JKW-KABUM-24-YA-009: Difference between revisions
From Khyentse Lineage - A Tsadra Foundation Project
No edit summary |
No edit summary |
||
Line 38: | Line 38: | ||
<h1 style="font-size: 24px !important;">Tibetan Text</h1> | <h1 style="font-size: 24px !important;">Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP| | {{TibP|༄༅། །ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཕྲིན་ལས་སྙིང་པོའི་རྣལ་འབྱོར་ལ། ཐོག་མར་གསོལ་འདེབས་ཆོས་སྐུ་ཀུན་བཟང་དང་། བརྒྱུད་པའི་གསོལ་འདེབས་སྔོན་དུ་འགྲོ་བས། གཞི་མ་དུལ་བ་ཡིན་ན་གཞི་བདག་ལ་དཀར་གཏོར་སྤྱི་ལྟར་བཏང་། རང་གི་སྙིང་གའི་ས་བོན་ལས་འོད་ཟེར་འཕྲོས་པས་བླ་མ་རིག་འཛིན་སྒྱུ་འཕྲུལ་དྲ་བ་ཆེན་པོའི་དཀྱིལ་འཁོར་གྱི་ལྷ་ཚོགས་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿ ཞེས་པས་སྐྱབས་ཡུལ་མཁའ་ཁྱབ་ཏུ་སད་པའི་སྤྱན་སྔར། ན་མོཿ བདག་དང་སོགས་ནས་བསྒྲུབ་པར་བགྱི། ལན་གསུམ་གྱིས་སྐྱབས་སེམས་བྱས་མཐར། ཛཿཧཱུྃ་བྃ་ཧོཿ སྐྱབས་ཡུལ་རྣམས་རང་ལ་ཐིམ། རང་ཉིད་སྐད་ཅིག་གིས་རྟ་མཆོག་ཧེ་རུ་ཀ་ཁྲོ་གཏུམ་བཟོད་པར་དཀའ་བ་གཟི་བརྗིད་བསྐལ་པའི་མེ་ལྟར་འབར་བར་གྱུར། བགེགས་གཏོར། ཨོཾ་ཧ་ཡ་གྲཱྀ་ཝ་ཧཱུྃ་ཕཊ་ཀྱིས་བསང་། ཨོཾ་སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། ལག་གཉིས་མཁའ་སྡིང་གི་རྒྱ་སྟོན་བཞིན་པར། ཨོཾ་ཨཱཿཧཱུྃ༔ ལན་གསུམ་གྱི་མཐར། ཧ་ཧོ་ཧྲཱིཿ ཞེས་པས་བྱིན་བརླབས་ལྕགས་ཀྱུའི་ཕྱག་རྒྱས། ཨོཾ་སརྦ་བྷཱུ་ཏ་ཨ་ཀཪྵ་ཡ་ཛཿ ཞེས་མགྲོན་དགུག །ཨོཾ་སརྦ་བིགྷྣཱན་ན་མཿསརྦ་སོགས་གྷྲི་ཧ་ན་དཾ་བཱ་ལྱཱ་དི་སྭཱ་ཧཱ། ལན་གསུམ་གྱིས་བསྔོས་ལ། ཧཱུྃ་ཧྲཱིཿ གཉིས་སྣང་འཁྲུལ་པའི་གདོན་བགེགས་འབྱུང་པོའི་ཚོགས༔ གཏོར་མ་འདི་ལོངས་རང་རང་གནས་སུ་དེངས༔ ཧཱུྃ་ཧཱུྃ་ཧཱུྃ༔ ཨོཾ་སུམྦྷ་ནི་སུམྦྷ་ཧཱུྃ༔ གྲྀ་ཧྞ་གྲྀ་ཧྞ་ཧཱུྃ༔ གྲྀ་ཧྞཱ་པ་ཡ་གྲྀ་ཧྞཱ་པ་ཡ་ཧཱུྃ༔ ཨཱ་ན་ཡ་ཧོ་བྷ་ག་ཝཱ་ན་བཱི་དྱ་རཱ་ཛ་ཡ་ཧཱུྃ་ཕཊ༔ ཅེས་དྲག་སྔགས་བཟླ་ཞིང་། གུ་གུལ་བདུག །རོལ་མོའི་ཚམ་རྔམས་བཅས་བགེགས་བསྐྲད། གཉིས་མེད་ཡེ་ཤེས་ལྷ་སྔགས་ཆོས་སྐུའི་ངང་༔ མཚམས་ཀྱི་དཀྱིལ་འཁོར་རང་བཞིན་ལྷུན་གྱིས་གྲུབ༔ བཛྲ་རཀྵ་རཀྵ་བྷྲཱུྃ༔ ཞེས་སྲུང་འཁོར་བརྟན་པར་བསྒོམ། དེ་ནས་ཨོཾ་ཨཱཿཧཱུྃ༔ སྐུ་གསུམ་བླ་མའི་སོགས་གཞུང་ལྟར་རོ། ། ༈ ཛཔ྄་བཟླས་སྐབས། བསྟོད་པའི་རྗེས་སུ་ཛཔ྄་ཁང་དབྱེ་བར་སྤྲོ་ན། བྷྲཱུྃ་བི་ཤྭ་བི་ཤུདྡྷེ་ཧྲཱིཿཧཱུྃ་ཕཊ་ཛཿ བདག་ཉིད་རྩ་བའི་དཀྱིལ་འཁོར་ལས༔ ཡེ་ཤེས་དཀྱིལ་འཁོར་གཉིས་པ་བྱེ༔ མདུན་གྱི་ནམ་མཁར་བཞུགས་པ་ཡི༔ གཉིས་ཀའི་ཐུགས་སྲོག་ཡི་གེའི་མཐར༔ སྔགས་ཕྲེང་སྒྲ་བཅས་འཁོར་བ་ལས༔ འོད་ཟེར་དཔག་ཡས་འཕྲོ་བར་གྱུར༔ ཅེས་ཛཔ྄་ཁང་དབྱེ། ཧཱུྃ་ཧྲཱིཿ སྙིང་པོ་བྱང་ཆུབ་སོགས་ཀྱི་ཛཔ྄་བསྐུལ། སྤྱི་བོའི་རིགས་བདག་སོགས་བཟླས་དམིགས་དང་བཅས་སྐུ་༣༠༠གསུམ་དང་། སྤྱི་དྲིལ་༡༠༠ ལས་༢༡ སྦྱོར་རྣམས་རིམ་པར་ཇེ་ཉུང་བཏང་པའི་བཟླས་པ་གྲངས་ཅི་རིགས་པའི་རྗེས། དབྱངས་གསལ་དང་རྟེན་སྙིང་ལན་གསུམ། ཨོཾ་ཨཱཿཧཱུྃ༔ ཕྱི་མཆོད་སོགས་ཀྱིས་མཆོད། ཧཱུྃ་ཧྲཱིཿ ངོ་བོ་འོད་གསལ་སོགས་ཀྱི་བསྟོད། བར་ཆད་ལམ་སེལ་གྱི་གསོལ་འདེབས་བྱ། ཡི་གེ་བརྒྱ་པ་ལན་གསུམ་གྱི་མཐར། ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ བཛྲ་ས་མ་ཡ་ཀཱ་ཡ་ཝ་ཀ་ཙིཏྟ་གུ་ཎ་ཀརྨ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ༔ ཨོཾ༔ ཤིན་ཏུ་རྣམ་པར་དག་པ་ཡི༔ ཡེ་ཤེས་རིག་རྩལ་འཆང་བའི་ལྷ༔ གདོད་ནས་རང་དང་ལྷན་ཅིག་སྐྱེས༔ རྡོ་རྗེ་བཞི་ཡི་དབྱིངས་སུ་རྫོགས༔ དམ་ཚིག་ཡེ་ཤེས་དབྱེར་མེད་པ༔ བྱང་ཆུབ་སེམས་སུ་རོ་གཅིག་པའི༔ དབང་བསྐུར་བྱིན་རླབས་རྨད་པོ་ཆེ༔ སྐུ་བཞིའི་ངོ་བོར་ལྷུན་གྱིས་གྲུབ༔ ཨོཾ་བཛྲ་ས་མ་ཡ་སྟྭཾ་ཧོ༔ ཀཱ་ཡ་ཝ་ཀ་ཙིཏྟ་ཛྙཱ་ན་བཛྲ་ཛཿཧཱུྃ་བྃ་ཧོཿ ཞེས་རིག་པའི་མེ་ཏོག་དོར་བས་བདག་ཉིད་འཇུག་ཅིང་དམ་ཡེ་དབྱེར་མེད་དུ་བྱ། དམ་ཅན་སྤྱི་གཏོར། བཀའ་སྲུང་ཚེ་རིང་མཆེད་ལྔ་དང་གཏེར་སྲུང་ཁྱུང་བཙུན་གཏོར་འབུལ་རྒྱས་བསྡུས་གང་རིགས། གཏེར་སྲུང་སྤྱི་གཏོར། གཞི་བདག་གཏོར་མ་རྣམས་རྒྱས་བསྡུས་གང་རིགས་ཀྱི་རྗེས་ཚོགས་ལ་འཇུག་གོ ། ༈ བསྡུ་བ་ཛཔ྄་ཁང་དབྱེ་བ་སོགས་མི་དགོས་པས། གཞུང་ལྟར་བཟླས་པའི་རྗེས་དབྱངས་གསལ་རྟེན་སྙིང་མཆོད་བསྟོད། བར་ཆད་ལམ་སེལ་གྱི་གསོལ་འདེབས། ཡིག་བརྒྱ་ལན་གསུམ། མཆོག་གླིང་མཛད་པའི་གཏོར་བསྔོས་བསྡུས་པ། རྃ་ཡྃ་ཁྃ། ཨོཾ་ཨཱཿཧཱུྃ། ཧཱུྃ། བླ་མ་ཡི་དམ་སོགས་དང་། ཐུགས་སྒྲུབ་བཀའ་གཏེར་སྲུང་མའི་གཏོར་བསྔོས་བསྡུས་པ། རྃ་ཡྃ་ཁྃ། ཨོཾ་ཨཱཿཧཱུྃ་ཧོཿ རང་གི་ཐུགས་ཀའི་སོགས་ནས། དངོས་གྲུབ་སྩོལ༔ བར་དེ་ནས་ཚོགས་ལ་འཇུག་གོ ། ༈ དེ་ནས་རྗེས་སུ་གཏོང་རག་གི་སླད་དུ། ཨོཾ་ཨཱཿཧཱུྃ༔ ཕྱི་མཆོད་སོགས་ཀྱིས་མཆོད། ཧཱུྃ་ཧྲཱིཿ ངོ་བོ་འོད་གསལ་སོགས་ཀྱིས་བསྟོད། ཧཱུྃ་ཧྲཱིཿ སྙིང་པོ་བྱང་ཆུབ་སོགས་ཀྱི་མཐར་ཐོད་ཕྲེང་རྩལ་གྱི་ཛཔ྄་དང་། ཀཱ་ཡ་ཝ་ཀ་ཙིཏྟ་ཛྙཱ་ན་ཀརྨ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཞེས་པས་དངོས་གྲུབ་བླང་། ཨོཾ། རིག་འཛིན་དཀྱིལ་འཁོར་ལྷ་ཚོགས་རྣམས༔ བདག་ལ་གསན་ཅིང་དགོངས་སུ་གསོལ༔ བདག་ཅག་མ་རིག་འཁྲུལ་པ་ཡིས༔ ཕྱག་རྒྱ་མ་གསལ་ཛཔ྄་བཟླས་གཡེལ༔ ཏིང་འཛིན་དགོངས་པའི་རྩལ་མ་རྫོགས༔ བྱིང་རྒོད་འཆལ་བར་གྱུར་པ་སོགས༔ ནོངས་པར་གྱུར་པ་ཅི་མཆིས་པ༔ སྙིང་ནས་འགྱོད་པས་མཐོལ་བཤགས་ན༔ སྒྲིབ་མེད་ཚངས་པའི་དངོས་གྲུབ་སྩོལ༔ ཡིག་བརྒྱ་ལན་གསུམ་གྱི་མཐར། ཨ་ཨ་ཨཿ ཞེས་བརྗོད་པས་ནོངས་པ་བཤགས། མདུན་བསྐྱེད་ཀྱི་རྟེན་ཡོད་ན། ཨོཾ། འདིར་ནི་རྟེན་དང་ལྷན་ཅིག་ཏུ། །འཁོར་བ་སྲིད་དུ་བཞུགས་ནས་ཀྱང་། །ནད་མེད་ཚེ་དང་དབང་ཕྱུག་དང་། །མཆོག་རྣམས་ལེགས་པར་སྩལ་དུ་གསོལ། །ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཅེས་བརྟན་བཞུགས་བྱ། བདག་ཉིད་དཀྱིལ་འཁོར་གྱི་འཁོར་ལོར་གསལ་བ། ཧཱུྃ་ཧཱུྃ་ཧཱུྃ་ཞེས་བརྗོད་པས། སྣང་ཆ་ལྷའི་འཁོར་ལོ་འོད་གསལ་གྱི་དབྱིངས་སུ་ཐིམ། ཕཊ་ཕཊ་ཕཊ། ཅེས་བརྗོད་པས། སླར་ཡང་རང་དང་སྣང་ཆ་ཐམས་ཅད་དཀྱིལ་འཁོར་གྱི་འཁོར་ལོའི་སྐུ་གསུང་ཐུགས་ཀྱི་ཡེ་ཤེས་རྣམ་པ་ཐམས་ཅད་པའི་རང་བཞིན་དུ་གྱུར་པར་བསམ་ལ། ཧོཿ རིག་འཛིན་བླ་མའི་སོགས་བསྔོ་སྨོན་ཤིས་བརྗོད་ཀྱིས་མཐའ་བརྒྱན་པས་དགེ་ལེགས་ཀྱི་སྣང་བ་མཆོག་ཏུ་རྒྱས་པར་བྱའོ། །ཞེས་པའང་མཉྫུ་གྷོ་ཥས་སོ། །དགེ་ལེགས་འཕེལ།། | ||
༄༅། །ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཕྲིན་ལས་སྙིང་པོའི་རྣལ་འབྱོར་ལ། ཐོག་མར་གསོལ་འདེབས་ཆོས་སྐུ་ཀུན་བཟང་དང་། བརྒྱུད་པའི་གསོལ་འདེབས་སྔོན་དུ་འགྲོ་བས། གཞི་མ་དུལ་བ་ཡིན་ན་གཞི་བདག་ལ་དཀར་གཏོར་སྤྱི་ལྟར་བཏང་། རང་གི་སྙིང་གའི་ས་བོན་ལས་འོད་ཟེར་འཕྲོས་པས་བླ་མ་རིག་འཛིན་སྒྱུ་འཕྲུལ་དྲ་བ་ཆེན་པོའི་དཀྱིལ་འཁོར་གྱི་ལྷ་ཚོགས་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿ ཞེས་པས་སྐྱབས་ཡུལ་མཁའ་ཁྱབ་ཏུ་སད་པའི་སྤྱན་སྔར། ན་མོཿ བདག་དང་སོགས་ནས་བསྒྲུབ་པར་བགྱི། ལན་གསུམ་གྱིས་སྐྱབས་སེམས་བྱས་མཐར། ཛཿཧཱུྃ་བྃ་ཧོཿ སྐྱབས་ཡུལ་རྣམས་རང་ལ་ཐིམ། རང་ཉིད་སྐད་ཅིག་གིས་རྟ་མཆོག་ཧེ་རུ་ཀ་ཁྲོ་གཏུམ་བཟོད་པར་དཀའ་བ་གཟི་བརྗིད་བསྐལ་པའི་མེ་ལྟར་འབར་བར་གྱུར། བགེགས་གཏོར། ཨོཾ་ཧ་ཡ་གྲཱྀ་ཝ་ཧཱུྃ་ཕཊ་ཀྱིས་བསང་། ཨོཾ་སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། ལག་གཉིས་མཁའ་སྡིང་གི་རྒྱ་སྟོན་བཞིན་པར། ཨོཾ་ཨཱཿཧཱུྃ༔ ལན་གསུམ་གྱི་མཐར། ཧ་ཧོ་ཧྲཱིཿ ཞེས་པས་བྱིན་བརླབས་ལྕགས་ཀྱུའི་ཕྱག་རྒྱས། ཨོཾ་སརྦ་བྷཱུ་ཏ་ཨ་ཀཪྵ་ཡ་ཛཿ ཞེས་མགྲོན་དགུག །ཨོཾ་སརྦ་བིགྷྣཱན་ན་མཿསརྦ་སོགས་གྷྲི་ཧ་ན་དཾ་བཱ་ལྱཱ་དི་སྭཱ་ཧཱ། ལན་གསུམ་གྱིས་བསྔོས་ལ། ཧཱུྃ་ཧྲཱིཿ གཉིས་སྣང་འཁྲུལ་པའི་གདོན་བགེགས་འབྱུང་པོའི་ཚོགས༔ གཏོར་མ་འདི་ལོངས་རང་རང་གནས་སུ་དེངས༔ ཧཱུྃ་ཧཱུྃ་ཧཱུྃ༔ ཨོཾ་སུམྦྷ་ནི་སུམྦྷ་ཧཱུྃ༔ གྲྀ་ཧྞ་གྲྀ་ཧྞ་ཧཱུྃ༔ གྲྀ་ཧྞཱ་པ་ཡ་གྲྀ་ཧྞཱ་པ་ཡ་ཧཱུྃ༔ ཨཱ་ན་ཡ་ཧོ་བྷ་ག་ཝཱ་ན་བཱི་དྱ་རཱ་ཛ་ཡ་ཧཱུྃ་ཕཊ༔ ཅེས་དྲག་སྔགས་བཟླ་ཞིང་། གུ་གུལ་བདུག །རོལ་མོའི་ཚམ་རྔམས་བཅས་བགེགས་བསྐྲད། གཉིས་མེད་ཡེ་ཤེས་ལྷ་སྔགས་ཆོས་སྐུའི་ངང་༔ མཚམས་ཀྱི་དཀྱིལ་འཁོར་རང་བཞིན་ལྷུན་གྱིས་གྲུབ༔ བཛྲ་རཀྵ་རཀྵ་བྷྲཱུྃ༔ ཞེས་སྲུང་འཁོར་བརྟན་པར་བསྒོམ། དེ་ནས་ཨོཾ་ཨཱཿཧཱུྃ༔ སྐུ་གསུམ་བླ་མའི་སོགས་གཞུང་ལྟར་རོ། ། ༈ ཛཔ྄་བཟླས་སྐབས། བསྟོད་པའི་རྗེས་སུ་ཛཔ྄་ཁང་དབྱེ་བར་སྤྲོ་ན། བྷྲཱུྃ་བི་ཤྭ་བི་ཤུདྡྷེ་ཧྲཱིཿཧཱུྃ་ཕཊ་ཛཿ བདག་ཉིད་རྩ་བའི་དཀྱིལ་འཁོར་ལས༔ ཡེ་ཤེས་དཀྱིལ་འཁོར་གཉིས་པ་བྱེ༔ མདུན་གྱི་ནམ་མཁར་བཞུགས་པ་ཡི༔ གཉིས་ཀའི་ཐུགས་སྲོག་ཡི་གེའི་མཐར༔ སྔགས་ཕྲེང་སྒྲ་བཅས་འཁོར་བ་ལས༔ འོད་ཟེར་དཔག་ཡས་འཕྲོ་བར་གྱུར༔ ཅེས་ཛཔ྄་ཁང་དབྱེ། ཧཱུྃ་ཧྲཱིཿ སྙིང་པོ་བྱང་ཆུབ་སོགས་ཀྱི་ཛཔ྄་བསྐུལ། སྤྱི་བོའི་རིགས་བདག་སོགས་བཟླས་དམིགས་དང་བཅས་སྐུ་༣༠༠གསུམ་དང་། སྤྱི་དྲིལ་༡༠༠ ལས་༢༡ སྦྱོར་རྣམས་རིམ་པར་ཇེ་ཉུང་བཏང་པའི་བཟླས་པ་གྲངས་ཅི་རིགས་པའི་རྗེས། དབྱངས་གསལ་དང་རྟེན་སྙིང་ལན་གསུམ། ཨོཾ་ཨཱཿཧཱུྃ༔ ཕྱི་མཆོད་སོགས་ཀྱིས་མཆོད། ཧཱུྃ་ཧྲཱིཿ ངོ་བོ་འོད་གསལ་སོགས་ཀྱི་བསྟོད། བར་ཆད་ལམ་སེལ་གྱི་གསོལ་འདེབས་བྱ། ཡི་གེ་བརྒྱ་པ་ལན་གསུམ་གྱི་མཐར། ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ བཛྲ་ས་མ་ཡ་ཀཱ་ཡ་ཝ་ཀ་ཙིཏྟ་གུ་ཎ་ཀརྨ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ༔ ཨོཾ༔ ཤིན་ཏུ་རྣམ་པར་དག་པ་ཡི༔ ཡེ་ཤེས་རིག་རྩལ་འཆང་བའི་ལྷ༔ གདོད་ནས་རང་དང་ལྷན་ཅིག་སྐྱེས༔ རྡོ་རྗེ་བཞི་ཡི་དབྱིངས་སུ་རྫོགས༔ དམ་ཚིག་ཡེ་ཤེས་དབྱེར་མེད་པ༔ བྱང་ཆུབ་སེམས་སུ་རོ་གཅིག་པའི༔ དབང་བསྐུར་བྱིན་རླབས་རྨད་པོ་ཆེ༔ སྐུ་བཞིའི་ངོ་བོར་ལྷུན་གྱིས་གྲུབ༔ ཨོཾ་བཛྲ་ས་མ་ཡ་སྟྭཾ་ཧོ༔ ཀཱ་ཡ་ཝ་ཀ་ཙིཏྟ་ཛྙཱ་ན་བཛྲ་ཛཿཧཱུྃ་བྃ་ཧོཿ ཞེས་རིག་པའི་མེ་ཏོག་དོར་བས་བདག་ཉིད་འཇུག་ཅིང་དམ་ཡེ་དབྱེར་མེད་དུ་བྱ། དམ་ཅན་སྤྱི་གཏོར། བཀའ་སྲུང་ཚེ་རིང་མཆེད་ལྔ་དང་གཏེར་སྲུང་ཁྱུང་བཙུན་གཏོར་འབུལ་རྒྱས་བསྡུས་གང་རིགས། གཏེར་སྲུང་སྤྱི་གཏོར། གཞི་བདག་གཏོར་མ་རྣམས་རྒྱས་བསྡུས་གང་རིགས་ཀྱི་རྗེས་ཚོགས་ལ་འཇུག་གོ ། ༈ བསྡུ་བ་ཛཔ྄་ཁང་དབྱེ་བ་སོགས་མི་དགོས་པས། གཞུང་ལྟར་བཟླས་པའི་རྗེས་དབྱངས་གསལ་རྟེན་སྙིང་མཆོད་བསྟོད། བར་ཆད་ལམ་སེལ་གྱི་གསོལ་འདེབས། ཡིག་བརྒྱ་ལན་གསུམ། མཆོག་གླིང་མཛད་པའི་གཏོར་བསྔོས་བསྡུས་པ། རྃ་ཡྃ་ཁྃ། ཨོཾ་ཨཱཿཧཱུྃ། ཧཱུྃ། བླ་མ་ཡི་དམ་སོགས་དང་། ཐུགས་སྒྲུབ་བཀའ་གཏེར་སྲུང་མའི་གཏོར་བསྔོས་བསྡུས་པ། རྃ་ཡྃ་ཁྃ། ཨོཾ་ཨཱཿཧཱུྃ་ཧོཿ རང་གི་ཐུགས་ཀའི་སོགས་ནས། དངོས་གྲུབ་སྩོལ༔ བར་དེ་ནས་ཚོགས་ལ་འཇུག་གོ ། ༈ དེ་ནས་རྗེས་སུ་གཏོང་རག་གི་སླད་དུ། ཨོཾ་ཨཱཿཧཱུྃ༔ ཕྱི་མཆོད་སོགས་ཀྱིས་མཆོད། ཧཱུྃ་ཧྲཱིཿ ངོ་བོ་འོད་གསལ་སོགས་ཀྱིས་བསྟོད། ཧཱུྃ་ཧྲཱིཿ སྙིང་པོ་བྱང་ཆུབ་སོགས་ཀྱི་མཐར་ཐོད་ཕྲེང་རྩལ་གྱི་ཛཔ྄་དང་། ཀཱ་ཡ་ཝ་ཀ་ཙིཏྟ་ཛྙཱ་ན་ཀརྨ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཞེས་པས་དངོས་གྲུབ་བླང་། ཨོཾ། རིག་འཛིན་དཀྱིལ་འཁོར་ལྷ་ཚོགས་རྣམས༔ བདག་ལ་གསན་ཅིང་དགོངས་སུ་གསོལ༔ བདག་ཅག་མ་རིག་འཁྲུལ་པ་ཡིས༔ ཕྱག་རྒྱ་མ་གསལ་ཛཔ྄་བཟླས་གཡེལ༔ ཏིང་འཛིན་དགོངས་པའི་རྩལ་མ་རྫོགས༔ བྱིང་རྒོད་འཆལ་བར་གྱུར་པ་སོགས༔ ནོངས་པར་གྱུར་པ་ཅི་མཆིས་པ༔ སྙིང་ནས་འགྱོད་པས་མཐོལ་བཤགས་ན༔ སྒྲིབ་མེད་ཚངས་པའི་དངོས་གྲུབ་སྩོལ༔ ཡིག་བརྒྱ་ལན་གསུམ་གྱི་མཐར། ཨ་ཨ་ཨཿ ཞེས་བརྗོད་པས་ནོངས་པ་བཤགས། མདུན་བསྐྱེད་ཀྱི་རྟེན་ཡོད་ན། ཨོཾ། འདིར་ནི་རྟེན་དང་ལྷན་ཅིག་ཏུ། །འཁོར་བ་སྲིད་དུ་བཞུགས་ནས་ཀྱང་། །ནད་མེད་ཚེ་དང་དབང་ཕྱུག་དང་། །མཆོག་རྣམས་ལེགས་པར་སྩལ་དུ་གསོལ། །ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཅེས་བརྟན་བཞུགས་བྱ། བདག་ཉིད་དཀྱིལ་འཁོར་གྱི་འཁོར་ལོར་གསལ་བ། ཧཱུྃ་ཧཱུྃ་ཧཱུྃ་ཞེས་བརྗོད་པས། སྣང་ཆ་ལྷའི་འཁོར་ལོ་འོད་གསལ་གྱི་དབྱིངས་སུ་ཐིམ། ཕཊ་ཕཊ་ཕཊ། ཅེས་བརྗོད་པས། སླར་ཡང་རང་དང་སྣང་ཆ་ཐམས་ཅད་དཀྱིལ་འཁོར་གྱི་འཁོར་ལོའི་སྐུ་གསུང་ཐུགས་ཀྱི་ཡེ་ཤེས་རྣམ་པ་ཐམས་ཅད་པའི་རང་བཞིན་དུ་གྱུར་པར་བསམ་ལ། ཧོཿ རིག་འཛིན་བླ་མའི་སོགས་བསྔོ་སྨོན་ཤིས་བརྗོད་ཀྱིས་མཐའ་བརྒྱན་པས་དགེ་ལེགས་ཀྱི་སྣང་བ་མཆོག་ཏུ་རྒྱས་པར་བྱའོ། །ཞེས་པའང་མཉྫུ་གྷོ་ཥས་སོ། །དགེ་ལེགས་འཕེལ།། | |||
