུ་ཁ་སྟོད་མི་ལ་སྨད་སྦྲུལ་མཇུག་ཅན་པད་སྡོང་དང་རལ་གྲི༴ནུབ་བྱང་དུ་ཉི་མ་དམར་སེར་པདྨ་དང་དབྱུག་པ༴བྱང་ཤར་དུ་སྤེན་པ་དམར་ནག་དབྱུག་ཏོ་དང་དགྲ་སྟྭ་འཛིན་པ་སྟེ་གཟའ་བརྒྱད། །ཤར་དུ་བརྒྱ་བྱིན་མིག་སྟོང་དཀར་སེར་རྡོ་རྗེ་བསྣམས་པ། ཤར་ལྷོར་མེ་ལྷ་དམར་པོ་བགྲང་ཕྲེང་འཛིན༴ལྷོར་གཤིན་རྗེ་སྔོ་ནག་ཐོད་དབྱུག་ཐོགས་པ། ལྷོ་ནུབ་ཏུ་བདེན་བྲལ་སྨུག་ནག་དབྱུག་པ་དང་རལ་གྲི་འཛིན་པ། ནུབ་ཏུ་ཆུ་ལྷ་དཀར་དམར་སྦྲུལ་ཞགས་བསྣམས་པ། ནུབ་བྱང་དུ་རླུང་ལྷ་ལྗང་གུ་བ་དན་འཛིན་པ། བྱང་དུ་གནོད་སྦྱིན་ལྗང་སེར་དབྱུག་ཏོ་བསྣམས་པ། བྱང་ཤར་དབང་ལྡན་ཐལ་སྐྱ་རྩེ་གསུམ་འཛིན་པ། ནུབ་སྨད་དུ་ལྷ་མོ་གསེར་མདོག་བུམ་པ་བསྣམས་པ། ཤར་སྟོད་དུ་ཉི་ཟླ་གཉིས་དམར་དཀར་མེ་ཏོག་འཛིན་པ་སྟེ་ཕྱོགས་སྐྱོང་བཅུ། ཤར་དུ་སྨིན་དྲུག་དམར་པོ་རིན་པོ་ཆེའི་གདུ་བུ་འཛིན༴བུམ་པའི་ཁྲི་ལ་གནས་པ། སྣལ་མ་དཀར་པོ་རྣ་ཆ༴ཁྱུ་མཆོག་གི་ཁྲི་ལ༴མགོ་སེར་པོ་གདུ་བུ་བསྣམས་པ། ཤ་བའི་ཁྲི༴ལག་དམར་པོ་ལག་གདུབ་བསྣམས་པ། སྦྲུལ་གྱི་ཁྲི༴ནབས་སོ་དཀར་པོ་གདུ་བུ་འཛིན་པ། པདྨ་ལ༴རྒྱལ་དཀར་པོ་རིན་ཆེན་འཛིན་པ། བུམ་པའི་ཁྲིར༴སྐག་དཀར་པོ་རིན་པོ་ཆེའི་གའུ་བསྣམས་པ། བྱ་རོག་གི་ཁྲིར་གནས་པ་སྟེ་ཤར་སྐར་བདུན། མཆུ་མཐིང་ཁ་སྙེ་མ་འཛིན་པ་མ་ཧེའི་ཁྲི་ལ༴བྲེ་ལྗང་གུ་པདྨ་བསྣམས་པ་རིན་པོ་ཆེའི་ཁྲིར༴དབོ་སེར་པོ་མཉམ་བཞག་གི་སྟེང་ན་རིན་པོ་ཆེའི་སྨྱུ་གུ་འཛིན་པ། གསེར་གྱི་ཁྲིར༴མེ་བཞི་སེར་པོ་པད་དཀར་བསྣམས་པ། གླང་པོ་ཆེའི་ཁྲིར༴ནག་པ་ལྗང་གུ་པདྨ་བསྣམས་པ། རྨ་བྱའི་ཁྲིར༴ས་རི་དམར་པོ་རི་རབ་འཛིན་པ། སྤྱང་མོའི་ཁྲིར༴ས་ག་མཐིང་ཁ་རིན་པོ་ཆེའི་ཕྲེང་བ་བསྣམས་པ། རྟའི་ཁྲིར་གནས་པ་སྟེ་ལྷོ་སྐར་བདུན། ལྷ་མཚམས་དམར་སེར་བུམ་པ་བསྣམས་པ། ཁྱིམ་བྱའི་ཁྲིར༴སྣྲོན་དམར་པོ་པདྨ་བསྣམས་པ། ནང་ཚང་ཅན་གྱི་གདན་ལ༴སྣུབས་ལྗང་གུ་དབྱུག་པ་འཛིན་པ། སྦལ་པའི་ཁྲིར༴ཆུ་སྟོད་དམར་པོ་པདྨ་འཛིན་པ། ཕུབ་ཀྱི་ཁྲིར༴ཆུ་སྨད་དམར་སྐྱ་པདྨ་དང་བུམ་པ་འཛིན་པ། མིའི་ཁྲིར༴གྲོ་ཞུན་དམར་པོ་པདྨ་བུམ་འཛིན་ཀུར་མའི་ཁྲིར༴བྱི་ཞུན་སྔོན་པོ་པདྨ་བུམ་འཛིན་སྲེ་མོང་གི་ཁྲིར་གནས་པ་སྟེ་ནུབ་སྐར་བདུན། མོན་གྲེ་དཀར་ལྗང་ཨུཏྤལ་འཛིན་པ་གླང་དཀར་གྱི་ཁྲིར༴མོན་གྲུ་དཀར་ལྗང་པདྨ་འཛིན་པ་འབོལ་སྟན་ལ༴ཁྲུམས་སྟོད་ལྗང་གུ་རལ་གྲི་འཛིན་པ་རྟའི༴ཁྲུམས་སྨད་སེར་པོ་དབྱུག་པ་བསྣམས་པ་རིན་པོ་ཆེའི་ཁྲིར༴ནམ་གྲུ་ལྗང་ནག་པདྨ་འཛིན་པ་རྟའི་ཁྲིར༴དབྱུག་གུ་ལྗང་གུ་གོ་ཆ་བསྣམས་པ་ཁྱིའི་ཁྲིར༴བྲ་ཉེ་སྔོ་ལྗང་འཁོར་ལོ་འཛིན་པ་ཁྲི་མེད་པ་སྟེ་བྱང་སྐར་བདུན། གནོད་སྦྱིན་ལག་ན་རྡོ་རྗེ་ཅན་བཞི་སྔོན་པོ་རྡོ་རྗེ་འཛིན་པ། ཤར་དུ་གནོད་སྦྱིན་རྡོ་རྗེ་འཆང་དཀར་པོ། ལྷོར་གནོད་སྦྱིན་ཧ་རི་ཀ་སྔོན་པོ། ནུབ་ཏུ་པཉྩི་ཀ་དམར་པོ། བྱང་དུ་ན་རྟི་ཀ་སེར་པོ་རྣམས་ལྕགས་ཁྲབ་གྱོན་ཞིང་མཚོན་ཆ་ཐོགས་པའོ། །ཤར་དུ་ཡུལ་འཁོར་སྲུང་དཀར་པོ་པི་ཝཾ་སྦྲེང་བ། ལྷོར་འཕགས་སྐྱེས་པོ་སྔོན་པོ་རལ་གྲི་འཛིན་པ། ནུབ་ཏུ་སྤྱན་མིག་བཟང་དམར་པོ་སྦྲུལ་ཞགས་འཛིན་པ། བྱང་དུ་རྣམ་ཐོས་སྲས་ལྗང་སེར་ནེའུ་ལེ་འཛིན་པ། བཞི་ཀའང་གོ་ཆ་ཅན་ནོ། །དེ་ལྟར་རང་བཞིན་གྱི་དཀྱིལ་འཁོར་དེ་ཡི་འོག་ཏུ་གཟུགས་བརྙན་ཤར་བ་ལྟར་རྡུལ་ཚོན་གྱི་དཀྱིལ་འཁོར་ཡང་དེ་ལྟ་བུའི་རང་བཞིན་དུ་གསལ་བར་གྱུར། ཅེས་བརྗོད། དེ་ནས་ལག་པ་གཉིས་ཁུ་ཚུར་བཅང་ལ་གུང་མོ་གཉིས་གཤིབ་ཏེ་བསྒྲེང་། མཛུབ་མོ་གཉིས་ངོས་གཉིས་ནས་བཀུག་སྟེ་སྦྱར་བ་སྤྱི་གཙུག་ཏུ་བཞག་ལ་གཙུག་ཏོར་གྱི་ཕྱག་རྒྱ་དང་། ན་མཿས་མནྟ་བུདྡྷཱ་ནཱཾ། ཧཱུྃ་ཧཱུྃ། རྣམ་སྣང་གི་དབུའི་གཙུག་ཏོར་ལྟར་མི་མངོན་པར་གྱུར། ལག་པ་གཡས་ཁུ་ཚུར་བཅངས་པ་སྨིན་མའི་མཚམས་སུ་བཞག་པ་མཛོད་སྤུའི་ཕྱག་རྒྱ་དང་། ན་མཿ༴ཨ་ཧཾ་ཛཿམཛོད་སྤུ་དཀར་པོ་གཡས་སུ་འཁྱིལ་བར་གྱུར། ལག་གཡས་ཁུ་ཚུར་བཅངས་ལ་གུང་མོ་དང་སྲིན་ལག་གཉིས་བརྐྱངས་སྟེ་མཐེའུའི་དྲུང་དུ་སྦྱར་བ་མིག་གི་སྟེང་དུ་བཞག་པ་སྤྱན་གྱི་ཕྱག་རྒྱ་དང་། ན་མཿ༴ཛྙཱ་ནོདྡྷ་ཝ་སྭཱ་ཧཱ། སངས་རྒྱས་ཀྱི་ཡེ་ཤེས་མངའ་བའི་ཐུགས་སུ་གྱུར། ཕྱག་རྒྱ་དེ་ཉིད་ལས་སྲིན་ལག་གི་གཉིས་བསྒྲེང་བ་དེ་ཉིད་ལས་མཐེའུ་ཆུང་བསྒྲེང་ཏེ་སྐེད་པའི་ཕྱག་རྒྱ་དང་། ན་མཿ༴ཏ་ཐཱ་ག་ཏི་སཾ་བྷ་ཝ་སྭཱ་ཧཱ། སྐེད་པ་སྐབས་ཕྱེད་པ་དང་ལྡན་པར་གྱུར། ཐལ་མོ་ཁོང་སྟོང་དུ་སྦྱར་ལ་མཛུབ་མོ་གཉིས་བཀུག་སྟེ་ནང་དུ་གཞུག །སྲིན་ལག་གཉིས་ཀྱང་དེ་བཞིན་བྱ། མཐེ་བོང་དང་མཐེའུ་ཆུང་གཉིས་ཅུང་ཟད་བཀུག །གུང་མོ་གཉིས་གཤིབ་སྟེ་བསྒྲེང་བ་མཛོད་ཀྱི་ཕྱག་རྒྱ་དང་། ན་མཿ༴རཾ་རཾ་ར་ར་སྭཱ་ཧཱ། སྐུའི་ཕྱལ་ཟླུམ་པོར་གྱུར། ཐལ་མོ་ཁོང་སྟོང་དུ་སྦྱར་ལ་མཛུབ་མོ་གཉིས་ཀྱི་ངོས་ནས་དཀྲིས་པ་གོ་ཆའི་ཕྱག་རྒྱ་དང་། ན་མཿ༴པྲ་ཙཎྜ་བཛྲ་ཛྭ་ལ་ཡ་སྥུ་ར་ཧཱུྃ། རྡོ་རྗེའི་གོ་བགོས་པར་གྱུར། དེ་གཉིས་ལས་སྲིན་ལག་གཉིས་དང་མཐེ་བོང་གཉིས་གཅིག་ཏུ་སྦྱར་བ་ལྗགས་ཀྱི་ཕྱག་རྒྱ་དང་། ན་མཿ༴ཏ་ཐཱ་ག་ཏ་ཛི་ཧ་པདྱ་དྷརྨ་པྲ་ཏིཥྛ་ཏ་སྭཱ་ཧཱ། ལྗགས་པདྨ་ལྟར་སྲབ་ཅིང་མཉེན་པར་གྱུར། དེ་ཉིད་ལས་མཛུབ་མོ་གཉིས་དང་སྲིན་ལག་གཉིས་བཀུག་སྟེ་ནང་དུ་སྦྱར། མཐེ་བོང་གཉིས་བསྒྲེང་སྟེ་ཅུང་ཟད་བཀུག་སྟེ་རྩེ་མོ་གུང་མོ་ལ་ཕྱོགས་པར་བྱས། མཐེའུ་ཆུང་གཉིས་སྔར་བཞིན་བྱས་པ་ཞལ་གྱི་ཕྱག་རྒྱ་དང་། ན་མཿ༴ཏ་ཐཱ་ག་ཏ་མ་ཧཱ་ཝ་ཀ་ཏྲ་བི་ཤྲ་ཛྙཱ་ན་མ་ཧོ་ད་ཡ་སྭཱ་ཧཱ། ཞལ་མཆུ་བིལྦ་ལྟར་དམར་བར་གྱུར། དེ་ཉིད་ལས་མཛུབ་མོ་གཉིས་བཀྲོལ་བ་ནང་དུ་བཅུག་སྟེ་སྒུར་པོར་བྱས་ལ་སྟོད་དེ་བཟུང་བ་མཆེ་བའི་ཕྱག་རྒྱ་དང་། ན་མཿ༴ཏ་ཐཱ་ག་ཏ་མ་ཧཱ་དཾ་ཥྚ་ས་ར་ས་ཨ་གྲ་སཾ་པྲ་ས་ཀ་སརྦ་ཏ་ཐཱ་ག་ཏ་བི་ཥ་ཡ་སམྦྷ་ཝ་སྭཱ་ཧཱ། མཆེ་བ་རྣོ་དཀར་ཚད་དང་ལྡན་པར་གྱུར། དེ་ཉིད་ལས་མཛུབ་མོ་གཉིས་སྦྲེང་སྟེ་བཀུག་ལ་ཚིག་གསུམ་པ་བཀུག་པའི་ཕྱག་རྒྱ་དང་། ན་མཿ༴ཨ་ཙནྡྱ་ཨ་རྦུདྡྷ་རུ་པ་ཝཱ་ཀ་པ་དྲ་ཤབྡ་བི་ཤུདྡྷ་སྭཱ་ཧཱ། སོ་སོ་ཡང་དག་གི་རིག་པ་བཞི་དང་ལྡན་པར་གྱུར། ཐལ་མོ་ཁོང་སྟོང་དུ་སྦྱར་ལ་མཐེ་བོང་གཉིས་དང་མཐེའུ་ཆུང་གཉིས་ནང་དུ་བཅུག་པ་གཅིག་ཏུ་སྤྲད་པའི་ཕྱག་རྒྱ་དང་། ན་མཿ༴ད་ཤ་པ་ལཱཾ་ག་དྷ་ར་ཧཱུྃ་པྃ་ཛཾ་སྭཱ་ཧཱ། སྟོབས་བཅུ་དང་ལྡན་པར་གྱུར། དེ་ཉིད་ལས་མཐེ་བོང་གཉིས་ཀྱི་རྩེ་མོར་མཛུབ་མོ་བཀུག་སྟེ་སྦྱར་ལ། ན་མཿ༴ཏ་ཐཱ་ག་ཏཱ་དྷྲྀ་ཏི་ས་ཏྭ་ཧི་ཏ་བྷུརྒ་ཏ་ག་ག་ན་ས་མ་ས་མ་སྭཱ་ཧཱ། དྲན་པ་ཉེ་བར་བཞག་པ་བཞི་དང་ལྡན་པར་གྱུར། དེ་ཉིད་ལས་སྲིན་ལག་གཉིས་མཐེ་བོའི་སྟེང་དུ་བཟུང་ལ། ན་མཿ༴སརྦ་དྷརྨ་ས་མནྟ་པྲབྟ་ཏ་ཐཱ་ག་ཏ་ཨ་ནུ་ག་ཏ་སྭཱ་ཧཱ། ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་པར་གྱུར། ལྔ་པ་གསོལ་བ་གདབ་ཅིང་སྤྱན་འདྲེན་པ་ནི། ལག་ཏུ་མེ་ཏོག་བཅས་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་བྱང་ཆུབ་རྟོགས་པའི་དུས་ན་རྟག་ཏུ་འགྲོ་བ་གསུམ་ལ་ཆགས་པར་མཛད་པས། སེམས་ཅན་གྱི་སྐལ་བ་ཇི་ལྟ་བ་བཞིན་འཚམས་པར་སྣང་བ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་རིག་སྔགས་དང་གསང་སྔགས་ལ་སོགས་པའི་ངོ་བོ་ཉིད་དག་གིས་སེམས་ཅན་རྣམས་ཀྱི་དོན་མཛད་ཅིང་གང་ནས་ཀྱང་མི་འབྱོན། གང་དུ་ཡང་མི་བཞུད་པ་ལགས་ན། འདིར་བདག་ཅག་རྣམས་ཀྱི་རྒྱུད་སྡེ་ལས་གསུངས་པའི་ཆོ་ག་བཞིན་དུ་རང་བཞིན་དང་གཟུགས་བརྙན་གྱི་དཀྱིལ་འཁོར་དབྱེར་མེད་པར་བསྐྱེད་ལགས་ཀྱིས། བདག་ཅག་རྣམས་ཀྱི་བསོད་ནམས་སྤེལ་བའི་སླད་དུ་སྐུ་མི་ཟད་པ་རྒྱན་གྱི་བཀོད་པའི་དཀྱིལ་འཁོར་དུ་མངོན་སུམ་བཞུགས་ཤིང་བྱིན་གྱི་རླབས་ཏུ་གསོལ། ཞེས་ལན་གསུམ་བརྗོད་སྤོས་བརྟུལ་རྡོར་དྲིལ་དར་བཅས། མ་ལུས་སེམས་ཅན་ཀུན་གྱི་མགོན༴བདུད་སྡེ༴དངོས༴བཅོམ་ལྡན་རྣམ་སྣང་འཁོར༴བཅོམ་ལྡན་བསྐལ་པ་སོགས། ཆོས་རྣམས་སོགས། འདིར་ནི་གཟུགས་སོགས། ས་མ་ཡ་སྟྭཾ། ཞེས་སྤྱན་དྲངས་པའི་རང་བཞིན་ཡེ་ཤེས་པ་རྣམས་གཟུགས་བརྙན་གྱི་དཀྱིལ་འཁོར་དང་དབྱེར་མེད་དུ་གྱུར་པར་བསམ་མོ། །དྲུག་པ་ཕྱག་མཆོད་འབུལ་བ་ལ་བཞི་ལས། དང་པོ་ནི། འགྲོ་བ་རྒྱུད་ལྔ་འཁོར་བའི་དཀྱིལ་འཁོར་དུ། །སྡུག་བསྔལ་འཁྲུལ་འཁོར་གྱིས་གཟིར་འགྲོ་གཟིགས་ནས། །ཐུགས་རྗེ་སྡུག་བསྔལ་འཁྲུལ་འཁོར་འཇོམས་མཛད་པ། །ཐུགས་རྗེའི་བདག་ཉིད་ཁྱེད་ལ་ཕྱག་འཚལ་ལོ། །སེམས་ཅན་སྨིན་ཅིང་གྲོལ་བར་མཛད་པའི་ཕྱིར། །སེམས་ཅན་ཁམས་ན་བཞུགས་ཤིང་སྤྱོད་གྱུར་ཀྱང་། །ཆགས་པས་མ་གོས་པདྨ་ལྟར་དག་པ། །འདོད་ཆགས་དག་པའི་བདག་ཉིད་ཁྱོད་ལ་འདུད། །སེམས་ཅན་བཀྲེན་པ་ཆོས་ཀྱི་ཕོངས་གྱུར་པ། །མ་རིག་ཐིབ་པོའི་ནང་དུ་སོང་བ་རྣམས། །འཕགས་པའི་ནོར་བདུན་དག་གིས་ཚིམ་མཛད་པ། །ཡེ་ཤེས་སྒྲོན་མེ་ཁྱེད་ལ་ཕྱག་འཚལ་ལོ། །སེམས་ཅན་འཁོར་བའི་རྒྱ་མཚོ་ནུབ་པ་ལ། །ཐུགས་རྗེ་ཐབས་དང་ཤེས་རབ་གྲུར་ཞུགས་ནས། །ཞི་བ་རིན་ཆེན་གླིང་མཆོག་བསྐྱེལ་མཛད་པ། །ཀུན་གྱི་དེད་དཔོན་ཁྱོད་ལ་ཀུན་ནས་འདུད། །སེམས་ཅན་ལས་ཀྱི་ཆུ་བོར་གྲུ་ནུབ་རྣམས། །དམ་ཆོས་བདུད་རྩིའི་ཟམ་པས་སྒྲོལ་མཛད་ཅིང་། །འཕགས་ལམ་ཡན་ལག་བརྒྱད་ལ་སྦྱོར་མཛད་པས། །གསུང་གི་མངའ་བདག་ཁྱོད་ལ་ཕྱག་འཚལ་ལོ། །གཉིས་པ་ཕྱི་མཆོད་ནི་ཐལ་མོ་སྦྱར་ལ། །རབ་འབྱམས་ཞིང་རྣམས་མཐའ་ཡས་པར། །བདག་པོས་བཟུང་དང་མ་བཟུང་པའི། །དྲི་ཞིམ་ཙན་དན་ག་བུར་དང་། །མེ་ཏོག་དཀར་པོའི་ཆུ་གཙང་བཅས། །ལེགས་སྦྱར་བསིལ་ཞིང་གདུང་སེལ་གྱི། །ལྷ་རྫས་མཆོད་ཡོན་དམ་པ་ཡིས། །རང་བཞིན་གཟུགས་བརྙན་དཀྱིལ་འཁོར་ལ། །སྔགས་པས་ནན་གྱིས་མཆོད་པར་བྱ། །མཆོད་ཡོན་གྱི་ཕྱག་རྒྱ་དང་། ན་མཿས་མནྟ་བུདྡྷཱ་ནཱཾ། ག་ག་ན་ས་མ་ས་མ་སྭཱ་ཧཱ། རབ་འབྱམས༴བདག་པོས༴ཙནྡན་ཏ་ཀར་པྲི་ག་དང་། །གུརྒུཾ་ག་བུར་དྲི་ཞིམ་ལྡན། །སྦྲུལ་སྙིང་ལ་སོགས་ལྷན་སྐྱེས་དང་། །སྦྱར་དང་ཡོངས་གྱུར་དྲི་བཟང་གིས། རང་བཞིན༴སྔགས་པས༴དྲི་ཆབ་རྒྱས། ན་མཿ༴བི་ཤུདྡྷ་གྷནྡྷོད་བྷ་ཝ་སྭཱ་ཧཱ། །རབ་འབྱམས༴བདག་པོས༴པདྨ་ཨུཏྤལ་སྣ་མའི་འབྲས། །ན་ག་གེ་སར་སུ་ནན་ཀ། ཙམྤ་ཨ་ཤྭ་ཏི་ལ་ཀ། དེ་སོགས་བཀྲ་ཤིས་མེ་ཏོག་གིས། །རང་བཞིན༴སྔགས་པས༴མེ་ཏོག་རྒྱས། ན་མཿ༴མ་ཧཱ་མ་རྟྱ་བྱུ་ག་ཏེ་སྭཱ་ཧཱ། རབ་འབྱམས༴བདག་པོས༴ཨ་ཀ་རུ་དང་སྒྲོན་ཤིང་དང་། །ག་བུར་ཙནྡན་དུ་རུ་ཀ། ས་ལའི་ཐང་ཆུ་ལ་སོགས་སྤོས། །རང་བཞིན༴སྔགས་པས༴བདུག་སྤོས་རྒྱས། ན་མཿ༴དྷརྨ་དྷཱ་ཏུ་ཨ་ནུ་ག་ཏ་སྭཱ་ཧཱ། རབ་འབྱམས༴བདག་པོས༴འབྲུ་མར་དྲི་ཞིམ་ལས་སྐྱེས་པའི། །མར་མེ་རྣམ་པ་སྣ་ཚོགས་དང་། ཉི་ཟླ་ནོར་བུའི་འོད་ལ་སོགས། །མུན་འཇོམས་སྒྲོན་མེ་མངར་བ་ཡིས། །རང་བཞིན༴སྔགས་པས༴མར་མེའི་རྒྱས། ན་མཿ༴སརྦ་ཏ་ཐཱ་ག་ཏ་ཨར་ཙི་སྥ་ར་ཎ་ཨ་ཝ་བྷ་ས་ག་ག་ནོད་ཏ་ར་བྷྱཿསྭཱ་ཧཱ། རབ་འབྱམས༴བདག་པོས༴གཙང་ཞིང་ལེགས་སྦྱར་ཁནྡྷའི་ཟས། །ཤིང་ཏོག་སྣ་ཚོགས་ཨི་ཁ་ར། །མ་དུ་ཤི་ར་བུ་རམ་ཞོ། །རོ་བརྒྱ་ལྡན་པའི་ཟས་མཆོག་གིས། །རང་བཞིན༴སྔགས་པས༴ཞལ་ཟས་རྒྱས། ན་མཿ༴ཏྲཻ་ཡ་དྷི་ཀ་ནཱ་ཨ་ར་ར་བ་ར་ར་བི་ལ་དེ་ཝ་ལིནྟ་ད་ཧི་སྭཱ་ཧཱ། རབ་འབྱམས༴བདག་པོས༴པི་ཝཾ་གླིང་བུ་རྔ་སྒྲ་དང་། །ལྷ་ཡི་རྔ་ཆེན་མུ་རན་ཛ། །རྒྱུད་མངས་གསེར་གྱི་གླིང་བུའི་ཕྲེང་། །གླུ་གར་རྩེ་འཇོ་རོལ་མོ་ཡིས། །རང་བཞིན༴སྔགས་པས༴རྒྱ་བཅས། ན་མཿ༴ཨོཾ་ཤཱབྡ་པྲ་ཏཱིཙྪ་སྭཱ་ཧཱ། ཕྱོགས་སུ་གདུགས་དང་བ་དན་རྣམས། །ཁ་དོག་སྣ་ཚོགས་དུ་མ་དང་། །རྟ་བབས་བཟང་པོ་རྣམས་ཀྱང་ནི། །དྲིལ་བུ་དང་བཅས་རབ་ཏུ་འབུལ། །ན་མཿ༴ཚཱ་ཏྲ་པཱ་ཏ་གྷཎྜ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་ཕྱག་རྒྱ་དང་བཅས་པས་འབུལ། དེ་ནས་མཆོད་བུམ་རྣམས་ལག་ཏུ་ཐོགས་ཏེ། ལྷ་རྫས་བུམ་པ་བརྒྱན་གྱུར་ནི། །སྨན་དང་རིན་ཆེན་ཐམས་ཅད་བླུག །སྤོས་ཀྱི་ཆུས་ནི་རབ་ཏུ་བཀང་། །ལྡུམ་བུ་དག་གིས་ཁ་བརྒྱན་ཏེ། །དེ་ནི་འབྲས་བུ་ཁ་ཡང་མཛེས། །མེ་ཏོག་སྤོས་ལ་སོགས་པས་བརྒྱན། །མགྲིན་པ་རས་ཀྱིས་བཅིངས་པ་རྣམས། །མཁས་པས་དཀྱིལ་འཁོར་པ་ལ་འབུལ། །ན་མཿ༴གྷ་ཊ་པྲ་ཏཱིཙྪ་ཧཱུྃ། ཞེས་སོགས་སྔགས་རྒྱས་འབུལ། དེ་ནས་གོས་ཟུང་རྣམས་ཐོགས་ལ། ལྷ་ཡི་གཙོ་བོ་རྣམས་ལ་ནི། །རས་ནི་ཟུང་རེ་ཟུང་རེ་འབུལ། །སེམས་དཔའ་ཆེན་པོ་ཕལ་རྣམས་ལ། །ཡར་རེ་ཡང་ནི་དབུལ་བར་བགྱི། །ན་མཿ༴བཛྲ་ཝསྟྲ་ཡེ་སྭཱ་ཧཱ། གསུམ་པ་ཡིད་མཆོད་དང་། བཞི་པ་སྒྲུབ་པའི་མཆོད་པ་གཉིས་སྟ་གོན་ལྟར་རོ། །བདུན་པ་གཏོར་མ་འབུལ་བ་ནི། འདས་གཏོར་གསུམ་རྒྱལ་གྱིས་བསང་། སྭཱ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ་གྱིས་བྱིན་གྱི་རླབས་ཏེ། ཨོཾ་བུདྡྷ་བཻ་རོ་ཙ་ན་ཨོཾ། ཨོཾ་རཏྣ་སམྦྷ་ཝ་ཏྲཾ། ཨོཾ་པདྨ་ཨ་མི་དྷེ་ཝ་ཧྲིཿཨོཾ་ཀརྨ་ཨ་མོ་གྷ་སིདྡྷི་ཨཱཿཔཱུ་ཙ་དེ་ཝི་ཏྲཾ་མངྒ་ལ་དེ་ཝཾ་ཨཥྚ་ས་པ་རི་ཝཱ་ར་ཨ་ཀ་རོ༴བཏགས་པ་ལན་གསུམ་གྱིས་དབུལ་ལོ། །མདུན་བསྐྱེད་ལ་དམིགས་ཏེ་ལྷ་ལྔ་དང་སྒེག་སོགས་བརྒྱད། བཀྲ་ཤིས་པའི་ལྷ་མོ་བརྒྱད་སོགས་ཀྱི་སྔགས་ཀྱང་ཅུང་ཟད་རེ་བཟླའོ། །བརྒྱད་པ་བུམ་པ་སྒྲུབ་པ་ནི། རྣམ་བུམ། ཨོཾ་ཏྲཻ་ལོ་ཀྱ་བི་ཛ་ཡ་ཧཱུྃ་ཕཊཿདང་། སྭཱ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་པྃ་ལས་པདྨ་དང་ཨ་ལས་ཟླ་བའི་སྟེང་དུ་བྷྲཱུྃ་ལས་རིན་པོ་ཆེའི་བུམ་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་གཞལ་ཡས་ཁང་དུ་གྱུར་པའི་དབུས་སུ་པདྨ་འདབ་མ་བཞི་པའི་ལྟེ་བ་དང་འདབ་བཞིར་ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿལས་དབུས་སུ་རྣམ་སྣང་དཀར་པོ་ཆོས་འཆད་ཀྱི་འཁོར་ལོ་འཛིན་པ། ཤར་དུ་མི་བསྐྱོད་པ་སྔོན་པོ་ས་གནོན་མཉམ་བཞག་རྡོ་རྗེ་ཅན། ལྷོར་རིན་ཆེན་འབྱུང་ལྡན་སེར་པོ་མཆོག་སྦྱིན་མཉམ་བཞག་རིན་ཆེན་ཅན། ནུབ་ཏུ་སྣང་བ་མཐའ་ཡས་དམར་པོ་མཉམ་བཞག་པདྨ་ཅན། བྱང་དུ་དོན་གྲུབ་ལྗང་ཁུ་སྐྱབས་སྦྱིན་མཉམ་བཞག་རྒྱ་གྲམ་ཅན། ལྔ་གའང་དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་ཅིང་ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་དུ་བཞུགས་པའི་དམ་ཚིག་པ་དང་རང་འདྲའི་ཡེ་ཤེས་ཀྱི་དཀྱིལ་འཁོར་གཉིས་སུ་མེད་པར་གྱུར། མཆོད་ཡོན་དྲི་ཆབ་མེ་ཏོག་བདུག་སྤོས་མར་མེ་ཞལ་ཟས་རྣམས་སྔགས་རྒྱས་དབུལ། ཕྱག་འཚལ་བྱང་ཆུབ་སེམས་ཁྱོད་ལ། །ཕྱག་འཚལ་བྱང་ཆུབ་འབྱུང་ཁྱོད་ལ། །སྤྱོད་གཟུགས་ཁྱོད་དང་ས་དང་ནི། །ཕ་རོལ་ཕྱིན་ལ་ཕྱག་འཚལ་ལོ། །ཕྱག་འཚལ་ཐོག་མར་བྱེད་ཁྱོད་ལ། །སྟོང་པ་ཉིད་ལ་འདུད་ཕྱག་འཚལ། །ཞེས་བསྟོད་གཟུང་ཐག་བླངས་ཏེ། ཨོཾ་བུདྡྷ་བཻ་རོ་ཙ་ན་ཨོཾ། ཨོཾ་བཛྲ་ཨ་ཀྵོ་བྷྱཿཧཱུྃ། ཨོཾ་རཏྣ་སཾ་བྷཱ་ཝ་ཏྲཾ། ཨོཾ་པདྨ་ཨ་མི་དྷེ་ཝ་ཧྲཱིཿཨོཾ་ཀརྨ་ཨ་མོ་གྷ་སིདྡྷི་ཨ། ཞེས་པ་རྣམས་དྲིལ་ནས་བརྒྱ་རྩ་བཟླས་ཏེ། སྔར་བཞིན་མཆོད་བསྟོད་དང་དུང་ཆོས་ཀྱི་ཆུ་མཆོད་ཡོན་ཕུལ་བས་ལྷ་ཚོགས་འོད་དུ་ཞུ་སྟེ་བུམ་པའི་ཆུར་གྱུར་པར་བསམ་མོ། །དགུ་པ་ཕྱི་རོལ་དུ་གཏོར་མ་ཆ་གསུམ་སྨིན་གཏེར་གྱི་གསུང་ལྟར་ལས། བགེགས་ཀྱི་སྐབས་བཛྲ་མ་ཧཱ་ཤྲཱིའི་ཚབ་ཏུ། ཨོཾ་ཏྲཻ་ལོ་ཀྱ་བི་ཛ་ཡ་ཧཱུྃ་ཕཊ། རང་ཉིད་འཇིག་རྟེན་གསུམ་རྒྱལ་གྱི་སྐུར་གྱུར། ན་མོ། རྗེ་བཙུན་སོགས་ཆ་གསུམ་གཞུང་ལྟར་བྱའོ། །བཅུ་པ་བདག་ཉིད་འཇུག་ཅིང་དབང་བླང་པ་ནི། སློབ་དཔོན་གྱིས་ལས་བུམ་གྱི་ཆུས་ཁྲུས་བྱ་བའི་སྟང་ཀ་དང་བཅས། ཇི་ལྟར་བལྟམ་པ་སོགས་་དང་། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡ་ཧཱུྃ། མཎྜལ་འཇོག །ས་གཞི་སྤོས་ཆུས་སོགས་མཎྜལ་འབུལ། བླ་མ་སློབ་དཔོན་དགོངས་སུ་གསོལ། །རིག་པ་འཛིན་པ་བདག་གིས་ནི། །བླ་མ་དམ་པར་གསོལ་འདེབས་ཀྱིས། །བདག་གི་བླ་མ་མཛད་དུ་གསོལ། །ཞེས་ལན་གསུམ་གྱིས་གསོལ་བ་བཏབ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་ལན་གསུམ། བུ་ཁྱོད་ཅི་ལ་དགའ། སྐལ་བཟང་བདག་བདེ་ཆེན་ལ་དགའ། བུ་ཚུར་ཤོག་ཅིག་བདེ་ཆེན་པོ། །བླ་མེད་སྤྱོད་པའི་ཆུ་དབང་སྦྱིན། །མ་བསྒྲལ་བ་རྣམས་བསྒྲལ་བར་བྱ། །མ་གྲོལ་བ་རྣམས་གྲོལ་བར་བྱ། །དབུག་མ་དབྱུང་རྣམས་དབུག་དབྱུང་ཞིང་། །མྱ་ངན་འདས་པ་ཐོབ་པའི་ཕྱིར། །བླ་མ་ལ་ཞུས་ཁྱོད་སྤྲོའམ། །ཞེས་གསུངས་པ་ལ། སྤྲོ་ལགས། བླ་མེད་དཀོན་མཆོག་གསུམ་པོ་ལ། །བདག་ནི་རྟག་ཏུ་སྐྱབས་སུ་མཆི། །བདག་གིས་སངས་རྒྱས་བསྟན་པ་ལ། །སྤྱི་དང་མི་འགལ་ལེགས་གནས་ཏེ། །ཐེག་ཆེན་གསང་སྔགས་བྱ་བའི་གཞུང་། །ཁྱད་པར་དམ་ཚིག་བདག་གིས་བཟུང་། །ཡང་དག་ཉིད་དུ་བཟུང་བར་བགྱི། །ཐེག་པ་ཆེན་པོ་སྔགས་ཀྱི་ལྷ། །དོན་གཅིག་གཉིས་མེད་ཡེ་ཤེས་དོན། །ཡང་དག་ཉིད་དུ་བདག་གིས་བཟུང་། །སྐུ་ཡི་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་སྡོམ་པ་ལ་གནས་ཏེ། །སྒྲུབ་པ་དག་ཀྱང་ཅི་ནུས་བཅོམ། །པདྨའི་རིགས་མཆོག་དག་པ་ཡི། །ཕྱི་ནང་གསང་བའི་གསུང་བསྒྲགས་ཏེ། །དམ་པའི་ཆོས་ཀྱང་མ་ལུས་བཟུང་། །རྡོ་རྗེའི་རིགས་མཆོག་དམ་ཚིག་ནི། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང་། །བླ་མ་རྡོ་རྗེ་རིག་བརྟེན་པ། །མཐའ་ཡས་སེམས་ཅན་དོན་གྱི་ཕྱིར། །གསང་སྔགས་དམ་ཚིག་དབང་གིས་བླང་། །ཡང་དག་པར་ནི་བཟུང་བར་བྱ། །བྱང་ཆུབ་སེམས་མཆོག་སྒྲུབ་པར་བགྱི། །ཞེས་ལན་གསུམ། རྡོ་རྗེ་མགོར་བཞག་སྟེ། བཛྲ་ས་མ་ཡ་ཧཱུྃ། ལག་གཉིས་ཐལ་མོ་ཁོང་སྟོང་དུ་སྦྱར་ལ་མཐེ་བོང་གཉིས་བསྒྲེངས་ཏེ་དམ་ཚིག་ལ་གནས་པའི་ཕྱག་རྒྱའི་བར་དུ་མེ་ཏོག་གི་ཕྲེང་བ་བཟུང་། ན་མཿས་མནྟ་བུདྡྷཱ་ནཱཾ། ཨ་ས་མེ་ཏྲི་ས་མེ་ས་མ་ཡེ་སྭཱ་ཧཱ། ཐུགས་རྗེ་ཆེན་པོ་མངའ་བ་ཡི། །མགོན་པོ་རྣམས་ཀྱི་ཐུགས་ཀྱིས་ནི། །རྣམ་པར་སྤྲུལ་ནས་ཆོས་རྣམས་ཀྱི། །མཚན་ཉིད་འདི་དག་རྟོགས་པར་ཤོག །ཅེས་བརྗོད་ནས་མེ་ཏོག་ཕུལ་བའི་སྟང་ཀ་བྱས། སླར་རང་གི་མགོར་འཇོག་ནས། ཨོཾ་བུདྡྷ་བེ་རོ་ཙ་ན་ཨོཾ། དཀྱིལ་འཁོར་ལྷ་ཚོགས་མངོན་སུམ་དུ་མཐོང་བར་གྱུར། དངོས་གཞིའི་དོན་དུ་ས་གཞི་སྤོས་ཆུས་སོགས་ཀྱིས་མཎྜལ་དང་། སྟོན་པ་དཔལ་ལྡན་རྡོ་རྗེ་འཛིན། །གཙོ་བོ་དེ་ལ་གང་ཞུ་བ། །མགོན་པོ་སྨྲ་བའི་མཆོག་གྱུར་པས། །དབང་བསྐུར་བ་ཡི་ཆོ་ག་གསུང་། །ཞེས་ལན་གསུམ། དབང་སྟེགས་དཀྱིལ་འཁོར་གྱི་སྟེང་དུ། རང་ཉིད་རྡོ་རྗེ་སེམས་དཔའི་སྐུ་ཟླ་བའི་དཀྱིལ་འཁོར་གྱི་ནང་ན་བཞུགས་ཤིང་ཟླ་བའི་དཀྱིལ་འཁོར་འོད་དང་ལྡན་པ་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་བསྣམས་པ་དབུ་རྒྱན་ལ་སོགས་པའི་རྒྱན་སྣ་ཚོགས་པས་བརྒྱན་པ། ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རྡོ་རྗེ་རྩེ་ལྔ་པས་མཚན་པ་དང་བཅས་པས་འཁོད་པའི་སྟེང་དུ་གདུགས་དཀར་པོ། གཡས་རྒྱལ་མཚན། གཡོན་དུ་བ་དན། ཉེ་འཁོར་དུ་དུང་། རྔ་སྒྲ། མཆོད་པའི་སྤྲིན་ཕུང་རབ་འབྱམས་མཐའ་ཡས་པ་རྣམས་ཀྱིས་མཆོད་པར་གྱུར། བཀྲ་ཤིས་ནི། འཇིག་རྟེན་འདི་དང་མཐོ་རིས་གཞན་དག་ན། །རིན་ཆེན་རྨད་བྱུང་རྒྱ་ཆེན་མཆོད་ཡོན་དང་། །དེ་ནི་རྫོགས་པའི་སངས་རྒྱས་རིན་ཆེན་ལ། །ཅིས་ཀྱང་གྲངས་དང་བསྒྲངས་དང་ཆར་མི་ཆོད། །ངོ་མཚར་ཤིན་ཏུ་རྨད་བྱུང་དཔག་མེད་དེ། །རྫོགས་པའི་སངས་རྒྱས་རིན་ཆེན་འཇིག་རྟེན་མཆོག །ཇི་ལྟར་ངའི་འདི་དེ་བཞིན་བདེན་མཆོག་ན། །བདེན་པ་འདིས་ནི་ཤིན་ཏུ་བདེ་ལེགས་ཤོག །ཞི་འགོག་བདུད་རྩི་ཤིན་ཏུ་གྱ་ནོམ་གང་། །ཤཱཀྱ་ཐུབ་པས་མཉམ་བཞག་ཐུགས་ཆུད་པ། །ཆོས་དེ་དང་ནི་མཚུངས་པ་ཡོད་མིན་ཏེ། །དེ་མངོན་བྱེད་ན་ཕྱིན་ཆད་མྱ་ངན་མེད། །ངོ་མཚར་ཤིན་ཏུ་རྨད་བྱུང་དཔག་མེད་དེ། །དམ་པའི་ཆོས་ཀྱི་རིན་ཆེན་འཇིག་རྟེན་མཆོག །ཇི་ལྟར་ངའི༴། བདེན་པ་འདིས་ནི༴། རྒྱལ་བས་གང་དག་གང་ཟག་བརྒྱད་གསུང་པ། །དེ་དག་རྣམས་ནི་སྐྱེས་བུ་ཟུང་བཞི་སྟེ། །སྦྱིན་གནས་དེ་དག་ས་སྟེང་ཤིན་ཏུ་དཀོན། །དེ་དག་རྣམས་ལ་བྱིན་ན་དཔག་མེད་འགྱུར། །ངོ་མཚར་ཤིན་ཏུ་རྨད་བྱུང་དཔག་མེད་དེ། །དགེ་འདུན་རིན་ཆེན་གང་ནི་འཇིག་རྟེན་མཆོག །ཇི་ལྟར་ངའི་འདི་དེ་བཞིན་བདེན་མཆོག་ན། །བདེན་པ་དེས་ནི་ཤིན་ཏུ་བདེ་ལེགས་ཤོག །དེ་ནས་རིགས་ལྔའི་སྐུའམ་ཕྱག་རྒྱ་ཐོགས་ལ། ཧཱུྃ། བྱང་ཆུབ་མཆོག་དང་ས་གནོན་དང་། །མཆོག་སྦྱིན་མཉམ་བཞག་ཕྱག་རྒྱ་དང་། །སྐྱབས་ཀྱི་ཕྱག་རྒྱ་རྣམ་པ་ལྔ། །རིགས་ལྔའི་ཕྱག་རྒྱའི་དབང་ཐོབ་ཤོག །ཕྱག་རྒྱའི་དབུ་རྒྱན་སྤྱི་བོར་བཀོད་པ་དང་བསྟུན། ཨོཾ་བུདྡྷ་བཻ་རོ་ཙ་ན་ཨོཾ། བཛྲ་ཨ་ཀྵོ་བྷྱ་ཧཱུྃ། རཏྣ་སྭཱ་བྷཱ་ཝ་ཏྲྃ། པདྨ་ཨ་མི་དྷེ་ཝ་ཧྲཱིཿཀརྨ་ཨ་མོ་གྷ་སིདྡྷི་ཨཱཿཨ་བྷི་ཥིཉྩ་ཧཱུྃ། རྣམ་བུམ་ཐོགས་ལ། ཧཱུྃ། སྤྲོས་མེད་སྤྲོས་བྲལ་ཆོས་ཀྱི་དབྱིངས། །བུམ་པ་ཟླུམ་པོ་ཆོས་དབྱིངས་གཏེར། །ཕན་བྱེད་སྨན་པའི་ཐུགས་ཡིན་ཏེ། །འགྲོ་བའི་ནད་སེལ་བཀྲ་ཤིས་ཤོག །ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿཨ་བྷི་ཥིཉྩ་མཾ། བུམ་ཆུ་བཏུང་། ཁྲུས་བྱ། བུམ་པར་གནས་པའི་རིགས་ལྔའི་སྐུ་ལས་བྱུང་བའི་བདུད་རྩིའི་རྒྱུན་གྱིས་རིམ་པ་བཞིན་ངན་སོང་དུ་སྐྱེ་བ་དང་འཁོར་བ་ཙམ་དུ་སྐྱེ་བའི་རྒྱུའི་ནུས་པ་འཇོམས་པ་དང་། གཉེན་པོའི་ས་བོན་བཏབ། སོ་སྐྱེའི་ལམ་ནས་བརྩམས་ཏེ་ས་བཅུའི་བར་གྱི་ཚོགས་རྣམ་པ་གཉིས་རྫོགས་པ་དང་རྒྱལ་ཚབ་ཀྱི་གོ་འཕང་ཐོབ་པའི་ས་བོན་རྒྱུད་ལ་བཞག་པར་གྱུར། དེ་ནས་རྡོ་རྗེ་འཆང་གི་སྐུ་ཐོགས་ལ། ཧཱུྃ། དོན་དམ་བདེན་པའི་ཆོས་ཉིད་ལས། །མི་གཡོ་སེམས་དཔའི་མངོན་སུམ་དུ། །རིགས་བཞི་རྡོ་རྗེ་འཆང་གནས་པ། །ཨུ་པ་ཡ་ཡི་དབང་ཐོབ་ཤོག །ན་མོ། ཕྱོགས་བཅུ་དུས་གསུམ་གྱི་དཀོན་མཆོག་རྣམས་ཀྱི་བདེན་པའི་བྱིན་རླབས་ཀྱིས། །སྐལ་ལྡན་རིགས་ཀྱི་བུ་རྣམས་ལ། །ཨུ་པ་ལ་ཡི་དབང་བསྐུར་བས། །རིགས་བཞི་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པའི་དབང་དང་ལྡན་པར་གྱུར་ཅིག །ཡེ་ཤེས་ཐིག་ལེ་ལས། ཆུ་དང་ཅོད་པན་དབང་བསྐུར་དག །བྱ་བའི་རྒྱུད་ལས་རབ་ཏུ་གྲགས། །རྡོ་རྗེ་དྲིལ་བུ་མིང་གི་དབང་། །སྤྱོད་པའི་རྒྱུད་ལ་རབ་ཏུ་གྲགས། །ཅེས་འབྱུང་བས། རྣམ་སྣང་མངོན་བྱང་དང་མཐུན་པར་ཁ་སྐོང་དང་། རིག་པའི་ལྷ་མོ་ལྔས་ཅོད་པཎ་སྤྱི་བོར་བཅིང་པར་གྱུར། ཨོཾ་བཛྲ་དྷཱ་ཏི་ཤྭཱ་རི་བཛྲི་ཎི་ཨོཾ་ཨ་བྷི་ཥིཉྩ་མཾ། ཨོཾ་བཛྲ་བཛྲི་ཎཾ་ཧཱུྃ་ཨ་བྷི་ཥིཉྩ་མཱཾ། ཨོཾ་རཏྣ་བཛྲི་ཎི་ཏྲཱྃ་ཨ་བྷི་ཥིཉྩ་མཾ། ཨོཾ་དྷརྨ་བཛྲི་ཎི་ཧྲཱིཿཨ་བྷི་ཥིཉྩ་མཾ། ཨོཾ་ཀརྨ་བཛྲི་ཎི་ཨཱཿཨ་བྷི་ཥིཉྩ་མཱཾཿཞེས་རིགས་ཀྱི་ལྷ་མོ་ལྔས་ཅོད་པཎ་གྱི་དབང་བསྐུར་བས་སངས་རྒྱས་ཀྱི་མཚན་དཔེ་འབྱུང་བའི་ས་བོན་རྒྱུད་ལ་བཞག་པ་ཡིན་ནོ། །དེ་ནས་རྡོ་རྗེ་དང་དྲིལ་བུ་བཟུང་སྟེ། སངས་རྒྱས་ཀུན་གྱི་རྡོ་རྗེའི་དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་ཀུན་ཏུ་རབ་བསྒྲུབ་ཕྱིར། །རྡོ་རྗེ་འདི་ནི་ཁྱོད་ཀྱིས་ལོང་། །ཨོཾ་བཛྲ་ཨ་དྷི་པ་ཏི་སྟྭཾ་ཨ་བྷི་ཥིཉྩ་མི་ཏིཥྛ་བཛྲ་ས་མ་ཡ་སྟྭཾ། ཨ་ཀ་རོ་སོགས་ཅེས་པས་ཚིགས་བཅད་དང་། སྔགས་དང་པོས་རྡོ་རྗེའི་དབང་བསྐུར་བས་སངས་རྒྱས་ཀྱི་ཐུགས་ཀྱི་ས་བོན་ཐེབས། ཨ་ཀཱ་རོའི་སྔགས་ཀྱིས་དྲིལ་བུས་དབང་བསྐུར་བས་གསུང་འགྲུབ་ཅིང་ཆོས་སྟོན་པའི་ས་བོན་འདེབས་པར་བྱེད་པ་ཡིན་ནོ། །དེ་དག་ནི་ཕྱག་མཚན་གྱི་དབང་ངོ་། །རྡོར་དྲིལ་མགོ་བོར་བཟུང་ནས། ཨོཾ་བཛྲ་སཏྭ་སྟྭཾ་ཨ་བྷི་ཥིཉྩ་མི་བཛྲ་ན་མ་ཨ་བྷི་ཥེ་ཀ་ཏ་ཏེ་བཛྲས་ཏྭ། ཞེས་མིང་དབང་བསྐུར་བས་སངས་རྒྱས་ཀྱི་མཚན་སྲིད་པ་གསུམ་དུ་སྒྲོགས་པའི་ས་བོན་འདེབས་པར་བྱེད་པ་ཡིན་ནོ། །ཀྲི་ཡའི་རྫས་དབང་ཉེར་དྲུག་མདོར་བསྡུས་བྱ་བར་སྤྲོ་ན། ཆོས་ཉིད་རྒྱ་མཚོ་བྱང་ཆུབ་མཆོད་རྟེན་དང་། །འདོད་འབྱུང་དཔག་བསམ་རིན་ཆེན་རི་རབ་ཆེ། །ཡོངས་འདུས་མེ་ཏོག་བདུད་རྩི་བུམ་པའི་ཆུ། །འཇམ་མཉེན་དར་གྱི་ལྷབ་ལྷུབ་རིན་ཆེན་ཁྲི། །མེ་ཏོག་ཆུན་ཕྲེང་རྔ་ཡབ་དཀར་པོ་དང་། །རས་ཀྱི་རྡུལ་གཡབ་ལྷ་ཡི་སྦྲང་གཡབ་མཛེས། །བླ་བྲེ་རྒྱལ་མཚན་ཚད་སྐྱོབ་གདུགས་དཀར་པོ། །དར་གྱི་ལྔ་ལྡི་དྲི་མེད་སྐུ་རེག་དང་། །དྲི་ཞིམ་སྤོས་དང་སྙིང་པོ་རིན་ཆེན་འབྲུ། །བྱ་ཀྲྀ་སྨན་མཆོག་སེང་ལྡེང་ཆུ་དག་དང་། །དབང་ལག་ཀཎྜ་ཀ་རི་ལ་སོགས་པ། །སྟོན་མཆོག་ཐུབ་པའི་དབང་པོར་ཕུལ་བ་ཡིས། །བཀྲ་ཤིས་དགེ་བའི་རྫས་མཆོག་འདི་རྣམས་ཀྱིས། །དབང་བསྐུར་སྲིད་ཞིའི་དཔལ་ཡོན་ཕུན་ཚོགས་ཤོག །ཨོཾ་མངྒ་ལཾ་ཨ་བྷི་ཥིཉྩ་ཧཱུྃ། རྒྱས་པར་མོས་ན་མདོ་དབང་གི་གཞུང་ཉིད་དུ་ཤེས་པར་བྱའོ། །ལས་རྡོར་གྱི་མཆོད་པ་སྟེགས་ལ། དྲི་ཆབ། ན་མཿས་མནྟ་བུདྡྷཱ་ནཱཾ། བི་ཤུདྡྷེ་གནྡྷདྡྷོ་ཝ་སྭཱ་ཧཱ། མེ་ཏོག་ནི། ན་མཿ༴མ་ཧཱ་མཻ་ཏྲུ་བྷུངྒེ་ཏེ་སྭཱ་ཧཱ། སྤོས། ན་མཿ༴དྷརྨཱ་དྷ་ཏུ་ཨ་ནུ་ག་ཏ་སྭཱ་ཧཱ། མར་མེ་ནི། ན་མཿ༴སརྦ་ཏ་ཐཱ་ག་ཏ་ཨརྩི་སྥ་ར་ཎ་ཨ་བ་བྷ་ས་ག་ག་ནཏྟོ་ཏེ་བྷྱཿསྭཱ་ཧཱ། ཞལ་ཟས། ན་མཿ༴ཏྲཻ་ཡ་དྷཱི་ཀཱ་ནཱཾ་ཨ་ར་ར་པ་ར་ར་བི་ལ་དེ་བ་ལི་ཏ་ཧ་ཧི་སྭཱ་ཧཱ། ཞེས་ཉེར་སྤྱོད་སྔགས་རྒྱས་མཆོད། རྗེས་དམ་ཚིག་དབོག་པ་ནི། དེ་རིང་ཕན་ཆད་བུ་ཁྱོད་ཀྱིས། །དམ་པའི་ཆོས་དང་བྱང་ཆུབ་སེམས། །སྲོག་གི་ཕྱིར་ཡང་དེང་ཕྱིན་ཆད། །ཡོངས་སུ་བཏང་བར་མི་བྱའོ། །ཁྱོད་ཀྱིས་སེར་སྣ་དང་ནི་གང་། །སེམས་ཅན་གནོད་པར་མི་བྱའོ། །ཡང་དང་ཡང་དུ་སྙིང་རྗེ་དང་། །བྱམས་པའི་སེམས་ནི་ཉེར་བཞག་ལ། །སློབ་དཔོན་བརྙས་པར་མི་བྱ་སྟེ། །འདི་ནི་སངས་རྒྱས་ཀུན་དང་འདྲ། །དམ་ཚིག་འདི་དག་སངས་རྒྱས་ཀྱི། །བརྟུལ་ཞུགས་བཟང་པོ་ཁྱོད་ལ་བསྟོད། །ཇི་ལྟར་རང་གི་སྲོག་བསྲུང་བ། །དེ་ལྟར་ཁྱོད་ཀྱིས་འདི་དག་སྲུངས། །གཙོ་བོས་ཇི་ལྟར༴སོགས་དང་གཏང་རག་མཎྜལ། དེང་ནས་བརྩམ་ཏེ་སོགས་སྤྱི་ལྟར་བྱ་བ་ཡིན་ནོ། །སློབ་མ་གཞན་འཇུག་པ་རང་གཞུང་ལྟར་བྱའོ། །གསུམ་པ་རྗེས་ཀྱི་རིམ་པ་མཆོད་པ་འབུལ་ཞིང་གསོལ་བ་གདབ་ཅིང་། བསྔོ་སྨོན་བྱ་བ་དཀྱིལ་འཁོར་གཤེགས་བསྡུ་ཤིས་བརྗོད་བྱ་བའོ། །དང་པོ་ནི་མཆོད་པ་རྣམས་བསང་སྦྱངས་བྱིན་རླབས་སྔར་ལྟར་བྱས་ལ། ཕྱག་མཆོད་སོགས་བཞི་པོ་སྟ་གོན་གྱི་སྐབས་སུ་བཤད་པ་ལྟར་བྱའོ། །གསོལ་བ་གདབ་པ་ནི། ཐལ་མོ་མེ་ཏོག་དང་བཅས། བླ་མ་བཅོམ་ལྡན་འདས་སྙིང་རྗེ་ཆེན་པོའི་སྙིང་པོ་ཅན་གྱི་དཀྱིལ་འཁོར་ཆེན་པོའི་ལྷ་ཚོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་ཐམས་ཅད་བདག་ལ་དགོངས་སུ་གསོལ། ཁྱེད་རྣམས་ལ་མཁྱེན་པའི་ཡེ་ཤེས། བརྩེ་བའི་ཐུགས་རྗེ། མཛད་པའི་ཕྲིན་ལས་བསམ་གྱིས་མི་ཁྱབ་པ་མངའ་བ་ལགས་པས། ཕན་བདེའི་འབྱུང་གནས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ཕྱོགས་ཐམས་ཅད་དུ་དར་ཞིང་རྒྱས་པར་མཛད་དུ་གསོལ། བསྟན་པའི་རྩ་ལག་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱིས་གཙོར་མཛད་བསྟན་པ་འཛིན་པའི་དགེ་བའི་བཤེས་གཉེན་རྣམས་ཀྱི་སྐུ་ཚེ་དང་ཕྲིན་ལས་ཀྱི་བར་དུ་གཅོད་པ་ཐམས་ཅད་ཉེ་བར་ཞི་བར་མཛད་དུ་གསོལ། བདག་དང་སེམས་ཅན་ཐམས་ཅད་ཀྱི་སྡིག་པ་དང་། སྒྲིབ་པ་དང་། དམ་ཚིག་ཉམས་ཆགས་ཐམས་ཅད་ཞི་བར་མཛད་དུ་གསོལ། མཐོ་རིས་དང་ཐར་པ་དང་། ཐམས་ཅད་མཁྱེན་པའི་ལམ་གྱི་བར་དུ་གཅོད་པ་དང་། མི་དགེ་བ་དང་། ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པ་ཐམས་ཅད་ཞི་བར་མཛད་དུ་གསོལ། གནས་སྐབས་སུ་ཡང་ལས་དང་ཉོན་མོངས་པའི་དབང་གིས་འབྱུང་བའི་གནོད་པ་དང་། སྡུག་བསྔལ་གྱི་བྱེ་བྲག་ཆེན་པོ་བཅོ་བརྒྱད་དང་། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་དང་། ལོག་འདྲེན་དང་། གཟའ་དང་། རྒྱུ་སྐར་དང་། བྱད་སྟེམས་དང་། ཕ་རོལ་གྱི་རིག་སྔགས་ལས་གྱུར་པའི་གནོད་པ་ཐམས་ཅད་ཞི་བར་མཛད༴མེ་དང་ཆུ་དང་ས་གཡོ་བ་ལ་སོགས་པ་བྱུང་བ་ལས་གྱུར་པའི་གནོད་པ་དང་། ལོ་ཉེས་དང་། དགྲའི་གནོད་པ་ལ་སོགས་པའི་གནོད་པ་བཅུ་དྲུག་དང་། མུ་གེ་དང་། མི་ནད་དང་། ཕྱུག་ནད་དང་། ནད་བཞི་བརྒྱ་རྩ་བཞི། དབུལ་ཞིང་འཕོངས་པ་དང་། དུས་མ་ཡིན་པར་འཆི་བའི་སྡུག་བསྔལ་དང་། དེ་དག་གི་རྒྱུ་བསམ་སྦྱོར་ངན་པ་ཐམས་ཅད་ཞི་བར་གྱུར། ཁྱད་པར་དུ་ཡང་བདག་ཅག་འཁོར་དང་བཅས་པ་རྣམས་ཀྱི་སྔོན་གྱི་ལས་ལས་གྱུར་པ་དང་། འཕྲལ་གྱི་རྐྱེན་ལས་གྱུར་ཀྱང་རུང་སྟེ། ཕྱི་ནང་གི་ཉེ་བར་འཚེ་བ་དང་། ལུས་སེམས་ལ་གནོད་པ་བྱེད་པའི་གདོན་བགེགས་དང་། ནད་ལ་སོགས་པ་ལུས་ཀྱི་སྡུག་བསྔལ་དང་། སེམས་ཀྱི་ཡིད་མི་བདེ་བ་དང་། སྐལ་བ་ངན་པ་དང་། རྨི་ལམ་ངན་པ་དང་། མཚན་མ་ངན་པ་དང་། ལུས་དང་། སྲོག་དང་། ལོངས་སྤྱོད་དང་། སྐལ་བ་དང་། དགེ་བ་བསྒྲུབ་པའི་བར་དུ་གཅོད་པ་ཐམས་ཅད་ཉེ་བར་ཞི་བར་མཛད་དུ་གསོལ། མདོར་ན་བདག་གཞན་སེམས་ཅན་ཐམས་ཅད་ཀྱི་གནས་སྐབས་སུ་མི་མཐུན་པའི་ཕྱོགས་ཐམས་ཅད་ཉེ་བར་ཞི་ནས། འོག་མིན་གྱི་སྲིད་པའི་མཐར་ཐུག་པའི་འཇིག་རྟེན་པའི་དངོས་གྲུབ་མཐའ་དག་འགྲུབ་པ་དང་། མཐར་ཐུག་སྒྲིབ་གཉིས་བག་ཆགས་དང་། བག་ཆགས་མ་ལུས་པ་སྤངས་པའི་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཚེ་འདི་ཉིད་ལ་འགྲུབ་པར་མཛད་དུ་གསོལ། ཞེས་དགེ་རྩ་བྱང་ཆུབ་ཏུ་བསྔོ་ཞིང་སྨོན་ལམ་གདབ། གཉིས་པ་དཀྱིལ་འཁོར་གཤེགས་བསྡུ་ནི། ལག་གཉིས་ཐལ་མོ་ཁོང་སྟོང་དུ་སྦྱར་ལ། མཐེ་བོང་གཉིས་སྒྲེང་བ་དམ་ཚིག་གི་ཕྱག་རྒྱ་སྤྱི་བོར་བཀྲོལ་ཞིང་། ན་མཿས་མནྟ་བུདྡྷ་ནཱ། ཨ་ས་མེ་ཏྲི་ས་མེ་ས་མ་ཡེ་སྭཱ་ཧཱ། ཞེས་ལན་གསུམ་བརྗོད་མཐར། རང་བཞིན་གྱི་དཀྱིལ་འཁོར་བརྟེན་པ་དང་། གཟུགས་བརྙན་གྱི་དཀྱིལ་འཁོར་དང་། བུམ་པའི་ལྷ་རྣམས་ཀྱི་ཡེ་ཤེས་པ་དང་བཅས་པ་ཆོས་སྐུའི་ངང་དུ་གཤེགས་པར་གྱུར། ཅེས་དང་། ཨོཾ། ཁྱེད་ཀྱི་སེམས་ཅན༴སོགས་དང་རོལ་མོ་དང་བཅས། ཨོཾ་ཨ་ཀཱ་རོ་སོགས། བརྗོད་ཅིང་དེ་ཁོ་ན་ཉིད་དྲན་པས་རྡོ་རྗེའི་རྩེས་དབང་ལྡན་གྱི་རྩིག་པ་ནས་གཡས་བསྐོར་གྱིས་གཤེགས། རྡུལ་ཚོན་མཐའ་ནས་དབུས་སུ་བསྡུ། ཤར་ལྷོའི་ཚང་ཐིག་ནས་གཙོ་བོའི་བར་དབྱི། རས་བྲིས་ཡིན་ན། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་སོགས་ཀྱིས་བརྟན་བཞུགས་བྱ། རྡུལ་ཚོན་རས་བྲིས་གང་ཡིན་ཀྱང་དཀྱིལ་འཁོར་དུ་ལྷ་ཙག་བཀོད་པ་ལ། བདག་དང་འགྲོ་ལ༴ཞེས་མེ་ཏོག་དོར། གསུམ་པ་ཤིས་པ་བརྗོད་པ་ནི། ཞལ་ནས་གསུངས་པའི། ཕུན་སུམ་ཚོགས་པ་སོགས་དང་། སངས་རྒྱས་གཙོ་ལ་སོགས། དེང་འདིར་བདེ་ལེགས་ཤོག །ཅེས་བཀྲ་ཤིས་རྒྱ་ཆེར་བརྗོད་ཅིང་རོལ་མོའི་སྒྲ་སྙན་ཅིང་རྒྱུན་རིང་བ་རྫོགས་པར་བྱའོ། །སླར་སྨྲས་པ། འདི་ལྟར་སྒྲུབ་པའི་དགེ་ཚོགས་རིན་ཆེན་ནི། །ནམ་མཁའི་མཐའ་དང་མཉམ་པའི་རྗེས་འགྲོ་ཞིང་། །དེ་ཀུན་བསྟན་དང་འགྲོ་བར་ཡོངས་སུ་བསྔོ། །བརླབ་ཆེན་བྱང་ཆུབ་སྤྱོད་པ་མཐར་ཕྱིན་ཤོག །འདི་ལ་བྱིས་བློས་ནོངས་པ་ཅི་མཆིས་པ། །བླ་མ་སྣང་མཛད་ཆེན་པོའི་སྤྱན་སྔར་བཤགས། །ཕན་བདེའི་འབྱུང་གནས་བསྟན་པ་རིན་པོ་ཆེ། །མི་ནུབ་དར་ཞིང་རྒྱས་ལ་ཡུན་གནས་ཤོག །ཅེས་པའང་མདོ་དཀྱིལ་ཨུ་པ་ཟུར་ཕྱུང་འདི་ལ་ལྷ་ལྔ་མ་དང་། བཅུ་གསུམ། ཉེར་གཅིག །གོ་དྲུག་པ་སོགས་བཞུགས་པ་ལས་འདིར་ཕྱི་མ་ལྟར་གསལ་བར་བཀོད་པ་འདི་ནི་གོ་འཇོ་རག་དགོན་མཆོག་སྤྲུལ་རིན་པོ་ཆེས་སྒྲུབ་མཆོད་འཛུག་བཞེད་ཀྱིས་འདི་ལྟར་བྲིས་ཞེས་བསྐུལ་བ་བཞིན་མཁྱེན་བརྩེའི་དབང་པོའི་བྱིན་རླབས་ཆ་ཙམ་ཐོབ་པ་འཇམ་དབྱངས་བློ་གྲོས་རྒྱ་མཚོས་བཀླག་ཆོག་ཏུ་བཀོད་པ་འདིས་ཀྱང་བྱང་ཆུབ་ཀྱི་སེམས་གཉིས་རང་གཞན་ཐམས་ཅད་ཀྱི་རྒྱུད་ལ་སྐྱེ་བའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒ་ལཾ། །། །}} | ན་མོ་གུ་རུ་བཻ་རོ་ཙཱ་ན་ཡེ། གང་གི་རང་བཞིན་སྤྲོས་པ་ཉེར་ཞི་ཡང་། །སྙིང་རྗེ་ཆེན་པོ་རྩལ་སྣང་འགགས་པ་མེད། །འགྲོ་དོན་བྲལ་པའི་བྱང་ཆུབ་སེམས་མཆོག་ཉིད། །བྱང་ཆུབ་རྡོ་རྗེའི་སྐུར་བཞེངས་བླ་མ་རྒྱལ། །རྣམ་པར་སྣང་མཛད་དཀྱིལ་འཁོར་རྒྱ་མཚོའི་གཙོ། །རྒྱུད་སྡེ་བཞི་འབྲེལ་སྒྲུབ་ཐབས་བསམ་ཡས་ལས། །བསྟན་པ་ཡོངས་རྫོགས་ཉམས་ལེན་འདུས་པ་མདོའི། །སྤྱོད་རྒྱུད་དང་འབྲེལ་དཀྱིལ་འཁོར་ཆོ་ག་དབྱེ། །དེའང་ལྷ་ཐེམ་ལས། ཨུ་པ་ཡོ་ག་སྤྱོད་པའི་རྒྱུད། །གཉིས་ཀའི་རྒྱུད་ཀྱི་ཐེག་པ་ཡིན། །ཀྲྀ་ཡའི་ཞོར་དང་ཡོ་གའི་ཤུགས། །ཡང་ན་ཟུར་དུ་དཀྱིལ་འཁོར་མཛད། །ཞེས་གསུངས་པའི་དགོངས་དོན་ཀྲྀ་ཡའི་ཤུགས་ལ་བསྟན་པ་དང་། ཡོ་ག་མ་བསྡུ་བ་དང་། ཟུར་དུ་མཛད་པའི་ཕྱག་བཞེས་གསུམ་ལས། ལུགས་འདི་ལ་ཚད་མར་གྱུར་པའི་མཁས་གྲུབ་ཆེན་པོ་ཀླན་པོགས་ཀྱིས་བདེ་བ་གསལ་མཛད་ཀྱིས་ལས་ཐོའི་དགོངས་དོན་བཞིན་ཀྲྀ་ཡོ་ག་གཉིས་སུ་བསྡུ་བར་མཛད་ལ། འདིར་གོང་གི་ལུང་དོན་བཞིན། ཟུང་ཆེན་ཐམས་ཅད་མཁྱེན་པ་ཤཱཀྱ་འབྱུང་གནས་དང་དངོས་སློབ་བདེ་ལེགས་སོགས་ཀྱིས་ངེས་པར་ཟུར་དུ་མཛད་པ་དང་། འཇམ་པའི་དབྱངས་རིན་ཆེན་རྒྱལ་མཚན་དང་། པཎ་ཆེན་སྐུ་མཆེད་སོགས་ཀྱིས་ཐུགས་ཉམས་སུ་བསྟར་ཞིང་། ལྷ་ཐེམ་སུ་འཁོར་ཡུག་གི་ལྷའི་མངོན་རྟོགས་གསལ་བར་མཛད་འདུག་པ་དང་། མཁས་གྲུབ་བྲ་བོ་ཆོས་འབམ་པ་སོགས་ཀཿཐོག་སྔ་རབས་ཕལ་ཆེར་ཀྱང་ཟུར་དུ་མཛད་པའི་ཕྱག་རྒྱུན་ད་ལྟ་དཔལ་ཡུལ་ཕྱོགས་དབང་གི་རྒྱུན་ཀྱང་བཞུགས་པ་བཅས་ཀྱིས་རིག་འཛིན་ཆེན་པོ་པདྨ་ཕྲིན་ལས་ཀྱི་འདུས་མདོའི་དབང་ཆོག་ཆེན་པོ་ལས་ཟུར་དུ་ཕྱུང་ནས་ཅུང་གསལ་བར་བཀོད་པ་ལ། སྟ་གོན་དང་། དངོས་གཞི། རྗེས་ཀྱི་རིམ་པའོ། །དང་པོ་ལ་བདག་གི་རྣལ་འབྱོར་དང་། སྟ་གོན་དངོས་གཉིས་ལས། དང་པོ་ནི། གང་དུ་བྱ་བའི་གཞིར་ཕྱག་དར་དང་དྲི་བཟང་གི་ཆུས་བརྐྱངས་ནུལ་བྱ་ཞིང་མཆོད་གཏོར་བཤམས་ལ། བདེ་བའི་སྟན་ལ་འཁོད་དེ། སྐྱབས་ཡུལ་རྣམས་མདུན་མཁར་མངོན་སུམ་བཞིན་དུ་བལྟས་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས་དུས་འདི་ནས་བཟུང་སྟེ། ནམ་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་སངས་རྒྱས་བཅོམ་ལྡན་འདས་ལ་སྐྱབས་སུ་མཆིའོ། །དེ་བཞིན་གཤེགས་པ་ཆོས་ཀྱི་སྐུ་ཞི་བ་བླ་ན་མེད་པ་སོ་སོར་རང་གི་རིག་པ་ལ་སྐྱབས་སུ་མཆིའོ། །ཕྱོགས་བཞིའི་བྱང་ཆུབ་སེམས་དཔའ་ཆེན་པོ་འཕགས་པ་ཕྱིར་མི་ལྡོག་པའི་དགེ་འདུན་ལ་སྐྱབས་སུ་མཆིའོ། །ཞེས་སྐྱབས་འགྲོ་ཡན་ལག་གསུམ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས་དུས་འདི་ནས་བཟུང་སྟེ་ནམ་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། དངོས་པོ་ཐམས་ཅད་དང་བྲལ་བ། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། གཟུང་བ་དང་། འཛིན་པ་རྣམ་པར་སྤངས་བ། ཆོས་བདག་མེད་པ་མཉམ་པའི་ཕྱིར་རང་གི་སེམས་ཐོག་མ་ནས་མ་སྐྱེས་པ་སྟོང་པ་ཉིད་དུ་ཇི་ལྟ་བ་ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་བཞིན་དུ་བདག་གིས་ཀྱང་སེམས་བསྐྱེད་དོ། །ཞེས་སེམས་བསྐྱེད་ལན་གསུམ་བརྗོད། དེ་ནས་ལག་གཉིས་ཁོང་སྟོང་དུ་སྦྱར། མཐེའུ་ཆུང་གཉིས་འབར་བ་ལྟར་བསྐྱེད། མཛུབ་མོ་གཉིས་བཀུག་སྟེ་བ་དན་ལྟར་བཟུང་བ་རྡོ་རྗེ་མི་ཤིག་པའི་ཕྱག་རྒྱ་དང་། ན་མཿས་མནྟ་བུདྡྷཱ་ནཱཾ། བཾ་བ་སྭཱ་ཧཱ། ཕྱག་རྒྱའི་ནང་དུ་ཡི་གེ་བ་ལྟ་བུ་རྡོ་རྗེ་འབར་བ་དང་བཅས་པ་སྔགས་ཀྱི་ཡི་གེས་མཚན་པ་དེས་བྱིན་གྱིས་རླབས་པས་བདག་ཉིད་གནས་པའི་ས་གཞི་དང་། དབང་ཆེན་དཀྱིལ་འཁོར་རྡོ་རྗེའི་གདན་དུ་གྱུར། ལག་གཉིས་ཐལ་མོ་ཁོང་སྟོང་དུ་སྦྱར་ལ། མཐེ་བོང་གཉིས་སྦྲེང་ལ་སངས་རྒྱས་ཀུན་གྱི་དམ་ཚིག་གི་ཕྱག་རྒྱ་དང་། ན་མཿས་མནྟ་བུདྡྷཱ་ནཱཾ། ཨ་ས་མེ་ཏྲི་ས་མེ། ས་མ་ཡེ་སྭཱ་ཧཱ། སངས་རྒྱས་ཀུན་གྱི་དམ་ཚིག་ལ་གནས་པར་གྱུར། ལག་གཉིས་ཐལ་མོ་ཁོང་སྟོང་དུ་སྦྱར་ལ། མཛུབ་མོ་གཉིས་ཕུར་བུས་བཏབ་པར་གྱུར། ལག་གཉིས་ཁོང་སྟོང་དུ་སྦྱར་ལ་མཛུབ་མོ་གཉིས་བཀུག་སྟེ་ནང་དུ་གཞུག །གུང་མོ་དང་སྲིན་ལག་གཉིས་གཤིབ་སྟེ་སྦྲེང་། མཐེ་བོང་དང་མཐེའུ་ཆུང་ཅུང་ཟད་བཀུག་པ་མཚམས་ཆེན་པོ་བཅད་པའི་ཕྱག་རྒྱ་དང་། ན་མཿས་མནྟ་བུདྡྷཱ་ནཱཾ། བེ་ལུ་སུ་ཏི་པི་ཀུ་རི་བི་ཀུ་ལེ་སྭཱ་ཧཱ། ཕྱོགས་བཅུར་རྡོ་རྗེའི་རྭ་བས་བསྐོར་ཏེ་མཚམས་བཅད་པར་གྱུར། ཕྱག་རྒྱ་སྔ་མ་ལས་མཛུབ་མོ་གཉིས་བརྐྱང་བ་ལ་མཐེ་བོང་གཉིས་ནང་དུ་བཅུག་པ་ཀུན་ཏུ་འབར་བའི་ཕྱག་རྒྱ་དང་། ན་མཿས་མནྟ་བུདྡྷཱ་ནཱཾ། ཛྭ་ལ་མ་ལི་ནི་ཏ་ཐཱ་ག་ཏ་ཨ་རྩི་སྭཱ་ཧཱ། ཕྱོགས་བཅུར་འབར་བའི་ཕྲེང་བས་ཀུན་ནས་བསྐོར་བར་གྱུར་པས་སྲུང་སྟེ་སྲུང་འཁོར་རོ། །ལག་གཉིས་ཁུ་ཚུར་བཅང་། མཐེ་བོང་གཉིས་ནང་དུ་གཞུག །མཛུབ་མོ་གཉིས་སྦྲེང་པ་ཆོས་དབྱིངས་རྣམ་པར་སྦྱར་བའི་ཕྱག་རྒྱ་དང་། ན་མཿས་མནྟ་བུདྡྷཱ་ནཱཾ། དྷཱརྨ་དྷཱ་ཏུ་སྭཱ་བྷཱ་ཝ་ཨཏྨ་ཀོ྅ཧཾཿཆོས་ཐམས་ཅད་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་སྟོང་པ་ཉིད་དུ་གྱུར། ལག་གཉིས་ཀྱི་སོར་མོ་ཐམས་ཅད་བཟློག་སྟེ་བསྣོལ་ལ་མཐེ་བོང་གཉིས་རྩེ་སྤྲད་པ་ཆོས་ཀྱི་འཁོར་ལོའི་ཕྱག་རྒྱ་དང་། ན་མཿས་མནྟ་བུདྡྷཱ་ནཱཾ། ཨཏྨ་ཀོ྅ཧཾ། བདག་གི་ཐ་མལ་པའི་ལུས་སྤངས་ནས་རྡོ་རྗེ་སེམས་དཔའི་སྐུ་ཟླ་བའི་དཀྱིལ་འཁོར་གྱི་ནང་ན་བཞུགས་ཤིང་ཟླ་བའི་དཀྱིལ་འཁོར་གྱི་འོད་དང་ལྡན་པ་ཕྱག་གཉིས་ཀྱི་རྡོ་རྗེ་དང་དྲིལ་བུ་བསྣམས་པ། དབུ་རྒྱན་ལ་སོགས་པའི་རྒྱན་སྣ་ཚོགས་པས་བརྒྱན་པ་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་ན་རྡོ་རྗེ་རྩེ་ལྔ་པ་དང་བཅས་པར་གྱུར། དེ་བཞིན་གཤེགས་པའི་གོ་ཆའི་ཕྱག་རྒྱ་དང་། ན་མཿས་མནྟ་བཛྲ་ཎཾ་བཛྲ་ཀ་བ་ཙི་ཧཱུྃ། རང་གི་ལུས་ལ་རྡོ་རྗེའི་གོ་ཆ་གྱོན་པར་གྱུར། ཅེས་བརྗོད་པས་བདག་ཉིད་ལྷར་བསྐྱེད་དོ། །གཉིས་པ་སྟ་གོན་དངོས་ལ། རྡུལ་ཚོན་ལྟར་ན་སྟེགས་བུར་དྲི་བཟང་གི་ཆུས་བྱུག་པར་དཀྱིལ་འཁོར་ཡོངས་རྫོགས་ལྟེ་བར་པདྨ་འདབ་བཞིའམ་འཁོར་ལོ་རྩིབས་བཞིར་གང་བདེར་བྱ་བར་གསུངས་ཀྱང་འཐད་ཕྱོགས་པདྨ་འདབ་བཞི་པ་ཆེ་ཞིང་ཕྱི་རོལ་པདྨ་དང་རྡོ་རྭའི་བར་དུ་འཁོར་ཡུག་དང་བཅས་པའི་ལས་ཐིག་བཏབ། རས་བྲིས་ལ་མཎྜལ་སྟེང་དུ་ལྷ་གནས་སོ་སོར་དྲི་བཟང་གི་ཆུས་ཐིག་ལེ་བྱ་ཞིང་པདྨ་སུཪྻ་ཙནྡྲ་ལ་ཞེས་བརྗོད་ནས། འོག་ནས་འབྱུང་བའི་ལྷ་སྔགས་རྣམས་ཀྱིས་ཚོམ་བུ་བསྐྱེད་ཆོག་གི་གོ་རིམ་ལྟར་བཀོད་པའི་མཐར། ཉེར་སྤྱོད་བདུན་དང་ཁྱད་པར་མཆོད་ཡོན་དྲི་ཆབ་མེ་ཏོག་སྤོས་མར་མེ་ཞལ་ཟས་རྣམ་ལྷ་གྲངས་དང་མཉམ་པའམ། ཚན་པ་བཅུ་སོགས་ཀྱིས་རྡུལ་ཚོན་ལ་སྒོར་མོ་དང་། རས་བྲིས་ལ་གྲུ་བཞིར་བཤམས། མཆོད་བུམ་རྒྱས་པ་བཅུ་དྲུག་དང་བརྒྱད། བསྡུ་ན་གཅིག་མཆུ་དཀྱིལ་འཁོར་ལ་ཕྱོགས་ཏེ་བཞག་གོ། དེ་ནས། ཨོཾ་བུདྡྷ་བཻ་རོ་ཙ་ན། ཨོཾ། དབུས་སུ་རྣམ་སྣང་དཀར་པོ་ཆོས་འཆད་ཀྱི་སྟེང་ན་འཁོར་ལོ་བསྣམས་པ། ཨོཾ་བཛྲ་སཏྭ་ཧཱུྃ། ཤར་དུ་མི་བསྐྱོད་པ་སྔོན་པོ་གཡས་ས་གནོན་དང་། གཡོན་མཉམ་བཞག་གི་སྟེང་ན་རྡོ་རྗེ་འཛིན་པ། ལྷོར་ཨོཾ་རནྟ་སམྦྷ་ཏྲྃ་རིན་ཆེན་འབྱུང་ལྡན་སེར་པོ་མཆོག་སྦྱིན་དང་མཉམ་བཞག་གི་སྟེང་ན་རིན་པོ་ཆེ་འཛིན་པ། ནུབ་ཏུ་ཨོཾ་པདྨ་ཨ་མི་དྷེ་དེ་ཝ་ཧྲཱིཿསྣང་བ་མཐའ་ཡས་དམར་པོ་མཉམ་བཞག་གི་སྟེང་ན་པདྨ་བསྣམས་པ། བྱང་དུ་ཀརྨ་ཨ་མོ་གྷ་སིདྡྷི་ཨཱཿདོན་ཡོད་གྲུབ་པ་ལྗང་གུ་གཡས་སྐྱབས་སྦྱིན་དང་གཡོན་རྒྱ་གྲམ་འཛིན་པ། ལྔ་ཀའང་དར་དང་རིན་པོ་ཆེའི་རྒྱན་ཅན་སྣ་ཚོགས་ཀྱིས་བརྒྱན་ཅིང་རྡོ་རྗེའི་སྐྱིལ་མོ་ཀྲུང་དུ་བཞུགས་པའོ། །གྲལ་བཞིའི་ནང་དུ་ཤར་ལྷོ། ཨོཾ་བཛྲ་ལཱ་སྱ་ཧཱུྃ། སྒེག་མོ་དཀར་མོ་མེ་ལོང་འཛིན་པ། ལྷོ་ནུབ་ཏུ། ཨོཾ་བཛྲ་མ་ལེ་ཏྲཱྃ། རྡོ་རྗེ་ཕྲེང་བ་མ་སེར་མོ་མེ་ཏོག་གི་ཕྲེང་བ་འཛིན་པ། ནུབ་བྱང་དུ། ཨོཾ་བཛྲ་གིརྟཱི་ཧྲཱིཿརྡོ་རྗེ་གླུ་མ་དམར་མོ་པི་ཝཾ་འཛིན་པ། བྱང་ཤར་དུ། ཨོཾ་བཛྲ་ནཱིརྟི་ཨཱཿརྡོ་རྗེ་གར་མ་ལྗང་གུ་གར་བསྒྱུར་བ། དེའི་ཕྱི་རོལ་གྱི་གྲྭ་བཞིར་ཤར་ལྷོ། ཨོཾ་བཛྲ་དྷུ་པེ་ཧཱུྃ། རྡོ་རྗེ་བདུག་སྤོས་མ་དཀར་མོ་བདུག་སྤོས་འཛིན་པ། ལྷོ་ནུབ་ཏུ། ཨོཾ་བཛྲ་པུཥྤེ་ཏྲཾ། རྡོ་རྗེ་མེ་ཏོག་མ་དམར་སེར་མེ་ཏོག་འཛིན་པ། ནུབ་བྱང་དུ། ཨོཾ་བཛྲ་ཨ་ལོ་ཀེ་ཧྲཱིཿརྡོ་རྗེ་མར་མེ་དམར་མོ་མར་མེ་འཛིན་པ། བྱང་ཤར་དུ། ཨོཾ་བཛྲ་གནྡྷེ་ཨཱཿརྡོ་རྗེ་དྲི་ཆབ་མ་ལྗང་གུ་དྲིའི་དུང་ཆོས་འཛིན་པའོ། །སྣམ་བུའི་ཤར་དུ། ཏྲཾ་མངྒ་ལ་དེ་བི་ཧཱུྃ། དུས་ལྡན་མ་དཀར་མོ་དཔལ་བེ་བསྣམས་པ། ཏྲཾ་པདྨ་ཅན་དཀར་མོ་འཁོར་ལོ་འཛིན་པ། ལྷོར། ཏྲཾ་མངྒ༴འཇིགས་བྲལ་མ་སྔོན་མོ་པདྨ་བསྣམས་པ། ཏྲྃ༴འོད་ལྡན་མ་སྔོན་མོ་རྒྱལ་མཚན་འཛིན་པ། ནུབ་ཏུ། ཏྲཾ༴མདངས་ལྡན་མ་དམར་མོ་གདུགས་འཛིན་པ། ཏྲཾ༴དྲི་མེད་མ་དམར་མོ་བུམ་པ་འཛིན་པ། བྱང་དུ། ཏྲཾ༴རྒྱལ་གདུང་མ་ལྗང་གུ་དུང་བསྣམས་པ། ཏྲཾ༴ཡིད་བཟང་མ་ལྗང་གུ་གསེར་ཉ་འཛིན་པ། དེ་དག་ཐམས་ཅད་ཀྱང་དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པའོ། །ཕྱི་རོལ་གྱི་འཁོར་ཡུག་ལ་མགོན་པོ་བདུན་ཅུ་རྩ་ལྔ་ནི་ཤར་དུ་ལྷ་ཆེན་དབང་ཕྱུག་སོགས་མདུན་བསྐྱེད་ལྟར་ལ་བཞི་ཀའང་གོ་ཆ་ཅན་ནོ། །དེ་ནས་མཆོད་པ་བཞི་ཡི་དང་པོ་ཕྱག་གི་མཆོད་པ་ནི། ཐལ་མོ་སྦྱར་ཏེ། ཕྱག་འཚལ་བྱང་ཆུབ་སེམས་ཁྱོད་ལ། །ཕྱག་འཚལ་བྱང་ཆུབ་འབྱུང་ཁྱོད་ལ། །སྤྱོད་གཟུགས་ཁྱོད་དང་ས་དང་ནི། །ཕ་རོལ་ཕྱིན་ལ་ཕྱག་འཚལ་ལོ། །ཕྱག་འཚལ་ཐོག་མར་བྱེད་ཁྱོད་ལ། །སྟོང་པ་ཉིད་ལ་འདུད་ཕྱག་འཚལ། །གཉིས་པ་ཕྱི་མཆོད་ནི། བྱིན་རླབས་འོག་ནས་འབྱུང་བ་ལྟར་བྱས་ལ། མཆོད་ཡོན་གྱི་ཕྱག་རྒྱས། ན་མཿས་མནྟ་བུདྡྷཱ་ནཱཾ། ག་ག་ན་ས་མ་སྭཱ་ཧཱ། དྲི་ཆབ་ཀྱི་རྒྱས། ན་མཿས་མནྟ་བུདྡྷཱ་ནཱཾ། སརྦ་ཏ་ཐཱ་ག་ཏ་ཨར་ཙི་སྥ་ར་ཎ་ཨ་ཝ་བྷཱ་ས་ག་གནོད་ཏཱ་ར་བྷྱཿསྭཱ་ཧཱཿཞལ་ཟས་ཀྱི་རྒྱས། ན་མཿས་མནྟ་བུདྡྷཱ་ནཱཾ། ཏྲཻ་ཡ་ད་དྷི་ཀ་ནཱཾ་ཨ་ར་ར་བ་ར་ར་ཕི་ལ་དེ་བ་ལིནྟ་ད་ཧི་སྭཱ་ཧཱ། ཞེས་སོགས་ཀྱི་མཆོད་པ་རྣམས་སྔགས་རྒྱ་དེ་དག་ལན་གསུམ་གྱིས་བྱིན་གྱིས་བརླབས་རྗེས་སྔགས་ལན་གཅིག་གིས་དབུལ་ལོ། །ཕྱག་རྒྱ་དེ་དག་འོག་ཏུ་འཆད་དོ། །གསུམ་པ་ཡིད་མཆོད་ནི། ཐལ་མོ་ཁོང་སྟོང་དུ་སྦྱར་བ་མཐེ་བོང་གཉིས་ཕྱེ་སྟེ། ན་མཿས་མནྟ་བུདྡྷཱ་ནཱཾ། ཨཾ་ཨ་སྭཱ་ཧཱ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་སོགས་ནམ་མཁའ་མཛོད་ཀྱི་སྔགས་ལན་གསུམ་བརྗོད་ལ་མཆོད་པ་རྒྱ་ཆེན་པོས་མཆོད་པར་བསམ་མོ། །བཞི་པ་སྒྲུབ་པའི་མཆོད་པ་ནི། བྱམས་པ་དང་སྙིང་རྗེ་བསྒོམ་ལ། བདག་གི་བསོད་ནམས་སྟོབས་དང་ནི། །དེ་བཞིན་གཤེགས་པའི་སྦྱིན་སྟོབས་དང་། །ཆོས་ཀྱི་དབྱིངས་ཀྱི་སྟོབས་ཀྱིས་སུ། །སེམས་ཅན་རྣམས་ལ་ཕན་འདོད་པས། །དོན་རྣམས་གང་དག་བསམ་པ་ཀུན། །སེམས་ཅན་ཁམས་ནི་མ་ལུས་འདིར། །དེ་དག་ཐམས་ཅད་ཅི་རིགས་པར། །ཐོག་པ་མེད་པར་འབྱུང་གྱུར་ཅིག །ཅེས་མཆོད་བཞིན་མཆོད་ནས། སྟ་གོན་ལ་གནས་པར། གསོལ་བ་གདབ་པ་ནི། སྤོས་ཐོག་ལ་ཐལ་སྦྱར་གྱིས། རྒྱལ་བ་སྲས་བཅས་དགོངས་སུ་གསོལ། །གནས་འདིར་དཀྱིལ་འཁོར་བཞེངས་གསོལ་བས། །བདག་དང་སློབ་མའི་དོན་ཆེད་དུ། །སྟ་གོན་ལ་ནི་དགོངས་སུ་གསོལ། །ཞེས་ལན་གསུམ་བྱ། ཅེས་གསོལ་བས་ལྷ་ཚོགས་རྣམས་ཀྱིས་དེ་ལྟར་བགྱིའོ། །ཞེས་གནང་བ་སྩལ་བར་གྱུར། ཅེས་བརྗོད། སྟ་གོན་གྱི་ལྷ་ནམ་མཁར་མི་འདོགས་པར། ན་མཿས་མནྟ་བུདྡྷཱ་ནཾ། ཏ་ཐཱ་ག་ཏ་ཨ་དྷིཥྛ་ན་ཨ་དྷིཥྛི་ཏེ་ཨ་ཙ་ལེ་བི་མ་ལེ་སྥ་ར་ཎ་པ་ཀྲི་ཏེ་པ་ར་ཤུདྡྷེ་སྭཱ་ཧཱ། ཞེས་བརྗོད་པས་དྲིའི་དཀྱིལ་འཁོར་ལ་གནས་པའི་ལྷ་རྣམས་མཉེས་པར་གྱུར་ཏེ་མི་སྣང་བར་གྱུར། ཅེས་བརྗོད་ལ་ཚོམ་བུ་དང་མཆོད་པ་རྣམས་བསྡུའོ། །སློབ་མ་སྟ་གོན་ནི། པད་ཕྲིན་གྱི་གཞུང་ཉིད་དུ་ཤེས་པར་བྱའོ། །དཀྱིལ་འཁོར་བྲི་བ་ནི། ལྟེ་བ་དཀར་པོ། པད་འདབ་བྱེད་ན། ཤར་སྔོ། ལྷོ་སེར། ནུབ་དམར། བྱང་ལྗང་། འཁོར་ལོ་ཡིན་ན་ཕྱོགས་མདོག་ལྟར། ལྷ་སྣམ་དཀར་པོ་རྩིག་པ་ནང་ནས་དཀར་སེར་དམར་ལྗང་སྔོ་བ་སྤྱོད་རྒྱུད་ཕྱོགས་ཆེན་གྱི་ལྷོར་ལྟ་བས་ནང་ཁྱམས་ཤར་དམར་ལྷོ་སེར་ནུབ་ལྗང་བྱང་ནག་པར་བྲི་ལ། གཞན་སྤྱི་དང་འདྲ་ཞིང་། ཕྱི་རོལ་གྱི་འཁོར་ཡུག་སྔོན་པོ་བྱའོ། །ལྷ་མཚན་ནི་མདུན་བསྐྱེད་སྒྲུབ་མཆོད་སྐབས་བཞིན་ལ་ལྷ་གནས་སུ་ཙཀླི་འགོད་དགོས་ཤིང་། སྤྱོད་རྒྱུད་སྐབས་འདིར་དམིགས་བསལ་དཀྱིལ་འཁོར་ལ་བྲིས་འབུར་གྱི་སྐུ་འགོད་དགོས་པར་གསུངས་པས་གཙོ་བོ་ལྔ་གནས་སོ་སོར་བཀོད་ལྷག་མ་རྣམས་ལ་ཚོན་སྤུངས་བྱའོ། །མཐར་མཆོད་པ་སྔར་ལྟར་བཤམས། དཀྱིལ་འཁོར་ཡས་འབུལ་བའི་གཏོར་མ་དཀར་ཟླུམ་པད་འདབ་བདུན་ཅན་གསུམ་དང་། ལོག་ཤིག་ཏུ་གཏོར་མ་ཆ་གསུམ་ཡང་བཤམས། དཀྱིལ་འཁོར་གྱི་དབུས་སུ་མཉྫིའི་ཁར་རིན་པོ་ཆེའི་བུམ་པ་བཅུད་ལྡན་དར་དཀར་པོས་དཀྲིས་པ་ཁ་རྒྱན་རྡོར་གཟུངས། དྲིའི་དུང་ཆོས་དང་བཅས་པའང་བཤམ་མོ། །སློབ་དཔོན་གྱི་མདུན་དུ་ལས་བུམ་བཅུད་ལྡན་དར་དཀར་པོས་དཀྲིས་པ་རྡོ་རྗེའི་མཚན་མ་དགོད་པ་ཁ་རྒྱན་དང་བཅས་པ་ཡང་ཉེར་བསྡོགས་བྱ། རྡོར་དྲིལ་ལ་རྟེན་སྙིང་དང་མེ་ཏོག་འཐོར་བས་རབ་ཏུ་གནས་ཏེ་བཞག་གོ། ནུབ་དང་པོའི་བྱ་བའོ། །གཉིས་པ་དངོས་གཞི་ལ་གཏོར་མ་གཏོང་བ་མཆོད་པ་བྱིན་རླབས། བདག་ལྷར་བསྐྱེད་པ། བསང་ཆུ་སྒྲུབ་པ། མདུན་བསྐྱེད་སྒྲུབ་ཅིང་སྤྱན་འདྲེན་ཕྱག་མཆོད་བྱ་བ། གཏོར་མ་བཏང་བ། བུམ་པ་སྒྲུབ་པ། ཆ་གསུམ་བསྔོ་བ། བདག་ཉིད་འཇུག་པའོ། །དང་པོ་ནི། སང་ནང་པར་སྔ་བར་ལངས་ནས་ཁྲུས་དང་གཙང་སྦྲའི་ཀུན་སྤྱོད་ལ་གནས་ནས། ཐོག་མར་ཆོས་སྤྱོད་ཅི་རིགས་བཏང་རྗེས། སྔོན་འགྲོ་གཏོར་མ་ལ་ལས་རྡོར་གྱིས་ཆབ་བྲན་ཏེ། ན་མཿས་མནྟ་བཛྲ་ནཱི་ཙཎྜ་མ་ཧཱ་རོ་ཥ་ཎ་སྥོ་ཏྲ་ཡ་ཧཱུྃ་ཊ་ཀ་ཧཾ། ཞེས་པས་བསང་། ཆོས་ཐམས་ཅད་རང་བཞིན་གྱི་ཡི་གེ་རས་སྟོང་པ་ཉིད་དུ་གྱུར། བསང་སྦྱངས་ཐམས་ཅད་འདི་ཡིན། ཨོཾ་ཨཱཿཧཱུྃ་གིས་བྱིན་གྱི་རླབས། བྷཱུ་མི་པཱ་ཏི་ས་པཱ་རི་ཝ་ར་བཛྲ་ས་མ་ཛཿས་མགྲོན་དགུག །བྷཱུ་མི་པ་ཏི་ས་པཱ་རི་ཝཱ་ར་ཨ་ཀ་རོ་སོགས་ལན་གསུམ་གྱིས་བསྔོས། ཨོཾ་བཛྲ་པུཥྤེ་པྲ་ཏཱིཙྪ་སྭཱ་ཧཱ། སོགས་ནས། ནཻ་ཝི་དྱའི་བར་གྱིས་མཆོད། ལྷ་དང་ལྷ་མིན་གསང་སྔགས་དང་། །ཕྱོགས་བཅུ་ཀུན་གྱི་དྲི་ཟ་དང་། །གཟའ་དང་མིའམ་ཅི་གང་དག །བགེགས་ཀྱི་ཚོགས་རྣམས་རབ་ཏུ་ཉོན། །བདག་གིས་དེ་རིང་ཁྱོད་མཆོད་ཀྱིས། །སོང་ཞིག་བགེགས་ཆེན་འགྲོ་བར་གྱིས། །ཕྱིན་ཆད་དེ་ལྟར་མ་བྱེད་ཅིག །ཁྱོད་ཀྱི་སྟོབས་དང་རྩལ་མཐོང་ན། །ཁྱོད་ནི་བགེགས་ཀྱང་བྱ་རེ་ནུས། །ཁྱོད་ནི་ལྷ་ཡི་སྤྲུལ་པ་སྟེ། །ཁྱོད་ནི་བགེགས་བྱེད་མི་ནུས་མིན། སྔོན་ཆད་མཆོད་སྦྱིན་མ་ཐོབ་པས། །དེ་རིང་བདག་གིས་མཆོད་བྱས་ནས། །ཁྱོད་ཀྱིས་ཀྱང་ནི་མཆོད་ཁྱེར་ལ། །བགེགས་ཀྱི་དབང་པོ་ཁྱོད་སོང་ཞིག །ཅེས་གཏོར་མ་བཏང་ངོ་། །གཉིས་པ་མཆོད་པ་བྱིན་རླབས་ནི། ན་མཿས་མནྟ་བཛྲ་ཎཾ་ཙཎྜ་མ་ཧཱ་རོ་ཥ་ཎ་སྥོ་ཊ་ཡ་ཧཱུྃ་ཊ་ཀ་ནཾ། ཞེས་མི་གཡོ་བས་བསངས། སྟོང་པའི་ངང་ལས་ཨཱཿལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་སོ་སོའི་རིག་པས་བྱིན་གྱི་རླབས་པའི་མཆོད་ཡོན་དྲི་ཆབ་མེ་ཏོག་བདུག་སྤོས་མར་མེ་ཞལ་ཟས་ལ་སོགས་པ་མཆོད་རྫས་ཇི་སྙེད་ཡོད་པ་ཐམས་ཅད་དྭངས་ཤིང་ཐོག་པ་མེད་པར་ནམ་མཁའི་མཐའ་ཀླས་པར་གྱུར། ལག་གཉིས་ཐལ་མོ་གྱེན་དུ་བཀན་ལ་གཡས་ཀྱི་མཐེ་བོང་དང་མཐེའུ་ཆུང་གིས་གཡོན་གྱི་མཐེ་བོང་དང་མཐེའུ་ཆུང་ལ་འཁྱུད་ཅིང་སོར་མོ་ལྷག་མ་རྣམས་སྙིམ་པ་ལྟར་གཟེད་པ་མཆོད་ཡོན་གྱི་རྒྱས། ན་མཿས་མནྟ་བུདྡྷཱ་ནཱཾ་ག་ག་ས་མ་མ་སྭཱ་ཧཱ། ལག་གཉིས་གཤིབས་ཏེ་ཐལ་མོ་ཁ་ཕྱིར་བསྟན་དུ་བཀན། མཐེ་བོང་གཉིས་མཛུབ་མོ་ལ་སྦྱར་བ་དྲི་རྒྱས། ན་མཿས་མནྟ་བུདྡྷཱ་ནཱཾ། བི་ཤུདྡྷ་ག་ན་དྷོ་བྷ་སྭཱ་ཧཱ། ལག་པ་གཉིས་གྱེན་བསྟན་མཐེབ་སྲིན་རྩེ་སྦྱར་མེ་ཏོག་འཛིན་ཚུལ་གྱིས་རྒྱས། ན་མཿ༴མ་ཧཱ་མྨེ་རྟྱ་བྷུ་ག་ཏེ་སྭཱ་ཧཱ། རྡོ་རྗེ་ཁུ་ཚུར་གཉིས་མཐུར་དུ་ལྷུགས་ཚུལ་བདུག་སྤོས་ཀྱི་རྒྱས། ན་མཿ༴དྷརྨ་དྷཱ་ཏུ་ཨ་ནུ་ག་ཏ་སྭཱ་ཧཱ། ལག་གཉིས་གཤིབས་ཏེ་གྱེན་བསྟན་གྱི་མཐེ་བོང་བཀན་ལ་གྱེན་དུ་སྦྲེང་བ་མར་མེའི་རྒྱས། ན་མཿ༴སརྦ་ཏ་ཐཱ་ག་ཏ་ཨརྩི་སྥ་ར་ཎ་ཨ་ཝ་བྷ་ས་ག་གནོད་ཏ་ར་བྷྱཿསྭཱ་ཧཱ། ལག་གཉིས་གྱེན་དུ་བཀན་པའི་མཐེ་བོང་གཉིས་སོ་སོའི་ལག་མཐིལ་དུ་བཞག་པ་ལ་མཛུབ་མོས་སོ་སོར་འཁྱུད་ལ་ཞལ་ཟས་ཀྱི་རྒྱས། ན་མཿས་མནྟ་བུདྡྷཱ་ནཱཾ། ཏྲཻ་ཡ་དྷཱི་ཀ་ནཱཾ་ཨ་ར་ར་བ་ར་ར་བི་ལ་དེ་ཝ་ལིནྟ་ད་ཧི་སྭཱ་ཧཱ། ཞེས་སྔགས་རྒྱ་རྣམས་ལན་གསུམ་གྱིས་བྱིན་གྱིས་བརླབ་བོ། །གསུམ་པ་བདག་ལྷར་བསྐྱེད་པ་ནི། སྐྱབས་སེམས་གོང་ལྟར་བྱ། སེམས་ཅན་ཐམས་ཅད་ལ་བྱམས་སྙིང་རྗེ་བསྒོམ་ལ། ངག་ཏུ། བདག་གིས་དགེ་བའི་རྩ་བ་ཇི་ལྟར་བྱས་པའི་དགེ་བའི་རྩ་བས་སེམས་ཅན་ཐམས་ཅད་ཀྱི་ངན་སོང་གི་སྡུག་བསྔལ་ཐམས་ཅད་ཞི་རབ་ཏུ་ཞི་བར་གྱུར་ཅིག །འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་དག་ནི་འབྱོར་བར་གྱུར་ཅིག །ཅེས་བརྗོད། དེ་ནས་རྡོ་རྗེ་མི་ཤིག་པའི་སྔགས་རྒྱ་ནས་ཆོས་ཀྱི་འཁོར་ལོའི་སྔགས་རྒྱ་རྫོགས་ཀྱི་བར་གོང་གི་སྟ་གོན་ལྟར་བྱ། མདུན་གྱི་ནམ་མཁར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་མངོན་པར་རྫོགས་པར་སྙིང་རྗེ་ཆེན་པོའི་སྙིང་པོ་ཅན་གྱི་སྐུའི་བཀོད་པ་མི་ཟད་པའི་རང་བཞིན་གྱི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་སྐད་ཅིག་གིས་མངོན་སུམ་དུ་མཐོང་བ་གྱུར། ཅེས་པས་ཚོགས་ཞིང་གསལ་བཏབ་སྟེ། ན་མཿགུ་རུ་བྷྱཿན་མཿམཎྜལ་ས་པ་རི་ཝ་ར་བྷྱཿཕྱག་འཚལ་བྱང་ཆུབ་སེམས་ཁྱོད་ལ། །ཕྱག་འཚལ་བྱང་ཆུབ་འབྱུང་ཁྱོད་ལ། །སྤྱོད་གཟུགས་ཁྱོད་དང་ས་དང་ནི། །ཕ་རོལ་ཕྱིན་ལ་ཕྱག་འཚལ་ལོ། །ཕྱག་འཚལ་ཐོག་མར་བྱེད་ཁྱོད་ལ། །སྟོང་པ་ཉིད་ལ་ཕྱག་འཚལ་འདུད། །གུ་རུ་མཎྜལ་ས་པ་རི་ཝ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ནསཤབྡའི་བར་གྱིས་མཆོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ཞེས་སོགས་ཀྱིས་སྡོམ་པ་བཟུང་། བདག་མདུན་ཡང་མི་དམིགས་པར་གྱུར་པར་བསམ་པའི་ངང་། རང་གི་སྙིང་ཁར་ཟླ་བའི་དཀྱིལ་འཁོར་ཨཱཿས་མཚན་ལ། དེའི་སྒྲ་ཆོས་ཐམས་ཅད་གདོད་ནས་མ་བྱུང་མ་སྐྱེས་པའི་སྟོང་པར་གྱུར། སྟོང་པའི་ངང་ལས་རང་སེམས་ཟླ་བའི་དཀྱིལ་འཁོར་ཨཱཿས་མཚན་པ་ཡོངས་སུ་གྱུར་པ་ལས་དེའི་ངང་ནས་སྙིང་རྗེའི་དབང་གིས་སྒྱུ་མ་ལྟ་བུའི་ཨཱཿཡིག་ལས་འོད་ཟེར་འཕྲོས་དོན་གཉིས་བྱས་ཡོངས་སུ་གྱུར་པ་ལས་བདག་ཉིད་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོ་པད་དཀར་དང་ཟླ་བའི་གདན་ལ་བཞུགས་པ་ཐོར་ཚུག་དབུ་རྒྱན། རས་དར་གྱིས་སྟོད་སྨད་གཡོགས་པ་སྐུ་མདོག་དཀར་པོ་ཟླ་བའི་དཀྱིལ་འཁོར་ལྟར་འོད་ཟེར་ཀུན་ནས་འཕྲོ་བ་ཕྱག་གཉིས་ཆོས་འཆད་ཀྱིས་འཁོར་ལོ་འཛིན་པ་མཚན་ཉིད་ཐམས་ཅད་རྫོགས་པའི་སྐུར་གྱུར། ལག་པ་གཉིས་ཁོང་སྟོང་དུ་སྦྱར་ལ་མཐེའུ་ཆུང་དང་། མཛུབ་མོ་གཉིས་འབར་བ་ལྟར་བསྐྱེད་གུང་མོ་དང་སྲིན་ལག་གཉིས་དེ་ལ་གནས་པས་སྲིན་ལག་གཉིས་བརྐྱང་པ་པདྨའི་སྦུབས་ཀྱིས་ཕྱག་རྒྱ་དང་། ན་མཿས་མནྟ་བུདྡྷཱ་ནཱཾ་པཾ་པ་སྭཱ་ཧཱ། ཕྱག་རྒྱའི་ནང་དུ་ཆུའི་དཀྱིལ་འཁོར་ཟླ་བའི་དཀྱིལ་འཁོར་ལྟ་བུས་པདྨས་མཚན་པ་སྔགས་དང་བཅས་པ་དེས་བྱིན་གྱིས་རླབས་པས་ལྷའི་སྐུ་ཡན་ལག་དང་ཉིང་ལག་ཐམས་ཅད་དང་ལྡན་པར་གྱུར། ལག་པ་གཉིས་ཁོང་སྟོང་དུ་སྦྱར་ནས་མཐེའུ་ཆུང་གཉིས་དང་མཛུབ་མོ་གཉིས་འཕར་མ་ལྟ་བུ་བསྐྱེད་གུང་མོ་དང་སྲིན་ལག་གཉིས་ཅུང་ཟད་བྱས་པ་གཟི་བརྗིད་འབྱུང་བའི་ཕྱག་རྒྱ་དང་། ན་མཿ༴རཾ་ར་སྭཱ་ཧཱ། ཕྱག་རྒྱའི་ནང་དུ་མེའི་དཀྱིལ་འཁོར་གྲུ་གསུམ་པ་སུམ་མདོ་རིས་འབར་བས་མཚན་པ། སྔགས་དང་བཅས་པ་དེས་བྱིན་གྱིས་བརླབས་པས་སྐུ་འོད་ཀྱི་དཀྱིལ་འཁོར་དང་ལྡན་པར་གྱུར། ལག་པ་གཉིས་ཁོང་སྟོང་དུ་སྦྱར་ལ་མཐའ་གཉིས་སོ་སོར་ཕྱེ་སྟེ། གུང་མོ་གཉིས་བཀུག་ལ་ལྷག་མ་རྣམས་ཅུང་ཟད་སྙེམ་པ་ལྟར་བྱས་པ་གཟུངས་གྱི་ཕྱག་རྒྱ་དང་། ན་མཿ༴བུདྡྷ་དྷཱ་ར་ནི་ཀྲྀ་ཏི་བ་ལ་དྷཱ་ར་ཎི་ཀ་རི་དྷ་ར་དྷ་ར་ཡ་དྷ་ར་ཡ་དྷ་ར་ཡ། སརྦ་ན་བྷ་ག་ཝ་ཏཱི་ཨ་ཀཱ་ར་པ་ཏི་ཨ་ས་མེ་སྭཱ་ཧཱ། ཕྱག་རྒྱའི་ནང་དུ་འབྱུང་བའི་དཀྱིལ་འཁོར་བཞི་ཀའི་ཁ་དོག་དང་ལྡན་པ་འཇའ་ཚོན་ལྟ་བུ་དང་རྡོ་རྗེ་དང་པདྨ་ལ་སོགས་པ་མཚན་མ་བཞི་དང་ལྡན་ཞིང་། རླུང་གི་དཀྱིལ་འཁོར་གྱི་མཚན་མ་མི་གཡོ་བའི་ཕྱིར་རྡོ་རྗེ་ཅན་གྱི་བ་དན་སྔགས་དང་བཅས་པ་དེས་བྱིན་གྱིས་བརླབས་པས་ཆོས་མི་བརྗེད་པའི་དྲན་པ་བརྟན་པར་གྱུར། ལག་གཉིས་ཁོང་སྟོང་དུ་སྦྱར་ལ་མཐེའུ་ཆུང་འོག་ཏུ་གཞུག་མཛུབ་མོ་གཉིས་འབར་བ་ལྟར་བསྐྱེད་པ་གསུང་དབྱངས་བཀོད་པས་རྒྱན་ཀྱི་ཕྱག་རྒྱ་དང་། ན་མཿ༴ཧཾ་ཧཾཿསྭཱ་ཧཱ། ཕྱག་རྒྱའི་ནང་དུ་རླུང་གི་དཀྱིལ་འཁོར་ཟླ་བ་གང་བ་ལྟ་བུ། བ་དན་དང་བཅས་པ་ཀླད་ཀོར་གཉིས་ཀྱིས་མཚན་པ། སྔགས་དང་བཅས་པ་དེས་བྱིན་གྱི་རླབས་པས་སངས་རྒྱས་ཀྱི་གསུང་དབྱངས་ཡན་ལག་དྲུག་ཅུ་དང་ལྡན་པར་གྱུར། ལག་པ་གཉིས་ཁོང་སྟོང་དུ་སྦྱར་ལ་མཐེ་བོང་གཉིས་སོ་སོར་ཕྱེད་བྱེ། མཐེ་ཆུང་གཉིས་གུང་མོ་གཉིས་ཀྱིས་བཀུག་ལ་སྤྱི་བོར་སྦྱར་བ། ཆོས་ལ་གནས་པའི་ཕྱག་རྒྱ་དང་། ན་མཿས་མནྟ༴ཨ་བེ་ད་བེ་ད་ཨ་སྭཱ་ཧཱ། ཕྱག་རྒྱའི་ནང་དུ་ནམ་མཁའ་དཀྱིལ་འཁོར་ཁ་དོག་ཐམས་ཅད་དང་ལྡན་པ། སྟོང་པའང་སྟོང་པར་མཚོན་པའི་མཚན་མ་ཀླད་ཀོར་གཉིས་ཀྱིས་བརྒྱན་པ་སྔགས་དང་བཅས་པ་དེས་བྱིན་གྱིས་བརླབས་པས་དེ་བཞིན་ཉིད་ཀྱི་ཆོས་ཉིད་བརྟན་པར་གྱུར། ལག་པ་གཉིས་ཁོང་སྟོང་དུ་སྦྱར་ཏེ་མཐེ་བོང་གཉིས་ཕན་ཚུན་དུ་ཕྱེ་བས་གུང་མོ་གཉིས་བསྣོལ་བར་བཟུང་བ་རྣལ་འབྱོར་པས་འཛིན་པའི་ཕྱག་རྒྱ་དང་། ན་མཿ༴མ་ཧཱ་ཡོ་ག་ཡོ་གི་ནི། ཡོ་གི་ཤྭ་རི་ཁན་ཛ་རི་ཀེ་སྭཱ་ཧཱ། ཕྱག་རྒྱའི་ནང་དུ་ནམ་མཁའི་དཀྱིལ་འཁོར་ཁྱད་པར་དུ་སྔོ་བ་ཀླད་ཀོར་གྱི་མཚན་པ་སྔགས་དང་བཅས་པ་དེས་བྱིན་གྱིས་བརླབས་པས་ཏིང་ངེ་འཛིན་ཡོངས་སུ་རྫོགས་ཤིང་བརྟན་པར་གྱུར། ཕྲེང་བ་བྱིན་རླབས་གཤེགས་རིགས་ཀྱི། ཨོཾ་ན་མོ་བྷ་ག་ཝ་ཏེ་སིདྡྷི་ས་དྷཱ་ཡ་སིདྡྷི་རྠ་སྭཱ་ཧཱ། ཞེས་དང་། ཨོཾ་རུ་ཙི་ར་མ་ཎ་པྲ་ཝརྡྷ་ན་ཡ་སྭཱ་ཧཱ། ལན་ཁ་ཤས་བཟླ། རང་དམ་ཚིག་པའི་ཐུགས་ཀར་ཟླ་བ་ལ་གནས་པའི་ཨོཾཿབུདྡྷ་བཻ་རོ་ཙ་ན་ཨོཾ། ཞེས་པས་སྔགས་ཕྲེང་གི་མཚན་པ་དང་། རང་གི་མདུན་དུ་ཅུང་ཟད་མཐོ་བར་རང་འདྲའི་ཡེ་ཤེས་པ་རྡོ་རྗེ་འཆང་གི་ཐུགས་ཀར་ཟླ་དཀྱིལ་སྔགས་ཕྲེང་དང་བཅས་པ་གསལ་བ་དང་། མདུན་གྱི་ལྷའི་ཐུགས་ཀ་ནས་སྔགས་ཕྲེང་རྣམས། རང་གི་ལུས་ཀྱི་རླུང་རྣམས་ནང་དུ་བསྡུ་བ་དང་། ལྷན་ཅིག་ཏུ་ཚུར་བྱུང་ཏེ། སྙིང་གི་ནང་ན་གནས་པར་གྱུར། ཅེས་བརྗོད་ཅིང་། ཨོཾ་བུདྡྷ་བཻ་རོ་ཙ་ན་ཨོཾ། ཞེས་པ་ཤུབ་བུར་བཟླ། དབུགས་ཕྱིར་གཏོང་བའི་ཚེ་སླར་སྔགས་ཀྱི་ཡི་གེ་རྣམས་རང་གི་ལུས་ཀྱི་རླུང་རྣམས་ཕྱིར་བཟུང་བ་དང་ལྷན་ཅིག་སོང་སྟེ་མདུན་གྱི་ལྷའི་ཐུགས་ཀར་འཁོད་པར་གྱུར། ཅེས་བརྗོད་ལ། སྔགས་བཟླ། གཞུང་ལས་གསལ་ཀ་མེད་ཀྱང་རྣམ་སྣང་གི་རིག་སྔགས་འདི་ཡང་ཅུང་ཟད་བཟླ་ན་ལེགས་པར་བསམ་སྟེ། ན་མཿས་མནྟ་བུདྡྷཱ་ནཱཾ། ཨ་ས་མེ་བཏ་དྷརྨ་དྷཱ་རྟུ་ཀརྨ་ག་ཏི་ག་ཏཱ་ནཱཾ། སརྦ་ཐཱ། ཨོཾ་ཁཾ། ཨཾ་ཨ་པཾ་པ་རཾ་ཧ། རཾ་ར། བཾ་བཧྃ་ཧཿསྭཱ་ཧཱ། ཞེས་རིག་པའི་རྒྱལ་པོ་ཚིག་ཡན་ལག་བཅུ་གཉིས་པ་ཡིན་པས་གོང་དུ་བདག་མདུན་གྱི་སྙིང་པོའི་མཐར་རིག་སྔགས་ཀྱི་ཕྲེང་བ་བཀོད་པའི་དམིགས་གསལ་བརྗོད་པར་བྱས་ལ་ཤུབ་བུར་བཟླ་བ་དང་། སྐབས་དེར་སྲོག་རྩོལ་བསྡོམ་པ་ཡིད་བཟླས་ཀྱང་བྱའོ། །སྔགས་བཟླས་པའི་དོན་དེ་དག་ཀྱང་རྣམ་སྣང་མངོན་བྱང་ལས། ཡི་གེར་དང་ནི་ཡི་གེ་སྦྱར། །དེ་བཞིན་གཞི་ལ་གཞིར་གྱུར་པ། །ཤིན་ཏུ་བསྡམ་པའི་ཡིད་ལ་ནི། །བཟླས་བརྗོད་འབུམ་ཕྲག་གཅིག་བྱའོ། །ཡི་གེ་བྱང་ཆུབ་སེམས་ཡིན་ཏེ། །གཉིས་པ་སྨྲ་ཞེས་བྱ་བ་ཡིན། །གཞི་ནི་རང་གི་ལྷ་གཞན་ལ། །རང་གི་ལུས་ཀྱི་གནས་ལ་བྱ། །ཡི་གེ་རྣམས་ནི་གོ་རིམ་བཞིན། །དེ་ཡི་དབུས་སུ་ལེགས་པར་བཀོད། །སླར་སྡུད་པ་ཡི་ཚིག་གིས་ནོན། །སྲོག་དང་རྩོལ་བ་རྣམ་པར་སྦྱངས། །ཞེས་གསུངས་པ་ལྟར་ཡི་གེ་དང་བྱང་ཆུབ་ཀྱི་སེམས་རྣམ་པར་རྟོག་པ་དང་བྲལ་བ་ཤིན་ཏུ་རྣམ་དག་དྲི་མ་མེད་པ་མེ་ལོང་ལྟ་བུ་དེ་ཉིད་ཐུགས་ཀར་ཟླ་དཀྱིལ་དུ་སྣང་བའོ། །ཡི་གེ་གཉིས་དང་ནི་དེའི་སྟེང་དུ་སྔགས་ཀྱི་ཡི་གེ་ཕྲེང་བ་བཀོད་པ་དང་། གཞི་དང་པོ་རང་ལུས་ལྷར་བསྒོམ་པ་དང་། གཞི་ཕྱི་མ་མདུན་དུ་རྣམ་སྣང་བསྒོམས་པ་སྟེ། དེ་གཉིས་ལ་དམིགས་པ་རྩེ་གཅིག་ཏུ་གནས་དགོས་ཤིང་། སླར་སྡུད་པ་ཡི་ཚིག་གིས་ནོན་གྱི་དོན་ནི། མིག་སོགས་དབང་པོ་དང་བུ་གར་རྒྱུ་བའི་རླུང་ལུས་ཀྱི་ནང་དུ་བཀུག་ནས་སྲོག་ཅེས་བྱ་བ་རླུང་དང་རྩོལ་བ་ཅེས་པ་ཡིད་ཀྱི་དྲན་པ་འགྱུ་བ་སྟེ། དེ་གཉིས་བསྡོམ་ནས་བཟླས་པ་བྱ་བའོ། །མཚན་མེད་ཀྱི་རྣལ་འབྱོར་བསྒོམ་པ་ནི། བདག་དང་ལྷས་མཚོན་པའི་ཆོས་ཐམས་ཅད་སྐྱེ་འགགས་སོགས་ཀྱི་སྤྲོས་པ་ཐམས་ཅད་དང་བྲལ་བའི་དེ་ཁོ་ན་ཉིད་དོན་དམ་བྱང་ཆུབ་སེམས་ལ་འཇོག་པ་ཡིན་ཏེ། རྣམ་སྣང་མངོན་བྱང་ལས། གསང་བའི་བདག་པོ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ནི་རང་གི་སེམས་ལས་ཡོངས་སུ་བརྩལ་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། སེམས་དེ་ནི་རང་བཞིན་གྱི་ཡོངས་སུ་དག་པ་ཡིན་ཏེ། དེ་ནི་ནང་ན་མེད། ཕྱི་རོལ་ན་ཡང་མེད། གཉིས་ཀའི་བར་ནའང་མི་དམིགས་སོ། །ཞེས་སོགས་རྒྱ་ཆེར་གསུངས་པའི་དོན་ལ་ངེས་ཤེས་བསྐྱེད་པར་བྱའོ། །བསྙེན་པ་བྱེད་ན་རྩ་སྔགས་འབུམ་ཕྲག་བཅུ་དང་། རིག་པ་འབུམ་ཕྲག་གཅིག་ཏུ་བཟླས་པས་འགྲུབ་ཅིང་ཐུན་མཐར་གཏོར་མགྲོན་སྤྱན་དྲངས་ལ་འོག་ནས་འབྱུང་བའི་གཏོར་འབུལ་རེ་བསྙེན་པའི་སྐབས་སུ་བྱ་དགོས། ཐུན་ལས་ལྡང་བ་ན། དགེ་བ་འདི་ཡིས༴རྣམ་པར་སྣང་མཛད་འགྲུབ༴འགྲོ་བ༴དེ་ཡི༴བརྗོད། ཐུན་མཚམས་ཀྱི་བྱ་བ་ལ་འཇུག་པར་བྱའོ། །གསུམ་པ་བསང་ཆུའམ་ལས་བུམ་སྒྲུབ་པ་ནི། བུམ་པ་བསང་སྦྱངས། སྟོང་པའི་ངང་ལས་པད་ཟླའི་སྟེང་དུ་བྷྲཱུྃ་ལས་རིན་པོ་ཆེའི་བུམ་པ་ཚད་དང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་གཞལ་ཡས་ཁང་དུ་གྱུར་པའི་དབུས་སུ་པདྨ་དང་ཉི་མའི་སྟེང་དུ་ཧཱུྃ་དཀར་ལྗང་ལས་ཁྲོ་བོ་ཁམས་གསུམ་རྣམ་རྒྱལ་སྐུ་མདོག་ལྗང་དཀར་ཞལ་གཅིག་ཕྱག་གཉིས་ཀྱིས་ཕུར་བུ་འདྲིལ་བ་ཁྲོ་བོའི་ཆས་དང་ལྡན་པའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ་དེ་ལས་འོད་ཟེར་འཕྲོས་པས་རང་འདྲའི་ཡེ་ཤེས་པ་བཛྲ་ས་མཱཿཛཿཛཿཧཱུྃ་བྃ་ཧོཿབཛྲ་ས་མ་ཡ་སྟྭྃཿཨོཾ་བཛྲ་ཀྲོ་ཏ་རཱ་ཛ་ཏྲི་ལོ་ཀྱ་བི་ཛཱ་ཡ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ་ནས། ཤབྡའི་བར་གྱིས་མཆོད། འཇིགས་པའི་ཧཱུྃ་སྒྲ༴བགེགས་རྣམས༴དངོས་གྲུབ༴བགེགས་ཀྱི༴ཨོཾ་ཏྲཻ་ལོ་ཀྱ་བི་ཛཱ་ཡ་ཧཱུྃ་ཕཊ། ཞེས་བརྒྱ་རྩ་བརྒྱད་བཟླས་མཐར་གོང་བཞིན་མཆོད་བསྟོད་བྱས་ལ་འོད་དུ་ཞུ་སྟེ་བུམ་པའི་ཆུར་གྱུར་པར་བསམ་མོ། །དེ་ནས་བུམ་ཆུས་རང་ཉིད་ཁྲུས་བྱ། སུ་སི་ཏི་ཀ་རེ་ཡེ་སྭཱ་ཧཱ། ཞེས་གནས་རྣམས་སུ་ཉེ་རེག་དང་འཐོར་འཐུང་བྱ། དེ་ནས་ཕྱོགས་བཅུར་གཏོར་རོ། །བཞི་པ་མདུན་བསྐྱེད་ཀྱི་དཀྱིལ་འཁོར་སྒྲུབ་པ་ནི། ཨོཾ་ཏྲཻ་ལོ་ཀྱ་བི་ཛ་ཡ་ཧཱུྃ་ཕཊ། ཀྱིས་ལས་ཆུས་འཐོར། བསགས་སྦྱངས་སྔར་བཤད་པ་ལྟར། སྟོང་པའི་ངང་ལས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྐུ་མི་ཟད་པ་རྒྱན་གྱི་འཁོར་ལོའི་ཆོ་འཕྲུལ་ལས་བྱུང་བའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་པ་ཁང་བརྩེགས་ཀྱི་རྣམ་པ་ཅན་ནུབ་ཕྱོགས་ཀྱི་སྒོ་རྟག་ཏུ་ཕྱེ་བ། རྩིག་པ་ལྔ་ནང་ནས་རིམ་པ་བཞིན་དཀར་སེར་དམར་ལྗང་སྔོ་བའི་རིམ་པ་དང་ལྡན་པའི་ཕྱིར་འདོད་སྣམ་གྱི་སྟེགས་བུ་ཅན། སྒོ་བཞིར་རྟ་བབས་རིམ་བཞི་བློ་འབུར་དུ་བྱས་པ། ནང་གི་ཁྱམས་ཤར་དམར་ལྷོ་སེར་ནུབ་ལྗང་བྱང་ནག་དབུས་དཀར་བ་ཀ་བ་བརྒྱད་དུ་བཙུག་པ་ལ་ཐོག་ཕུབ་པའི་ཡ་ཕུབ་ཤིན་ཏུ་མཐོ་བའི་རྩེར་ནོར་བུའི་ཏོག་གིས་བརྒྱན་པ། ཕ་གུ་དང་དྲྭ་ཕྱེད་མདའ་ཡབ་ཤར་བུས་བརྒྱན་པ། ཕྱི་རོལ་དུ་མཚོ་དང་རྫིང་བུ་པདྨ་སྣ་ཚོགས་དང་ཆུ་བྱ་ལྗོན་ཤིང་དང་། རིན་པོ་ཆེའི་ཕྲེང་བས་བསྐོར་ཞིང་རྡོ་རྗེ་རྩེ་ལྔ་པའི་རྭ་བ་དང་འོད་ཟེར་གྱི་ཕྲེང་བས་ཁོར་ཡུག་ཏུ་བསྐོར་བའི་ནང་གི་དབུས་སུ་པདྨ་འདབ་བཞི་སྡོང་བུ་གེ་སར་ལྷ་རྣམས་དང་བཅས་པར་གྱུར། དབུས་སུ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་སྐུ་མདོག་དཀར་པོ་ཆོས་འཆད་ཀྱི་སྟེང་ན་འཁོར་ལོ་ཅན། ཤར་དུ་མི་བསྐྱོད་པ་སྔོན་པོ་གཡས་ས་གནོན་གཡོན་མཉམ་བཞག་གི་སྟེང་ན་རྡོ་རྗེ་འཛིན་པ། ལྷོར་རིན་འབྱུང་སེར་པོ་མཆོག་སྦྱིན་དང་མཉམ་བཞག་གི་སྟེང་ན་རིན་པོ་ཆེ་འཛིན་པ། ནུབ་ཏུ་སྣང་བ་མཐའ་ཡས་དམར་པོ་མཉམ་བཞག་གི་སྟེང་ན་པདྨ་བསྣམས་པ། བྱང་དུ་དོན་ཡོད་གྲུབ་པ་ལྗང་གུ་གཡས་སྐྱབས་སྦྱིན་དང་གཡོན་རྒྱ་གྲམ་འཛིན་པ། ལྔ་ཀའང་དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་ཅིང་རྡོ་རྗེའི་སྐྱིལ་མོ་ཀྲུང་དུ་བཞུགས་པའོ། །ཕྱི་རོལ་གྱི་གྲྭ་བཞིར་ཤར་ལྷོར་སྒེག་མོ་དཀར་མོ་མེ་ལོང་འཛིན་པ་ལྷོ་ནུབ་ཏུ་ཕྲེང་བ་མ་སེར་མོ་མེ་ཏོག་གི་ཕྲེང་བ་འཛིན་པ། ནུབ་བྱང་དུ་གླུ་མ་དམར་མོ་པི་ཝཾ་འཛིན་པ། བྱང་ཤར་དུ་གར་མ་ལྗང་གུ་གར་བསྒྱུར་བ། དེའི་ཕྱི་རོལ་གྱི་གྲྭ་བཞིར་ཤར་ལྷོར་བདུག་སྤོས་མ་དཀར་མོ་བདུག་སྤོས་འཛིན་པ། ལྷོ་ནུབ་ཏུ་མེ་ཏོག་མ་དམར་སེར་མེ་ཏོག་འཛིན་པ། ནུབ་བྱང་དུ་མར་མེ་མ་དམར་མོ་མར་མེ་འཛིན་པ། བྱང་ཤར་དུ་དྲི་ཆབ་མ་ལྗང་གུ་དྲིའི་དུང་ཆོས་འཛིན་པའོ། །སྣམ་བུའི་ཤར་དུ་དུས་ལྡན་མ་དཀར་མོ་དཔལ་བེ་བསྣམས་པ། པདྨ་ཅན་དཀར་མོ་འཁོར་ལོ་འཛིན་པ། ལྷོར་འཇིགས་བྲལ་མ་སྔོན་མོ་པདྨ་བསྣམས་པ། འོད་ལྡན་མ་སྔོན་མོ་རྒྱལ་མཚན་འཛིན་པ། ནུབ་ཏུ་མདངས་ཅན་མ་དམར་མོ་གདུགས་འཛིན་པ། དྲི་མེད་མ་དམར་མོ་བུམ་པ་འཛིན་པ། བྱང་དུ་རྒྱལ་གདུང་མ་ལྗང་གུ་དུང་བསྣམས་པ། ཡིད་བཟང་མ་ལྗང་གུ་གསེར་ཉ་འཛིན་པ། དེ་དག་ཐམས་ཅད་ཀྱང་དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པའོ། །ཕྱི་རོལ་འཁོར་ཡུག་ལ་མགོན་པོ་བདུན་ཅུ་རྩ་ལྔ་ནི། ཤར་དུ་ལྷ་ཆེན་དབང་ཕྱུག་ཆེན་པོ་དཀར་པོ་ཏྲི་ཤུལ་འཛིན་པ། ལྷོར་བརྒྱ་བྱིན་སེར་པོ་རྡོ་རྗེ་གདེངས་པ། ནུབ་ཏུ་ཚང་པ་སེར་པོ་རིན་པོ་ཆེ་འཛིན༴བྱང་དུ་ཁྱབ་འཇུག་ལྗང་གུ་འཁོར་ལོ༴ཤར་ལྷོར་འདོད་པའི་དབང་ཕྱུག་དམར་པོ་མདའ་ལྔ་དང་འོད་མའི་གཞུ༴ལྷོ་ནུབ་ཏུ་ཚོགས་བདག་དཀར་པོ་དགྲ་སྟྭ༴ནུབ་བྱང་དུ་གྷྲིང་གི་རི་ཏི་དཀར་པོ་རིན་པོ་ཆེའི་སྒྲོམ་བུ༴བྱང་ཤར་དུ་གཞོན་ནུ་གདོང་དྲུག་དམར་པོ་ཤཀྟི་དང་མདུང་ཐུང་འཛིན་པ་སྟེ་ལྷ་ཆེན་བརྒྱད། ཤར་དུ་མཐའ་ཡས་དཀར་པོ་ཨུཏྤལ༴ལྷོར་འཇོག་པོ་དམར་པོ་རིན་པོ་ཆེ༴ནུབ་ཏུ་སྟོབས་རྒྱུ་ནག་པོ་སྦྲུལ༴བྱང་དུ་རིགས་ལྡན་ལྗང་གུ་རིན་པོ་ཆེའི་སྒྲོམ་བུ༴ཤར་ལྷོ་ནོར་རྒྱས་སེར་པོ་བུམ་པ༴ལྷོ་ནུབ་ཏུ་དུང་སྐྱོང་ལྗང་གུ་དུང་༴ནུབ་བྱང་དུ་པདྨ་དམར་པོ་པདྨ་འཛིན་པ། བྱང་ཤར་དུ་པདྨ་ཆེན་པོ་དམར་པོ་རིན་པོ་ཆེ་དང་སྦྲུལ་ཞགས་འཛིན་པ་གདེངས་ཀ་དང་སྦྲུལ་མཇུག་ཅན་ཏེ་ཀླུ་བརྒྱད། ཤར་དུ་པ་ཝ་སངས་དཀར་པོ་མེ་ཏོག་ཀུ་མུཏྟ་དང་ཤིང་ཏོག །ལྷོར་ཕུར་བུ་མཐིང་ཁ་པོ་ཏི་བསྣམས་པ། ནུབ་ཏུ་ཟླ་བ་དཀར་པོ་མཆོག་སྦྱིན་གྱིས་མེ་ཏོག་ཀུ་མུཏྟ་འཛིན༴བྱང་དུ་ལྷག་པ་ལྗང་གུ་ཨཏྤལ༴ཤར་ལྷོར་མིག་དམར་དམར་པོ་བུམ་པ་དང་མེ་སྒྲོན༴ལྷོ་ནུབ་ཏུ་སྒྲ་གཅན་དུ་ཁ་སྟོད་མི་ལ་སྨད་སྦྲུལ་མཇུག་ཅན་པད་སྡོང་དང་རལ་གྲི༴ནུབ་བྱང་དུ་ཉི་མ་དམར་སེར་པདྨ་དང་དབྱུག་པ༴བྱང་ཤར་དུ་སྤེན་པ་དམར་ནག་དབྱུག་ཏོ་དང་དགྲ་སྟྭ་འཛིན་པ་སྟེ་གཟའ་བརྒྱད། །ཤར་དུ་བརྒྱ་བྱིན་མིག་སྟོང་དཀར་སེར་རྡོ་རྗེ་བསྣམས་པ། ཤར་ལྷོར་མེ་ལྷ་དམར་པོ་བགྲང་ཕྲེང་འཛིན༴ལྷོར་གཤིན་རྗེ་སྔོ་ནག་ཐོད་དབྱུག་ཐོགས་པ། ལྷོ་ནུབ་ཏུ་བདེན་བྲལ་སྨུག་ནག་དབྱུག་པ་དང་རལ་གྲི་འཛིན་པ། ནུབ་ཏུ་ཆུ་ལྷ་དཀར་དམར་སྦྲུལ་ཞགས་བསྣམས་པ། ནུབ་བྱང་དུ་རླུང་ལྷ་ལྗང་གུ་བ་དན་འཛིན་པ། བྱང་དུ་གནོད་སྦྱིན་ལྗང་སེར་དབྱུག་ཏོ་བསྣམས་པ། བྱང་ཤར་དབང་ལྡན་ཐལ་སྐྱ་རྩེ་གསུམ་འཛིན་པ། ནུབ་སྨད་དུ་ལྷ་མོ་གསེར་མདོག་བུམ་པ་བསྣམས་པ། ཤར་སྟོད་དུ་ཉི་ཟླ་གཉིས་དམར་དཀར་མེ་ཏོག་འཛིན་པ་སྟེ་ཕྱོགས་སྐྱོང་བཅུ། ཤར་དུ་སྨིན་དྲུག་དམར་པོ་རིན་པོ་ཆེའི་གདུ་བུ་འཛིན༴བུམ་པའི་ཁྲི་ལ་གནས་པ། སྣལ་མ་དཀར་པོ་རྣ་ཆ༴ཁྱུ་མཆོག་གི་ཁྲི་ལ༴མགོ་སེར་པོ་གདུ་བུ་བསྣམས་པ། ཤ་བའི་ཁྲི༴ལག་དམར་པོ་ལག་གདུབ་བསྣམས་པ། སྦྲུལ་གྱི་ཁྲི༴ནབས་སོ་དཀར་པོ་གདུ་བུ་འཛིན་པ། པདྨ་ལ༴རྒྱལ་དཀར་པོ་རིན་ཆེན་འཛིན་པ། བུམ་པའི་ཁྲིར༴སྐག་དཀར་པོ་རིན་པོ་ཆེའི་གའུ་བསྣམས་པ། བྱ་རོག་གི་ཁྲིར་གནས་པ་སྟེ་ཤར་སྐར་བདུན། མཆུ་མཐིང་ཁ་སྙེ་མ་འཛིན་པ་མ་ཧེའི་ཁྲི་ལ༴བྲེ་ལྗང་གུ་པདྨ་བསྣམས་པ་རིན་པོ་ཆེའི་ཁྲིར༴དབོ་སེར་པོ་མཉམ་བཞག་གི་སྟེང་ན་རིན་པོ་ཆེའི་སྨྱུ་གུ་འཛིན་པ། གསེར་གྱི་ཁྲིར༴མེ་བཞི་སེར་པོ་པད་དཀར་བསྣམས་པ། གླང་པོ་ཆེའི་ཁྲིར༴ནག་པ་ལྗང་གུ་པདྨ་བསྣམས་པ། རྨ་བྱའི་ཁྲིར༴ས་རི་དམར་པོ་རི་རབ་འཛིན་པ། སྤྱང་མོའི་ཁྲིར༴ས་ག་མཐིང་ཁ་རིན་པོ་ཆེའི་ཕྲེང་བ་བསྣམས་པ། རྟའི་ཁྲིར་གནས་པ་སྟེ་ལྷོ་སྐར་བདུན། ལྷ་མཚམས་དམར་སེར་བུམ་པ་བསྣམས་པ། ཁྱིམ་བྱའི་ཁྲིར༴སྣྲོན་དམར་པོ་པདྨ་བསྣམས་པ། ནང་ཚང་ཅན་གྱི་གདན་ལ༴སྣུབས་ལྗང་གུ་དབྱུག་པ་འཛིན་པ། སྦལ་པའི་ཁྲིར༴ཆུ་སྟོད་དམར་པོ་པདྨ་འཛིན་པ། ཕུབ་ཀྱི་ཁྲིར༴ཆུ་སྨད་དམར་སྐྱ་པདྨ་དང་བུམ་པ་འཛིན་པ། མིའི་ཁྲིར༴གྲོ་ཞུན་དམར་པོ་པདྨ་བུམ་འཛིན་ཀུར་མའི་ཁྲིར༴བྱི་ཞུན་སྔོན་པོ་པདྨ་བུམ་འཛིན་སྲེ་མོང་གི་ཁྲིར་གནས་པ་སྟེ་ནུབ་སྐར་བདུན། མོན་གྲེ་དཀར་ལྗང་ཨུཏྤལ་འཛིན་པ་གླང་དཀར་གྱི་ཁྲིར༴མོན་གྲུ་དཀར་ལྗང་པདྨ་འཛིན་པ་འབོལ་སྟན་ལ༴ཁྲུམས་སྟོད་ལྗང་གུ་རལ་གྲི་འཛིན་པ་རྟའི༴ཁྲུམས་སྨད་སེར་པོ་དབྱུག་པ་བསྣམས་པ་རིན་པོ་ཆེའི་ཁྲིར༴ནམ་གྲུ་ལྗང་ནག་པདྨ་འཛིན་པ་རྟའི་ཁྲིར༴དབྱུག་གུ་ལྗང་གུ་གོ་ཆ་བསྣམས་པ་ཁྱིའི་ཁྲིར༴བྲ་ཉེ་སྔོ་ལྗང་འཁོར་ལོ་འཛིན་པ་ཁྲི་མེད་པ་སྟེ་བྱང་སྐར་བདུན། གནོད་སྦྱིན་ལག་ན་རྡོ་རྗེ་ཅན་བཞི་སྔོན་པོ་རྡོ་རྗེ་འཛིན་པ། ཤར་དུ་གནོད་སྦྱིན་རྡོ་རྗེ་འཆང་དཀར་པོ། ལྷོར་གནོད་སྦྱིན་ཧ་རི་ཀ་སྔོན་པོ། ནུབ་ཏུ་པཉྩི་ཀ་དམར་པོ། བྱང་དུ་ན་རྟི་ཀ་སེར་པོ་རྣམས་ལྕགས་ཁྲབ་གྱོན་ཞིང་མཚོན་ཆ་ཐོགས་པའོ། །ཤར་དུ་ཡུལ་འཁོར་སྲུང་དཀར་པོ་པི་ཝཾ་སྦྲེང་བ། ལྷོར་འཕགས་སྐྱེས་པོ་སྔོན་པོ་རལ་གྲི་འཛིན་པ། ནུབ་ཏུ་སྤྱན་མིག་བཟང་དམར་པོ་སྦྲུལ་ཞགས་འཛིན་པ། བྱང་དུ་རྣམ་ཐོས་སྲས་ལྗང་སེར་ནེའུ་ལེ་འཛིན་པ། བཞི་ཀའང་གོ་ཆ་ཅན་ནོ། །དེ་ལྟར་རང་བཞིན་གྱི་དཀྱིལ་འཁོར་དེ་ཡི་འོག་ཏུ་གཟུགས་བརྙན་ཤར་བ་ལྟར་རྡུལ་ཚོན་གྱི་དཀྱིལ་འཁོར་ཡང་དེ་ལྟ་བུའི་རང་བཞིན་དུ་གསལ་བར་གྱུར། ཅེས་བརྗོད། དེ་ནས་ལག་པ་གཉིས་ཁུ་ཚུར་བཅང་ལ་གུང་མོ་གཉིས་གཤིབ་ཏེ་བསྒྲེང་། མཛུབ་མོ་གཉིས་ངོས་གཉིས་ནས་བཀུག་སྟེ་སྦྱར་བ་སྤྱི་གཙུག་ཏུ་བཞག་ལ་གཙུག་ཏོར་གྱི་ཕྱག་རྒྱ་དང་། ན་མཿས་མནྟ་བུདྡྷཱ་ནཱཾ། ཧཱུྃ་ཧཱུྃ། རྣམ་སྣང་གི་དབུའི་གཙུག་ཏོར་ལྟར་མི་མངོན་པར་གྱུར། ལག་པ་གཡས་ཁུ་ཚུར་བཅངས་པ་སྨིན་མའི་མཚམས་སུ་བཞག་པ་མཛོད་སྤུའི་ཕྱག་རྒྱ་དང་། ན་མཿ༴ཨ་ཧཾ་ཛཿམཛོད་སྤུ་དཀར་པོ་གཡས་སུ་འཁྱིལ་བར་གྱུར། ལག་གཡས་ཁུ་ཚུར་བཅངས་ལ་གུང་མོ་དང་སྲིན་ལག་གཉིས་བརྐྱངས་སྟེ་མཐེའུའི་དྲུང་དུ་སྦྱར་བ་མིག་གི་སྟེང་དུ་བཞག་པ་སྤྱན་གྱི་ཕྱག་རྒྱ་དང་། ན་མཿ༴ཛྙཱ་ནོདྡྷ་ཝ་སྭཱ་ཧཱ། སངས་རྒྱས་ཀྱི་ཡེ་ཤེས་མངའ་བའི་ཐུགས་སུ་གྱུར། ཕྱག་རྒྱ་དེ་ཉིད་ལས་སྲིན་ལག་གི་གཉིས་བསྒྲེང་བ་དེ་ཉིད་ལས་མཐེའུ་ཆུང་བསྒྲེང་ཏེ་སྐེད་པའི་ཕྱག་རྒྱ་དང་། ན་མཿ༴ཏ་ཐཱ་ག་ཏི་སཾ་བྷ་ཝ་སྭཱ་ཧཱ། སྐེད་པ་སྐབས་ཕྱེད་པ་དང་ལྡན་པར་གྱུར། ཐལ་མོ་ཁོང་སྟོང་དུ་སྦྱར་ལ་མཛུབ་མོ་གཉིས་བཀུག་སྟེ་ནང་དུ་གཞུག །སྲིན་ལག་གཉིས་ཀྱང་དེ་བཞིན་བྱ། མཐེ་བོང་དང་མཐེའུ་ཆུང་གཉིས་ཅུང་ཟད་བཀུག །གུང་མོ་གཉིས་གཤིབ་སྟེ་བསྒྲེང་བ་མཛོད་ཀྱི་ཕྱག་རྒྱ་དང་། ན་མཿ༴རཾ་རཾ་ར་ར་སྭཱ་ཧཱ། སྐུའི་ཕྱལ་ཟླུམ་པོར་གྱུར། ཐལ་མོ་ཁོང་སྟོང་དུ་སྦྱར་ལ་མཛུབ་མོ་གཉིས་ཀྱི་ངོས་ནས་དཀྲིས་པ་གོ་ཆའི་ཕྱག་རྒྱ་དང་། ན་མཿ༴པྲ་ཙཎྜ་བཛྲ་ཛྭ་ལ་ཡ་སྥུ་ར་ཧཱུྃ། རྡོ་རྗེའི་གོ་བགོས་པར་གྱུར། དེ་གཉིས་ལས་སྲིན་ལག་གཉིས་དང་མཐེ་བོང་གཉིས་གཅིག་ཏུ་སྦྱར་བ་ལྗགས་ཀྱི་ཕྱག་རྒྱ་དང་། ན་མཿ༴ཏ་ཐཱ་ག་ཏ་ཛི་ཧ་པདྱ་དྷརྨ་པྲ་ཏིཥྛ་ཏ་སྭཱ་ཧཱ། ལྗགས་པདྨ་ལྟར་སྲབ་ཅིང་མཉེན་པར་གྱུར། དེ་ཉིད་ལས་མཛུབ་མོ་གཉིས་དང་སྲིན་ལག་གཉིས་བཀུག་སྟེ་ནང་དུ་སྦྱར། མཐེ་བོང་གཉིས་བསྒྲེང་སྟེ་ཅུང་ཟད་བཀུག་སྟེ་རྩེ་མོ་གུང་མོ་ལ་ཕྱོགས་པར་བྱས། མཐེའུ་ཆུང་གཉིས་སྔར་བཞིན་བྱས་པ་ཞལ་གྱི་ཕྱག་རྒྱ་དང་། ན་མཿ༴ཏ་ཐཱ་ག་ཏ་མ་ཧཱ་ཝ་ཀ་ཏྲ་བི་ཤྲ་ཛྙཱ་ན་མ་ཧོ་ད་ཡ་སྭཱ་ཧཱ། ཞལ་མཆུ་བིལྦ་ལྟར་དམར་བར་གྱུར། དེ་ཉིད་ལས་མཛུབ་མོ་གཉིས་བཀྲོལ་བ་ནང་དུ་བཅུག་སྟེ་སྒུར་པོར་བྱས་ལ་སྟོད་དེ་བཟུང་བ་མཆེ་བའི་ཕྱག་རྒྱ་དང་། ན་མཿ༴ཏ་ཐཱ་ག་ཏ་མ་ཧཱ་དཾ་ཥྚ་ས་ར་ས་ཨ་གྲ་སཾ་པྲ་ས་ཀ་སརྦ་ཏ་ཐཱ་ག་ཏ་བི་ཥ་ཡ་སམྦྷ་ཝ་སྭཱ་ཧཱ། མཆེ་བ་རྣོ་དཀར་ཚད་དང་ལྡན་པར་གྱུར། དེ་ཉིད་ལས་མཛུབ་མོ་གཉིས་སྦྲེང་སྟེ་བཀུག་ལ་ཚིག་གསུམ་པ་བཀུག་པའི་ཕྱག་རྒྱ་དང་། ན་མཿ༴ཨ་ཙནྡྱ་ཨ་རྦུདྡྷ་རུ་པ་ཝཱ་ཀ་པ་དྲ་ཤབྡ་བི་ཤུདྡྷ་སྭཱ་ཧཱ། སོ་སོ་ཡང་དག་གི་རིག་པ་བཞི་དང་ལྡན་པར་གྱུར། ཐལ་མོ་ཁོང་སྟོང་དུ་སྦྱར་ལ་མཐེ་བོང་གཉིས་དང་མཐེའུ་ཆུང་གཉིས་ནང་དུ་བཅུག་པ་གཅིག་ཏུ་སྤྲད་པའི་ཕྱག་རྒྱ་དང་། ན་མཿ༴ད་ཤ་པ་ལཱཾ་ག་དྷ་ར་ཧཱུྃ་པྃ་ཛཾ་སྭཱ་ཧཱ། སྟོབས་བཅུ་དང་ལྡན་པར་གྱུར། དེ་ཉིད་ལས་མཐེ་བོང་གཉིས་ཀྱི་རྩེ་མོར་མཛུབ་མོ་བཀུག་སྟེ་སྦྱར་ལ། ན་མཿ༴ཏ་ཐཱ་ག་ཏཱ་དྷྲྀ་ཏི་ས་ཏྭ་ཧི་ཏ་བྷུརྒ་ཏ་ག་ག་ན་ས་མ་ས་མ་སྭཱ་ཧཱ། དྲན་པ་ཉེ་བར་བཞག་པ་བཞི་དང་ལྡན་པར་གྱུར། དེ་ཉིད་ལས་སྲིན་ལག་གཉིས་མཐེ་བོའི་སྟེང་དུ་བཟུང་ལ། ན་མཿ༴སརྦ་དྷརྨ་ས་མནྟ་པྲབྟ་ཏ་ཐཱ་ག་ཏ་ཨ་ནུ་ག་ཏ་སྭཱ་ཧཱ། ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་པར་གྱུར། ལྔ་པ་གསོལ་བ་གདབ་ཅིང་སྤྱན་འདྲེན་པ་ནི། ལག་ཏུ་མེ་ཏོག་བཅས་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་བྱང་ཆུབ་རྟོགས་པའི་དུས་ན་རྟག་ཏུ་འགྲོ་བ་གསུམ་ལ་ཆགས་པར་མཛད་པས། སེམས་ཅན་གྱི་སྐལ་བ་ཇི་ལྟ་བ་བཞིན་འཚམས་པར་སྣང་བ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་རིག་སྔགས་དང་གསང་སྔགས་ལ་སོགས་པའི་ངོ་བོ་ཉིད་དག་གིས་སེམས་ཅན་རྣམས་ཀྱི་དོན་མཛད་ཅིང་གང་ནས་ཀྱང་མི་འབྱོན། གང་དུ་ཡང་མི་བཞུད་པ་ལགས་ན། འདིར་བདག་ཅག་རྣམས་ཀྱི་རྒྱུད་སྡེ་ལས་གསུངས་པའི་ཆོ་ག་བཞིན་དུ་རང་བཞིན་དང་གཟུགས་བརྙན་གྱི་དཀྱིལ་འཁོར་དབྱེར་མེད་པར་བསྐྱེད་ལགས་ཀྱིས། བདག་ཅག་རྣམས་ཀྱི་བསོད་ནམས་སྤེལ་བའི་སླད་དུ་སྐུ་མི་ཟད་པ་རྒྱན་གྱི་བཀོད་པའི་དཀྱིལ་འཁོར་དུ་མངོན་སུམ་བཞུགས་ཤིང་བྱིན་གྱི་རླབས་ཏུ་གསོལ། ཞེས་ལན་གསུམ་བརྗོད་སྤོས་བརྟུལ་རྡོར་དྲིལ་དར་བཅས། མ་ལུས་སེམས་ཅན་ཀུན་གྱི་མགོན༴བདུད་སྡེ༴དངོས༴བཅོམ་ལྡན་རྣམ་སྣང་འཁོར༴བཅོམ་ལྡན་བསྐལ་པ་སོགས། ཆོས་རྣམས་སོགས། འདིར་ནི་གཟུགས་སོགས། ས་མ་ཡ་སྟྭཾ། ཞེས་སྤྱན་དྲངས་པའི་རང་བཞིན་ཡེ་ཤེས་པ་རྣམས་གཟུགས་བརྙན་གྱི་དཀྱིལ་འཁོར་དང་དབྱེར་མེད་དུ་གྱུར་པར་བསམ་མོ། །དྲུག་པ་ཕྱག་མཆོད་འབུལ་བ་ལ་བཞི་ལས། དང་པོ་ནི། འགྲོ་བ་རྒྱུད་ལྔ་འཁོར་བའི་དཀྱིལ་འཁོར་དུ། །སྡུག་བསྔལ་འཁྲུལ་འཁོར་གྱིས་གཟིར་འགྲོ་གཟིགས་ནས། །ཐུགས་རྗེ་སྡུག་བསྔལ་འཁྲུལ་འཁོར་འཇོམས་མཛད་པ། །ཐུགས་རྗེའི་བདག་ཉིད་ཁྱེད་ལ་ཕྱག་འཚལ་ལོ། །སེམས་ཅན་སྨིན་ཅིང་གྲོལ་བར་མཛད་པའི་ཕྱིར། །སེམས་ཅན་ཁམས་ན་བཞུགས་ཤིང་སྤྱོད་གྱུར་ཀྱང་། །ཆགས་པས་མ་གོས་པདྨ་ལྟར་དག་པ། །འདོད་ཆགས་དག་པའི་བདག་ཉིད་ཁྱོད་ལ་འདུད། །སེམས་ཅན་བཀྲེན་པ་ཆོས་ཀྱི་ཕོངས་གྱུར་པ། །མ་རིག་ཐིབ་པོའི་ནང་དུ་སོང་བ་རྣམས། །འཕགས་པའི་ནོར་བདུན་དག་གིས་ཚིམ་མཛད་པ། །ཡེ་ཤེས་སྒྲོན་མེ་ཁྱེད་ལ་ཕྱག་འཚལ་ལོ། །སེམས་ཅན་འཁོར་བའི་རྒྱ་མཚོ་ནུབ་པ་ལ། །ཐུགས་རྗེ་ཐབས་དང་ཤེས་རབ་གྲུར་ཞུགས་ནས། །ཞི་བ་རིན་ཆེན་གླིང་མཆོག་བསྐྱེལ་མཛད་པ། །ཀུན་གྱི་དེད་དཔོན་ཁྱོད་ལ་ཀུན་ནས་འདུད། །སེམས་ཅན་ལས་ཀྱི་ཆུ་བོར་གྲུ་ནུབ་རྣམས། །དམ་ཆོས་བདུད་རྩིའི་ཟམ་པས་སྒྲོལ་མཛད་ཅིང་། །འཕགས་ལམ་ཡན་ལག་བརྒྱད་ལ་སྦྱོར་མཛད་པས། །གསུང་གི་མངའ་བདག་ཁྱོད་ལ་ཕྱག་འཚལ་ལོ། །གཉིས་པ་ཕྱི་མཆོད་ནི་ཐལ་མོ་སྦྱར་ལ། །རབ་འབྱམས་ཞིང་རྣམས་མཐའ་ཡས་པར། །བདག་པོས་བཟུང་དང་མ་བཟུང་པའི། །དྲི་ཞིམ་ཙན་དན་ག་བུར་དང་། །མེ་ཏོག་དཀར་པོའི་ཆུ་གཙང་བཅས། །ལེགས་སྦྱར་བསིལ་ཞིང་གདུང་སེལ་གྱི། །ལྷ་རྫས་མཆོད་ཡོན་དམ་པ་ཡིས། །རང་བཞིན་གཟུགས་བརྙན་དཀྱིལ་འཁོར་ལ། །སྔགས་པས་ནན་གྱིས་མཆོད་པར་བྱ། །མཆོད་ཡོན་གྱི་ཕྱག་རྒྱ་དང་། ན་མཿས་མནྟ་བུདྡྷཱ་ནཱཾ། ག་ག་ན་ས་མ་ས་མ་སྭཱ་ཧཱ། རབ་འབྱམས༴བདག་པོས༴ཙནྡན་ཏ་ཀར་པྲི་ག་དང་། །གུརྒུཾ་ག་བུར་དྲི་ཞིམ་ལྡན། །སྦྲུལ་སྙིང་ལ་སོགས་ལྷན་སྐྱེས་དང་། །སྦྱར་དང་ཡོངས་གྱུར་དྲི་བཟང་གིས། རང་བཞིན༴སྔགས་པས༴དྲི་ཆབ་རྒྱས། ན་མཿ༴བི་ཤུདྡྷ་གྷནྡྷོད་བྷ་ཝ་སྭཱ་ཧཱ། །རབ་འབྱམས༴བདག་པོས༴པདྨ་ཨུཏྤལ་སྣ་མའི་འབྲས། །ན་ག་གེ་སར་སུ་ནན་ཀ། ཙམྤ་ཨ་ཤྭ་ཏི་ལ་ཀ། དེ་སོགས་བཀྲ་ཤིས་མེ་ཏོག་གིས། །རང་བཞིན༴སྔགས་པས༴མེ་ཏོག་རྒྱས། ན་མཿ༴མ་ཧཱ་མ་རྟྱ་བྱུ་ག་ཏེ་སྭཱ་ཧཱ། རབ་འབྱམས༴བདག་པོས༴ཨ་ཀ་རུ་དང་སྒྲོན་ཤིང་དང་། །ག་བུར་ཙནྡན་དུ་རུ་ཀ། ས་ལའི་ཐང་ཆུ་ལ་སོགས་སྤོས། །རང་བཞིན༴སྔགས་པས༴བདུག་སྤོས་རྒྱས། ན་མཿ༴དྷརྨ་དྷཱ་ཏུ་ཨ་ནུ་ག་ཏ་སྭཱ་ཧཱ། རབ་འབྱམས༴བདག་པོས༴འབྲུ་མར་དྲི་ཞིམ་ལས་སྐྱེས་པའི། །མར་མེ་རྣམ་པ་སྣ་ཚོགས་དང་། ཉི་ཟླ་ནོར་བུའི་འོད་ལ་སོགས། །མུན་འཇོམས་སྒྲོན་མེ་མངར་བ་ཡིས། །རང་བཞིན༴སྔགས་པས༴མར་མེའི་རྒྱས། ན་མཿ༴སརྦ་ཏ་ཐཱ་ག་ཏ་ཨར་ཙི་སྥ་ར་ཎ་ཨ་ཝ་བྷ་ས་ག་ག་ནོད་ཏ་ར་བྷྱཿསྭཱ་ཧཱ། རབ་འབྱམས༴བདག་པོས༴གཙང་ཞིང་ལེགས་སྦྱར་ཁནྡྷའི་ཟས། །ཤིང་ཏོག་སྣ་ཚོགས་ཨི་ཁ་ར། །མ་དུ་ཤི་ར་བུ་རམ་ཞོ། །རོ་བརྒྱ་ལྡན་པའི་ཟས་མཆོག་གིས། །རང་བཞིན༴སྔགས་པས༴ཞལ་ཟས་རྒྱས། ན་མཿ༴ཏྲཻ་ཡ་དྷི་ཀ་ནཱ་ཨ་ར་ར་བ་ར་ར་བི་ལ་དེ་ཝ་ལིནྟ་ད་ཧི་སྭཱ་ཧཱ། རབ་འབྱམས༴བདག་པོས༴པི་ཝཾ་གླིང་བུ་རྔ་སྒྲ་དང་། །ལྷ་ཡི་རྔ་ཆེན་མུ་རན་ཛ། །རྒྱུད་མངས་གསེར་གྱི་གླིང་བུའི་ཕྲེང་། །གླུ་གར་རྩེ་འཇོ་རོལ་མོ་ཡིས། །རང་བཞིན༴སྔགས་པས༴རྒྱ་བཅས། ན་མཿ༴ཨོཾ་ཤཱབྡ་པྲ་ཏཱིཙྪ་སྭཱ་ཧཱ། ཕྱོགས་སུ་གདུགས་དང་བ་དན་རྣམས། །ཁ་དོག་སྣ་ཚོགས་དུ་མ་དང་། །རྟ་བབས་བཟང་པོ་རྣམས་ཀྱང་ནི། །དྲིལ་བུ་དང་བཅས་རབ་ཏུ་འབུལ། །ན་མཿ༴ཚཱ་ཏྲ་པཱ་ཏ་གྷཎྜ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་ཕྱག་རྒྱ་དང་བཅས་པས་འབུལ། དེ་ནས་མཆོད་བུམ་རྣམས་ལག་ཏུ་ཐོགས་ཏེ། ལྷ་རྫས་བུམ་པ་བརྒྱན་གྱུར་ནི། །སྨན་དང་རིན་ཆེན་ཐམས་ཅད་བླུག །སྤོས་ཀྱི་ཆུས་ནི་རབ་ཏུ་བཀང་། །ལྡུམ་བུ་དག་གིས་ཁ་བརྒྱན་ཏེ། །དེ་ནི་འབྲས་བུ་ཁ་ཡང་མཛེས། །མེ་ཏོག་སྤོས་ལ་སོགས་པས་བརྒྱན། །མགྲིན་པ་རས་ཀྱིས་བཅིངས་པ་རྣམས། །མཁས་པས་དཀྱིལ་འཁོར་པ་ལ་འབུལ། །ན་མཿ༴གྷ་ཊ་པྲ་ཏཱིཙྪ་ཧཱུྃ། ཞེས་སོགས་སྔགས་རྒྱས་འབུལ། དེ་ནས་གོས་ཟུང་རྣམས་ཐོགས་ལ། ལྷ་ཡི་གཙོ་བོ་རྣམས་ལ་ནི། །རས་ནི་ཟུང་རེ་ཟུང་རེ་འབུལ། །སེམས་དཔའ་ཆེན་པོ་ཕལ་རྣམས་ལ། །ཡར་རེ་ཡང་ནི་དབུལ་བར་བགྱི། །ན་མཿ༴བཛྲ་ཝསྟྲ་ཡེ་སྭཱ་ཧཱ། གསུམ་པ་ཡིད་མཆོད་དང་། བཞི་པ་སྒྲུབ་པའི་མཆོད་པ་གཉིས་སྟ་གོན་ལྟར་རོ། །བདུན་པ་གཏོར་མ་འབུལ་བ་ནི། འདས་གཏོར་གསུམ་རྒྱལ་གྱིས་བསང་། སྭཱ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ་གྱིས་བྱིན་གྱི་རླབས་ཏེ། ཨོཾ་བུདྡྷ་བཻ་རོ་ཙ་ན་ཨོཾ། ཨོཾ་རཏྣ་སམྦྷ་ཝ་ཏྲཾ། ཨོཾ་པདྨ་ཨ་མི་དྷེ་ཝ་ཧྲིཿཨོཾ་ཀརྨ་ཨ་མོ་གྷ་སིདྡྷི་ཨཱཿཔཱུ་ཙ་དེ་ཝི་ཏྲཾ་མངྒ་ལ་དེ་ཝཾ་ཨཥྚ་ས་པ་རི་ཝཱ་ར་ཨ་ཀ་རོ༴བཏགས་པ་ལན་གསུམ་གྱིས་དབུལ་ལོ། །མདུན་བསྐྱེད་ལ་དམིགས་ཏེ་ལྷ་ལྔ་དང་སྒེག་སོགས་བརྒྱད། བཀྲ་ཤིས་པའི་ལྷ་མོ་བརྒྱད་སོགས་ཀྱི་སྔགས་ཀྱང་ཅུང་ཟད་རེ་བཟླའོ། །བརྒྱད་པ་བུམ་པ་སྒྲུབ་པ་ནི། རྣམ་བུམ། ཨོཾ་ཏྲཻ་ལོ་ཀྱ་བི་ཛ་ཡ་ཧཱུྃ་ཕཊཿདང་། སྭཱ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་པྃ་ལས་པདྨ་དང་ཨ་ལས་ཟླ་བའི་སྟེང་དུ་བྷྲཱུྃ་ལས་རིན་པོ་ཆེའི་བུམ་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་གཞལ་ཡས་ཁང་དུ་གྱུར་པའི་དབུས་སུ་པདྨ་འདབ་མ་བཞི་པའི་ལྟེ་བ་དང་འདབ་བཞིར་ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿལས་དབུས་སུ་རྣམ་སྣང་དཀར་པོ་ཆོས་འཆད་ཀྱི་འཁོར་ལོ་འཛིན་པ། ཤར་དུ་མི་བསྐྱོད་པ་སྔོན་པོ་ས་གནོན་མཉམ་བཞག་རྡོ་རྗེ་ཅན། ལྷོར་རིན་ཆེན་འབྱུང་ལྡན་སེར་པོ་མཆོག་སྦྱིན་མཉམ་བཞག་རིན་ཆེན་ཅན། ནུབ་ཏུ་སྣང་བ་མཐའ་ཡས་དམར་པོ་མཉམ་བཞག་པདྨ་ཅན། བྱང་དུ་དོན་གྲུབ་ལྗང་ཁུ་སྐྱབས་སྦྱིན་མཉམ་བཞག་རྒྱ་གྲམ་ཅན། ལྔ་གའང་དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་ཅིང་ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་དུ་བཞུགས་པའི་དམ་ཚིག་པ་དང་རང་འདྲའི་ཡེ་ཤེས་ཀྱི་དཀྱིལ་འཁོར་གཉིས་སུ་མེད་པར་གྱུར། མཆོད་ཡོན་དྲི་ཆབ་མེ་ཏོག་བདུག་སྤོས་མར་མེ་ཞལ་ཟས་རྣམས་སྔགས་རྒྱས་དབུལ། ཕྱག་འཚལ་བྱང་ཆུབ་སེམས་ཁྱོད་ལ། །ཕྱག་འཚལ་བྱང་ཆུབ་འབྱུང་ཁྱོད་ལ། །སྤྱོད་གཟུགས་ཁྱོད་དང་ས་དང་ནི། །ཕ་རོལ་ཕྱིན་ལ་ཕྱག་འཚལ་ལོ། །ཕྱག་འཚལ་ཐོག་མར་བྱེད་ཁྱོད་ལ། །སྟོང་པ་ཉིད་ལ་འདུད་ཕྱག་འཚལ། །ཞེས་བསྟོད་གཟུང་ཐག་བླངས་ཏེ། ཨོཾ་བུདྡྷ་བཻ་རོ་ཙ་ན་ཨོཾ། ཨོཾ་བཛྲ་ཨ་ཀྵོ་བྷྱཿཧཱུྃ། ཨོཾ་རཏྣ་སཾ་བྷཱ་ཝ་ཏྲཾ། ཨོཾ་པདྨ་ཨ་མི་དྷེ་ཝ་ཧྲཱིཿཨོཾ་ཀརྨ་ཨ་མོ་གྷ་སིདྡྷི་ཨ། ཞེས་པ་རྣམས་དྲིལ་ནས་བརྒྱ་རྩ་བཟླས་ཏེ། སྔར་བཞིན་མཆོད་བསྟོད་དང་དུང་ཆོས་ཀྱི་ཆུ་མཆོད་ཡོན་ཕུལ་བས་ལྷ་ཚོགས་འོད་དུ་ཞུ་སྟེ་བུམ་པའི་ཆུར་གྱུར་པར་བསམ་མོ། །དགུ་པ་ཕྱི་རོལ་དུ་གཏོར་མ་ཆ་གསུམ་སྨིན་གཏེར་གྱི་གསུང་ལྟར་ལས། བགེགས་ཀྱི་སྐབས་བཛྲ་མ་ཧཱ་ཤྲཱིའི་ཚབ་ཏུ། ཨོཾ་ཏྲཻ་ལོ་ཀྱ་བི་ཛ་ཡ་ཧཱུྃ་ཕཊ། རང་ཉིད་འཇིག་རྟེན་གསུམ་རྒྱལ་གྱི་སྐུར་གྱུར། ན་མོ། རྗེ་བཙུན་སོགས་ཆ་གསུམ་གཞུང་ལྟར་བྱའོ། །བཅུ་པ་བདག་ཉིད་འཇུག་ཅིང་དབང་བླང་པ་ནི། སློབ་དཔོན་གྱིས་ལས་བུམ་གྱི་ཆུས་ཁྲུས་བྱ་བའི་སྟང་ཀ་དང་བཅས། ཇི་ལྟར་བལྟམ་པ་སོགས་་དང་། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡ་ཧཱུྃ། མཎྜལ་འཇོག །ས་གཞི་སྤོས་ཆུས་སོགས་མཎྜལ་འབུལ། བླ་མ་སློབ་དཔོན་དགོངས་སུ་གསོལ། །རིག་པ་འཛིན་པ་བདག་གིས་ནི། །བླ་མ་དམ་པར་གསོལ་འདེབས་ཀྱིས། །བདག་གི་བླ་མ་མཛད་དུ་གསོལ། །ཞེས་ལན་གསུམ་གྱིས་གསོལ་བ་བཏབ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་ལན་གསུམ། བུ་ཁྱོད་ཅི་ལ་དགའ། སྐལ་བཟང་བདག་བདེ་ཆེན་ལ་དགའ། བུ་ཚུར་ཤོག་ཅིག་བདེ་ཆེན་པོ། །བླ་མེད་སྤྱོད་པའི་ཆུ་དབང་སྦྱིན། །མ་བསྒྲལ་བ་རྣམས་བསྒྲལ་བར་བྱ། །མ་གྲོལ་བ་རྣམས་གྲོལ་བར་བྱ། །དབུག་མ་དབྱུང་རྣམས་དབུག་དབྱུང་ཞིང་། །མྱ་ངན་འདས་པ་ཐོབ་པའི་ཕྱིར། །བླ་མ་ལ་ཞུས་ཁྱོད་སྤྲོའམ། །ཞེས་གསུངས་པ་ལ། སྤྲོ་ལགས། བླ་མེད་དཀོན་མཆོག་གསུམ་པོ་ལ། །བདག་ནི་རྟག་ཏུ་སྐྱབས་སུ་མཆི། །བདག་གིས་སངས་རྒྱས་བསྟན་པ་ལ། །སྤྱི་དང་མི་འགལ་ལེགས་གནས་ཏེ། །ཐེག་ཆེན་གསང་སྔགས་བྱ་བའི་གཞུང་། །ཁྱད་པར་དམ་ཚིག་བདག་གིས་བཟུང་། །ཡང་དག་ཉིད་དུ་བཟུང་བར་བགྱི། །ཐེག་པ་ཆེན་པོ་སྔགས་ཀྱི་ལྷ། །དོན་གཅིག་གཉིས་མེད་ཡེ་ཤེས་དོན། །ཡང་དག་ཉིད་དུ་བདག་གིས་བཟུང་། །སྐུ་ཡི་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་སྡོམ་པ་ལ་གནས་ཏེ། །སྒྲུབ་པ་དག་ཀྱང་ཅི་ནུས་བཅོམ། །པདྨའི་རིགས་མཆོག་དག་པ་ཡི། །ཕྱི་ནང་གསང་བའི་གསུང་བསྒྲགས་ཏེ། །དམ་པའི་ཆོས་ཀྱང་མ་ལུས་བཟུང་། །རྡོ་རྗེའི་རིགས་མཆོག་དམ་ཚིག་ནི། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང་། །བླ་མ་རྡོ་རྗེ་རིག་བརྟེན་པ། །མཐའ་ཡས་སེམས་ཅན་དོན་གྱི་ཕྱིར། །གསང་སྔགས་དམ་ཚིག་དབང་གིས་བླང་། །ཡང་དག་པར་ནི་བཟུང་བར་བྱ། །བྱང་ཆུབ་སེམས་མཆོག་སྒྲུབ་པར་བགྱི། །ཞེས་ལན་གསུམ། རྡོ་རྗེ་མགོར་བཞག་སྟེ། བཛྲ་ས་མ་ཡ་ཧཱུྃ། ལག་གཉིས་ཐལ་མོ་ཁོང་སྟོང་དུ་སྦྱར་ལ་མཐེ་བོང་གཉིས་བསྒྲེངས་ཏེ་དམ་ཚིག་ལ་གནས་པའི་ཕྱག་རྒྱའི་བར་དུ་མེ་ཏོག་གི་ཕྲེང་བ་བཟུང་། ན་མཿས་མནྟ་བུདྡྷཱ་ནཱཾ། ཨ་ས་མེ་ཏྲི་ས་མེ་ས་མ་ཡེ་སྭཱ་ཧཱ། ཐུགས་རྗེ་ཆེན་པོ་མངའ་བ་ཡི། །མགོན་པོ་རྣམས་ཀྱི་ཐུགས་ཀྱིས་ནི། །རྣམ་པར་སྤྲུལ་ནས་ཆོས་རྣམས་ཀྱི། །མཚན་ཉིད་འདི་དག་རྟོགས་པར་ཤོག །ཅེས་བརྗོད་ནས་མེ་ཏོག་ཕུལ་བའི་སྟང་ཀ་བྱས། སླར་རང་གི་མགོར་འཇོག་ནས། ཨོཾ་བུདྡྷ་བེ་རོ་ཙ་ན་ཨོཾ། དཀྱིལ་འཁོར་ལྷ་ཚོགས་མངོན་སུམ་དུ་མཐོང་བར་གྱུར། དངོས་གཞིའི་དོན་དུ་ས་གཞི་སྤོས་ཆུས་སོགས་ཀྱིས་མཎྜལ་དང་། སྟོན་པ་དཔལ་ལྡན་རྡོ་རྗེ་འཛིན། །གཙོ་བོ་དེ་ལ་གང་ཞུ་བ། །མགོན་པོ་སྨྲ་བའི་མཆོག་གྱུར་པས། །དབང་བསྐུར་བ་ཡི་ཆོ་ག་གསུང་། །ཞེས་ལན་གསུམ། དབང་སྟེགས་དཀྱིལ་འཁོར་གྱི་སྟེང་དུ། རང་ཉིད་རྡོ་རྗེ་སེམས་དཔའི་སྐུ་ཟླ་བའི་དཀྱིལ་འཁོར་གྱི་ནང་ན་བཞུགས་ཤིང་ཟླ་བའི་དཀྱིལ་འཁོར་འོད་དང་ལྡན་པ་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་བསྣམས་པ་དབུ་རྒྱན་ལ་སོགས་པའི་རྒྱན་སྣ་ཚོགས་པས་བརྒྱན་པ། ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རྡོ་རྗེ་རྩེ་ལྔ་པས་མཚན་པ་དང་བཅས་པས་འཁོད་པའི་སྟེང་དུ་གདུགས་དཀར་པོ། གཡས་རྒྱལ་མཚན། གཡོན་དུ་བ་དན། ཉེ་འཁོར་དུ་དུང་། རྔ་སྒྲ། མཆོད་པའི་སྤྲིན་ཕུང་རབ་འབྱམས་མཐའ་ཡས་པ་རྣམས་ཀྱིས་མཆོད་པར་གྱུར། བཀྲ་ཤིས་ནི། འཇིག་རྟེན་འདི་དང་མཐོ་རིས་གཞན་དག་ན། །རིན་ཆེན་རྨད་བྱུང་རྒྱ་ཆེན་མཆོད་ཡོན་དང་། །དེ་ནི་རྫོགས་པའི་སངས་རྒྱས་རིན་ཆེན་ལ། །ཅིས་ཀྱང་གྲངས་དང་བསྒྲངས་དང་ཆར་མི་ཆོད། །ངོ་མཚར་ཤིན་ཏུ་རྨད་བྱུང་དཔག་མེད་དེ། །རྫོགས་པའི་སངས་རྒྱས་རིན་ཆེན་འཇིག་རྟེན་མཆོག །ཇི་ལྟར་ངའི་འདི་དེ་བཞིན་བདེན་མཆོག་ན། །བདེན་པ་འདིས་ནི་ཤིན་ཏུ་བདེ་ལེགས་ཤོག །ཞི་འགོག་བདུད་རྩི་ཤིན་ཏུ་གྱ་ནོམ་གང་། །ཤཱཀྱ་ཐུབ་པས་མཉམ་བཞག་ཐུགས་ཆུད་པ། །ཆོས་དེ་དང་ནི་མཚུངས་པ་ཡོད་མིན་ཏེ། །དེ་མངོན་བྱེད་ན་ཕྱིན་ཆད་མྱ་ངན་མེད། །ངོ་མཚར་ཤིན་ཏུ་རྨད་བྱུང་དཔག་མེད་དེ། །དམ་པའི་ཆོས་ཀྱི་རིན་ཆེན་འཇིག་རྟེན་མཆོག །ཇི་ལྟར་ངའི༴། བདེན་པ་འདིས་ནི༴། རྒྱལ་བས་གང་དག་གང་ཟག་བརྒྱད་གསུང་པ། །དེ་དག་རྣམས་ནི་སྐྱེས་བུ་ཟུང་བཞི་སྟེ། །སྦྱིན་གནས་དེ་དག་ས་སྟེང་ཤིན་ཏུ་དཀོན། །དེ་དག་རྣམས་ལ་བྱིན་ན་དཔག་མེད་འགྱུར། །ངོ་མཚར་ཤིན་ཏུ་རྨད་བྱུང་དཔག་མེད་དེ། །དགེ་འདུན་རིན་ཆེན་གང་ནི་འཇིག་རྟེན་མཆོག །ཇི་ལྟར་ངའི་འདི་དེ་བཞིན་བདེན་མཆོག་ན། །བདེན་པ་དེས་ནི་ཤིན་ཏུ་བདེ་ལེགས་ཤོག །དེ་ནས་རིགས་ལྔའི་སྐུའམ་ཕྱག་རྒྱ་ཐོགས་ལ། ཧཱུྃ། བྱང་ཆུབ་མཆོག་དང་ས་གནོན་དང་། །མཆོག་སྦྱིན་མཉམ་བཞག་ཕྱག་རྒྱ་དང་། །སྐྱབས་ཀྱི་ཕྱག་རྒྱ་རྣམ་པ་ལྔ། །རིགས་ལྔའི་ཕྱག་རྒྱའི་དབང་ཐོབ་ཤོག །ཕྱག་རྒྱའི་དབུ་རྒྱན་སྤྱི་བོར་བཀོད་པ་དང་བསྟུན། ཨོཾ་བུདྡྷ་བཻ་རོ་ཙ་ན་ཨོཾ། བཛྲ་ཨ་ཀྵོ་བྷྱ་ཧཱུྃ། རཏྣ་སྭཱ་བྷཱ་ཝ་ཏྲྃ། པདྨ་ཨ་མི་དྷེ་ཝ་ཧྲཱིཿཀརྨ་ཨ་མོ་གྷ་སིདྡྷི་ཨཱཿཨ་བྷི་ཥིཉྩ་ཧཱུྃ། རྣམ་བུམ་ཐོགས་ལ། ཧཱུྃ། སྤྲོས་མེད་སྤྲོས་བྲལ་ཆོས་ཀྱི་དབྱིངས། །བུམ་པ་ཟླུམ་པོ་ཆོས་དབྱིངས་གཏེར། །ཕན་བྱེད་སྨན་པའི་ཐུགས་ཡིན་ཏེ། །འགྲོ་བའི་ནད་སེལ་བཀྲ་ཤིས་ཤོག །ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿཨ་བྷི་ཥིཉྩ་མཾ། བུམ་ཆུ་བཏུང་། ཁྲུས་བྱ། བུམ་པར་གནས་པའི་རིགས་ལྔའི་སྐུ་ལས་བྱུང་བའི་བདུད་རྩིའི་རྒྱུན་གྱིས་རིམ་པ་བཞིན་ངན་སོང་དུ་སྐྱེ་བ་དང་འཁོར་བ་ཙམ་དུ་སྐྱེ་བའི་རྒྱུའི་ནུས་པ་འཇོམས་པ་དང་། གཉེན་པོའི་ས་བོན་བཏབ། སོ་སྐྱེའི་ལམ་ནས་བརྩམས་ཏེ་ས་བཅུའི་བར་གྱི་ཚོགས་རྣམ་པ་གཉིས་རྫོགས་པ་དང་རྒྱལ་ཚབ་ཀྱི་གོ་འཕང་ཐོབ་པའི་ས་བོན་རྒྱུད་ལ་བཞག་པར་གྱུར། དེ་ནས་རྡོ་རྗེ་འཆང་གི་སྐུ་ཐོགས་ལ། ཧཱུྃ། དོན་དམ་བདེན་པའི་ཆོས་ཉིད་ལས། །མི་གཡོ་སེམས་དཔའི་མངོན་སུམ་དུ། །རིགས་བཞི་རྡོ་རྗེ་འཆང་གནས་པ། །ཨུ་པ་ཡ་ཡི་དབང་ཐོབ་ཤོག །ན་མོ། ཕྱོགས་བཅུ་དུས་གསུམ་གྱི་དཀོན་མཆོག་རྣམས་ཀྱི་བདེན་པའི་བྱིན་རླབས་ཀྱིས། །སྐལ་ལྡན་རིགས་ཀྱི་བུ་རྣམས་ལ། །ཨུ་པ་ལ་ཡི་དབང་བསྐུར་བས། །རིགས་བཞི་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པའི་དབང་དང་ལྡན་པར་གྱུར་ཅིག །ཡེ་ཤེས་ཐིག་ལེ་ལས། ཆུ་དང་ཅོད་པན་དབང་བསྐུར་དག །བྱ་བའི་རྒྱུད་ལས་རབ་ཏུ་གྲགས། །རྡོ་རྗེ་དྲིལ་བུ་མིང་གི་དབང་། །སྤྱོད་པའི་རྒྱུད་ལ་རབ་ཏུ་གྲགས། །ཅེས་འབྱུང་བས། རྣམ་སྣང་མངོན་བྱང་དང་མཐུན་པར་ཁ་སྐོང་དང་། རིག་པའི་ལྷ་མོ་ལྔས་ཅོད་པཎ་སྤྱི་བོར་བཅིང་པར་གྱུར། ཨོཾ་བཛྲ་དྷཱ་ཏི་ཤྭཱ་རི་བཛྲི་ཎི་ཨོཾ་ཨ་བྷི་ཥིཉྩ་མཾ། ཨོཾ་བཛྲ་བཛྲི་ཎཾ་ཧཱུྃ་ཨ་བྷི་ཥིཉྩ་མཱཾ། ཨོཾ་རཏྣ་བཛྲི་ཎི་ཏྲཱྃ་ཨ་བྷི་ཥིཉྩ་མཾ། ཨོཾ་དྷརྨ་བཛྲི་ཎི་ཧྲཱིཿཨ་བྷི་ཥིཉྩ་མཾ། ཨོཾ་ཀརྨ་བཛྲི་ཎི་ཨཱཿཨ་བྷི་ཥིཉྩ་མཱཾཿཞེས་རིགས་ཀྱི་ལྷ་མོ་ལྔས་ཅོད་པཎ་གྱི་དབང་བསྐུར་བས་སངས་རྒྱས་ཀྱི་མཚན་དཔེ་འབྱུང་བའི་ས་བོན་རྒྱུད་ལ་བཞག་པ་ཡིན་ནོ། །དེ་ནས་རྡོ་རྗེ་དང་དྲིལ་བུ་བཟུང་སྟེ། སངས་རྒྱས་ཀུན་གྱི་རྡོ་རྗེའི་དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་ཀུན་ཏུ་རབ་བསྒྲུབ་ཕྱིར། །རྡོ་རྗེ་འདི་ནི་ཁྱོད་ཀྱིས་ལོང་། །ཨོཾ་བཛྲ་ཨ་དྷི་པ་ཏི་སྟྭཾ་ཨ་བྷི་ཥིཉྩ་མི་ཏིཥྛ་བཛྲ་ས་མ་ཡ་སྟྭཾ། ཨ་ཀ་རོ་སོགས་ཅེས་པས་ཚིགས་བཅད་དང་། སྔགས་དང་པོས་རྡོ་རྗེའི་དབང་བསྐུར་བས་སངས་རྒྱས་ཀྱི་ཐུགས་ཀྱི་ས་བོན་ཐེབས། ཨ་ཀཱ་རོའི་སྔགས་ཀྱིས་དྲིལ་བུས་དབང་བསྐུར་བས་གསུང་འགྲུབ་ཅིང་ཆོས་སྟོན་པའི་ས་བོན་འདེབས་པར་བྱེད་པ་ཡིན་ནོ། །དེ་དག་ནི་ཕྱག་མཚན་གྱི་དབང་ངོ་། །རྡོར་དྲིལ་མགོ་བོར་བཟུང་ནས། ཨོཾ་བཛྲ་སཏྭ་སྟྭཾ་ཨ་བྷི་ཥིཉྩ་མི་བཛྲ་ན་མ་ཨ་བྷི་ཥེ་ཀ་ཏ་ཏེ་བཛྲས་ཏྭ། ཞེས་མིང་དབང་བསྐུར་བས་སངས་རྒྱས་ཀྱི་མཚན་སྲིད་པ་གསུམ་དུ་སྒྲོགས་པའི་ས་བོན་འདེབས་པར་བྱེད་པ་ཡིན་ནོ། །ཀྲི་ཡའི་རྫས་དབང་ཉེར་དྲུག་མདོར་བསྡུས་བྱ་བར་སྤྲོ་ན། ཆོས་ཉིད་རྒྱ་མཚོ་བྱང་ཆུབ་མཆོད་རྟེན་དང་། །འདོད་འབྱུང་དཔག་བསམ་རིན་ཆེན་རི་རབ་ཆེ། །ཡོངས་འདུས་མེ་ཏོག་བདུད་རྩི་བུམ་པའི་ཆུ། །འཇམ་མཉེན་དར་གྱི་ལྷབ་ལྷུབ་རིན་ཆེན་ཁྲི། །མེ་ཏོག་ཆུན་ཕྲེང་རྔ་ཡབ་དཀར་པོ་དང་། །རས་ཀྱི་རྡུལ་གཡབ་ལྷ་ཡི་སྦྲང་གཡབ་མཛེས། །བླ་བྲེ་རྒྱལ་མཚན་ཚད་སྐྱོབ་གདུགས་དཀར་པོ། །དར་གྱི་ལྔ་ལྡི་དྲི་མེད་སྐུ་རེག་དང་། །དྲི་ཞིམ་སྤོས་དང་སྙིང་པོ་རིན་ཆེན་འབྲུ། །བྱ་ཀྲྀ་སྨན་མཆོག་སེང་ལྡེང་ཆུ་དག་དང་། །དབང་ལག་ཀཎྜ་ཀ་རི་ལ་སོགས་པ། །སྟོན་མཆོག་ཐུབ་པའི་དབང་པོར་ཕུལ་བ་ཡིས། །བཀྲ་ཤིས་དགེ་བའི་རྫས་མཆོག་འདི་རྣམས་ཀྱིས། །དབང་བསྐུར་སྲིད་ཞིའི་དཔལ་ཡོན་ཕུན་ཚོགས་ཤོག །ཨོཾ་མངྒ་ལཾ་ཨ་བྷི་ཥིཉྩ་ཧཱུྃ། རྒྱས་པར་མོས་ན་མདོ་དབང་གི་གཞུང་ཉིད་དུ་ཤེས་པར་བྱའོ། །ལས་རྡོར་གྱི་མཆོད་པ་སྟེགས་ལ། དྲི་ཆབ། ན་མཿས་མནྟ་བུདྡྷཱ་ནཱཾ། བི་ཤུདྡྷེ་གནྡྷདྡྷོ་ཝ་སྭཱ་ཧཱ། མེ་ཏོག་ནི། ན་མཿ༴མ་ཧཱ་མཻ་ཏྲུ་བྷུངྒེ་ཏེ་སྭཱ་ཧཱ། སྤོས། ན་མཿ༴དྷརྨཱ་དྷ་ཏུ་ཨ་ནུ་ག་ཏ་སྭཱ་ཧཱ། མར་མེ་ནི། ན་མཿ༴སརྦ་ཏ་ཐཱ་ག་ཏ་ཨརྩི་སྥ་ར་ཎ་ཨ་བ་བྷ་ས་ག་ག་ནཏྟོ་ཏེ་བྷྱཿསྭཱ་ཧཱ། ཞལ་ཟས། ན་མཿ༴ཏྲཻ་ཡ་དྷཱི་ཀཱ་ནཱཾ་ཨ་ར་ར་པ་ར་ར་བི་ལ་དེ་བ་ལི་ཏ་ཧ་ཧི་སྭཱ་ཧཱ། ཞེས་ཉེར་སྤྱོད་སྔགས་རྒྱས་མཆོད། རྗེས་དམ་ཚིག་དབོག་པ་ནི། དེ་རིང་ཕན་ཆད་བུ་ཁྱོད་ཀྱིས། །དམ་པའི་ཆོས་དང་བྱང་ཆུབ་སེམས། །སྲོག་གི་ཕྱིར་ཡང་དེང་ཕྱིན་ཆད། །ཡོངས་སུ་བཏང་བར་མི་བྱའོ། །ཁྱོད་ཀྱིས་སེར་སྣ་དང་ནི་གང་། །སེམས་ཅན་གནོད་པར་མི་བྱའོ། །ཡང་དང་ཡང་དུ་སྙིང་རྗེ་དང་། །བྱམས་པའི་སེམས་ནི་ཉེར་བཞག་ལ། །སློབ་དཔོན་བརྙས་པར་མི་བྱ་སྟེ། །འདི་ནི་སངས་རྒྱས་ཀུན་དང་འདྲ། །དམ་ཚིག་འདི་དག་སངས་རྒྱས་ཀྱི། །བརྟུལ་ཞུགས་བཟང་པོ་ཁྱོད་ལ་བསྟོད། །ཇི་ལྟར་རང་གི་སྲོག་བསྲུང་བ། །དེ་ལྟར་ཁྱོད་ཀྱིས་འདི་དག་སྲུངས། །གཙོ་བོས་ཇི་ལྟར༴སོགས་དང་གཏང་རག་མཎྜལ། དེང་ནས་བརྩམ་ཏེ་སོགས་སྤྱི་ལྟར་བྱ་བ་ཡིན་ནོ། །སློབ་མ་གཞན་འཇུག་པ་རང་གཞུང་ལྟར་བྱའོ། །གསུམ་པ་རྗེས་ཀྱི་རིམ་པ་མཆོད་པ་འབུལ་ཞིང་གསོལ་བ་གདབ་ཅིང་། བསྔོ་སྨོན་བྱ་བ་དཀྱིལ་འཁོར་གཤེགས་བསྡུ་ཤིས་བརྗོད་བྱ་བའོ། །དང་པོ་ནི་མཆོད་པ་རྣམས་བསང་སྦྱངས་བྱིན་རླབས་སྔར་ལྟར་བྱས་ལ། ཕྱག་མཆོད་སོགས་བཞི་པོ་སྟ་གོན་གྱི་སྐབས་སུ་བཤད་པ་ལྟར་བྱའོ། །གསོལ་བ་གདབ་པ་ནི། ཐལ་མོ་མེ་ཏོག་དང་བཅས། བླ་མ་བཅོམ་ལྡན་འདས་སྙིང་རྗེ་ཆེན་པོའི་སྙིང་པོ་ཅན་གྱི་དཀྱིལ་འཁོར་ཆེན་པོའི་ལྷ་ཚོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་ཐམས་ཅད་བདག་ལ་དགོངས་སུ་གསོལ། ཁྱེད་རྣམས་ལ་མཁྱེན་པའི་ཡེ་ཤེས། བརྩེ་བའི་ཐུགས་རྗེ། མཛད་པའི་ཕྲིན་ལས་བསམ་གྱིས་མི་ཁྱབ་པ་མངའ་བ་ལགས་པས། ཕན་བདེའི་འབྱུང་གནས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ཕྱོགས་ཐམས་ཅད་དུ་དར་ཞིང་རྒྱས་པར་མཛད་དུ་གསོལ། བསྟན་པའི་རྩ་ལག་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱིས་གཙོར་མཛད་བསྟན་པ་འཛིན་པའི་དགེ་བའི་བཤེས་གཉེན་རྣམས་ཀྱི་སྐུ་ཚེ་དང་ཕྲིན་ལས་ཀྱི་བར་དུ་གཅོད་པ་ཐམས་ཅད་ཉེ་བར་ཞི་བར་མཛད་དུ་གསོལ། བདག་དང་སེམས་ཅན་ཐམས་ཅད་ཀྱི་སྡིག་པ་དང་། སྒྲིབ་པ་དང་། དམ་ཚིག་ཉམས་ཆགས་ཐམས་ཅད་ཞི་བར་མཛད་དུ་གསོལ། མཐོ་རིས་དང་ཐར་པ་དང་། ཐམས་ཅད་མཁྱེན་པའི་ལམ་གྱི་བར་དུ་གཅོད་པ་དང་། མི་དགེ་བ་དང་། ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པ་ཐམས་ཅད་ཞི་བར་མཛད་དུ་གསོལ། གནས་སྐབས་སུ་ཡང་ལས་དང་ཉོན་མོངས་པའི་དབང་གིས་འབྱུང་བའི་གནོད་པ་དང་། སྡུག་བསྔལ་གྱི་བྱེ་བྲག་ཆེན་པོ་བཅོ་བརྒྱད་དང་། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་དང་། ལོག་འདྲེན་དང་། གཟའ་དང་། རྒྱུ་སྐར་དང་། བྱད་སྟེམས་དང་། ཕ་རོལ་གྱི་རིག་སྔགས་ལས་གྱུར་པའི་གནོད་པ་ཐམས་ཅད་ཞི་བར་མཛད༴མེ་དང་ཆུ་དང་ས་གཡོ་བ་ལ་སོགས་པ་བྱུང་བ་ལས་གྱུར་པའི་གནོད་པ་དང་། ལོ་ཉེས་དང་། དགྲའི་གནོད་པ་ལ་སོགས་པའི་གནོད་པ་བཅུ་དྲུག་དང་། མུ་གེ་དང་། མི་ནད་དང་། ཕྱུག་ནད་དང་། ནད་བཞི་བརྒྱ་རྩ་བཞི། དབུལ་ཞིང་འཕོངས་པ་དང་། དུས་མ་ཡིན་པར་འཆི་བའི་སྡུག་བསྔལ་དང་། དེ་དག་གི་རྒྱུ་བསམ་སྦྱོར་ངན་པ་ཐམས་ཅད་ཞི་བར་གྱུར། ཁྱད་པར་དུ་ཡང་བདག་ཅག་འཁོར་དང་བཅས་པ་རྣམས་ཀྱི་སྔོན་གྱི་ལས་ལས་གྱུར་པ་དང་། འཕྲལ་གྱི་རྐྱེན་ལས་གྱུར་ཀྱང་རུང་སྟེ། ཕྱི་ནང་གི་ཉེ་བར་འཚེ་བ་དང་། ལུས་སེམས་ལ་གནོད་པ་བྱེད་པའི་གདོན་བགེགས་དང་། ནད་ལ་སོགས་པ་ལུས་ཀྱི་སྡུག་བསྔལ་དང་། སེམས་ཀྱི་ཡིད་མི་བདེ་བ་དང་། སྐལ་བ་ངན་པ་དང་། རྨི་ལམ་ངན་པ་དང་། མཚན་མ་ངན་པ་དང་། ལུས་དང་། སྲོག་དང་། ལོངས་སྤྱོད་དང་། སྐལ་བ་དང་། དགེ་བ་བསྒྲུབ་པའི་བར་དུ་གཅོད་པ་ཐམས་ཅད་ཉེ་བར་ཞི་བར་མཛད་དུ་གསོལ། མདོར་ན་བདག་གཞན་སེམས་ཅན་ཐམས་ཅད་ཀྱི་གནས་སྐབས་སུ་མི་མཐུན་པའི་ཕྱོགས་ཐམས་ཅད་ཉེ་བར་ཞི་ནས། འོག་མིན་གྱི་སྲིད་པའི་མཐར་ཐུག་པའི་འཇིག་རྟེན་པའི་དངོས་གྲུབ་མཐའ་དག་འགྲུབ་པ་དང་། མཐར་ཐུག་སྒྲིབ་གཉིས་བག་ཆགས་དང་། བག་ཆགས་མ་ལུས་པ་སྤངས་པའི་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཚེ་འདི་ཉིད་ལ་འགྲུབ་པར་མཛད་དུ་གསོལ། ཞེས་དགེ་རྩ་བྱང་ཆུབ་ཏུ་བསྔོ་ཞིང་སྨོན་ལམ་གདབ། གཉིས་པ་དཀྱིལ་འཁོར་གཤེགས་བསྡུ་ནི། ལག་གཉིས་ཐལ་མོ་ཁོང་སྟོང་དུ་སྦྱར་ལ། མཐེ་བོང་གཉིས་སྒྲེང་བ་དམ་ཚིག་གི་ཕྱག་རྒྱ་སྤྱི་བོར་བཀྲོལ་ཞིང་། ན་མཿས་མནྟ་བུདྡྷ་ནཱ། ཨ་ས་མེ་ཏྲི་ས་མེ་ས་མ་ཡེ་སྭཱ་ཧཱ། ཞེས་ལན་གསུམ་བརྗོད་མཐར། རང་བཞིན་གྱི་དཀྱིལ་འཁོར་བརྟེན་པ་དང་། གཟུགས་བརྙན་གྱི་དཀྱིལ་འཁོར་དང་། བུམ་པའི་ལྷ་རྣམས་ཀྱི་ཡེ་ཤེས་པ་དང་བཅས་པ་ཆོས་སྐུའི་ངང་དུ་གཤེགས་པར་གྱུར། ཅེས་དང་། ཨོཾ། ཁྱེད་ཀྱི་སེམས་ཅན༴སོགས་དང་རོལ་མོ་དང་བཅས། ཨོཾ་ཨ་ཀཱ་རོ་སོགས། བརྗོད་ཅིང་དེ་ཁོ་ན་ཉིད་དྲན་པས་རྡོ་རྗེའི་རྩེས་དབང་ལྡན་གྱི་རྩིག་པ་ནས་གཡས་བསྐོར་གྱིས་གཤེགས། རྡུལ་ཚོན་མཐའ་ནས་དབུས་སུ་བསྡུ། ཤར་ལྷོའི་ཚང་ཐིག་ནས་གཙོ་བོའི་བར་དབྱི། རས་བྲིས་ཡིན་ན། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་སོགས་ཀྱིས་བརྟན་བཞུགས་བྱ། རྡུལ་ཚོན་རས་བྲིས་གང་ཡིན་ཀྱང་དཀྱིལ་འཁོར་དུ་ལྷ་ཙག་བཀོད་པ་ལ། བདག་དང་འགྲོ་ལ༴ཞེས་མེ་ཏོག་དོར། གསུམ་པ་ཤིས་པ་བརྗོད་པ་ནི། ཞལ་ནས་གསུངས་པའི། ཕུན་སུམ་ཚོགས་པ་སོགས་དང་། སངས་རྒྱས་གཙོ་ལ་སོགས། དེང་འདིར་བདེ་ལེགས་ཤོག །ཅེས་བཀྲ་ཤིས་རྒྱ་ཆེར་བརྗོད་ཅིང་རོལ་མོའི་སྒྲ་སྙན་ཅིང་རྒྱུན་རིང་བ་རྫོགས་པར་བྱའོ། །སླར་སྨྲས་པ། འདི་ལྟར་སྒྲུབ་པའི་དགེ་ཚོགས་རིན་ཆེན་ནི། །ནམ་མཁའི་མཐའ་དང་མཉམ་པའི་རྗེས་འགྲོ་ཞིང་། །དེ་ཀུན་བསྟན་དང་འགྲོ་བར་ཡོངས་སུ་བསྔོ། །བརླབ་ཆེན་བྱང་ཆུབ་སྤྱོད་པ་མཐར་ཕྱིན་ཤོག །འདི་ལ་བྱིས་བློས་ནོངས་པ་ཅི་མཆིས་པ། །བླ་མ་སྣང་མཛད་ཆེན་པོའི་སྤྱན་སྔར་བཤགས། །ཕན་བདེའི་འབྱུང་གནས་བསྟན་པ་རིན་པོ་ཆེ། །མི་ནུབ་དར་ཞིང་རྒྱས་ལ་ཡུན་གནས་ཤོག །ཅེས་པའང་མདོ་དཀྱིལ་ཨུ་པ་ཟུར་ཕྱུང་འདི་ལ་ལྷ་ལྔ་མ་དང་། བཅུ་གསུམ། ཉེར་གཅིག །གོ་དྲུག་པ་སོགས་བཞུགས་པ་ལས་འདིར་ཕྱི་མ་ལྟར་གསལ་བར་བཀོད་པ་འདི་ནི་གོ་འཇོ་རག་དགོན་མཆོག་སྤྲུལ་རིན་པོ་ཆེས་སྒྲུབ་མཆོད་འཛུག་བཞེད་ཀྱིས་འདི་ལྟར་བྲིས་ཞེས་བསྐུལ་བ་བཞིན་མཁྱེན་བརྩེའི་དབང་པོའི་བྱིན་རླབས་ཆ་ཙམ་ཐོབ་པ་འཇམ་དབྱངས་བློ་གྲོས་རྒྱ་མཚོས་བཀླག་ཆོག་ཏུ་བཀོད་པ་འདིས་ཀྱང་བྱང་ཆུབ་ཀྱི་སེམས་གཉིས་རང་གཞན་ཐམས་ཅད་ཀྱི་རྒྱུད་ལ་སྐྱེ་བའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒ་ལཾ། །། །}} | ||
</onlyinclude> | </onlyinclude> |
Revision as of 09:45, 8 December 2021
🚧 This website is under continued development. We appreciate your patience!
Wylie title | ||
---|---|---|
Location | chos kyi blo gros bka' 'bum Volume 5, Text 1, Pages (Folios 1a1 to ) | |
Author | འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ | |
Less details More details | ||
Citation | 'jam dbyangs mkhyen brtse chos kyi blo gros. '. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 5: . Bir, H.P.: Khyentse Labrang, 2012. | |
Genre | Sadhanas - Evocation Ritual - sgrub thabs |
1 Texts in this Section (sde tshan or chos tshan)