DKYD-KABUM-07-JA-054: Difference between revisions

From Khyentse Lineage - A Tsadra Foundation Project
DKYD-KABUM-07-JA-054
No edit summary
No edit summary
 
Line 2: Line 2:
|classification=Tibetan Publications
|classification=Tibetan Publications
|subclass=Tibetan Texts
|subclass=Tibetan Texts
|sectionheading=No
|fulltitletib=དགེ་བསྙེན་ཆེན་པོའི་གཏོར་འབུལཿ
|fulltitle=dge bsnyen chen po'i gtor 'bul
|collectiontitletib=མདོ་མཁྱེན་བརྩེ་བཀའ་འབུམ།
|collectiontitle=mdo mkhyen brtse bka' 'bum
|collectiontitle=mdo mkhyen brtse bka' 'bum
|collectiontitletib=མདོ་མཁྱེན་བརྩེ་བཀའ་འབུམ།
|totalvolumes=8
|author=Mdo mkhyen brtse
|author=Mdo mkhyen brtse
|authortib=མདོ་མཁྱེན་བརྩེ་
|authortib=མདོ་མཁྱེན་བརྩེ་
|sourcerevealer=Mdo mkhyen brtse
|sourcerevealer=Mdo mkhyen brtse
|sourcerevealertib=མདོ་མཁྱེན་བརྩེ་
|sourcerevealertib=མདོ་མཁྱེན་བརྩེ་
|tibgenre=Protector Rituals - gsol mchod
|tibgenre=Protector Rituals - gsol mchod, Torma-offering Rituals - gtor chog
|terma=Yes
|terma=Yes
|language=Tibetan
|language=Tibetan
Line 15: Line 17:
|volnumtib=ཇ
|volnumtib=ཇ
|volyigtib=༧
|volyigtib=༧
|volumeLetter=JA
|totalvolumes=8
|textnuminvol=054
|textnuminvol=054
|multivolumework=No
|colophontib=དགེ་བསྙེན་རྒྱུན་གསོལ་ཉུང་ངུ་འདིཿ དམ་ཅན་འཁོར་བའི་བླ་རྡོ་རུཿ ཁྲག་འཐུང་ལས་ཀྱི་དཔའ་བོ་ཡིསཿ ཌཱཀྐཱི་གསང་བའི་བརྡ་རིས་ལསཿ ཕབ་ཅིང་འོད་ཟེར་མཐའ་ཡས་བྲིསཿ གུ་ཧྱཿ ཁ་ཐཾཿ རྒྱ་རྒྱ་རྒྱཿ
|colophonwylie=dge bsnyen rgyun gsol nyung ngu 'di:_dam can 'khor ba'i bla rdo ru:_khrag 'thung las kyi dpa' bo yisa:_DAk+kI gsang ba'i brda ris las:_phab cing 'od zer mtha' yas bris:_gu h+ya:_kha thaM:_rgya rgya rgya:_
|pdflink=File:DKYD-KABUM-07-JA-054.pdf
|pdflink=File:DKYD-KABUM-07-JA-054.pdf
|volumeLetter=JA
|InitCategories=Khyentse Lineage Project; DKYD-KABUM-Volume-07-JA
|InitCategories=Khyentse Lineage Project; DKYD-KABUM-Volume-07-JA
}}
}}

Latest revision as of 14:01, 28 June 2024

Wylie title dge bsnyen chen po'i gtor 'bul
Location mdo mkhyen brtse bka' 'bum
Volume 7, Text 54, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation
Genre Protector Rituals - gsol mchod  ·  Torma-offering Rituals - gtor chog
Colophon

དགེ་བསྙེན་རྒྱུན་གསོལ་ཉུང་ངུ་འདིཿ དམ་ཅན་འཁོར་བའི་བླ་རྡོ་རུཿ ཁྲག་འཐུང་ལས་ཀྱི་དཔའ་བོ་ཡིསཿ ཌཱཀྐཱི་གསང་བའི་བརྡ་རིས་ལསཿ ཕབ་ཅིང་འོད་ཟེར་མཐའ་ཡས་བྲིསཿ གུ་ཧྱཿ ཁ་ཐཾཿ རྒྱ་རྒྱ་རྒྱཿ

dge bsnyen rgyun gsol nyung ngu 'di:_dam can 'khor ba'i bla rdo ru:_khrag 'thung las kyi dpa' bo yisa:_DAk+kI gsang ba'i brda ris las:_phab cing 'od zer mtha' yas bris:_gu h+ya:_kha thaM:_rgya rgya rgya:_

