དགེ་བསྙེན་དྲག་པོའི་གཏོར་འབུལཿ

From Khyentse Lineage - A Tsadra Foundation Project
DKYD-KABUM-07-JA-053
Wylie title dge bsnyen drag po'i gtor 'bul
Location mdo mkhyen brtse bka' 'bum
Volume 7, Text 53, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation
Genre Protector Rituals - gsol mchod  ·  Torma-offering Rituals - gtor chog
[edit]
༁ྃཿ དགེ་བསྙེན་དྲག་པོའི་གཏོར་འབུལ་ནིཿ བྷྱོཿ ཁྲག་ཞག་རྒྱ་མཚོ་འཁྲུགས་ཀློང་ནསཿ གཏེར་གྱི་སྲུང་མ་དམ་ཚིག་ཅནཿ བསྙོ་ཁ་ནག་པོ་ཏི་པ་ཙཿ མི་ལུས་སྡིག་པའི་མགོ་བོ་ཅནཿ མུན་མདོག་སྤྲུལ་གྱི་མཇུག་མས་བརྒྱནཿ རལ་གྲི་དང་ནི་གཏེར་བུམ་འཛིནཿ རྟ་ནག་རླུང་གི་གཤོག་ལྡན་བཅི་བཿ བཙུན་མོ་སྲས་དང་སྤྲུལ་འཁོར་བཅསཿ གློག་ལྟར་མྱུར་བར་འདིར་གཤེགས་ལཿ བཞུགས་གསོལ་དམ་ཚིག་དྲན་པར་གྱིསཿ རི་ལྟར་བརྗིད་མཐོ་གཏོར་མ་དང་ཿ གསེར་སྐྱེམས་གཡུ་སྐྱེམས་འོ་ཕུད་ཁྲགཿ ཤ་ཁྲག་ཟས་སྣ་ལ་སོགས་པསཿ མཆོད་དོ་དགྱེས་པར་བཞེས་སུ་གསོལཿ འཁོར་བཅས་ཐུགས་དམ་གཉན་པོ་བསྐངཿ ཀོ་ལོང་རུ་ང་ཕྲ་དོག་དང་ཿ ཐུགས་འཁྲུགས་ལས་བགྱིས་བཟོད་པར་གསོལཿ དགྱེས་པའི་ཞལ་སྟོན་བརྩེ་བས་དགོངསཿ འཇིག་རྟེན་འདི་ན་དྲག་རྩལ་ཅནཿ གློག་ལྟར་ཕྲིན་ལས་རབ་མྱུར་བའིཿ དམུ་དང་ཀླུ་བདུད་བཤོས་པའི་སྲསཿ དམ་ཅན་ཁྱོད་ལ་བདག་བསྟོད་དོཿ ཡང་གསང་ཐིག་ལེ་སྐོར་གསུམ་གྱིཿ བསྟན་པ་སྲུང་ལ་དེར་འཛིན་སྐྱོངསཿ བླ་མའི་སྐུ་ཚེ་བརྟན་པ་དང་ཿ བསྟན་དང་བདག་ལ་གནོད་པའི་དགྲཿ ཟས་སྐལ་གཏད་དོ་མ་ཤོར་ཅིགཿ མངོན་སྤྱོད་ཕྲིན་ལས་མྱུར་འགྲུབ་མཛོདཿ