JKCL-KABUM-05-CA-014: Difference between revisions

From Khyentse Lineage - A Tsadra Foundation Project
(Created page with "{{Khyentse Metadata |classification=Tibetan Publications |subclass=Tibetan Texts |collectiontitle=chos kyi blo gros bka' 'bum |collectiontitletib=ཆོས་ཀྱི་བ...")
 
No edit summary
Line 2: Line 2:
|classification=Tibetan Publications
|classification=Tibetan Publications
|subclass=Tibetan Texts
|subclass=Tibetan Texts
|citation=[['jam dbyangs mkhyen brtse chos kyi blo gros]]. ''''. In ''Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum'', Vol. 5: . Bir, H.P.: Khyentse Labrang, 2012.
|collectiontitletib=ཆོས་ཀྱི་བློ་གྲོས་བཀའ་འབུམ་
|collectiontitle=chos kyi blo gros bka' 'bum
|collectiontitle=chos kyi blo gros bka' 'bum
|collectiontitletib=ཆོས་ཀྱི་བློ་གྲོས་བཀའ་འབུམ་
|totalvolumes=12
|author='jam dbyangs mkhyen brtse chos kyi blo gros
|author='jam dbyangs mkhyen brtse chos kyi blo gros
|authortib=འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
|authortib=འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
|tibgenre=Sadhanas - Evocation Ritual - sgrub thabs
|terma=No
|jkcloutline=Six
|language=Tibetan
|language=Tibetan
|pagestatus=Temporary stub only
|volumenumber=005
|volumenumber=CA
|volnumtib=
|volyigtib=ཅ་
|totalvolumes=12
|beginfolioline=1a1
|textnuminvol=014
|textnuminvol=014
|pdflink=File:JKCL-KABUM-05-CA-014.pdf
|pdflink=File:JKCL-KABUM-05-CA-014.pdf

Revision as of 09:42, 8 December 2021

Wylie title JKCL-KABUM-05-CA-014.pdf
Location chos kyi blo gros bka' 'bum
Volume 5, Text 14, Pages (Folios 1a1 to )
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. '. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 5: . Bir, H.P.: Khyentse Labrang, 2012.
Genre Sadhanas - Evocation Ritual - sgrub thabs

1 Texts in this Section (sde tshan or chos tshan)

[edit]