}} | }} |
Revision as of 11:29, 17 May 2021
🚧 This website is under continued development. We appreciate your patience!
ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཕྲིན་ལས་སྙིང་པོའི་རྣལ་འབྱོར།
Wylie title | thugs sgrub bar chad kun sel gyi phrin las snying po'i rnal 'byor | |
---|---|---|
Location | mkhyen brtse'i bka' 'bum Volume 24, sde tshan 9, Pages 299-302 (Folios 1a1 to 2b6) | |
Author | འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ | |
Less details More details | ||
Tertön | མཆོག་གྱུར་གླིང་པ་ (mchog gyur gling pa) | |
Citation | 'jam dbyangs mkhyen brtse'i dbang po. thugs sgrub bar chad kun sel gyi phrin las snying po'i rnal 'byor. In 'jam dbyangs mkhyen brtse'i dbang po'i bka' 'bum, Vol. 24: 299-302. Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020. | |
Genre | Activity Manual - las byang | |
Cycle | བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་ (bla ma'i thugs sgrub bar chad kun sel) | |
Colophon |
།ཞེས་པའང་མཉྫུ་གྷོ་ཥས་སོ། །དགེ་ལེགས་འཕེལ།། | |
zhes pa'ang many+dzu g+ho Shas so/__/dge legs 'phel |
1 Texts in this Section (sde tshan or chos tshan)
299-302
|
ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཕྲིན་ལས་སྙིང་པོའི་རྣལ་འབྱོར། thugs sgrub bar chad kun sel gyi phrin las snying po'i rnal 'byor
|
Text page View PDF |
[[|འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ ()]] |