[edit]
༁ྃཿ དགེ་བསྙེན་ཆེན་པོའི་གཏོར་འབུལ་ནིཿ ཧེ་རུ་ཀ་ལ་གུས་པས་འདུདཿ དགེ་བསྙེན་ཆེན་པོའི་གཏོར་འབུལ་ནིཿ རཾ་ཡཾ་ཁཾཿ ཨོཾ་ཨཱཿཧཱུཾ་ཧ་ཧོ་ཧྲིཿས། བྱིན་གྱིས་བརླབས་ལ་འདི་སྐད་དོཿ ཀྱེཿ གཏེར་གྱི་སྲུང་མ་དམ་ཚིག་ཅནཿ ཞི་བ་དགེ་བསྙེན་གཞོན་ནུའི་ཚུལཿ ཞོན་པ་རྣམ་འགྱུར་ཅིར་ཡང་སྟོནཿ བཙུན་མོ་གཉིས་དང་རིགས་སྲས་ཟུང་ཿ ལས་མཁན་ཀླུ་བདུད་བཀའ་བློན་བརྒྱདཿ བཀའ་འཁོར་བྱེ་བ་འབུམ་སྡེའི་ཚོགསཿ དམ་ལ་འདུས་ཤིང་ད་ཚུར་བྱོནཿ ས་མ་ཡ་ཛཿ དགྱེས་པར་བཞུགས་ལ་དམ་ཚིག་དགོངསཿ ལྷ་ཡི་ཞལ་ཟས་རོ་བཅུད་ལྡནཿ དཀར་གསུམ་མངར་གསུམ་ཟས་སྣ་དང་ཿ རྒྱ་ཇ་འོ་ཞོ་མྱོས་པའི་ཆང་ཿ ཤ་ཁྲག་རུས་པ་ནང་རོལ་བཅསཿ དངོས་འབྱོར་ཡིད་སྤྲུལ་མཆོད་པའི་ཚོགསཿ གསོལ་ལོ་རོལ་ཅིག་དགྱེས་པར་མཛོདཿ དམ་གཙང་འཁོར་བཅས་ཐུགས་དམ་བསྐང་ཿ རྫུ་འཕྲུལ་གློག་ལྟར་མྱུར་བ་ཡིཿ ཀླུ་ཡི་དགེ་བསྙེན་ཆེན་པོར་བསྟོདཿ མ་བཅོལ་པར་ཡང་ཕྲིན་ལས་སྒྲུབསཿ མ་བསྐུལ་པར་ཡང་དགྲ་གསོད་པའིཿ སྲིད་གསུམ་རྗེ་བོར་མངའ་གསོལ་ལོཿ ཡང་གསང་ཐིག་ལེ་སྐོར་གསུམ་གྱིཿ བསྟན་པ་སྲུངས་ལ་དེར་འཛིན་སྐྱོངསཿ བདག་ཅག་དམ་གཙང་སྒྲུབ་པ་པོརཿ མི་འབྲལ་ལུས་དང་གྲིབ་བཞིན་འགྲོགསཿ འདོད་པའི་དོན་དང་བཅོལ་པའི་ལསཿ ཐོགས་པ་མེད་པར་མྱུར་འགྲུབ་མཛོདཿ དགེ་བསྙེན་རྒྱུན་གསོལ་ཉུང་ངུ་འདིཿ དམ་ཅན་འཁོར་བའི་བླ་རྡོ་རུཿ ཁྲག་འཐུང་ལས་ཀྱི་དཔའ་བོ་ཡིསཿ ཌཱཀྐཱི་གསང་བའི་བརྡ་རིས་ལསཿ ཕབ་ཅིང་འོད་ཟེར་མཐའ་ཡས་བྲིསཿ གུ་ཧྱཿ ཁ་ཐཾཿ རྒྱ་རྒྱ་རྒྱཿ