༄༅༅། །པདྨ་ཚེ་ཡི་སྙིང་ཐིག་གི་བསྐང་བ་འཆི་མེད་རྔ་སྒྲ་ཞེས་བྱ་བ་བཞུགས་སོ། ། རྩ་གསུམ་ཚེ་ལྷའི་དཀྱིལ་འཁོར་ལ། །ཡན་ལག་མཆོག་གིས་བཏུད་བྱས་ནས། །བསོད་ནམས་ཚོགས་ཆེན་རྫོགས་པའི་ཕྱིར། །དགྱེས་བསྐང་མཆོད་པའི་སྤྲིན་ཕུང་སྤྲོ། །ཕྱི་ནང་གསང་བའི་མཆོད་རྫས་དང་། །རྟེན་སྐོང་སྒྲུབ་པའི་རྫས་རྣམས་བཀྲམ། །རྨད་བྱུང་ཐབས་ཤེས་ཚོགས་ཀྱི་རྫས། །ལེགས་པར་བཤམས་ལ་བསང་ཆུས་བྲན། །ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབས། །ཀུན་བཟང་མཆོད་པའི་སྤྲིན་ཕུང་ནི། །ནམ་མཁའ་མཛོད་ཀྱི་འཁོར་ལོར་སྤེལ། །དཀྱིལ་འཁོར་ལྷ་ཚོགས་མཉེས་པའི་རྫས། །རྒྱ་ཆེ་རྒྱུན་མི་ཆད་པར་གྱུར། །བཛྲ་སྥར་ཎ་ཁཾ། ཞེས་མཆོད་སྤྲིན་མཁའ་ཁྱབ་ཏུ་སྤེལ། དབྱངས་སྙན་རོལ་མོའི་སྒྲ་དང་བཅས། ཧཱུྃ་ཧྲཱིཿཆོས་དབྱིངས་འོག་མིན་བདེ་བ་ཆེ། །བརྡལ་ཁྱབ་ཐིག་ལེའི་ཀློང་ཡངས་ནས། །སྐུ་དང་ཞིང་ཁམས་བསམ་ལས་འདས། །རིག་པའི་ཡེ་ཤེས་རྒྱན་དུ་ཤར། །མཐའ་དབུས་སྤྲོས་པ་ལས་འདས་པའི། །དཀྱིལ་འཁོར་བསམ་ཡས་ལྷུན་གྱིས་གྲུབ། །བདེ་ལྡན་པདྨ་བཀོད་པའི་ཞིང་། །ལྔ་ལྡན་འཇའ་ཟེར་འཁྲིགས་པའི་དབུས། །སྟོན་པ་ཀུན་བཟང་འོད་མི་འགྱུར། །དགའ་རབ་ཤྲཱི་སེང་ཧཱུྃ་ཀ་ར། །བི་མ་པད་འབྱུང་མནྡྷ་ར། །ཁྲི་སྲོང་བཻ་རོ་མཚོ་རྒྱལ་དང་། །གནུབས་ཆེན་ནམ་སྙིང་ལ་སོགས་པ། །རིག་འཛིན་གྲུབ་ཐོབ་རྒྱ་མཚོ་ནི། །དགོངས་བརྡ་སྙན་ནས་བརྒྱུད་པ་རྣམས། །འདིར་གཤེགས་མཆོད་པ་དམ་པ་བཞེས། །བྱིན་རླབས་དབང་དང་དངོས་གྲུབ་སྩོལ། །ཧཱུྃ་ཧྲཱིཿའཆི་མེད་རྡོ་རྗེ་བཀོད་པ་ཡི། །ངོ་མཚར་སྒྱུ་མའི་གཞལ་ཡས་ཁང་། །རྒྱན་དང་བཀོད་པ་ཕུན་སུམ་ཚོགས། །རབ་འབྱམས་དཀྱིལ་འཁོར་ཆེན་པོ་ཡི། །བཅོམ་ལྡན་མགོན་པོ་ཚེ་དཔག་མེད། །སྣང་བ་མཐའ་ཡས་པདྨའི་རིགས། །མེ་ཡུམ་ལྷ་མོ་གོས་དཀར་མོ། །མི་བསྐྱོད་རིན་འབྱུང་རྣམ་སྣང་དང་། །དོན་གྲུབ་ཚེ་དཔག་མེད་མགོན་རྣམས། །ས་ཆུ་སྤྱན་དང་མ་མཱ་ཀི། རླུང་དང་ནམ་མཁའ་སྒྲོལ་མ་དང་། །དབྱིངས་ཕྱུག་ཡུམ་དང་སྙོམས་པར་ཞུགས། །སྒེག་མོ་ཕྲེང་མཛེས་གླུ་མ་དང་། །གར་མ་མགྱོགས་བྱེད་ལྷ་མོ་བཞི། །སྒོ་བཞིར་སྐྱོང་མཛད་ཏ་ཀྲིད་དང་། །སྒོ་མ་ཆེན་མོ་རྣམ་བཞི་སོགས། །བདེ་གཤེགས་ཞི་བ་ཚེ་དཔག་མེད། །རིགས་ལྔ་སྒྱུ་འཕྲུལ་དྲ་བ་ཆེ། །དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་རྣམས། །འདིར་གཤེགས་མཆོད་པ་དམ་པ་བཞེས། །བྱིན་རླབས་དབང་དང་དངོས་གྲུབ་སྩོལ། །ཧཱུྃ་ཧྲཱིཿཔདྨ་དབང་གི་དཀྱིལ་འཁོར་ནི། །དབང་གི་ཕོ་བྲང་ཟླ་གམ་ཆེ། །པདྨ་རཱ་གའི་འོད་ཟེར་འབར། །རིན་ཆེན་རྒྱན་གྱི་བཀོད་པ་རྫོགས། །དཔལ་ཆེན་པདྨ་དབང་གི་རྒྱལ། །པདྨ་གཟི་ལྡན་ཡུམ་དང་སྦྱོར། །གར་དགུའི་ཉམས་དང་དུར་ཁྲོད་ཀྱི། །རྒྱན་གྱིས་སྤྲས་ཤིང་རྔམ་བརྗིད་འབར། །རྡོ་རྗེ་རིན་ཆེན་པདྨ་དང་། །ལས་རིགས་དབང་གི་ཁྲོ་ཆེན་བཞི། །སྒོ་སྲུང་པདྨ་དབྱིངས་ཕྱུག་མ། །དབང་གི་ཞིང་ཁམས་སྤྱོད་མཛད་པའི། །ཡི་དམ་དཀྱིལ་འཁོར་ལྷ་ཚོགས་རྣམས། །འདིར་གཤེགས་མཆོད་པ༴བྱིན་རླབས་དབང་དང་༴ཧཱུྃ་ཧྲཱིཿསྣང་སྲིད་ཆོས་འབྱུང་འབར་བ་ཡི། །རྡོ་རྗེ་བཙུན་མོའི་ཕོ་བྲང་ཆེ། །དབྱིངས་ཕྱུག་འཆི་མེད་མནྡྷ་ར། །པུཎྜ་རི་ཀའི་དོ་ཤལ་ཅན། །བཅུ་དྲུག་གཞོན་ནུའི་ལང་ཚོ་སྒེག །བདེ་བ་ཆེན་པོའི་འབྱུང་གནས་ཅན། །རྒྱལ་བ་ཀུན་དང་མཉམ་པར་སྦྱོར། །ཀཱ་ལ་སིདྡྷི་ཤཱཀ་དེ་ཝི། །བཀྲ་ཤིས་ཁྱིའུ་འདྲེན་བདེ་ཆེན་རྒྱལ། །གནས་གསུམ་དཔའ་བོ་མཁའ་འགྲོའི་ཚོགས། །ཏིལ་གོང་ཁ་ཕྱེ་ལྟ་བུ་རྣམས། །འདིར་གཤེགས༴བྱིན་རླབས༴ཧཱུྃ་ཧྲཱིཿདུར་ཁྲོད་དྲག་པོ་འབར་བ་དང་། །པདྨ་དྲ་བས་ཁེབས་པ་ནས། །རྒྱུད་གསུམ་དམ་ཅན་རྒྱ་མཚོ་དང་། །འཆི་མེད་ཉེ་དབང་ཙནྚི་ཀ། སྨན་བཙུན་རྡོ་རྗེ་གཡུ་སྒྲོན་མ། །བཀྲ་ཤིས་ཚེ་རིང་མཆེད་ལྔ་དང་། །རྣམ་སྲས་ཛམ་ལྷ་ནོར་རྒྱུན་སོགས། །ནོར་ལྷ་གཏེར་བདག་ཚོགས་རྣམས་ཀྱང་། །འདིར་གཤེགས༴། བྱིན་རླབས༴ཧཱུྃ་ཧྲཱི༔རྩ་བ་གསུམ་གྱི་ལྷ་ཚོགས་རྣམས། །ཞབས་དང་ཞལ་ནི་བསིལ་བྱས་ཏེ། །རང་རང་དགྱེས་པའི་གདན་ལ་བཞུགས། །ཞལ་སྐྱེམས་མཆོད་ཡོན་འཐོར་འཐུང་དང་། །དྲི་བཟང་བྱུག་པ་སྐུ་ལ་འབུལ། །ན་བཟའ་རིན་ཆེན་རྒྱན་གྱིས་མཆོད། ཧཱུྃ་ཧྲཱི༔ཐུགས་དམ་སྐོང་བའི་དམ་རྫས་ནི། །ཕྱི་ནང་ཉེར་སྤྱོད་འདོད་ཡོན་ལྔ། །བཀྲ་ཤིས་རྫས་རྟགས་སྣ་བདུན་དང་། །ཉེ་བའི་རིན་ཆེན་རྣམ་པ་བདུན། །དཔག་བསམ་ལྗོན་ཤིང་ཁྲུས་ཀྱི་རྫིང་། །འདོད་འཇོའི་བ་དང་གཏེར་ཆེན་བུམ། །མ་རྨོས་ལོ་ཏོག་མཎྜལ་དང་། །གཞལ་མེད་ཁང་བཟང་ལ་སོགས་པ། །ཀུན་བཟང་མཆོད་པའི་སྤྲིན་ཕུང་གིས། །རྩ་གསུམ་ཚེ་ལྷའི་དཀྱིལ་འཁོར་བའི། །ཐུགས་དམ་གཉན་པོ་དགྱེས་པར་བསྐང་། །རྡོ་རྗེའི་རིག་མ་བཅུ་དྲུག་གི། ཀུན་ཏུ་དགའ་བའི་ཉམས་འགྱུར་བརྒྱས། །ཟག་མེད་རྡོ་རྗེའི་དབང་པོ་ལ། །དགྱེས་མགུར་སྤྱོད་པའི་མཆོད་སྤྲིན་སྤྲོ། །པད་ཅན་ལ་སོགས་རིག་མ་ལྔས། །རྡོ་རྗེ་པདྨ་མཉམ་སྦྱོར་བའི། །ཟག་བྲལ་དགའ་བཞིའི་མཆོད་པ་དང་། །ལྷན་སྐྱེས་ཡེ་ཤེས་འབར་བའི་གཟིས། །ཀུན་ཏུ་རྟོག་པ་ཐམས་ཅད་ཟོས། །ཅིར་སྣང་བདེ་བ་ཆེན་པོའི་རྒྱན། །ཡེ་ཤེས་རྣམ་པ་ཐམས་ཅད་པས། །རྩ་གསུམ་ཚེ་ལྷའི་དཀྱིལ་འཁོར་བའི། །ཐུགས་དམ་གཉན་པོ༴། ཁམས་ལྔ་དག་པའི་སྨན་ཕུད་དང་། །དུག་ལྔ་བསྒྲལ་བའི་དམར་ཆེན་པོ། །གཉིས་མེད་ཟུང་འཇུག་གཏོར་མ་ཆེ། །ཐབས་ཤེས་ཚོགས་ཀྱི་མཆོད་པ་བཅས། །རྨད་བྱུང་འདོད་ཡོན་རྣམ་ལྔའི་སྤྲིན། །འཛད་པ་མེད་པའི་རང་བཞིན་ཆེ། །ཀུན་བཟང་མཆོད་པའི་སྤྲིན་དུ་འབུལ། །རྩ་གསུམ་ཚེ་ལྷའི་དཀྱིལ་འཁོར་བའི། །ཐུགས་དམ་གཉན་པོ་དགྱེས་པར་བསྐང་། །མ་བཅོས་རང་བྱུང་རྡོ་རྗེའི་ལུས། །འཁོར་ལོ་ལྔ་ཡི་གྲོང་ཁྱེར་ཆེ། །རྩ་གསུམ་ཚེ་ལྷའི་གསང་བའི་རྟེན། །རྩ་རླུང་ཐིག་ལེའི་དྭངས་མ་རྣམས། །ཡེ་ཤེས་ཆེན་པོའི་བདེ་དྲོད་འབར། །ཚེ་ལྷ་ཡབ་ཡུམ་དྭངས་མའི་དཔྱིད། །འབར་དང་འཛག་པའི་སྦྱོར་བ་ཡིས། །གཉིས་སྣང་ཆོས་ཀུན་བསྲེགས་ཤིང་གྲོལ། །རྡུལ་བྲལ་མཁའ་ལྟར་དག་པའི་སྐུ། །ཡེ་ཤེས་ཆེན་པོའི་སྲོག་ལྡན་པ། །རང་བྱུང་ལྷུན་གྲུབ་ཕྱག་རྒྱ་ཆེ། །དངོས་རིག་ཡེ་ཤེས་བཙུན་མོས་འཁྱུད། །སྲིད་པ་གསུམ་གྱི་གྲོང་ཁྱེར་སྟོངས། །མཆོག་ཏུ་མི་འགྱུར་འོད་གསལ་བའི། །འཆི་མེད་རྟག་པ་དམ་པ་ཡི། །རྡོ་རྗེ་སེམས་དཔའི་ལང་ཚོ་བརྙེས། །བརྟན་གཡོ་ཀུན་ལ་ཁྱབ་པའི་དཔལ། །སྣང་སྲིད་གདོད་ནས་རྣམ་དག་པའི། །ཡེ་ཤེས་ཆེན་པོའི་མཆོད་སྤྲིན་གྱིས། །རྩ་གསུམ་ཚེ་ལྷའི་དཀྱིལ་འཁོར་བའི། །ཐུགས་དམ་གཉན་པོ་དགྱེས་པར་བསྐང་། །བསྐང་བྱ་སྐོང་བྱེད་བསྐང་ཡུལ་རྣམས། །རང་རིག་ཆེན་པོའི་ངོ་བོར་གཅིག །བདེ་བ་ཆེན་པོ་དེ་ཁོ་ནའི། །བསྐང་བའི་མཆོད་པ་བླ་ན་མེད། །ཧཱུྃ་ཧྲཱིཿརྩ་གསུམ་ཚེ་ལྷ་རབ་འབྱམས་ཀྱི། །ཐུགས་དམ་དགྱེས་པར་བསྐང་བ་ནི། །བདག་ཅག་རྣལ་འབྱོར་མཆེད་ལྕམ་རྣམས། །ཚེ་རབས་འཁོར་བ་ཐོག་མེད་ནས། །བསགས་པའི་བཅས་དང་རང་བཞིན་གྱི། །སྡིག་ལྟུང་དམ་ཚིག་ཉམས་པ་ཀུན། །མི་འཆབ་གནོང་འགྱོད་དྲག་པོས་བཤགས། །བཤགས་སོ་རྩ་གསུམ་ལྷ་ལ་བཤགས། །ཕྱིན་ཆད་མི་བགྱིད་དམ་བཅའ་ན། །དག་ཚངས་མཆོག་གི་དངོས་གྲུབ་སྩོལ། །ཧཱུྃ་ཧྲཱིཿདེ་ལྟར་བསྐངས་ཤིང་བཤགས་པའི་བྱིན་རླབས་ཀྱིས། །རྩ་གསུམ་འཆི་མེད་རྡོ་རྗེའི་དཀྱིལ་འཁོར་རྣམས། །ཐུགས་རྗེ་མཁྱེན་པ་གློག་ལྟར་མྱུར་བ་ཡི། །རྗེས་སུ་དགོངས་ནས་ནད་གདོན་འཇིགས་བརྒྱད་དང་། །ཁྱད་པར་དུས་མིན་འཆི་བའི་འཇིགས་པ་རྣམས། །མྱུར་དུ་ཞི་ཞིང་གཞོམ་པར་མཛད་དུ་གསོལ། །ཚེ་བསོད་ཡེ་ཤེས་དཔལ་འབྱོར་ནོར་བུའི་སྤྲིན། །འཆི་མེད་མནྡྷ་ར་བའི་ཕྲེང་མཛེས་ཅན། །མཁའ་དབྱིངས་ཁྱབ་པར་དཀྲིགས་ལས་ཕན་དང་བདེའི། །གྲུ་ཆར་འབེབས་པས་རྒྱས་པར་མཛད་དུ་གསོལ། །བརྟན་གཡོའི་དངོས་ཀུན་ཁབ་ལེན་རྡོ་བཞིན་དུ། །རང་དབང་མེད་པར་དབང་དུ་སྡུད་པ་ཡིས། །འཁོར་འདས་རོ་གཅིག་མཉམ་པ་ཉིད་ཀློང་དུ། །ཡེ་ཤེས་ལྕགས་ཀྱུས་འགུགས་པར་མཛད་དུ་གསོལ། །བྱད་ཕུར་རྦོད་གཏོང་རིག་སྔགས་གནོད་པ་སོགས། །མི་དང་མི་མིན་འགལ་རྐྱེན་ཅི་མཆིས་པ། །རྟ་མཆོག་རོལ་པའི་རྔམ་ཁྲོའི་གཟི་བྱིན་མེས། །རྩ་བུར་མེ་བཞིན་བརླག་པར་མཛད་དུ་གསོལ། །སྐྱེ་འཆིའི་རྟོག་པ་ཀ་ནས་དག་པའི་མཁར། །རིག་སྟོང་ལྷུན་གྲུབ་རྡོ་རྗེའི་དཀྱིལ་འཁོར་བཀྲ། །དབྱིངས་རིག་མཉམ་པར་སྦྱོར་བའི་རྫོགས་པ་ཆེ། །ཡེ་ཤེས་ཚེ་དཔག་མེད་པའི་མཆོག་གྲུབ་མཛོད། །དེ་ལྟར་བསྐངས་བཤགས་རིམ་པ་འདི། །ཟབ་ཆོས་འདི་ཡི་སྣོད་ལྡན་དུ། །ཐོག་མའི་དབུགས་དབྱུང་ཐོབ་པ་ནི། །པདྨ་ཡེ་ཤེས་རྡོ་རྗེས་སྦྱར། །དགེ་བས་གཏེར་ཆེན་ནིར་མ་ཀའི། །ཞབས་པད་ཡུན་དུ་བརྟན་པ་དང་། །བསྟན་འགྲོའི་རྒུད་པ་ཀུན་ཞི་ནས། །རྫོགས་ལྡན་གསར་པ་སྣང་གྱུར་ཅིག །སརྦ་དཱ་སུ་ཤྲཱི་ཡོ་བྷ་ཝ་ཏ། །མངྒ་ལཾ། །། །
[edit]

@##/__/pad+ma tshe yi snying thig gi bskang ba 'chi med rnga sgra zhes bya ba bzhugs so/__/ rtsa gsum tshe lha'i dkyil 'khor la/__/yan lag mchog gis btud byas nas/__/bsod nams tshogs chen rdzogs pa'i phyir/__/dgyes bskang mchod pa'i sprin phung spro/__/phyi nang gsang ba'i mchod rdzas dang /__/rten skong sgrub pa'i rdzas rnams bkram/__/rmad byung thabs shes tshogs kyi rdzas/__/legs par bshams la bsang chus bran/__/nam mkha' mdzod kyi sngags rgyas brlabs/__/kun bzang mchod pa'i sprin phung ni/__/nam mkha' mdzod kyi 'khor lor spel/__/dkyil 'khor lha tshogs mnyes pa'i rdzas/__/rgya che rgyun mi chad par gyur/__/badz+ra s+phar Na khaM/__zhes mchod sprin mkha' khyab tu spel/__dbyangs snyan rol mo'i sgra dang bcas/__hU~M hrIHchos dbyings 'og min bde ba che/__/brdal khyab thig le'i klong yangs nas/__/sku dang zhing khams bsam las 'das/__/rig pa'i ye shes rgyan du shar/__/mtha' dbus spros pa las 'das pa'i/__/dkyil 'khor bsam yas lhun gyis grub/__/bde ldan pad+ma bkod pa'i zhing /__/lnga ldan 'ja' zer 'khrigs pa'i dbus/__/ston pa kun bzang 'od mi 'gyur/__/dga' rab shrI seng hU~M ka ra/__/bi ma pad 'byung man+d+ha ra/__/khri srong bai ro mtsho rgyal dang /__/gnubs chen nam snying la sogs pa/__/rig 'dzin grub thob rgya mtsho ni/__/dgongs brda snyan nas brgyud pa rnams/__/'dir gshegs mchod pa dam pa bzhes/__/byin rlabs dbang dang dngos grub stsol/__/hU~M hrIH'chi med rdo rje bkod pa yi/__/ngo mtshar sgyu ma'i gzhal yas khang /__/rgyan dang bkod pa phun sum tshogs/__/rab 'byams dkyil 'khor chen po yi/__/bcom ldan mgon po tshe dpag med/__/snang ba mtha' yas pad+ma'i rigs/__/me yum lha mo gos dkar mo/__/mi bskyod rin 'byung rnam snang dang /__/don grub tshe dpag med mgon rnams/__/sa chu spyan dang ma mA ki/__rlung dang nam mkha' sgrol ma dang /__/dbyings phyug yum dang snyoms par zhugs/__/sgeg mo phreng mdzes glu ma dang /__/gar ma mgyogs byed lha mo bzhi/__/sgo bzhir skyong mdzad ta krid dang /__/sgo ma chen mo rnam bzhi sogs/__/bde gshegs zhi ba tshe dpag med/__/rigs lnga sgyu 'phrul dra ba che/__/dkyil 'khor lha tshogs thams cad rnams/__/'dir gshegs mchod pa dam pa bzhes/__/byin rlabs dbang dang dngos grub stsol/__/hU~M hrIHpad+ma dbang gi dkyil 'khor ni/__/dbang gi pho brang zla gam che/__/pad+ma rA ga'i 'od zer 'bar/__/rin chen rgyan gyi bkod pa rdzogs/__/dpal chen pad+ma dbang gi rgyal/__/pad+ma gzi ldan yum dang sbyor/__/gar dgu'i nyams dang dur khrod kyi/__/rgyan gyis spras shing rngam brjid 'bar/__/rdo rje rin chen pad+ma dang /__/las rigs dbang gi khro chen bzhi/__/sgo srung pad+ma dbyings phyug ma/__/dbang gi zhing khams spyod mdzad pa'i/__/yi dam dkyil 'khor lha tshogs rnams/__/'dir gshegs mchod pa=byin rlabs dbang dang =hU~M hrIHsnang srid chos 'byung 'bar ba yi/__/rdo rje btsun mo'i pho brang che/__/dbyings phyug 'chi med man+d+ha ra/__/puN+Da ri ka'i do shal can/__/bcu drug gzhon nu'i lang tsho sgeg__/bde ba chen po'i 'byung gnas can/__/rgyal ba kun dang mnyam par sbyor/__/kA la sid+d+hi shAka de wi/__/bkra shis khyi'u 'dren bde chen rgyal/__/gnas gsum dpa' bo mkha' 'gro'i tshogs/__/til gong kha phye lta bu rnams/__/'dir gshegs=byin rlabs=hU~M hrIHdur khrod drag po 'bar ba dang /__/pad+ma dra bas khebs pa nas/__/rgyud gsum dam can rgya mtsho dang /__/'chi med nye dbang tsan+Ti ka/__sman btsun rdo rje g.yu sgron ma/__/bkra shis tshe ring mched lnga dang /__/rnam sras dzam lha nor rgyun sogs/__/nor lha gter bdag tshogs rnams kyang /__/'dir gshegs=/__byin rlabs=hU~M hrI:rtsa ba gsum gyi lha tshogs rnams/__/zhabs dang zhal ni bsil byas te/__/rang rang dgyes pa'i gdan la bzhugs/__/zhal skyems mchod yon 'thor 'thung dang /__/dri bzang byug pa sku la 'bul/__/na bza' rin chen rgyan gyis mchod/__hU~M hrI:thugs dam skong ba'i dam rdzas ni/__/phyi nang nyer spyod 'dod yon lnga/__/bkra shis rdzas rtags sna bdun dang /__/nye ba'i rin chen rnam pa bdun/__/dpag bsam ljon shing khrus kyi rdzing /__/'dod 'jo'i ba dang gter chen bum/__/ma rmos lo tog maN+Dal dang /__/gzhal med khang bzang la sogs pa/__/kun bzang mchod pa'i sprin phung gis/__/rtsa gsum tshe lha'i dkyil 'khor ba'i/__/thugs dam gnyan po dgyes par bskang /__/rdo rje'i rig ma bcu drug gi/__kun tu dga' ba'i nyams 'gyur brgyas/__/zag med rdo rje'i dbang po la/__/dgyes mgur spyod pa'i mchod sprin spro/__/pad can la sogs rig ma lngas/__/rdo rje pad+ma mnyam sbyor ba'i/__/zag bral dga' bzhi'i mchod pa dang /__/lhan skyes ye shes 'bar ba'i gzis/__/kun tu rtog pa thams cad zos/__/cir snang bde ba chen po'i rgyan/__/ye shes rnam pa thams cad pas/__/rtsa gsum tshe lha'i dkyil 'khor ba'i/__/thugs dam gnyan po=/__khams lnga dag pa'i sman phud dang /__/dug lnga bsgral ba'i dmar chen po/__/gnyis med zung 'jug gtor ma che/__/thabs shes tshogs kyi mchod pa bcas/__/rmad byung 'dod yon rnam lnga'i sprin/__/'dzad pa med pa'i rang bzhin che/__/kun bzang mchod pa'i sprin du 'bul/__/rtsa gsum tshe lha'i dkyil 'khor ba'i/__/thugs dam gnyan po dgyes par bskang /__/ma bcos rang byung rdo rje'i lus/__/'khor lo lnga yi grong khyer che/__/rtsa gsum tshe lha'i gsang ba'i rten/__/rtsa rlung thig le'i dwangs ma rnams/__/ye shes chen po'i bde drod 'bar/__/tshe lha yab yum dwangs ma'i dpyid/__/'bar dang 'dzag pa'i sbyor ba yis/__/gnyis snang chos kun bsregs shing grol/__/rdul bral mkha' ltar dag pa'i sku/__/ye shes chen po'i srog ldan pa/__/rang byung lhun grub phyag rgya che/__/dngos rig ye shes btsun mos 'khyud/__/srid pa gsum gyi grong khyer stongs/__/mchog tu mi 'gyur 'od gsal ba'i/__/'chi med rtag pa dam pa yi/__/rdo rje sems dpa'i lang tsho brnyes/__/brtan g.yo kun la khyab pa'i dpal/__/snang srid gdod nas rnam dag pa'i/__/ye shes chen po'i mchod sprin gyis/__/rtsa gsum tshe lha'i dkyil 'khor ba'i/__/thugs dam gnyan po dgyes par bskang /__/bskang bya skong byed bskang yul rnams/__/rang rig chen po'i ngo bor gcig__/bde ba chen po de kho na'i/__/bskang ba'i mchod pa bla na med/__/hU~M hrIHrtsa gsum tshe lha rab 'byams kyi/__/thugs dam dgyes par bskang ba ni/__/bdag cag rnal 'byor mched lcam rnams/__/tshe rabs 'khor ba thog med nas/__/bsags pa'i bcas dang rang bzhin gyi/__/sdig ltung dam tshig nyams pa kun/__/mi 'chab gnong 'gyod drag pos bshags/__/bshags so rtsa gsum lha la bshags/__/phyin chad mi bgyid dam bca' na/__/dag tshangs mchog gi dngos grub stsol/__/hU~M hrIHde ltar bskangs shing bshags pa'i byin rlabs kyis/__/rtsa gsum 'chi med rdo rje'i dkyil 'khor rnams/__/thugs rje mkhyen pa glog ltar myur ba yi/__/rjes su dgongs nas nad gdon 'jigs brgyad dang /__/khyad par dus min 'chi ba'i 'jigs pa rnams/__/myur du zhi zhing gzhom par mdzad du gsol/__/tshe bsod ye shes dpal 'byor nor bu'i sprin/__/'chi med man+d+ha ra ba'i phreng mdzes can/__/mkha' dbyings khyab par dkrigs las phan dang bde'i/__/gru char 'bebs pas rgyas par mdzad du gsol/__/brtan g.yo'i dngos kun khab len rdo bzhin du/__/rang dbang med par dbang du sdud pa yis/__/'khor 'das ro gcig mnyam pa nyid klong du/__/ye shes lcags kyus 'gugs par mdzad du gsol/__/byad phur rbod gtong rig sngags gnod pa sogs/__/mi dang mi min 'gal rkyen ci mchis pa/__/rta mchog rol pa'i rngam khro'i gzi byin mes/__/rtsa bur me bzhin brlag par mdzad du gsol/__/skye 'chi'i rtog pa ka nas dag pa'i mkhar/__/rig stong lhun grub rdo rje'i dkyil 'khor bkra/__/dbyings rig mnyam par sbyor ba'i rdzogs pa che/__/ye shes tshe dpag med pa'i mchog grub mdzod/__/de ltar bskangs bshags rim pa 'di/__/zab chos 'di yi snod ldan du/__/thog ma'i dbugs dbyung thob pa ni/__/pad+ma ye shes rdo rjes sbyar/__/dge bas gter chen nir ma ka'i/__/zhabs pad yun du brtan pa dang /__/bstan 'gro'i rgud pa kun zhi nas/__/rdzogs ldan gsar pa snang gyur cig__/sarba dA su shrI yo b+ha wa ta/__/mang+ga laM/__//__/

Footnotes

Other Information