DKR-KABUM-18-TSHA-043: Difference between revisions
No edit summary |
No edit summary |
||
Line 2: | Line 2: | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|fulltitletib= | |sectionheading=No | ||
|fulltitle= | |fulltitletib=པདྨ་ཚེ་ཡི་སྙིང་ཐིག་ལས། །ནང་སྒྲུབ་ཀྱི་བདག་འཇུག་འཆི་མེད་ཡེ་ཤེས་བདུད་རྩིའི་བུམ་བཟང་། | ||
|citation=[[Khyentse, Dilgo]]. ''''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 18: . Delhi: Shechen Publications, 1994. | |fulltitle=pad+ma tshe yi snying thig las/ /nang sgrub kyi bdag 'jug 'chi med ye shes bdud rtsi'i bum bzang | ||
|citation=[[Khyentse, Dilgo]]. ''Pad+ma tshe yi snying thig las nang sgrub kyi bdag 'jug 'chi med ye shes bdud rtsi'i bum bzang''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 18: 300-312. Delhi: Shechen Publications, 1994. | |||
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | |collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | ||
|collectiontitle=dil mgo mkhyen brtse bka' 'bum | |collectiontitle=dil mgo mkhyen brtse bka' 'bum | ||
|author=Khyentse, Dilgo | |author=Khyentse, Dilgo | ||
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | ||
|sourcerevealer=Khyentse, Dilgo | |||
|sourcerevealertib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |sourcerevealertib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | ||
|tibgenre=Self-Initiation - bdag 'jug | |||
|tibgenre= | |||
|terma=Yes | |terma=Yes | ||
|dkroutline=Six | |dkroutline=Six | ||
|deity=tshe dpag med | |deity=tshe dpag med | ||
|cycle='chi med pad+ma tshe yi snying thig | |cycle='chi med pad+ma tshe yi snying thig | ||
|cycletib=འཆི་མེད་པདྨ་ཚེ་ཡི་སྙིང་ཐིག་ | |cycletib=འཆི་མེད་པདྨ་ཚེ་ཡི་སྙིང་ཐིག་ | ||
| | |language=Tibetan | ||
|volumenumber=018 | |volumenumber=018 | ||
|volnumtib=༡༨ | |volnumtib=༡༨ | ||
|volyigtib=ཚ་ | |volyigtib=ཚ་ | ||
|totalvolumes=25 | |totalvolumes=25 | ||
|textnuminvol=043 | |||
|pagenumbers=300-312 | |||
|totalpages=26 | |||
|beginfolioline=1a | |beginfolioline=1a | ||
|rectonotes= | |endfolioline=13b2 | ||
|totalfolios=13 | |||
|multivolumework=No | |||
|rectonotes=bdag 'jug | |||
|versonotes=pad+ma tshe yi snying thig | |versonotes=pad+ma tshe yi snying thig | ||
| | |colophontib=།ཅེས་རིག་འཛིན་གོང་མའི་ཕྱག་བཞེས་བཞིན་ཚུལ་འདི་ལའང་ལས་ཁྲིགས་འདི་ལྟར་སྦྱོར་ཞེས་སྙིགས་དུས་བསྟན་འགྲོའི་དཔལ་མགོན་ཞྭ་དེའུ་འཁྲུལ་ཞིག་མཆོག་སྤྲུལ་ངག་དབང་མདོ་སྔགས་བསྟན་འཛིན་རིན་པོ་ཆེས་གསུང་བསྐུལ་བཞིན་ལམ་འདིའི་བཀའ་བབ་པདྨ་མདོ་སྔགས་གླིང་པ་ཚེ་དབང་གྲུབ་པ་རྩལ་གྱིས་ལྷོ་འབྲུག་ཕུན་ཚོགས་ཆོས་གླིང་གི་དགོན་པར་ལྕགས་ཕག་རྒྱལ་ཟླའི་འཕེལ་ཕྱོགས་སུ་སྦྱར་བས་འགྲོ་ཀུན་ཚེ་དང་ཡེ་ཤེས་ཀྱི་དངོས་གྲུབ་འདོད་དགུའི་དཔལ་ལ་སྤྱོད་པའི་རྟེན་འབྱུང་དུ་གྱུར་ཅིག །སརྦ་མངྒ་ལཾ། དགེའོ།། | ||
|colophonwylie=/ces rig 'dzin gong ma'i phyag bzhes bzhin tshul 'di la'ang las khrigs 'di ltar sbyor zhes snyigs dus bstan 'gro'i dpal mgon zhwa de'u 'khrul zhig mchog sprul ngag dbang mdo sngags bstan 'dzin rin po ches gsung bskul bzhin lam 'di'i bka' bab pad+ma mdo sngags gling pa tshe dbang grub pa rtsal gyis lho 'brug phun tshogs chos gling gi dgon par lcags phag rgyal zla'i 'phel phyogs su sbyar bas 'gro kun tshe dang ye shes kyi dngos grub 'dod dgu'i dpal la spyod pa'i rten 'byung du gyur cig_/sarba mang+ga laM/_dge'o// | |||
|pdflink=File:DKR-KABUM-18-TSHA-043.pdf | |pdflink=File:DKR-KABUM-18-TSHA-043.pdf | ||
}} | }} | ||
Line 38: | Line 40: | ||
<onlyinclude> | <onlyinclude> | ||
{{TibP|༄༅། །པདྨ་ཚེ་ཡི་སྙིང་ཐིག་ལས། །ནང་སྒྲུབ་ཀྱི་བདག་འཇུག་འཆི་མེད་ཡེ་ཤེས་བདུད་རྩིའི་བུམ་བཟང་ཞེས་བྱ་བ་བཞུགས།། | {{TibP|༄༅། །པདྨ་ཚེ་ཡི་སྙིང་ཐིག་ལས། །ནང་སྒྲུབ་ཀྱི་བདག་འཇུག་འཆི་མེད་ཡེ་ཤེས་བདུད་རྩིའི་བུམ་བཟང་ཞེས་བྱ་བ་བཞུགས།། | ||
<br> | |||
༄༅། །ཨོཾ་སྭ་སྟི། བདེ་སྟོང་ཡེ་ཤེས་སྒྱུ་འཕྲུལ་གར། །ཚེ་དང་ཡེ་ཤེས་དངོས་གྲུབ་ཀྱི། །དཔལ་སྩོལ་དཀྱིལ་འཁོར་ལྷར་བཏུད་ནས། །དེ་རུ་འཇུག་པའི་ཆོ་ག་དབྱེ། །དབང་གིས་རྒྱུད་སྨིན་ཅིང་དམ་ཚིག་ལ་གནས་པའི་རྣལ་འབྱོར་པ་ལམ་དུས་ཀྱི་ཉམས་ཆག་སྐོང་ཞིང་ཡེ་ཤེས་སྤེལ་བའི་ཐབས་རྨད་དུ་བྱུང་བ་དང༌། །སྒྲུབ་མཆོད་སོགས་ཀྱི་སྐབས་ཉེར་མཁོ་བདག་ཉིད་དཀྱིལ་འཁོར་དུ་འཇུག་པའི་ལས་རིམ་ལ། ལས་བྱང་གི་གཞུང་བསྲང་ནས་བསྙེན་སྒྲུབ་ལས་གསུམ་གྱི་བཟླས་པའི་འཇུག་ཏུ་དབང་དོན་དུ་རྣམ་བུམ་བསང་སྦྱངས་དང༌། སྟོང་པའི་ངང་ལས་པད་ཟླའི་སྟེང༔ བྷྲཱུྃ་ལས་རིན་ཆེན་བུམ་པ་ཆེ༔ མཚན་ཉིད་རྫོགས་པའི་གཞལ་ཡས་ཁང༔ བདུད་རྩིའི་རྒྱ་མཚོ་ཡངས་པའི་དབུས༔ པདྨའི་སྡོང་བུ་འདབ་རྒྱས་སྟེང༔ ཧྲཱིཿལས་བཅོམ་ལྡན་ཚེ་དཔག་མེད༔ དམར་གསལ་མཚན་དཔེའི་གཟི་བྱིན་འབར༔ ལོངས་སྤྱོད་རྫོགས་པའི་རྒྱན་ཆས་མཛེས༔ ཞི་འཛུམ་གཞོན་ནུའི་ངང་ཚུལ་ཅན༔ རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས༔ ཕྱག་གཉིས་མཉམ་བཞག་ཕྱག་རྒྱའི་སྟེང༔ འཆི་མེད་ཚེ་ཡི་བུམ་པ་བསྣམས༔ པང་དུ་རང་འོད་གོས་དཀར་མོ༔ དམར་གསལ་གཞོན་ནུ་མ་ཡི་གཟུགས༔ གཅེར་བུ་རུས་པའི་ཕྱག་རྒྱ་ཅན༔ པད་ཕྲེང་ཚེ་ཡི་བུམ་པ་འཛིན༔ གཉིས་མེད་འཁྲིལ་སྦྱོར་བདེ་བས་དགྱེས༔ འོད་ཀྱི་ཕུང་པོ་འབར་བ་ལས༔ ཕོ་ཉ་མགྱོགས་མ་འཕྲོ་ཞིང་འདུ༔ ཕྱོགས་བཞིར་རིགས་བཞི་ཀུན་གཟིགས་དང༔ ཡོན་ཏན་ཡེ་ཤེས་མི་གཡོ་བའི༔ ཚེ་ལྷ་མགྱོགས་མ་སྒོ་མ་བཞི༔ མ་འདྲེས་ཡོངས་སུ་རྫོགས་པ་ལ༔ རིག་འཛིན་ཚེ་ཡི་ལྷ་ཚོགས་རྣམས༔ ཉི་ཟེར་རྡུལ་གྱི་ཕུང་པོ་བཞིན༔ བསམ་ཡས་བཀོད་པ་འཕྲོ་ཞིང་འདུ༔ གནས་གསུམ་ཨོཾ་ཨཱཿཧཱུྃ་གི་འབྲུས༔ སྐུ་གསུང་ཐུགས་ཀྱི་བྱིན་རླབས་བསྡུས༔ སྤྱི་བོར་གནས་ལྔར་ས་བོན་ལྔ༔ ཡོངས་གྱུར་རིགས་ལྔའི་ཆོ་འཕྲུལ་གྱི༔ བྱང་ཆུབ་སེམས་ཀྱི་བདུད་རྩི་ཡིས༔ དབང་བསྐུར་རིགས་ཀྱི་འཁོར་ལོས་སྒྱུར༔ སྣང་མཐའ་ཡས་པའི་རྒྱས་བཏབ་སྟེ༔ དཀྱིལ་འཁོར་ཆེན་པོར་རྫོགས་པར་གྱུར༔ བཛྲ་ཛྙཱ་ན་ཀཱ་ཡ་ཨོཾ། བཛྲ་ཛྙཱ་ན་ཝཱཀ་ཨཱཿ བཛྲ་ཛྙཱ་ན་ཙིཏྟ་ཧཱུྃ༔ ཧྲཱིཿཧཱུྃ་ཏྲཱྃ་ཨོྃ་ཨཱཿ ཨ་བྷི་ཥིཉྩ་མིཿ ཞེས་ཕྲིན་ལས་ལྟར་དམ་ཚིག་པ་བསྐྱེད། ཡེ་ཤེས་པ་སྤྱན་འདྲེན་བཞུགས་གསོལ་ཕྱག་མཆོད་བསྟོད་པའི་བར་ལས་བྱང་ལྟར་བཏང༌། རང་གི་ཐུགས་ནས་སྔགས་ཀྱི་ཕྲེང༔ རྡོ་རྗེའི་གཟུངས་ཐག་ལ་བརྒྱུད་དེ༔ བུམ་ལྷའི་ཐུགས་དམ་རྒྱུད་བསྐུལ་བས༔ བདེ་སྟོང་རོལ་པའི་འོད་ཟེར་སྤྲིན༔ མཁའ་ཁྱབ་ཀུན་ཏུ་སྣང་བ་ཡིས༔ འཕགས་མཆོད་འགྲོ་བའི་དོན་ཀུན་བསྒྲུབས༔ ཚུར་འདུས་ཐུགས་ཀྱི་དཔལ་བེར་འཁྱིལ༔ སྐུ་དང་སྔགས་ལས་བདུད་རྩིའི་རྒྱུན༔ དཔག་མེད་བྱུང་ནས་བུམ་པའི་བཅུད༔ དངོས་གྲུབ་ཀུན་གྱི་སྙིང་པོར་གྱུར༔ གཟུངས་ཐག་བླང་ལ་བསྙེན་སྒྲུབ་ལས་གསུམ་གྱི་སྔགས་ཅི་ནུས་བཟླ། ཨོཾ་ཨཱཿཧཱུྃ། ཞེས་དུང་ཞལ་གྱི་ཆུ་མཆོད་ཡོན་དུ་ཕུལ་བས། ལྷ་ཚོགས་བདེ་བ་ཆེན་པོའི་ངོ་བོར་འོད་དུ་ཞུ་བས་འཆི་མེད་ཚེ་དང་ཡེ་ཤེས་ཀྱི་དངོས་གྲུབ་སྟེར་བའི་རྡོ་རྗེ་བདུད་རྩིའི་ཆུ་རྒྱུན་དུ་གྱུར། ཅེས་མོས། ལས་ཀྱི་བུམ་པར་དམིགས་ཏེ། ལས་བུམ་ནང་དུ་པད་ཉིའི་སྟེང༔ པདྨ་རྟ་མགྲིན་སྐུ་མདོག་དམར༔ ཕྱག་གཉིས་པདྨ་དྲིལ་བུ་འཛིན༔ དུར་ཁྲོད་ཆས་རྫོགས་དོར་སྟབས་བཞུགས༔ སྐུ་ལས་རྡོ་རྗེ་བདུད་རྩིའི་རྒྱུན༔ བབས་པས་བུམ་པ་གང་བར་བསམ༔ ཨོཾ་ཧྲཱིཿཔདྨཱནྟ་ཀྲྀཏ་སརྦ་བིགྷྣཱན་ཧ་ན་ཧ་ན་ཧཱུྃ་ཕཊ༔ ཅེས་བརྒྱ་རྩ་བརྒྱད་བཟླ། དཔལ་ཁྲོ་བོའི་རྒྱལ་པོ་རྟ་མགྲིན་གྱིས་དབང་བསྐུར་གྱི་བྱ་བ་མ་གྲུབ་ཀྱི་བར་དུ་བར་གཅོད་ཀྱི་བགེགས་ཐམས་ཅད་བཟློག་པའི་ཕྲིན་ལས་མཛད་དུ་གསོལ། ཅེས་ལས་བཅོལ་ནས་བཞག །ཚེ་འགུགས་སོགས་ནས་ཚོགས་མཆོད་བསྒྲལ་སྟོབ་བར་དཀྱུས་ལྟར་བྱ། དེ་ནས་བདག་འཇུག་དངོས་ལ། ལས་བུམ་གྱི་ཆུས། ཇི་ལྟར་བལྟམས་པ་སོགས་ཀྱིས་ཁྲུས་བྱ། ཧཱུྃ་ཧཱུྃ་ཧཱུྃ་བི་ཤྭ་བཛྲ་ཀྲོ་དྷ་ཛྭ་ལ་མཎྜལ་ཕཊ་ཕཊ་ཕཊ། ཧ་ལ་ཧ་ལ་ཧ་ལ་ཧཱུྃ་གིས་གུ་གུལ་ཡུངས་ཀར་རོལ་མོའི་ཚམ་རྔམས་བཅས་བགེགས་བསྐྲད། ས་གཞི་སྤོས་ཆུས་བྱུགས་ཤིང་གིས་མཎྜལ་འབུལ། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་གཉིས་སུ་མེད་པ་ལ་དད་མོས་དྲག་པོས། གསུང་གི་རྡོ་རྗེ་གར་གྱི་དབང༔ པདྨ་སེམས་གཙོ་ཁྱོད་ལ་འདུད༔ ཡང་དག་ཐར་པའི་ལམ་འདོད་པས༔ བྱང་ཆུབ་རྡོ་རྗེས་བརྩེར་དགོངས་ཏེ༔ མགོན་པོ་དཀྱིལ་འཁོར་གཙོ་བོ་ཡིས༔ བདག་ཉིད་འཇུག་པར་བསྩལ་དུ་གསོལ༔ ལན་གསུམ་གྱིས་གསོལ་བ་གདབ། ན་མོ༔ བདག་ནི་དེང་ནས་བྱང་ཆུབ་བར༔ བླ་མ་དཀོན་མཆོག་རྣམ་གསུམ་ལ༔ མི་ཕྱེད་དད་དང་དྭངས་བའི་བློས༔ རྩེ་གཅིག་གུས་པས་སྐྱབས་སུ་མཆི༔ ཞེས་ལན་གསུམ་གྱིས་སྐྱབས་འགྲོ་དང༌། ཧོཿ ནམ་མཁའ་མཉམ་པའི་སེམས་ཅན་རྣམས༔ མ་རྟོགས་བདག་ཏུ་བཟུང་བའི་བློས༔ སྐྱེ་འཆི་མཚན་མའི་ཆོས་ལ་ཞེན༔ བསྒྲལ་ཕྱིར་སེམས་ཀྱིས་དམ་བཅའ་བཟུང༔ འགྲོ་ཀུན་བདག་གི་ཕ་མ་སྟེ༔ དེ་དག་བྱང་ཆུབ་འགོད་པའི་བློས༔ སྦྱིན་སོགས་ཕ་རོལ་ཕྱིན་པ་ཡི༔ རྒྱལ་སྲས་སྤྱོད་ལ་བསླབ་པར་བགྱི༔ ལན་གསུམ་གྱིས་སེམས་བསྐྱེད། ཧོཿ ཕྱོགས་དུས་རྒྱལ་བ་སྲས་བཅས་དང༔ ཚེ་དཔག་མེད་མགོན་ཞབས་པདྨོར༔ ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི༔ སྒོ་གསུམ་གུས་པས་ཕྱག་འཚལ་ལོ༔ ཕྱི་ནང་གསང་བ་བླ་མེད་པའི༔ ཀུན་བཟང་མཆོད་སྤྲིན་རྒྱ་མཚོས་མཆོད༔ སྡིག་སྒྲིབ་ཉེས་ལྟུང་མཐོལ་ཞིང་བཤགས༔ ཚོགས་གཉིས་སྤྱོད་ལ་རྗེས་ཡི་རང༔ ཆོས་ཀྱི་འཁོར་ལོ་བསྐོར་བཞིན་དུ༔ མྱ་ངན་མི་འདའ་བཞུགས་གསོལ་འདེབས༔ དགེ་ཚོགས་བྱང་ཆུབ་ཆེན་པོར་བསྔོ༔ གཞན་དོན་སངས་རྒྱས་མྱུར་འགྲུབ་ཤོག༔ ལན་གསུམ་གྱིས་ཚོགས་བསགས། ཨོཾཿ ཡེ་ཤེས་སྤྱན་ལྡན་རྣལ་འབྱོར་དབང༔ ཐུགས་རྗེས་དབང་བསྒྱུར་བཅོམ་ལྡན་འདས༔ སྲིད་གསུམ་འགྲོ་བའི་གཉེན་གཅིག་པུ༔ བདག་ལ་དགྱེས་པས་དགོངས་སུ་གསོལ༔ མཐའ་ཡས་སེམས་ཅན་མ་ལུས་པའི༔ དོན་དུ་ཡང་དག་ལམ་འདོད་པས༔ སོ་སོར་ཐར་དང་བྱང་ཆུབ་སེམས༔ རིག་འཛིན་ནང་གི་བསླབ་པ་ལ༔ སྤྱི་དང་ཁྱད་པར་ལྷག་པ་ཡི༔ རྩ་བ་སྐུ་གསུང་ཐུགས་མཆོག་དང༔ ཡན་ལག་དམ་ཚིག་ཉི་ཤུ་ལྔ༔ རང་བཞིན་ལྟ་བའི་དམ་ཚིག་ལས༔ ནམ་ཡང་འགལ་བར་མི་བགྱིད་ཅིང༔ ཡང་དག་ངེས་པའི་གསང་བ་ཡི༔ བླ་མེད་རྒྱལ་པོའི་དམ་ཚིག་གི༔ རིམ་པ་ཡལ་བར་མི་དོར་བའི༔ རྡོ་རྗེའི་དམ་བཅའ་གཉན་པོ་བཟུང༔ བཛྲ་ས་མ་ཡ་ཧོཿ ལན་གསུམ་གྱིས་སྡོམ་པ་བཟུང༌། ཨོཾ་ཙཀྵུཿབྷནྡྷ་བ་ར་མ་ཎཱ་སྭཱ་ཧཱས་མིག་དར་འཆིང༌། ཨཱ་ཁཾ་བཱི་ར་ཧཱུྃ་གིས་མེ་ཏོག་བླངས། ཧཱུྃ༔ འཐུངས་ཤིག་རྡོ་རྗེ་བདུད་རྩིའི་ཆུ༔ ལྕེ་ལ་བཞག་ཀྱང་སྙིང་དཀྱིལ་ཐིམ༔ མ་སྲུང་འདོད་པའི་དངོས་གྲུབ་ཉམས༔ སྲུང་ན་ཡེ་ཤེས་ཚེ་འདིར་རྙེད༔ ས་མ་ཡ་ཨ་མྲྀ་ཏ་ཨུ་ད་ཀ་ཧཱུྃ༔ ཞེས་དམ་ཆུ་མྱང༌། དེ་ནས། རྒྱུད་རྣམ་པར་དག་པ་ཡེ་ཤེས་ལྷའི་གཟི་བྱིན་དབབ་པའི་སླད་དུ་ཡབ་ཡུམ་སྙོམས་པར་ཞུགས་པའི་དགའ་བའི་སྒྲ་དང་བདེ་བའི་འོད་ཟེར་ནམ་མཁའི་ཁམས་གང་བ་དང་མོས་གུས་གདུང་ཤུགས་ཚད་མེད་པའི་རྡོ་རྗེའི་གླུ་ཡིས་ཐུགས་དམ་བསྐུལ་བས། ཕྱོགས་བཅུ་དུས་བཞིའི་རབ་འབྱམས་རྒྱལ་བ་སྲས་དང་བཅས་པ་རྣམས་དང༌། ཁྱད་པར་བཅོམ་ལྡན་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང་དངོས་གྲུབ་མ་ལུས་པ་སྐུ་ཕྱག་རྒྱ། གསུང་ཡིག་འབྲུ། ཐུགས་ཕྱག་མཚན་ཐིག་ལེ་འོད་ཟེར་གྱི་རྣམ་པ་དཔག་ཏུ་མེད་པ་ཆར་ཆེན་པོ་བབས་པ་བཞིན་བྱོན་ནས་རང་ལ་ཐིམ་པས་ཡེ་ཤེས་ཆེན་པོའི་བྱིན་རླབས་རྒྱུད་ལ་ཞུགས་པར་གྱུར་པར་མོས་ལ་འབེབས་པའི་རྫས་བསྲེགས། སྤྲོ་ན་དབྱངས་དང་རོལ་མོས་བསྐུལ་ལ་ལས་བྱང་གི་བྱིན་འབེབས་དང་སྔགས་མང་དུ་བརྗོད། བསྡུ་ན་བསྙེན་སྒྲུབ་ལས་གསུམ་གྱི་སྔགས་དང༌། ཨོཾ་བཛྲ་མ་ཧཱ་ཨཱ་ཡུར་མཎྜལ་ཛྙཱ་ན་ཨ་བེ་ཤ་ཡ་ཨ་ཨ༔ ཧྲཱིཾ་ཧྲཱིཾ་ཧྲཱིཾ༔ ཕེཾ་ཕེཾ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་བྱིན་དབབ། ཨོཾ་བཛྲ་ཛྙཱ་ན་ཏིཥྛ་བྷྲཱུྃ༔ ཞེས་སྤྱི་བོར་རྡོ་རྗེ་རྒྱ་གྲམ་དུ་བཞག་པས་བརྟན་པར་བྱས། ཨོཾ་རཏྣ་པུཥྤེ་པྲ་ཏཱིཙྪ་ཧོཿས་མེ་ཏོག་དོར་ཞིང༌། ཨོཾ་པྲ་ཏི་གྲྀ་ཧྞ་ཨི་མཾ་སཏྭ་མ་ཧཱ་བ་ལ་ཏིཥྛ་ཨོཾ་གྱིས་འཆིང༌། ཨོཾ་བཛྲ་ཛྙཱ་ན་ཙཀྵུཿཔྲ་བེ་ཤ་ཡ་ཕཊ་ཀྱིས་མིག་དར་བསལ། བཅོམ་ལྡན་འདས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་མངོན་སུམ་དུ་མཐོང་བར་གྱུར། དང་པོ་བུམ་དབང་ལ། བདག་མདུན་གྱི་ཐུགས་ཀ་ནས་འཕྲོས་པའི་འོད་ཟེར་གྱིས་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་གདན་གསུམ་ཚང་བའི་དཀྱིལ་འཁོར་པའི་རྣམ་པར་སྤྱན་དྲངས། བཛྲ་ས་མཱ་ཛཿ ཐུགས་ཀ་ནས་སྤྲོས་པའི་ལྷ་མོ་རྣམས་ཀྱིས་མཆོད་ཅིང་བསྟོད་པར་གྱུར། ཨོཾ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེས་འགྲེས་ཏེ། ཤབྡའི་བར་བརྗོད། ཕུང་ཁམས་དག་པ་གཤེགས་པ་གཤེགས་མའི་གདན༔ དབང་ཡུལ་དག་པ་སེམས་དཔའ་སེམས་མ་སྟེ༔ ལས་ཀྱི་བདག་པོ་ཁྲོ་བོ་ཁྲོ་མོའི་ཚོགས༔ གདན་གསུམ་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོད༔ གསོལ་གདབ་ནི། རྡོ་རྗེ་ཅན་གྱིས་སངས་རྒྱས་ལ༔ འགྲོ་བ་སྐྱོབ་པའི་ཆེད་དུ་དབང༔ ཡོན་ཏན་འབྱུང་གནས་ཇི་ལྟར་བསྩལ༔ དེ་ལྟར་འདི་ལའང་བསྩལ་དུ་གསོལ༔ ཅེས་གསོལ་བ་བཏབ་པས། དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་གི་དགོངས་པ་མཛད། གཤེགས་མ་རྣམས་ཀྱིས་དབང་བསྐུར། སེམས་དཔའ་རྣམས་ཀྱིས་བཀྲ་ཤིས་བརྗོད། སེམས་མ་རྣམས་ཀྱིས་རྡོ་རྗེའི་གླུ་གར་བསྒྱུར། ཁྲོ་བོ་ཁྲོ་མོ་རྣམས་ཀྱིས་བགེགས་བསྐྲད་ཅིང་དབང་གི་ཕྲིན་ལས་ལ་འཇུག་པར་གྱུར་པར་མོས་ལ། བཀྲ་ཤིས་གང་ཞིག་སེམས་ཅན་ཀུན་གྱི་སྙིང་ལ་གནས། །ཀུན་གྱི་བདག་ཉིད་རིགས་ཀུན་གྱི་ནི་བདག་པོ་མཆོག །མ་ལུས་སེམས་ཅན་སྐྱེད་མཛད་བདེ་བ་ཆེན་པོ་སྟེ། །དེས་ནི་དེང་ཁྱོད་དབང་བསྐུར་མཆོག་ལ་བཀྲ་ཤིས་ཤོག །ཅེས་མེ་ཏོག་འཐོར་བས་ཤིས་པ་བརྗོད། ནམ་མཁའ་གང་བའི་དབང་ལྷ་རྣམས་ཀྱིས་མི་བསྐྱོད་པའི་བདག་ཉིད་ཅན་བུམ་པའི་ཆུ་རྒྱུན་གྱི་དབང་བསྐུར་བར་གྱུར། རྣམ་བུམ་ཐོགས་ལ། ཧཱུྃཿ རྣམ་ཤེས་ཞེ་སྡང་དག་བྱའི་ཕྱིར༔ རྡོ་རྗེ་ཚེ་ལྷའི་ངོ་བོ་ཉིད༔ མི་བསྐྱོད་ཆུ་ཡིས་དབང་བསྐུར་བས༔ མེ་ལོང་ཡེ་ཤེས་མངོན་གྱུར་ཤོག༔ ཨོཾ་བཛྲ་ཨཀྵོ་བྷྱཿཨ་བྷི་ཥིཉྩ་ཧཱུྃ༔ དེ་ལྟར་བུམ་པའི་ཆུས་དབང་བསྐུར་བས་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་དབང་ཐོབ། ཉོན་མོངས་པ་ཞེ་སྡང་དག །རྣམ་པར་ཤེས་པའི་ཕུང་པོ་མེ་ལོང་ཡེ་ཤེས་སུ་གནས་གྱུར། ཐུགས་རྡོ་རྗེ་རིགས་ཀྱི་ལས་དང་དངོས་གྲུབ་སྒྲུབ་པ་ལ་དབང་བ་ཡིན་ནོ། །དབང་གི་ལྷ་རྣམས་ཀྱིས་རིན་ཆེན་འབྱུང་ལྡན་གྱི་བདག་ཉིད་ཅན་དབུ་རྒྱན་གྱི་དབང་བསྐུར་བར་གྱུར། དབུ་རྒྱན་བཅིང་ལ། ཏྲཱྃ༔ ཚོར་བ་ང་རྒྱལ་དག་བྱའི་ཕྱིར༔ རིན་ཆེན་ཚེ་ལྷའི་ངོ་བོ་ཉིད༔ ལོངས་སྤྱོད་དབུ་རྒྱན་དབང་བསྐུར་བས༔ མཉམ་ཉིད་ཡེ་ཤེས་མངོན་གྱུར་ཤོག༔ ཨོཾ་རཏྣ་སཾ་བྷ་ཝ་ཨ་བྷི་ཥིཉྩ་ཏྲཱྃ༔ དེ་ལྟར་དབུ་རྒྱན་གྱིས་དབང་བསྐུར་བས་སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་གྱི་དབང་ཐོབ། ཉོན་མོངས་པ་ང་རྒྱལ་དག །ཚོར་བའི་ཕུང་པོ་མཉམ་ཉིད་ཡེ་ཤེས་སུ་གནས་གྱུར། ཡོན་ཏན་རིན་ཆེན་རིགས་ཀྱི་ལས་དང་དངོས་གྲུབ་སྒྲུབ་པ་ལ་དབང་བ་ཡིན་ནོ། །དབང་གི་ལྷ་རྣམས་ཀྱིས་སྣང་བ་མཐའ་ཡས་ཀྱི་བདག་ཉིད་ཅན་རྡོ་རྗེའི་དབང་བསྐུར་བར་གྱུར། རྡོ་རྗེ་ལག་གཡས་པས་འཕྱར་ལ། ཧྲཱིཿ འདུ་ཤེས་འདོད་ཆགས་དག་བྱའི་ཕྱིར༔ པདྨ་ཚེ་ལྷའི་ངོ་བོ་ཉིད༔ ཐབས་ཀྱི་རྡོ་རྗེས་དབང་བསྐུར་བས༔ སོར་རྟོག་ཡེ་ཤེས་མངོན་གྱུར་ཤོག༔ ཨོཾ་པདྨ་ཨ་མི་ཏ་བྷ་ཨ་བྷི་ཥིཉྩ་ཧྲཱིཿ ཞེས་བརྗོད་ལ་ཐུགས་ཀར་གཏོད། དེ་ལྟར་རྡོ་རྗེས་དབང་བསྐུར་བས་སངས་རྒྱས་ཐམས་ཅད་ཀྱི་གསུང་གི་དབང་ཐོབ། ཉོན་མོངས་པ་འདོད་ཆགས་དག །འདུ་ཤེས་ཀྱི་ཕུང་པོ་སོ་སོར་རྟོག་པའི་ཡེ་ཤེས་སུ་གནས་གྱུར། གསུང་པདྨའི་རིགས་ཀྱི་ལས་དང་དངོས་གྲུབ་སྒྲུབ་པ་ལ་དབང་བ་ཡིན་ནོ། །དབང་གི་ལྷ་རྣམས་ཀྱིས་དོན་ཡོད་གྲུབ་པའི་བདག་ཉིད་ཅན་དྲིལ་བུའི་དབང་བསྐུར་བར་གྱུར། དྲིལ་བུ་ལག་གཡོན་པས་དཀྲོལ་ཞིང་དཀུར་བསྟེན་ལ། ཨཿ འདུ་བྱེད་ཕྲག་དོག་དག་བྱའི་ཕྱིར༔ ལས་ཀྱི་ཚེ་ལྷའི་ངོ་བོ་ཉིད༔ ཤེས་རབ་དྲིལ་བུས་དབང་བསྐུར་བས༔ བྱ་གྲུབ་ཡེ་ཤེས་མངོན་གྱུར་ཤོག༔ ཨོཾ་ཀརྨ་ཨཱ་མོ་གྷ་ཨ་བྷི་ཥིཉྩ་ཨཱ༔ དེ་ལྟར་དྲིལ་བུས་དབང་བསྐུར་བས་སངས་རྒྱས་ཐམས་ཅད་ཀྱི་ཕྲིན་ལས་ཀྱི་དབང་ཐོབ། ཉོན་མོངས་པ་ཕྲག་དོག་དག །འདུ་བྱེད་ཀྱི་ཕུང་པོ་བྱ་གྲུབ་ཡེ་ཤེས་སུ་གནས་གྱུར། ཕྲིན་ལས་རིགས་ཀྱི་ལས་དང་དངོས་གྲུབ་སྒྲུབ་པ་ལ་དབང་བ་ཡིན་ནོ། །དབང་གི་ལྷ་རྣམས་ཀྱིས་རྣམ་པར་སྣང་མཛད་ཀྱི་བདག་ཉིད་ཅན་མིང་གི་དབང་བསྐུར་བར་གྱུར། རྡོར་དྲིལ་བསྣོལ་མར་སྤྱི་བོར་བཟུང་ལ། ཨོཾ༔ གཟུགས་ཕུང་གཏི་མུག་དག་བྱའི་ཕྱིར༔ བདེ་གཤེགས་ཚེ་ལྷའི་ངོ་བོ་ཉིད༔ རྡོ་རྗེ་མིང་གིས་དབང་བསྐུར་བས༔ ཆོས་དབྱིངས་ཡེ་ཤེས་མངོན་གྱུར་ཤོག༔ ཨོཾ་བུདྡྷ་བཻ་རོ་ཙཱ་ན་ཨ་བྷི་ཥིཉྩ་ཨོཾ༔ དེ་ལྟར་མིང་གིས་དབང་བསྐུར་བས་སངས་རྒྱས་ཐམས་ཅད་ཀྱི་སྐུ་ཡི་དབང་ཐོབ། ཉོན་མོངས་པ་གཏི་མུག་དག །གཟུགས་ཀྱི་ཕུང་པོ་ཆོས་དབྱིངས་ཡེ་ཤེས་སུ་གནས་གྱུར། སྐུ་བདེ་གཤེགས་རིགས་ཀྱི་ལས་དང་དངོས་གྲུབ་སྒྲུབ་པ་ལ་དབང་བ་ཡིན་ནོ། །བདག་ཉིད་དཀྱིལ་འཁོར་གྱི་དབུས་སུ་སེང་ཁྲི་པད་ཟླའི་སྟེང་དུ་འཁོར་ལོའི་དབང་ཕྱུག་བཅོམ་ལྡན་འདས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ཡུམ་དང་བཅས་པའི་སྐུར་གྱུར་པའི་སྟེང་དུ་གདུགས་ཕུབ་ཅིང་མཆོད་པའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་ལ་གཙོ་བོ་ཡབ་ཡུམ་གྱི་ངོ་བོ་རྡོ་རྗེ་དང་དྲིལ་བུ་སྐུ་གསུང་ཐུགས་ཀྱི་དམ་ཚིག་གསུམ་མཚོན་པའི་ཕྱིར་གཏད་པར་མོས་ཤིག །ཧཱུྃ༔ ཐོག་མཐའ་མེད་པའི་བྱང་ཆུབ་སེམས༔ དོན་གྱི་རྡོ་རྗེ་རབ་བཟུང་ནས༔ དཀྱིལ་འཁོར་ཀུན་གྱི་འོད་གསལ་ཐུགས༔ ཤིན་ཏུ་རྣམ་པར་རྟོགས་པར་གྱིས༔ ཨོཾ་མ་ཧཱ་བཛྲ་ཛྙཱ་ན་ཧཱུྃ༔ རྡོ་རྗེ་ལག་གཡས་ཀྱིས་ཐུགས་ཀར་བཟུང༌། ཨཱཿ སྲིད་པའི་རླུང་བཅུ་རྣམ་དག་པ༔ གྲགས་སྟོང་ངེས་དོན་དྲིལ་བུའི་སྒྲ༔ མི་ཤིགས་ནཱ་དའི་གསུང་དབྱངས་ཀྱིས༔ འགྲོ་བ་ཐམས་ཅད་སད་པར་གྱིས༔ ཨོཾ་བཛྲ་གནྜེ་ཛྙཱ་ན་ཨཱཿ དྲིལ་བུ་ལག་གཡོན་གྱིས་དཀྲོལ་ཏེ་དཀུར་བསྟེན། ཧཱུྃ༔ ཕུང་ཁམས་སྐྱེ་མཆེད་གདོད་མ་ནས༔ སྣང་རིག་ཟུང་འཇུག་སྒྱུ་མའི་ཚུལ༔ བདེ་སྟོང་ཡེ་ཤེས་ཕྱག་རྒྱའི་སྐུས༔ ཁ་སྦྱོར་བདེ་བའི་ཏིང་འཛིན་སྒྲུབ༔ ཨོཾ་མ་ཧཱ་མུ་དྲ་ཛྙཱ་ན་ཨཱཏྨ་ཀོ྅་ཧཾ། ལག་འཁྱུད་རྒྱས་རྡོར་དྲིལ་ཐུགས་ཀར་བསྣོལ། དབང་ཐམས་ཅད་ཀྱི་ནུས་པ་སྐྱེས་བརྟན་གོང་འཕེལ་གྱི་ཕྱིར་ནམ་མཁའ་གང་བའི་དབང་ལྷ་རྣམས་ཀྱིས་དཀྱིལ་འཁོར་ཡོངས་རྫོགས་ཀྱི་ངོ་བོ་རྣམ་རྒྱལ་བུམ་པའི་དབང་བསྐུར་བར་གྱུར། ཧོ༔ རིན་ཆེན་བུམ་པ་བཅུད་དང་ལྡན༔ འཆི་མེད་ཚེ་ཡི་ལྷ་ཚོགས་བཞུགས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ ཡེ་ཤེས་བདུད་རྩིས་རྒྱུད་སྨིན་ཤོག༔ ཀ་ལ་ཤ་ཛྙཱ་ན་ཨ་བྷི་ཥིཉྩ་ཨོཾ༔ དེ་ལྟར་དབང་བསྐུར་བའི་ཆུ་རྒྱུན་གྱིས་ལུས་ཀྱི་ནང་གང་སྒྲིབ་པ་བཞིའི་ས་བོན་བག་ཆགས་དང་བཅས་པ་དག །ཆུའི་ལྷག་མ་གྱེན་དུ་འཁྱིལ་བ་ལས་རྡོ་རྗེ་སེམས་དཔས་དབུར་བརྒྱན། ནམ་མཁར་བཞུགས་པའི་དབང་གི་ལྷ་རྣམས་ཀྱང་ཐིམ་པར་གྱུར། རྟེན་སྙིང་དང༌། སུ་པྲ་ཏིཥྛ་བརྗོད། ཨོཾ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱི་ཙྪ་སྭཱ་ཧཱ། དེ་བཞིན་དུ་པདྱཾ་ནས། ཤབྡའི་བར་ཕྱག་རྒྱ་དང་བཅས་པས་མཆོད། དེའི་རྗེས་འབྲེལ་སྐུ་གསུང་ཐུགས་དབང་ལས། སྐུ་ཕྱག་རྒྱའི་དབང་ནི། མདུན་བསྐྱེད་ལྷ་ཚོགས་གཙོ་འཁོར་རྣམས་ལས་ཡེ་ཤེས་ཀྱི་སྐུ་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་བྱོན་ནས་རང་ལ་ཐིམ་པས་ཡེ་ཤེས་ཀྱི་ཕྱག་རྒྱ་དང་གཉིས་མེད་དུ་གྱུར་པར་མོས་ལ་གཡས་རྡོ་རྗེ་བཟུང་བ་སོ་སོའི་མཐར་མགོར་འཇོག་ཅིང༌། སློབ་དཔོན་གྱིས་ཙཀླིའི་དབང་བསྐུར་བ་བྱ་སྟེ། ཧྲཱིཿ གསུང་གི་རྡོ་རྗེ་བཅོམ་ལྡན་འདས༔ ཚེ་མཐའ་ཡས་པས་དབང་བསྐུར་བས༔ འཆི་མེད་རྟག་པ་རྡོ་རྗེའི་སྐུར༔ འགྲུབ་པའི་སྐལ་བ་ལྡན་པར་ཤོག༔ ཨོཾ་ཛྙཱ་ན་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ། ཐུགས་ཀྱི་རྡོ་རྗེ་བཅོམ་ལྡན་འདས། །མི་བསྐྱོད་རྡོ་རྗེའི་དབང་བསྐུར་བས། །རྣམ་ཤེས་རྣམ་དག་འགྱུར་བ་མེད། །མེ་ལོང་ཡེ་ཤེས་ཚེ་ཐོབ་ཤོག །ཨོཾ་བཛྲ་ཨཀྵོ་བྷྱཿཨ་བྷི་ཥིཉྩ་ཨོཾ། ཏྲཱྃ། ཡོན་ཏན་རྡོ་རྗེ་བཅོམ་ལྡན་འདས། །རིན་ཆེན་འབྱུང་ལྡན་དབང་བསྐུར་བས། །ཚོར་བ་རྣམ་དག་ལྷུན་གྱིས་གྲུབ། །མཉམ་ཉིད་ཡེ་ཤེས་ཚེ་ཐོབ་ཤོག །ཨོཾ་རཏྣ་སཾ་བྷ་ཝ་ཨ་བྷི་ཥིཉྩ་ཨོཾ། ཨོཾ། སྐུ་ཡི་རྡོ་རྗེ་བཅོམ་ལྡན་འདས། །རྣམ་པར་སྣང་མཛད་དབང་བསྐུར་བས། །གཟུགས་ཕུང་རྣམ་དག་སྐྱེ་འཆི་བྲལ། །ཆོས་དབྱིངས་ཡེ་ཤེས་ཚེ་ཐོབ་ཤོག །ཨོཾ་བཻ་རོ་ཙཱ་ན་ཨ་བྷི་ཥིཉྩ་ཨོཾ། ཨཱཿ ཕྲིན་ལས་རྡོ་རྗེ་བཅོམ་ལྡན་འདས། །དོན་ཡོད་གྲུབ་པས་དབང་བསྐུར་བས། །འདུ་བྱེད་རྣམ་དག་གཡོ་རྩོལ་བྲལ། །བྱ་གྲུབ་ཡེ་ཤེས་ཚེ་ཐོབ་ཤོག །ཨོཾ་ཨ་མོ་གྷ་སིདྡྷི་ཨ་བྷི་ཥིཉྩ་ཨོཾ། ཧྲཱིཿ དགའ་བའི་རང་བཞིན་ཡེ་ཤེས་དབྱིངས། །རྡོ་རྗེ་སྒེག་མོ་ཚེ་ཡི་ལྷས། །རིགས་ཀྱི་བུ་ལ་དབང་བསྐུར་བས། །ཆུ་ཁམས་མཱ་ཀིའི་དབྱིངས་གྲོལ་ཤོག །ཨོཾ་བཛྲ་ལཱ་སྱཧཱུྃ་ཨ་བྷི་ཥིཉྩ་ཧཱུྃ། ཧྲཱིཿ མཆོག་ཏུ་དགའ་བའི་ཡེ་ཤེས་དབྱིངས། །རྡོ་རྗེ་ཕྲེང་བ་ཚེ་ཡི་ལྷས། །རིགས་ཀྱི་བུ་ལ་དབང་བསྐུར་བས། །ས་ཁམས་སྤྱན་མའི་དབྱིངས་གྲོལ་ཤོག །ཨོཾ་བཛྲ་མཱ་ལྱ་ཧཱུྃ་ཨ་བྷི་ཥིཉྩ་ཧཱུྃ། ཧྲཱིཿ ཁྱད་པར་དགའ་བའི་ཡེ་ཤེས་དབྱིངས། །རྡོ་རྗེ་གླུ་མ་ཚེ་ཡི་ལྷས། །རིགས་ཀྱི་བུ་ལ་དབང་བསྐུར་བས། །མེ་ཁམས་གོས་དཀར་དབྱིངས་གྲོལ་ཤོག །ཨོཾ་བཛྲ་གཱིརྟི་ཧཱུྃ་ཨ་བྷི་ཥིཉྩ་ཧཱུྃ། ཧྲཱིཿ ལྷན་སྐྱེས་དགའ་བའི་ཡེ་ཤེས་དབྱིངས། །རྡོ་རྗེ་གར་མ་ཚེ་ཡི་ལྷས། །རིགས་ཀྱི་བུ་ལ་དབང་བསྐུར་བས། །རླུང་ཁམས་སྒྲོལ་མའི་དབྱིངས་གྲོལ་ཤོག །ཨོཾ་བཛྲ་ནཱིརྟི་ཧཱུྃ་ཨ་བྷི་ཥིཉྩ་ཧཱུྃ། ཧྲཱི༔ བྱམས་པ་ཆེན་པོའི་ཡེ་ཤེས་དབྱིངས། །རྡོ་རྗེའི་མགྱོགས་མ་ཚེ་ཡི་ལྷས། །སྐལ་ལྡན་བུ་ལ་དབང་བསྐུར་བས། །ཚེ་མཆོག་འགུགས་པའི་དབང་ཐོབ་ཤོག །ཨོཾ་བཛྲ་ཨཾ་ཀུ་ཤ་ཛཿཨ་བྷི་ཥིཉྩ་ཧཱུྃ། ཧྲཱི༔ སྙིང་རྗེ་ཆེན་པོའི་ཡེ་ཤེས་དབྱིངས༔ རིན་ཆེན་མགྱོགས་མ་ཚེ་ཡི་ལྷས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ འཕོ་མེད་སྡོམ་པའི་དབང་ཐོབ་ཤོག༔ ཨོཾ་རཏྣ་པཱ་ཤ་ཧཱུྃ་ཨ་བྷི་ཥིཉྩ་ཧཱུྃ། ཧྲཱི༔ དགའ་བ་ཆེན་པོའི་ཡེ་ཤེས་དབྱིངས༔ པདྨའི་མགྱོགས་མ་ཚེ་ཡི་ལྷས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ མི་ཕྱེད་མཉམ་པའི་དབང་ཐོབ་ཤོག༔ ཨོཾ་པདྨ་སྥོ་ཊ་བཾ་ཨ་བྷི་ཥིཉྩ་ཧཱུྃ། ཧྲཱི༔ བཏང་སྙོམས་ཆེན་པོའི་ཡེ་ཤེས་དབྱིངས༔ ལས་ཀྱི་མགྱོགས་མ་ཚེ་ཡི་ལྷས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ བཏང་སྙོམས་ཆེན་པོའི་དབང་ཐོབ་ཤོག༔ ཨོཾ་ཀརྨ་གཎྜེ་ཧོཿཨ་བྷི་ཥིཉྩ་ཧཱུྃ། ཛཿ སྦྱིན་པའི་ཕྲིན་ལས་ཆེན་པོའི་གཟུགས། །རྡོ་རྗེ་སྒོ་མ་ལྕགས་ཀྱུ་མས། །རིགས་ཀྱི་བུ་ལ་དབང་བསྐུར་བས། །ཞི་བའི་ཕྲིན་ལས་མཐར་ཕྱིན་ཤོག །ཨོཾ་ཤཱནྟིཾ་ཀུ་རུ་ཧཱུྃ་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། སྙན་པར་སྨྲ་བའི་ཕྲིན་ལས་གཟུགས། །རྡོ་རྗེ་སྒོ་མ་ཞགས་པ་མས། །རིགས་ཀྱི་བུ་ལ་དབང་བསྐུར་བས། །རྒྱས་པའི་ཕྲིན་ལས་མཐར་ཕྱིན་ཤོག །བྷྲཱུྃ་པུཥྚིཾ་ཀུ་རུ་ཧཱུྃ་ཨ་བྷི་ཥིཉྩ་ཧཱུྃ། བྃ། དོན་སྤྱོད་ཕྲིན་ལས་མཐར་ཕྱིན་གཟུགས། །རྡོ་རྗེ་སྒོ་མ་ལྕགས་སྒྲོག་མས། །རིགས་ཀྱི་བུ་ལ་དབང་བསྐུར་བས། །དབང་གི་ཕྲིན་ལས་མཐར་ཕྱིན་ཤོག །ཧྲཱིཿཝ་ཤཾ་ཀུ་རུ་ཧཱུྃ་ཨ་བྷི་ཥིཉྩ་ཧཱུྃ། ཧོཿ དོན་མཐུན་ཕྲིན་ལས་མཐར་ཕྱིན་གཟུགས། །རྡོ་རྗེ་སྒོ་མ་དྲིལ་བུ་མས། །རིགས་ཀྱི་བུ་ལ་དབང་བསྐུར་བས། །དྲག་པོའི་ཕྲིན་ལས་མཐར་ཕྱིན་ཤོག །ཧཱུྃ་མཱ་ར་ཡ་ཕཊ་ཨ་བྷི་ཥིཉྩ་ཧཱུྃ། དེ་ལྟར་ལྷ་སྐུ་ཕྱག་རྒྱའི་དབང་བསྐུར་བས། དེང་ནས་བཟུང་སྟེ་རང་ལུས་སྣང་སྟོང་ལྷའི་སྐུ་བསྒོམ་པ་དང་མ་བྲལ་བས་སྣང་བ་ཐམས་ཅད་ལ་ལྷ་སྐུ་ཕྱག་རྒྱའི་གཟེར་གྱིས་ཐེབས་པར་གྱུར་པར་མོས། གསུང་བཟླས་ལུང་གི་དབང་ནི། བདག་མདུན་གྱི་ཐུགས་ཀར་སྣ་ཚོགས་རྡོ་རྗེའི་ལྟེ་བར་ཉི་ཟླའི་གྭའུའི་དབུས་སུ་ཧྲཱིཿཡིག་དམར་གསལ་སྔགས་ཕྲེང་གིས་བསྐོར་བ་གསལ་ལ། བླ་མ་དང་དབྱེར་མེད་པའི་ལྷ་ལ་མོས་གུས་བྱས་པའི་རྐྱེན་གྱིས་སྔགས་ཕྲེང་ལས་སྔགས་ཕྲེང་གཉིས་པ་བྱུང་ཞལ་ནས་ཐོན། རང་གི་ཞལ་དུ་ཞུགས་ནས་ཐུགས་ཀའི་ཧྲཱིཿཡིག་གི་མཐར་འཁོད། བཟླས་པའི་རྐྱེན་གྱིས་འོད་ཟེར་སྤྲོ་བསྡུས་དོན་གཉིས་སྒྲུབ། སྣོད་བཅུད་ཐམས་ཅད་ལྷ་སྔགས་ཡེ་ཤེས་ཀྱི་རོལ་པར་ཤར། མཆོག་ཐུན་གྱི་ལས་རབ་འབྱམས་ཐོགས་མེད་དུ་འགྲུབ་པར་གྱུར་པར་བསམ་ལ། ཨོཾ་ཨ་མཱ་ར་ཎི་སོགས་བསྙེན་སྒྲུབ་ལས་གསུམ་གྱི་སྔགས་ལན་གསུམ་རེ་བཟླ། སྔགས་ཕྲེང་མགྲིན་པར་བཞག་ལ། ཨཱ༔ ཡེ་ཤེས་རྣམ་པ་ཐམས་ཅད་པ༔ རྡོ་རྗེ་རིག་པའི་སྔགས་སུ་ཤར༔ སྐལ་ལྡན་ངག་ལ་དབང་བསྐུར་བས༔ འཆི་མེད་རྡོ་རྗེའི་སྐལ་ལྡན་ཤོག༔ བིདྱ་མནྟྲ་ཨ་བྷི་ཥིཉྩ་ཨ༔ དེ་ལྟར་གསུང་སྔགས་ཀྱི་དབང་བསྐུར་བས་དེང་ཕྱིན་ཆད་གྲགས་སྟོང་སྔགས་ཀྱི་བཟླས་པ་ཆུ་བོའི་རྒྱུན་བཞིན་དུ་བརྩོན་ནས་བརྟན་གཡོའི་སྒྲ་སྐད་ཐམས་ཅད་ལ་རྡོ་རྗེའི་སྔགས་ཀྱི་གཟེར་གྱིས་ཐེབས་པར་གྱུར་པར་མོས་པའོ། །ཐུགས་བརྡ་ཐབས་ཀྱི་དབང་ནི། མེ་ལོང་དྭངས་པའི་ངོས་སུ་གཟུགས་བརྙན་སྣ་ཚོགས་སུ་སྣང་ཡང་རང་བཞིན་མ་གྲུབ་པའི་དཔེས་མཚོན་ནས། རང་སེམས་སྟོང་པའི་རང་རྩལ་ལས་གཟུང་འཛིན་འཁྲུལ་པའི་སྣང་བ་སྣ་ཚོགས་སུ་ཤར་ཡང་གདོད་མ་ནས་སྐྱེ་འགག་གནས་གསུམ་དང་བྲལ་བའི་དོན་ཤེས་པར་གྱིས་ལ་སྣང་རིག་ཟུང་འཇུག་རང་བྱུང་འོད་གསལ་ཆེན་པོའི་ངང་དུ་མཉམ་པར་བཞག་ལ་མེ་ལོང་གཏད་དེ། ཨ༔ སེམས་ནི་དུས་གསུམ་སྐྱེ་བ་མེད༔ ཡང་དག་ཡེ་ཤེས་སྙིང་པོའི་སྲོག༔ རྟག་ཏུ་ཆོས་ཀྱི་དབྱིངས་སུ་བཞུགས༔ རང་ལ་གནས་པའི་དེ་ཉིད་ལྟོས༔ ཨ་ཨ་ཨཿ དེ་ལྟར་ཐུགས་ཡེ་ཤེས་ཀྱི་དགོངས་པ་ངོ་སྤྲད་པས་དེང་ནས་བཟུང་སྟེ་རིག་སྟོང་ཡེ་ཤེས་ཆེན་པོའི་ངང་ལ་རྟག་ཏུ་མཉམ་པར་བཞག་པ་ལས་མ་གཡོས་པས་རྟོག་ཚོགས་ཐམས་ཅད་ལ་དགོངས་པ་མི་འགྱུར་བའི་གཟེར་དང་འཕྲོ་འདུ་ཏིང་ངེ་འཛིན་གྱི་གཟེར་གྱིས་ཐེབས་པར་གྱུར་པར་མོས་པའོ། །དེ་རྣམས་ཀྱི་ཕྱི་མཚན་མའི་དཀྱིལ་འཁོར་དུ་བུམ་པའི་དབང་ཐོབ། ལུས་རྩའི་དྲི་མ་སྦྱངས། བསྐྱེད་རིམ་ལྷའི་འཁོར་ལོ་བསྒོམ་པ་ལ་དབང༌། འབྲས་བུ་སྐུ་རྡོ་རྗེ་སྤྲུལ་པའི་སྐུ་ཐོབ་པའི་ས་བོན་རྒྱུད་ལ་བཞག་གོ །གསང་དབང་ལ། བླ་མ་ཚེ་བདག་ཡབ་ཡུམ་སྒོམས༔ གནས་ལྔར་རིགས་ལྔའི་སྟངས་དཔྱལ་ཏེ༔ གཉིས་མེད་རོལ་པའི་འོད་དང་སྒྲས༔ སངས་རྒྱས་ཐམས་ཅད་སྙོམས་པར་ཞུགས༔ བྱང་ཆུབ་སེམས་ཀྱི་བདུད་རྩིའི་ཆར༔ བབས་པ་བདག་པོའི་ལུས་ལ་ཞུགས༔ ཆགས་པའི་མེ་ཡིས་བཞུས་པ་ཡི། །བྱང་ཆུབ་སེམས་ཀྱི་བདུད་རྩིར་འདྲེས༔ མཁའ་གསང་ལྷག་པའི་སེམས་ཀྱི་སྤྲིན༔ ཐོད་པའི་བདུད་རྩིར་གཉིས་མེད་གྱུར༔ བྱང་སེམས་ལྕེ་ལ་བྱིན་པར་མོས། །ཨཱཿ མཚན་ལྡན་པདྨ་བྷཉྫའི་སྣོད༔ ལྷག་པའི་སེམས་ཀྱི་བདུད་རྩི་བསྐྱིལ༔ བུ་ཡི་རྡོ་རྗེའི་ལྕེ་ལ་བཞག༔ གཉིས་སུ་མེད་པར་རོལ་ཏེ་བླང༔ བོ་དྷི་ཙིཏྟ་ཨ་ལ་ལ་ཧོ༔ ཞེས་བདུད་རྩི་མྱང་ལ། དེ་ལྟར་མྱངས་པས་བྱང་སེམས་ཀྱིས་རྩ་ཁམས་ཐམས་ཅད་ལ་ཁྱབ། གསལ་སྟོང་རྣམ་པར་མི་རྟོག་པའི་ཡེ་ཤེས་རྒྱུད་ལ་སྐྱེས་པར་གྱུར་པར་མོས། །དེས་ནང་ལུས་ཀྱི་དཀྱིལ་འཁོར་དུ་གསང་བའི་དབང་ཐོབ། ངག་རླུང་གི་དྲི་མ་སྦྱངས། རང་བྱིན་བརླབ་པའི་རྣལ་འབྱོར་བསྒོམ་པ་ལ་དབང༌། འབྲས་བུ་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་པའི་སྐུ་འགྲུབ་པའི་ས་བོན་རྒྱུད་ལ་བཞག་པའོ། །ཤེར་དབང་ནི། གཟུགས་དང་ལང་ཚོའི་མཛེས་སྡུག་ཕུལ་དུ་བྱུང་ཞིང་མཚན་ཉིད་མཆོག་དང་ལྡན་པའི་རིག་མ་ཚེ་ཡི་ཡུམ་མཆོག་ཙཎྜ་ལིའི་ངོ་བོ་ཕྱག་གཡོན་དུ་བྱིན་པས་འདི་སྐད་གསུང་བར་མོས་ལ། ཕྱག་རྒྱའི་གཟུགས་བརྙན་བཟུང་སྟེ། དགའ་བའི་གནས་སྦྱིན་པདྨ་ཅན༔ སྣ་ཚོགས་གཟུགས་ཅན་ལྷན་ཅིག་སྐྱེས༔ གཉིས་མེད་རོལ་པའི་བློ་གྲོས་ཅན༔ སྤྲོ་དགས་རོལ་ལ་མཆོད་པར་གྱིས༔ པདྨ་བྷཉྫ་མོཀྵ་ཧོཿ དེ་ལྟར་ཕྱག་རྒྱ་དང་འདུ་ཤེས་གསུམ་གྱིས་སྙོམས་པར་ཞུགས་པས་རྒྱུ་འབྲས་ཀྱི་དགའ་བཞི་ལུགས་འབྱུང་ལྡོག་གིས་ཉམས་སུ་མྱོང་བར་མོས། དེས་གསང་བ་བྷ་གའི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཐིག་ལེའི་དྲི་མ་དག །གཞན་ལུས་ཕོ་ཉའི་ལམ་བསྒོམ་པ་ལ་དབང༌། འབྲས་བུ་ཐུགས་རྡོ་རྗེ་ཆོས་ཀྱི་སྐུ་ཐོབ་པའི་སྐལ་བ་རྒྱུད་ལ་བཞག་པའོ། །དབང་བཞི་པ་ནི། སྔར་དཔེ་ལས་སྐྱེས་པའི་ཡེ་ཤེས་དྲན་པར་བྱས་ཏེ་དེའི་རང་ངོ་ལ་མཉམ་པར་འཇོག་པ་དང༌། རྡོ་རྗེ་སེམས་དཔའི་མེ་ལོང་གི་དཔེས་མཚོན་ཏེ་སེམས་དང་ཆོས་རྣམས་ཀྱི་དབྱིངས་གདོད་ནས་དག་ཅིང་དབྱེར་མེད་སྟོང་པ་ཤེལ་ལྟ་བུ་ལས། རིག་པའི་ཡེ་ཤེས་གསལ་སྣང་འགག་མེད་དུ་འཇའ་ཚོན་ལྟར་ཤར་བ་གཉིས་ཀའང་ཡེ་ནས་ཟུང་འཇུག་འདུས་མ་བྱས་པ་གཞི་གྲོལ་ཀུན་ཏུ་བཟང་པོའི་ཀློང་ཆེན་པོའི་ངང་དུ་མཉམ་པར་བཞག་ལ། ཤེལ་རྡོ་དང་མེ་ལོང་བསྟན། ཧྲཱིཿ འཆི་མེད་གཉུག་མ་དོན་གྱི་ཚེ༔ རིག་པ་འོད་གསལ་བྱང་ཆུབ་སེམས༔ ཡེ་ནས་ལྷུན་གྲུབ་ཆོས་ཀྱི་དབྱིངས༔ རང་ལ་གནས་ཤིང་བྲི་གང་བྲལ༔ ཨ་ཨ་ཨ་དྷརྨ་དྷཱ་ཏུ་ཨ༔ དེ་ལྟར་དབང་བཞི་པ་ཐོབ། བག་ཆགས་ཀྱི་དྲི་མ་སྦྱངས་ཤིང་དག །ལམ་སྒྲུབ་པ་ཆེན་པོ་དབྱིངས་རིག་ཟུང་འཇུག་བསྒོམ་པ་ལ་དབང༌། འབྲས་བུ་ངོ་བོ་ཉིད་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པའོ། །མཐའ་རྟེན་རྡོ་རྗེ་ཚེ་ཡི་དངོས་གྲུབ་ཀྱི་དབང་ཞུ་བའི་སླད་དུ་ཐོག་མར་ཚེ་འགུགས་ཤིང་བཅུད་བསྡུ་བ་ལ། བདག་མདུན་ལྷ་ཚོགས་སོགས་ཚེ་འགུགས་ལས་བྱང་ལྟར་གྱེར་ལ། དེ་ནས་ཚེ་འབྲང་སྤྱི་བོར་བཞག་སྟེ། ཚེ་འབྲང་ཟླ་གམ་དབང་གི་ཕོ་བྲང་དུ་འཆི་མེད་པདྨ་ཚེ་ཡི་ལྷ་ཚོགས་བཞུགས་པ་སྤྱི་བོར་བཞག་སྟེ་དབང་བསྐུར་བས་རྡོ་རྗེའི་ཕུང་ཁམས་ཐམས་ཅད་མི་ཤིགས་འཆི་མེད་ཚེ་ཡི་ལྷ་ཚོགས་རྣམས་ཀྱི་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་གསང་བ་གསུམ་དང་གཉིས་སུ་མེད་པར་བྱིན་གྱིས་བརླབ་པར་མོས་ཤིག །ཧྲཱིཿཧྲཱིཿཧྲཱིཿ འོད་སྣང་མཐའ་ཡས་བཅོམ་ལྡན་ཚེ་དཔག་མེད༔ འཆི་མེད་རྔ་སྒྲ་གསུང་གི་རྡོ་རྗེའི་ལྷ༔ གར་གྱི་དབང་ཕྱུག་པདྨའི་དཀྱིལ་འཁོར་གཙོ༔ འཆི་མེད་མགྱོགས་མ་ལྷ་མོའི་ཚོགས་བཅས་ཀྱིས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ སྐྱེ་འཆི་མེད་པ་ཚེ་ཡི་དབང་ཐོབ་ནས༔ འཆི་བདག་ལ་སོགས་བདུད་བཞི་ལས་རྒྱལ་ཏེ༔ དངོས་གྲུབ་མཆོག་གི་སྐལ་བ་ལྡན་པར་ཤོག༔ ཨོཾ་ཛྙཱ་ན་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱ༔ ཞེས་ཚེ་འབྲང་སྤྱི་བོར་བཞག །ཕྱི་ནང་འབྱུང་ལྔའི་དྭངས་མ་ཡེ་ཤེས་ལྔ་ཡི་བདུད་རྩིའི་ཉིང་ཁུར་ཞུ་བ་རྡོ་རྗེ་ཚེ་ཡི་དངོས་གྲུབ་ཀྱི་བཅུད་ལེན་དུ་གྱུར་པར་བསམ། ཧྲཱིཿ འབྱུང་ལྔའི་དྭངས་མ་སྙིང་པོའི་ཚེ༔ ཡེ་ཤེས་བདུད་རྩི་བཅུད་དུ་བསྐྱིལ༔ སྐལ་ལྡན་བུ་ལ་བྱིན་པ་ཡིས༔ འཆི་མེད་མཆོག་གི་གནས་ཐོབ་ཤོག༔ ཨ་མྲྀ་ཏ་ཨ་བྷི་ཥིཉྩ་ཧོ༔ ཞེས་ཚེའི་བདུད་རྩི་མྱང༌། བདེ་སྟོང་བཅུད་ཀྱི་ཐིག་ལེ་རིལ་བུའི་གཟུགས་སུ་ཤར་བ་རྡོ་རྗེ་ལྕེའི་ལམ་བརྒྱུད་སྙིང་དབུས་མི་ཤིགས་པའི་ཚེ་རྟེན་ཡེ་ཤེས་སེམས་དཔའི་ཚུལ་དུ་བཞུགས་པས་སྐྱེ་འཆི་འཕོ་འཇིག་དང་བྲལ་བའི་རྡོ་རྗེའི་ཡེ་ཤེས་ཀྱི་ཚེ་ལ་དབང་ཐོབ་པར་བསམ། ཧྲཱིཿ ཡེ་ཤེས་སེམས་དཔའ་ཚེ་ཡི་ལྷ༔ སྙིང་གི་དཀྱིལ་དུ་གཉིས་མེད་བཞུགས༔ དངོས་གྲུབ་བརྡ་ཡི་རིལ་བུ་འདིས༔ དོན་གྱི་གནས་ལུགས་རྟོགས་པར་ཤོག༔ ར་ས་ཡ་ན་ཨ་བྷི་ཥིཉྩ་ཧོ༔ ཞེས་ཚེ་རིལ་ལོངས་སྤྱད། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱིས་བྱིན་རླབས་གྲུབ་པའི་རྫས་ཀྱི་དབང་བསྐུར་ཞིང་མྱངས་པས་བླ་ཚེ་སྲོག་དབུགས་ཉམས་པ་ཐམས་ཅད་གསོས། རྩ་རླུང་ཐིག་ལེ་དྭངས་མའི་སྟོབས་ནུས་རྒྱས། སྙིང་པོའི་ཡང་བཅུད་ཐམས་ཅད་རིག་སྟོང་གཉུག་མའི་ཡེ་ཤེས་དང་གཉིས་སུ་མེད་པར་རྒྱས་བཏབ་པས་རྡོ་རྗེའི་ཚེ་དང་ཡེ་ཤེས་མཆོག་གི་སྐལ་བ་ལ་དབང་ཐོབ་པར་བསམ། ཨ༔ རྣམ་ཀུན་མཆོག་ལྡན་དབྱིངས་ཀྱི་ཀློང༔ ཡེ་ཤེས་ཆེན་པོའི་རྒྱས་བཏབ་པས༔ རྟག་ཏུ་འཕོ་འགྱུར་མེད་པ་ཡི༔ ཐིག་ལེ་གཅིག་ཏུ་གནས་པར་ཤོག༔ དྷརྨ་དྷཱ་ཏུ་ཨ༔ ཞེས་དང་རྟེན་འབྲེལ་སྙིང་པོ་བརྗོད། ཚེ་མདའ་སྤྱི་བོར་རྒྱ་གྲམ་དུ་བཀོད། ཨོཾ༔ འགྲུབ་པར་གྱུར་ཅིག་རྡོ་རྗེའི་ཡེ་ཤེས་ཚེ༔ མི་འགྱུར་མི་ཤིགས་མཁའ་ལྟར་ཀུན་ལ་ཁྱབ༔ ཡོན་ཏན་དཔག་ཡས་ཕྲིན་ལས་བསམ་མི་ཁྱབ༔ པདྨ་ཚེ་དཔག་མེད་མགོན་མྱུར་འགྲུབ་ཤོག༔ ཅེས་བདེན་ཚིག་སྨོན་ལམ་གྱི་རྒྱས་གདབ་པར་བྱའོ། །དེ་ནས། གཙོ་བོས་ཇི་ལྟར་བཀའ་བསྩལ་པ་སོགས་ཀྱིས་དམ་ཚིག་ཁས་བླངས། ས་གཞི་སྤོས་ཆུས་གཏང་རག་མཎྜལ་འབུལ། དེང་ནས་བརྩམས་ཏེ་ལུས་འབུལ་བ་སོགས་ཀྱིས་གྲུབ་བོ། །ཚོགས་ལ་རོལ་པ་དང་ལྷག་མ་སོགས་བཀྲ་ཤིས་བར་ཕྲིན་ལས་ལྟར་མཐར་དབྱུང་ངོ༌། །གར་གྱི་དབང་ཕྱུག་རིགས་ཀུན་བདག །རྡོ་རྗེ་བཞི་ཡི་དཀྱིལ་འཁོར་དུ། འཇུག་པས་ཚེ་དང་ཡེ་ཤེས་ཀྱི། དངོས་གྲུབ་དཔལ་ལ་དབང་ཐོབ་ཤོག །ཅེས་རིག་འཛིན་གོང་མའི་ཕྱག་བཞེས་བཞིན་ཚུལ་འདི་ལའང་ལས་ཁྲིགས་འདི་ལྟར་སྦྱོར་ཞེས་སྙིགས་དུས་བསྟན་འགྲོའི་དཔལ་མགོན་ཞྭ་དེའུ་འཁྲུལ་ཞིག་མཆོག་སྤྲུལ་ངག་དབང་མདོ་སྔགས་བསྟན་འཛིན་རིན་པོ་ཆེས་གསུང་བསྐུལ་བཞིན་ལམ་འདིའི་བཀའ་བབ་པདྨ་མདོ་སྔགས་གླིང་པ་ཚེ་དབང་གྲུབ་པ་རྩལ་གྱིས་ལྷོ་འབྲུག་ཕུན་ཚོགས་ཆོས་གླིང་གི་དགོན་པར་ལྕགས་ཕག་རྒྱལ་ཟླའི་འཕེལ་ཕྱོགས་སུ་སྦྱར་བས་འགྲོ་ཀུན་ཚེ་དང་ཡེ་ཤེས་ཀྱི་དངོས་གྲུབ་འདོད་དགུའི་དཔལ་ལ་སྤྱོད་པའི་རྟེན་འབྱུང་དུ་གྱུར་ཅིག །སརྦ་མངྒ་ལཾ། དགེའོ།། །།}} | ༄༅། །ཨོཾ་སྭ་སྟི། བདེ་སྟོང་ཡེ་ཤེས་སྒྱུ་འཕྲུལ་གར། །ཚེ་དང་ཡེ་ཤེས་དངོས་གྲུབ་ཀྱི། །དཔལ་སྩོལ་དཀྱིལ་འཁོར་ལྷར་བཏུད་ནས། །དེ་རུ་འཇུག་པའི་ཆོ་ག་དབྱེ། །དབང་གིས་རྒྱུད་སྨིན་ཅིང་དམ་ཚིག་ལ་གནས་པའི་རྣལ་འབྱོར་པ་ལམ་དུས་ཀྱི་ཉམས་ཆག་སྐོང་ཞིང་ཡེ་ཤེས་སྤེལ་བའི་ཐབས་རྨད་དུ་བྱུང་བ་དང༌། །སྒྲུབ་མཆོད་སོགས་ཀྱི་སྐབས་ཉེར་མཁོ་བདག་ཉིད་དཀྱིལ་འཁོར་དུ་འཇུག་པའི་ལས་རིམ་ལ། ལས་བྱང་གི་གཞུང་བསྲང་ནས་བསྙེན་སྒྲུབ་ལས་གསུམ་གྱི་བཟླས་པའི་འཇུག་ཏུ་དབང་དོན་དུ་རྣམ་བུམ་བསང་སྦྱངས་དང༌། སྟོང་པའི་ངང་ལས་པད་ཟླའི་སྟེང༔ བྷྲཱུྃ་ལས་རིན་ཆེན་བུམ་པ་ཆེ༔ མཚན་ཉིད་རྫོགས་པའི་གཞལ་ཡས་ཁང༔ བདུད་རྩིའི་རྒྱ་མཚོ་ཡངས་པའི་དབུས༔ པདྨའི་སྡོང་བུ་འདབ་རྒྱས་སྟེང༔ ཧྲཱིཿལས་བཅོམ་ལྡན་ཚེ་དཔག་མེད༔ དམར་གསལ་མཚན་དཔེའི་གཟི་བྱིན་འབར༔ ལོངས་སྤྱོད་རྫོགས་པའི་རྒྱན་ཆས་མཛེས༔ ཞི་འཛུམ་གཞོན་ནུའི་ངང་ཚུལ་ཅན༔ རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས༔ ཕྱག་གཉིས་མཉམ་བཞག་ཕྱག་རྒྱའི་སྟེང༔ འཆི་མེད་ཚེ་ཡི་བུམ་པ་བསྣམས༔ པང་དུ་རང་འོད་གོས་དཀར་མོ༔ དམར་གསལ་གཞོན་ནུ་མ་ཡི་གཟུགས༔ གཅེར་བུ་རུས་པའི་ཕྱག་རྒྱ་ཅན༔ པད་ཕྲེང་ཚེ་ཡི་བུམ་པ་འཛིན༔ གཉིས་མེད་འཁྲིལ་སྦྱོར་བདེ་བས་དགྱེས༔ འོད་ཀྱི་ཕུང་པོ་འབར་བ་ལས༔ ཕོ་ཉ་མགྱོགས་མ་འཕྲོ་ཞིང་འདུ༔ ཕྱོགས་བཞིར་རིགས་བཞི་ཀུན་གཟིགས་དང༔ ཡོན་ཏན་ཡེ་ཤེས་མི་གཡོ་བའི༔ ཚེ་ལྷ་མགྱོགས་མ་སྒོ་མ་བཞི༔ མ་འདྲེས་ཡོངས་སུ་རྫོགས་པ་ལ༔ རིག་འཛིན་ཚེ་ཡི་ལྷ་ཚོགས་རྣམས༔ ཉི་ཟེར་རྡུལ་གྱི་ཕུང་པོ་བཞིན༔ བསམ་ཡས་བཀོད་པ་འཕྲོ་ཞིང་འདུ༔ གནས་གསུམ་ཨོཾ་ཨཱཿཧཱུྃ་གི་འབྲུས༔ སྐུ་གསུང་ཐུགས་ཀྱི་བྱིན་རླབས་བསྡུས༔ སྤྱི་བོར་གནས་ལྔར་ས་བོན་ལྔ༔ ཡོངས་གྱུར་རིགས་ལྔའི་ཆོ་འཕྲུལ་གྱི༔ བྱང་ཆུབ་སེམས་ཀྱི་བདུད་རྩི་ཡིས༔ དབང་བསྐུར་རིགས་ཀྱི་འཁོར་ལོས་སྒྱུར༔ སྣང་མཐའ་ཡས་པའི་རྒྱས་བཏབ་སྟེ༔ དཀྱིལ་འཁོར་ཆེན་པོར་རྫོགས་པར་གྱུར༔ བཛྲ་ཛྙཱ་ན་ཀཱ་ཡ་ཨོཾ། བཛྲ་ཛྙཱ་ན་ཝཱཀ་ཨཱཿ བཛྲ་ཛྙཱ་ན་ཙིཏྟ་ཧཱུྃ༔ ཧྲཱིཿཧཱུྃ་ཏྲཱྃ་ཨོྃ་ཨཱཿ ཨ་བྷི་ཥིཉྩ་མིཿ ཞེས་ཕྲིན་ལས་ལྟར་དམ་ཚིག་པ་བསྐྱེད། ཡེ་ཤེས་པ་སྤྱན་འདྲེན་བཞུགས་གསོལ་ཕྱག་མཆོད་བསྟོད་པའི་བར་ལས་བྱང་ལྟར་བཏང༌། རང་གི་ཐུགས་ནས་སྔགས་ཀྱི་ཕྲེང༔ རྡོ་རྗེའི་གཟུངས་ཐག་ལ་བརྒྱུད་དེ༔ བུམ་ལྷའི་ཐུགས་དམ་རྒྱུད་བསྐུལ་བས༔ བདེ་སྟོང་རོལ་པའི་འོད་ཟེར་སྤྲིན༔ མཁའ་ཁྱབ་ཀུན་ཏུ་སྣང་བ་ཡིས༔ འཕགས་མཆོད་འགྲོ་བའི་དོན་ཀུན་བསྒྲུབས༔ ཚུར་འདུས་ཐུགས་ཀྱི་དཔལ་བེར་འཁྱིལ༔ སྐུ་དང་སྔགས་ལས་བདུད་རྩིའི་རྒྱུན༔ དཔག་མེད་བྱུང་ནས་བུམ་པའི་བཅུད༔ དངོས་གྲུབ་ཀུན་གྱི་སྙིང་པོར་གྱུར༔ གཟུངས་ཐག་བླང་ལ་བསྙེན་སྒྲུབ་ལས་གསུམ་གྱི་སྔགས་ཅི་ནུས་བཟླ། ཨོཾ་ཨཱཿཧཱུྃ། ཞེས་དུང་ཞལ་གྱི་ཆུ་མཆོད་ཡོན་དུ་ཕུལ་བས། ལྷ་ཚོགས་བདེ་བ་ཆེན་པོའི་ངོ་བོར་འོད་དུ་ཞུ་བས་འཆི་མེད་ཚེ་དང་ཡེ་ཤེས་ཀྱི་དངོས་གྲུབ་སྟེར་བའི་རྡོ་རྗེ་བདུད་རྩིའི་ཆུ་རྒྱུན་དུ་གྱུར། ཅེས་མོས། ལས་ཀྱི་བུམ་པར་དམིགས་ཏེ། ལས་བུམ་ནང་དུ་པད་ཉིའི་སྟེང༔ པདྨ་རྟ་མགྲིན་སྐུ་མདོག་དམར༔ ཕྱག་གཉིས་པདྨ་དྲིལ་བུ་འཛིན༔ དུར་ཁྲོད་ཆས་རྫོགས་དོར་སྟབས་བཞུགས༔ སྐུ་ལས་རྡོ་རྗེ་བདུད་རྩིའི་རྒྱུན༔ བབས་པས་བུམ་པ་གང་བར་བསམ༔ ཨོཾ་ཧྲཱིཿཔདྨཱནྟ་ཀྲྀཏ་སརྦ་བིགྷྣཱན་ཧ་ན་ཧ་ན་ཧཱུྃ་ཕཊ༔ ཅེས་བརྒྱ་རྩ་བརྒྱད་བཟླ། དཔལ་ཁྲོ་བོའི་རྒྱལ་པོ་རྟ་མགྲིན་གྱིས་དབང་བསྐུར་གྱི་བྱ་བ་མ་གྲུབ་ཀྱི་བར་དུ་བར་གཅོད་ཀྱི་བགེགས་ཐམས་ཅད་བཟློག་པའི་ཕྲིན་ལས་མཛད་དུ་གསོལ། ཅེས་ལས་བཅོལ་ནས་བཞག །ཚེ་འགུགས་སོགས་ནས་ཚོགས་མཆོད་བསྒྲལ་སྟོབ་བར་དཀྱུས་ལྟར་བྱ། དེ་ནས་བདག་འཇུག་དངོས་ལ། ལས་བུམ་གྱི་ཆུས། ཇི་ལྟར་བལྟམས་པ་སོགས་ཀྱིས་ཁྲུས་བྱ། ཧཱུྃ་ཧཱུྃ་ཧཱུྃ་བི་ཤྭ་བཛྲ་ཀྲོ་དྷ་ཛྭ་ལ་མཎྜལ་ཕཊ་ཕཊ་ཕཊ། ཧ་ལ་ཧ་ལ་ཧ་ལ་ཧཱུྃ་གིས་གུ་གུལ་ཡུངས་ཀར་རོལ་མོའི་ཚམ་རྔམས་བཅས་བགེགས་བསྐྲད། ས་གཞི་སྤོས་ཆུས་བྱུགས་ཤིང་གིས་མཎྜལ་འབུལ། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་གཉིས་སུ་མེད་པ་ལ་དད་མོས་དྲག་པོས། གསུང་གི་རྡོ་རྗེ་གར་གྱི་དབང༔ པདྨ་སེམས་གཙོ་ཁྱོད་ལ་འདུད༔ ཡང་དག་ཐར་པའི་ལམ་འདོད་པས༔ བྱང་ཆུབ་རྡོ་རྗེས་བརྩེར་དགོངས་ཏེ༔ མགོན་པོ་དཀྱིལ་འཁོར་གཙོ་བོ་ཡིས༔ བདག་ཉིད་འཇུག་པར་བསྩལ་དུ་གསོལ༔ ལན་གསུམ་གྱིས་གསོལ་བ་གདབ། ན་མོ༔ བདག་ནི་དེང་ནས་བྱང་ཆུབ་བར༔ བླ་མ་དཀོན་མཆོག་རྣམ་གསུམ་ལ༔ མི་ཕྱེད་དད་དང་དྭངས་བའི་བློས༔ རྩེ་གཅིག་གུས་པས་སྐྱབས་སུ་མཆི༔ ཞེས་ལན་གསུམ་གྱིས་སྐྱབས་འགྲོ་དང༌། ཧོཿ ནམ་མཁའ་མཉམ་པའི་སེམས་ཅན་རྣམས༔ མ་རྟོགས་བདག་ཏུ་བཟུང་བའི་བློས༔ སྐྱེ་འཆི་མཚན་མའི་ཆོས་ལ་ཞེན༔ བསྒྲལ་ཕྱིར་སེམས་ཀྱིས་དམ་བཅའ་བཟུང༔ འགྲོ་ཀུན་བདག་གི་ཕ་མ་སྟེ༔ དེ་དག་བྱང་ཆུབ་འགོད་པའི་བློས༔ སྦྱིན་སོགས་ཕ་རོལ་ཕྱིན་པ་ཡི༔ རྒྱལ་སྲས་སྤྱོད་ལ་བསླབ་པར་བགྱི༔ ལན་གསུམ་གྱིས་སེམས་བསྐྱེད། ཧོཿ ཕྱོགས་དུས་རྒྱལ་བ་སྲས་བཅས་དང༔ ཚེ་དཔག་མེད་མགོན་ཞབས་པདྨོར༔ ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི༔ སྒོ་གསུམ་གུས་པས་ཕྱག་འཚལ་ལོ༔ ཕྱི་ནང་གསང་བ་བླ་མེད་པའི༔ ཀུན་བཟང་མཆོད་སྤྲིན་རྒྱ་མཚོས་མཆོད༔ སྡིག་སྒྲིབ་ཉེས་ལྟུང་མཐོལ་ཞིང་བཤགས༔ ཚོགས་གཉིས་སྤྱོད་ལ་རྗེས་ཡི་རང༔ ཆོས་ཀྱི་འཁོར་ལོ་བསྐོར་བཞིན་དུ༔ མྱ་ངན་མི་འདའ་བཞུགས་གསོལ་འདེབས༔ དགེ་ཚོགས་བྱང་ཆུབ་ཆེན་པོར་བསྔོ༔ གཞན་དོན་སངས་རྒྱས་མྱུར་འགྲུབ་ཤོག༔ ལན་གསུམ་གྱིས་ཚོགས་བསགས། ཨོཾཿ ཡེ་ཤེས་སྤྱན་ལྡན་རྣལ་འབྱོར་དབང༔ ཐུགས་རྗེས་དབང་བསྒྱུར་བཅོམ་ལྡན་འདས༔ སྲིད་གསུམ་འགྲོ་བའི་གཉེན་གཅིག་པུ༔ བདག་ལ་དགྱེས་པས་དགོངས་སུ་གསོལ༔ མཐའ་ཡས་སེམས་ཅན་མ་ལུས་པའི༔ དོན་དུ་ཡང་དག་ལམ་འདོད་པས༔ སོ་སོར་ཐར་དང་བྱང་ཆུབ་སེམས༔ རིག་འཛིན་ནང་གི་བསླབ་པ་ལ༔ སྤྱི་དང་ཁྱད་པར་ལྷག་པ་ཡི༔ རྩ་བ་སྐུ་གསུང་ཐུགས་མཆོག་དང༔ ཡན་ལག་དམ་ཚིག་ཉི་ཤུ་ལྔ༔ རང་བཞིན་ལྟ་བའི་དམ་ཚིག་ལས༔ ནམ་ཡང་འགལ་བར་མི་བགྱིད་ཅིང༔ ཡང་དག་ངེས་པའི་གསང་བ་ཡི༔ བླ་མེད་རྒྱལ་པོའི་དམ་ཚིག་གི༔ རིམ་པ་ཡལ་བར་མི་དོར་བའི༔ རྡོ་རྗེའི་དམ་བཅའ་གཉན་པོ་བཟུང༔ བཛྲ་ས་མ་ཡ་ཧོཿ ལན་གསུམ་གྱིས་སྡོམ་པ་བཟུང༌། ཨོཾ་ཙཀྵུཿབྷནྡྷ་བ་ར་མ་ཎཱ་སྭཱ་ཧཱས་མིག་དར་འཆིང༌། ཨཱ་ཁཾ་བཱི་ར་ཧཱུྃ་གིས་མེ་ཏོག་བླངས། ཧཱུྃ༔ འཐུངས་ཤིག་རྡོ་རྗེ་བདུད་རྩིའི་ཆུ༔ ལྕེ་ལ་བཞག་ཀྱང་སྙིང་དཀྱིལ་ཐིམ༔ མ་སྲུང་འདོད་པའི་དངོས་གྲུབ་ཉམས༔ སྲུང་ན་ཡེ་ཤེས་ཚེ་འདིར་རྙེད༔ ས་མ་ཡ་ཨ་མྲྀ་ཏ་ཨུ་ད་ཀ་ཧཱུྃ༔ ཞེས་དམ་ཆུ་མྱང༌། དེ་ནས། རྒྱུད་རྣམ་པར་དག་པ་ཡེ་ཤེས་ལྷའི་གཟི་བྱིན་དབབ་པའི་སླད་དུ་ཡབ་ཡུམ་སྙོམས་པར་ཞུགས་པའི་དགའ་བའི་སྒྲ་དང་བདེ་བའི་འོད་ཟེར་ནམ་མཁའི་ཁམས་གང་བ་དང་མོས་གུས་གདུང་ཤུགས་ཚད་མེད་པའི་རྡོ་རྗེའི་གླུ་ཡིས་ཐུགས་དམ་བསྐུལ་བས། ཕྱོགས་བཅུ་དུས་བཞིའི་རབ་འབྱམས་རྒྱལ་བ་སྲས་དང་བཅས་པ་རྣམས་དང༌། ཁྱད་པར་བཅོམ་ལྡན་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང་དངོས་གྲུབ་མ་ལུས་པ་སྐུ་ཕྱག་རྒྱ། གསུང་ཡིག་འབྲུ། ཐུགས་ཕྱག་མཚན་ཐིག་ལེ་འོད་ཟེར་གྱི་རྣམ་པ་དཔག་ཏུ་མེད་པ་ཆར་ཆེན་པོ་བབས་པ་བཞིན་བྱོན་ནས་རང་ལ་ཐིམ་པས་ཡེ་ཤེས་ཆེན་པོའི་བྱིན་རླབས་རྒྱུད་ལ་ཞུགས་པར་གྱུར་པར་མོས་ལ་འབེབས་པའི་རྫས་བསྲེགས། སྤྲོ་ན་དབྱངས་དང་རོལ་མོས་བསྐུལ་ལ་ལས་བྱང་གི་བྱིན་འབེབས་དང་སྔགས་མང་དུ་བརྗོད། བསྡུ་ན་བསྙེན་སྒྲུབ་ལས་གསུམ་གྱི་སྔགས་དང༌། ཨོཾ་བཛྲ་མ་ཧཱ་ཨཱ་ཡུར་མཎྜལ་ཛྙཱ་ན་ཨ་བེ་ཤ་ཡ་ཨ་ཨ༔ ཧྲཱིཾ་ཧྲཱིཾ་ཧྲཱིཾ༔ ཕེཾ་ཕེཾ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་བྱིན་དབབ། ཨོཾ་བཛྲ་ཛྙཱ་ན་ཏིཥྛ་བྷྲཱུྃ༔ ཞེས་སྤྱི་བོར་རྡོ་རྗེ་རྒྱ་གྲམ་དུ་བཞག་པས་བརྟན་པར་བྱས། ཨོཾ་རཏྣ་པུཥྤེ་པྲ་ཏཱིཙྪ་ཧོཿས་མེ་ཏོག་དོར་ཞིང༌། ཨོཾ་པྲ་ཏི་གྲྀ་ཧྞ་ཨི་མཾ་སཏྭ་མ་ཧཱ་བ་ལ་ཏིཥྛ་ཨོཾ་གྱིས་འཆིང༌། ཨོཾ་བཛྲ་ཛྙཱ་ན་ཙཀྵུཿཔྲ་བེ་ཤ་ཡ་ཕཊ་ཀྱིས་མིག་དར་བསལ། བཅོམ་ལྡན་འདས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་མངོན་སུམ་དུ་མཐོང་བར་གྱུར། དང་པོ་བུམ་དབང་ལ། བདག་མདུན་གྱི་ཐུགས་ཀ་ནས་འཕྲོས་པའི་འོད་ཟེར་གྱིས་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་གདན་གསུམ་ཚང་བའི་དཀྱིལ་འཁོར་པའི་རྣམ་པར་སྤྱན་དྲངས། བཛྲ་ས་མཱ་ཛཿ ཐུགས་ཀ་ནས་སྤྲོས་པའི་ལྷ་མོ་རྣམས་ཀྱིས་མཆོད་ཅིང་བསྟོད་པར་གྱུར། ཨོཾ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེས་འགྲེས་ཏེ། ཤབྡའི་བར་བརྗོད། ཕུང་ཁམས་དག་པ་གཤེགས་པ་གཤེགས་མའི་གདན༔ དབང་ཡུལ་དག་པ་སེམས་དཔའ་སེམས་མ་སྟེ༔ ལས་ཀྱི་བདག་པོ་ཁྲོ་བོ་ཁྲོ་མོའི་ཚོགས༔ གདན་གསུམ་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོད༔ གསོལ་གདབ་ནི། རྡོ་རྗེ་ཅན་གྱིས་སངས་རྒྱས་ལ༔ འགྲོ་བ་སྐྱོབ་པའི་ཆེད་དུ་དབང༔ ཡོན་ཏན་འབྱུང་གནས་ཇི་ལྟར་བསྩལ༔ དེ་ལྟར་འདི་ལའང་བསྩལ་དུ་གསོལ༔ ཅེས་གསོལ་བ་བཏབ་པས། དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་གི་དགོངས་པ་མཛད། གཤེགས་མ་རྣམས་ཀྱིས་དབང་བསྐུར། སེམས་དཔའ་རྣམས་ཀྱིས་བཀྲ་ཤིས་བརྗོད། སེམས་མ་རྣམས་ཀྱིས་རྡོ་རྗེའི་གླུ་གར་བསྒྱུར། ཁྲོ་བོ་ཁྲོ་མོ་རྣམས་ཀྱིས་བགེགས་བསྐྲད་ཅིང་དབང་གི་ཕྲིན་ལས་ལ་འཇུག་པར་གྱུར་པར་མོས་ལ། བཀྲ་ཤིས་གང་ཞིག་སེམས་ཅན་ཀུན་གྱི་སྙིང་ལ་གནས། །ཀུན་གྱི་བདག་ཉིད་རིགས་ཀུན་གྱི་ནི་བདག་པོ་མཆོག །མ་ལུས་སེམས་ཅན་སྐྱེད་མཛད་བདེ་བ་ཆེན་པོ་སྟེ། །དེས་ནི་དེང་ཁྱོད་དབང་བསྐུར་མཆོག་ལ་བཀྲ་ཤིས་ཤོག །ཅེས་མེ་ཏོག་འཐོར་བས་ཤིས་པ་བརྗོད། ནམ་མཁའ་གང་བའི་དབང་ལྷ་རྣམས་ཀྱིས་མི་བསྐྱོད་པའི་བདག་ཉིད་ཅན་བུམ་པའི་ཆུ་རྒྱུན་གྱི་དབང་བསྐུར་བར་གྱུར། རྣམ་བུམ་ཐོགས་ལ། ཧཱུྃཿ རྣམ་ཤེས་ཞེ་སྡང་དག་བྱའི་ཕྱིར༔ རྡོ་རྗེ་ཚེ་ལྷའི་ངོ་བོ་ཉིད༔ མི་བསྐྱོད་ཆུ་ཡིས་དབང་བསྐུར་བས༔ མེ་ལོང་ཡེ་ཤེས་མངོན་གྱུར་ཤོག༔ ཨོཾ་བཛྲ་ཨཀྵོ་བྷྱཿཨ་བྷི་ཥིཉྩ་ཧཱུྃ༔ དེ་ལྟར་བུམ་པའི་ཆུས་དབང་བསྐུར་བས་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་དབང་ཐོབ། ཉོན་མོངས་པ་ཞེ་སྡང་དག །རྣམ་པར་ཤེས་པའི་ཕུང་པོ་མེ་ལོང་ཡེ་ཤེས་སུ་གནས་གྱུར། ཐུགས་རྡོ་རྗེ་རིགས་ཀྱི་ལས་དང་དངོས་གྲུབ་སྒྲུབ་པ་ལ་དབང་བ་ཡིན་ནོ། །དབང་གི་ལྷ་རྣམས་ཀྱིས་རིན་ཆེན་འབྱུང་ལྡན་གྱི་བདག་ཉིད་ཅན་དབུ་རྒྱན་གྱི་དབང་བསྐུར་བར་གྱུར། དབུ་རྒྱན་བཅིང་ལ། ཏྲཱྃ༔ ཚོར་བ་ང་རྒྱལ་དག་བྱའི་ཕྱིར༔ རིན་ཆེན་ཚེ་ལྷའི་ངོ་བོ་ཉིད༔ ལོངས་སྤྱོད་དབུ་རྒྱན་དབང་བསྐུར་བས༔ མཉམ་ཉིད་ཡེ་ཤེས་མངོན་གྱུར་ཤོག༔ ཨོཾ་རཏྣ་སཾ་བྷ་ཝ་ཨ་བྷི་ཥིཉྩ་ཏྲཱྃ༔ དེ་ལྟར་དབུ་རྒྱན་གྱིས་དབང་བསྐུར་བས་སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་གྱི་དབང་ཐོབ། ཉོན་མོངས་པ་ང་རྒྱལ་དག །ཚོར་བའི་ཕུང་པོ་མཉམ་ཉིད་ཡེ་ཤེས་སུ་གནས་གྱུར། ཡོན་ཏན་རིན་ཆེན་རིགས་ཀྱི་ལས་དང་དངོས་གྲུབ་སྒྲུབ་པ་ལ་དབང་བ་ཡིན་ནོ། །དབང་གི་ལྷ་རྣམས་ཀྱིས་སྣང་བ་མཐའ་ཡས་ཀྱི་བདག་ཉིད་ཅན་རྡོ་རྗེའི་དབང་བསྐུར་བར་གྱུར། རྡོ་རྗེ་ལག་གཡས་པས་འཕྱར་ལ། ཧྲཱིཿ འདུ་ཤེས་འདོད་ཆགས་དག་བྱའི་ཕྱིར༔ པདྨ་ཚེ་ལྷའི་ངོ་བོ་ཉིད༔ ཐབས་ཀྱི་རྡོ་རྗེས་དབང་བསྐུར་བས༔ སོར་རྟོག་ཡེ་ཤེས་མངོན་གྱུར་ཤོག༔ ཨོཾ་པདྨ་ཨ་མི་ཏ་བྷ་ཨ་བྷི་ཥིཉྩ་ཧྲཱིཿ ཞེས་བརྗོད་ལ་ཐུགས་ཀར་གཏོད། དེ་ལྟར་རྡོ་རྗེས་དབང་བསྐུར་བས་སངས་རྒྱས་ཐམས་ཅད་ཀྱི་གསུང་གི་དབང་ཐོབ། ཉོན་མོངས་པ་འདོད་ཆགས་དག །འདུ་ཤེས་ཀྱི་ཕུང་པོ་སོ་སོར་རྟོག་པའི་ཡེ་ཤེས་སུ་གནས་གྱུར། གསུང་པདྨའི་རིགས་ཀྱི་ལས་དང་དངོས་གྲུབ་སྒྲུབ་པ་ལ་དབང་བ་ཡིན་ནོ། །དབང་གི་ལྷ་རྣམས་ཀྱིས་དོན་ཡོད་གྲུབ་པའི་བདག་ཉིད་ཅན་དྲིལ་བུའི་དབང་བསྐུར་བར་གྱུར། དྲིལ་བུ་ལག་གཡོན་པས་དཀྲོལ་ཞིང་དཀུར་བསྟེན་ལ། ཨཿ འདུ་བྱེད་ཕྲག་དོག་དག་བྱའི་ཕྱིར༔ ལས་ཀྱི་ཚེ་ལྷའི་ངོ་བོ་ཉིད༔ ཤེས་རབ་དྲིལ་བུས་དབང་བསྐུར་བས༔ བྱ་གྲུབ་ཡེ་ཤེས་མངོན་གྱུར་ཤོག༔ ཨོཾ་ཀརྨ་ཨཱ་མོ་གྷ་ཨ་བྷི་ཥིཉྩ་ཨཱ༔ དེ་ལྟར་དྲིལ་བུས་དབང་བསྐུར་བས་སངས་རྒྱས་ཐམས་ཅད་ཀྱི་ཕྲིན་ལས་ཀྱི་དབང་ཐོབ། ཉོན་མོངས་པ་ཕྲག་དོག་དག །འདུ་བྱེད་ཀྱི་ཕུང་པོ་བྱ་གྲུབ་ཡེ་ཤེས་སུ་གནས་གྱུར། ཕྲིན་ལས་རིགས་ཀྱི་ལས་དང་དངོས་གྲུབ་སྒྲུབ་པ་ལ་དབང་བ་ཡིན་ནོ། །དབང་གི་ལྷ་རྣམས་ཀྱིས་རྣམ་པར་སྣང་མཛད་ཀྱི་བདག་ཉིད་ཅན་མིང་གི་དབང་བསྐུར་བར་གྱུར། རྡོར་དྲིལ་བསྣོལ་མར་སྤྱི་བོར་བཟུང་ལ། ཨོཾ༔ གཟུགས་ཕུང་གཏི་མུག་དག་བྱའི་ཕྱིར༔ བདེ་གཤེགས་ཚེ་ལྷའི་ངོ་བོ་ཉིད༔ རྡོ་རྗེ་མིང་གིས་དབང་བསྐུར་བས༔ ཆོས་དབྱིངས་ཡེ་ཤེས་མངོན་གྱུར་ཤོག༔ ཨོཾ་བུདྡྷ་བཻ་རོ་ཙཱ་ན་ཨ་བྷི་ཥིཉྩ་ཨོཾ༔ དེ་ལྟར་མིང་གིས་དབང་བསྐུར་བས་སངས་རྒྱས་ཐམས་ཅད་ཀྱི་སྐུ་ཡི་དབང་ཐོབ། ཉོན་མོངས་པ་གཏི་མུག་དག །གཟུགས་ཀྱི་ཕུང་པོ་ཆོས་དབྱིངས་ཡེ་ཤེས་སུ་གནས་གྱུར། སྐུ་བདེ་གཤེགས་རིགས་ཀྱི་ལས་དང་དངོས་གྲུབ་སྒྲུབ་པ་ལ་དབང་བ་ཡིན་ནོ། །བདག་ཉིད་དཀྱིལ་འཁོར་གྱི་དབུས་སུ་སེང་ཁྲི་པད་ཟླའི་སྟེང་དུ་འཁོར་ལོའི་དབང་ཕྱུག་བཅོམ་ལྡན་འདས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ཡུམ་དང་བཅས་པའི་སྐུར་གྱུར་པའི་སྟེང་དུ་གདུགས་ཕུབ་ཅིང་མཆོད་པའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་ལ་གཙོ་བོ་ཡབ་ཡུམ་གྱི་ངོ་བོ་རྡོ་རྗེ་དང་དྲིལ་བུ་སྐུ་གསུང་ཐུགས་ཀྱི་དམ་ཚིག་གསུམ་མཚོན་པའི་ཕྱིར་གཏད་པར་མོས་ཤིག །ཧཱུྃ༔ ཐོག་མཐའ་མེད་པའི་བྱང་ཆུབ་སེམས༔ དོན་གྱི་རྡོ་རྗེ་རབ་བཟུང་ནས༔ དཀྱིལ་འཁོར་ཀུན་གྱི་འོད་གསལ་ཐུགས༔ ཤིན་ཏུ་རྣམ་པར་རྟོགས་པར་གྱིས༔ ཨོཾ་མ་ཧཱ་བཛྲ་ཛྙཱ་ན་ཧཱུྃ༔ རྡོ་རྗེ་ལག་གཡས་ཀྱིས་ཐུགས་ཀར་བཟུང༌། ཨཱཿ སྲིད་པའི་རླུང་བཅུ་རྣམ་དག་པ༔ གྲགས་སྟོང་ངེས་དོན་དྲིལ་བུའི་སྒྲ༔ མི་ཤིགས་ནཱ་དའི་གསུང་དབྱངས་ཀྱིས༔ འགྲོ་བ་ཐམས་ཅད་སད་པར་གྱིས༔ ཨོཾ་བཛྲ་གནྜེ་ཛྙཱ་ན་ཨཱཿ དྲིལ་བུ་ལག་གཡོན་གྱིས་དཀྲོལ་ཏེ་དཀུར་བསྟེན། ཧཱུྃ༔ ཕུང་ཁམས་སྐྱེ་མཆེད་གདོད་མ་ནས༔ སྣང་རིག་ཟུང་འཇུག་སྒྱུ་མའི་ཚུལ༔ བདེ་སྟོང་ཡེ་ཤེས་ཕྱག་རྒྱའི་སྐུས༔ ཁ་སྦྱོར་བདེ་བའི་ཏིང་འཛིན་སྒྲུབ༔ ཨོཾ་མ་ཧཱ་མུ་དྲ་ཛྙཱ་ན་ཨཱཏྨ་ཀོ྅་ཧཾ། ལག་འཁྱུད་རྒྱས་རྡོར་དྲིལ་ཐུགས་ཀར་བསྣོལ། དབང་ཐམས་ཅད་ཀྱི་ནུས་པ་སྐྱེས་བརྟན་གོང་འཕེལ་གྱི་ཕྱིར་ནམ་མཁའ་གང་བའི་དབང་ལྷ་རྣམས་ཀྱིས་དཀྱིལ་འཁོར་ཡོངས་རྫོགས་ཀྱི་ངོ་བོ་རྣམ་རྒྱལ་བུམ་པའི་དབང་བསྐུར་བར་གྱུར། ཧོ༔ རིན་ཆེན་བུམ་པ་བཅུད་དང་ལྡན༔ འཆི་མེད་ཚེ་ཡི་ལྷ་ཚོགས་བཞུགས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ ཡེ་ཤེས་བདུད་རྩིས་རྒྱུད་སྨིན་ཤོག༔ ཀ་ལ་ཤ་ཛྙཱ་ན་ཨ་བྷི་ཥིཉྩ་ཨོཾ༔ དེ་ལྟར་དབང་བསྐུར་བའི་ཆུ་རྒྱུན་གྱིས་ལུས་ཀྱི་ནང་གང་སྒྲིབ་པ་བཞིའི་ས་བོན་བག་ཆགས་དང་བཅས་པ་དག །ཆུའི་ལྷག་མ་གྱེན་དུ་འཁྱིལ་བ་ལས་རྡོ་རྗེ་སེམས་དཔས་དབུར་བརྒྱན། ནམ་མཁར་བཞུགས་པའི་དབང་གི་ལྷ་རྣམས་ཀྱང་ཐིམ་པར་གྱུར། རྟེན་སྙིང་དང༌། སུ་པྲ་ཏིཥྛ་བརྗོད། ཨོཾ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱི་ཙྪ་སྭཱ་ཧཱ། དེ་བཞིན་དུ་པདྱཾ་ནས། ཤབྡའི་བར་ཕྱག་རྒྱ་དང་བཅས་པས་མཆོད། དེའི་རྗེས་འབྲེལ་སྐུ་གསུང་ཐུགས་དབང་ལས། སྐུ་ཕྱག་རྒྱའི་དབང་ནི། མདུན་བསྐྱེད་ལྷ་ཚོགས་གཙོ་འཁོར་རྣམས་ལས་ཡེ་ཤེས་ཀྱི་སྐུ་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་བྱོན་ནས་རང་ལ་ཐིམ་པས་ཡེ་ཤེས་ཀྱི་ཕྱག་རྒྱ་དང་གཉིས་མེད་དུ་གྱུར་པར་མོས་ལ་གཡས་རྡོ་རྗེ་བཟུང་བ་སོ་སོའི་མཐར་མགོར་འཇོག་ཅིང༌། སློབ་དཔོན་གྱིས་ཙཀླིའི་དབང་བསྐུར་བ་བྱ་སྟེ། ཧྲཱིཿ གསུང་གི་རྡོ་རྗེ་བཅོམ་ལྡན་འདས༔ ཚེ་མཐའ་ཡས་པས་དབང་བསྐུར་བས༔ འཆི་མེད་རྟག་པ་རྡོ་རྗེའི་སྐུར༔ འགྲུབ་པའི་སྐལ་བ་ལྡན་པར་ཤོག༔ ཨོཾ་ཛྙཱ་ན་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ། ཐུགས་ཀྱི་རྡོ་རྗེ་བཅོམ་ལྡན་འདས། །མི་བསྐྱོད་རྡོ་རྗེའི་དབང་བསྐུར་བས། །རྣམ་ཤེས་རྣམ་དག་འགྱུར་བ་མེད། །མེ་ལོང་ཡེ་ཤེས་ཚེ་ཐོབ་ཤོག །ཨོཾ་བཛྲ་ཨཀྵོ་བྷྱཿཨ་བྷི་ཥིཉྩ་ཨོཾ། ཏྲཱྃ། ཡོན་ཏན་རྡོ་རྗེ་བཅོམ་ལྡན་འདས། །རིན་ཆེན་འབྱུང་ལྡན་དབང་བསྐུར་བས། །ཚོར་བ་རྣམ་དག་ལྷུན་གྱིས་གྲུབ། །མཉམ་ཉིད་ཡེ་ཤེས་ཚེ་ཐོབ་ཤོག །ཨོཾ་རཏྣ་སཾ་བྷ་ཝ་ཨ་བྷི་ཥིཉྩ་ཨོཾ། ཨོཾ། སྐུ་ཡི་རྡོ་རྗེ་བཅོམ་ལྡན་འདས། །རྣམ་པར་སྣང་མཛད་དབང་བསྐུར་བས། །གཟུགས་ཕུང་རྣམ་དག་སྐྱེ་འཆི་བྲལ། །ཆོས་དབྱིངས་ཡེ་ཤེས་ཚེ་ཐོབ་ཤོག །ཨོཾ་བཻ་རོ་ཙཱ་ན་ཨ་བྷི་ཥིཉྩ་ཨོཾ། ཨཱཿ ཕྲིན་ལས་རྡོ་རྗེ་བཅོམ་ལྡན་འདས། །དོན་ཡོད་གྲུབ་པས་དབང་བསྐུར་བས། །འདུ་བྱེད་རྣམ་དག་གཡོ་རྩོལ་བྲལ། །བྱ་གྲུབ་ཡེ་ཤེས་ཚེ་ཐོབ་ཤོག །ཨོཾ་ཨ་མོ་གྷ་སིདྡྷི་ཨ་བྷི་ཥིཉྩ་ཨོཾ། ཧྲཱིཿ དགའ་བའི་རང་བཞིན་ཡེ་ཤེས་དབྱིངས། །རྡོ་རྗེ་སྒེག་མོ་ཚེ་ཡི་ལྷས། །རིགས་ཀྱི་བུ་ལ་དབང་བསྐུར་བས། །ཆུ་ཁམས་མཱ་ཀིའི་དབྱིངས་གྲོལ་ཤོག །ཨོཾ་བཛྲ་ལཱ་སྱཧཱུྃ་ཨ་བྷི་ཥིཉྩ་ཧཱུྃ། ཧྲཱིཿ མཆོག་ཏུ་དགའ་བའི་ཡེ་ཤེས་དབྱིངས། །རྡོ་རྗེ་ཕྲེང་བ་ཚེ་ཡི་ལྷས། །རིགས་ཀྱི་བུ་ལ་དབང་བསྐུར་བས། །ས་ཁམས་སྤྱན་མའི་དབྱིངས་གྲོལ་ཤོག །ཨོཾ་བཛྲ་མཱ་ལྱ་ཧཱུྃ་ཨ་བྷི་ཥིཉྩ་ཧཱུྃ། ཧྲཱིཿ ཁྱད་པར་དགའ་བའི་ཡེ་ཤེས་དབྱིངས། །རྡོ་རྗེ་གླུ་མ་ཚེ་ཡི་ལྷས། །རིགས་ཀྱི་བུ་ལ་དབང་བསྐུར་བས། །མེ་ཁམས་གོས་དཀར་དབྱིངས་གྲོལ་ཤོག །ཨོཾ་བཛྲ་གཱིརྟི་ཧཱུྃ་ཨ་བྷི་ཥིཉྩ་ཧཱུྃ། ཧྲཱིཿ ལྷན་སྐྱེས་དགའ་བའི་ཡེ་ཤེས་དབྱིངས། །རྡོ་རྗེ་གར་མ་ཚེ་ཡི་ལྷས། །རིགས་ཀྱི་བུ་ལ་དབང་བསྐུར་བས། །རླུང་ཁམས་སྒྲོལ་མའི་དབྱིངས་གྲོལ་ཤོག །ཨོཾ་བཛྲ་ནཱིརྟི་ཧཱུྃ་ཨ་བྷི་ཥིཉྩ་ཧཱུྃ། ཧྲཱི༔ བྱམས་པ་ཆེན་པོའི་ཡེ་ཤེས་དབྱིངས། །རྡོ་རྗེའི་མགྱོགས་མ་ཚེ་ཡི་ལྷས། །སྐལ་ལྡན་བུ་ལ་དབང་བསྐུར་བས། །ཚེ་མཆོག་འགུགས་པའི་དབང་ཐོབ་ཤོག །ཨོཾ་བཛྲ་ཨཾ་ཀུ་ཤ་ཛཿཨ་བྷི་ཥིཉྩ་ཧཱུྃ། ཧྲཱི༔ སྙིང་རྗེ་ཆེན་པོའི་ཡེ་ཤེས་དབྱིངས༔ རིན་ཆེན་མགྱོགས་མ་ཚེ་ཡི་ལྷས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ འཕོ་མེད་སྡོམ་པའི་དབང་ཐོབ་ཤོག༔ ཨོཾ་རཏྣ་པཱ་ཤ་ཧཱུྃ་ཨ་བྷི་ཥིཉྩ་ཧཱུྃ། ཧྲཱི༔ དགའ་བ་ཆེན་པོའི་ཡེ་ཤེས་དབྱིངས༔ པདྨའི་མགྱོགས་མ་ཚེ་ཡི་ལྷས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ མི་ཕྱེད་མཉམ་པའི་དབང་ཐོབ་ཤོག༔ ཨོཾ་པདྨ་སྥོ་ཊ་བཾ་ཨ་བྷི་ཥིཉྩ་ཧཱུྃ། ཧྲཱི༔ བཏང་སྙོམས་ཆེན་པོའི་ཡེ་ཤེས་དབྱིངས༔ ལས་ཀྱི་མགྱོགས་མ་ཚེ་ཡི་ལྷས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ བཏང་སྙོམས་ཆེན་པོའི་དབང་ཐོབ་ཤོག༔ ཨོཾ་ཀརྨ་གཎྜེ་ཧོཿཨ་བྷི་ཥིཉྩ་ཧཱུྃ། ཛཿ སྦྱིན་པའི་ཕྲིན་ལས་ཆེན་པོའི་གཟུགས། །རྡོ་རྗེ་སྒོ་མ་ལྕགས་ཀྱུ་མས། །རིགས་ཀྱི་བུ་ལ་དབང་བསྐུར་བས། །ཞི་བའི་ཕྲིན་ལས་མཐར་ཕྱིན་ཤོག །ཨོཾ་ཤཱནྟིཾ་ཀུ་རུ་ཧཱུྃ་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། སྙན་པར་སྨྲ་བའི་ཕྲིན་ལས་གཟུགས། །རྡོ་རྗེ་སྒོ་མ་ཞགས་པ་མས། །རིགས་ཀྱི་བུ་ལ་དབང་བསྐུར་བས། །རྒྱས་པའི་ཕྲིན་ལས་མཐར་ཕྱིན་ཤོག །བྷྲཱུྃ་པུཥྚིཾ་ཀུ་རུ་ཧཱུྃ་ཨ་བྷི་ཥིཉྩ་ཧཱུྃ། བྃ། དོན་སྤྱོད་ཕྲིན་ལས་མཐར་ཕྱིན་གཟུགས། །རྡོ་རྗེ་སྒོ་མ་ལྕགས་སྒྲོག་མས། །རིགས་ཀྱི་བུ་ལ་དབང་བསྐུར་བས། །དབང་གི་ཕྲིན་ལས་མཐར་ཕྱིན་ཤོག །ཧྲཱིཿཝ་ཤཾ་ཀུ་རུ་ཧཱུྃ་ཨ་བྷི་ཥིཉྩ་ཧཱུྃ། ཧོཿ དོན་མཐུན་ཕྲིན་ལས་མཐར་ཕྱིན་གཟུགས། །རྡོ་རྗེ་སྒོ་མ་དྲིལ་བུ་མས། །རིགས་ཀྱི་བུ་ལ་དབང་བསྐུར་བས། །དྲག་པོའི་ཕྲིན་ལས་མཐར་ཕྱིན་ཤོག །ཧཱུྃ་མཱ་ར་ཡ་ཕཊ་ཨ་བྷི་ཥིཉྩ་ཧཱུྃ། དེ་ལྟར་ལྷ་སྐུ་ཕྱག་རྒྱའི་དབང་བསྐུར་བས། དེང་ནས་བཟུང་སྟེ་རང་ལུས་སྣང་སྟོང་ལྷའི་སྐུ་བསྒོམ་པ་དང་མ་བྲལ་བས་སྣང་བ་ཐམས་ཅད་ལ་ལྷ་སྐུ་ཕྱག་རྒྱའི་གཟེར་གྱིས་ཐེབས་པར་གྱུར་པར་མོས། གསུང་བཟླས་ལུང་གི་དབང་ནི། བདག་མདུན་གྱི་ཐུགས་ཀར་སྣ་ཚོགས་རྡོ་རྗེའི་ལྟེ་བར་ཉི་ཟླའི་གྭའུའི་དབུས་སུ་ཧྲཱིཿཡིག་དམར་གསལ་སྔགས་ཕྲེང་གིས་བསྐོར་བ་གསལ་ལ། བླ་མ་དང་དབྱེར་མེད་པའི་ལྷ་ལ་མོས་གུས་བྱས་པའི་རྐྱེན་གྱིས་སྔགས་ཕྲེང་ལས་སྔགས་ཕྲེང་གཉིས་པ་བྱུང་ཞལ་ནས་ཐོན། རང་གི་ཞལ་དུ་ཞུགས་ནས་ཐུགས་ཀའི་ཧྲཱིཿཡིག་གི་མཐར་འཁོད། བཟླས་པའི་རྐྱེན་གྱིས་འོད་ཟེར་སྤྲོ་བསྡུས་དོན་གཉིས་སྒྲུབ། སྣོད་བཅུད་ཐམས་ཅད་ལྷ་སྔགས་ཡེ་ཤེས་ཀྱི་རོལ་པར་ཤར། མཆོག་ཐུན་གྱི་ལས་རབ་འབྱམས་ཐོགས་མེད་དུ་འགྲུབ་པར་གྱུར་པར་བསམ་ལ། ཨོཾ་ཨ་མཱ་ར་ཎི་སོགས་བསྙེན་སྒྲུབ་ལས་གསུམ་གྱི་སྔགས་ལན་གསུམ་རེ་བཟླ། སྔགས་ཕྲེང་མགྲིན་པར་བཞག་ལ། ཨཱ༔ ཡེ་ཤེས་རྣམ་པ་ཐམས་ཅད་པ༔ རྡོ་རྗེ་རིག་པའི་སྔགས་སུ་ཤར༔ སྐལ་ལྡན་ངག་ལ་དབང་བསྐུར་བས༔ འཆི་མེད་རྡོ་རྗེའི་སྐལ་ལྡན་ཤོག༔ བིདྱ་མནྟྲ་ཨ་བྷི་ཥིཉྩ་ཨ༔ དེ་ལྟར་གསུང་སྔགས་ཀྱི་དབང་བསྐུར་བས་དེང་ཕྱིན་ཆད་གྲགས་སྟོང་སྔགས་ཀྱི་བཟླས་པ་ཆུ་བོའི་རྒྱུན་བཞིན་དུ་བརྩོན་ནས་བརྟན་གཡོའི་སྒྲ་སྐད་ཐམས་ཅད་ལ་རྡོ་རྗེའི་སྔགས་ཀྱི་གཟེར་གྱིས་ཐེབས་པར་གྱུར་པར་མོས་པའོ། །ཐུགས་བརྡ་ཐབས་ཀྱི་དབང་ནི། མེ་ལོང་དྭངས་པའི་ངོས་སུ་གཟུགས་བརྙན་སྣ་ཚོགས་སུ་སྣང་ཡང་རང་བཞིན་མ་གྲུབ་པའི་དཔེས་མཚོན་ནས། རང་སེམས་སྟོང་པའི་རང་རྩལ་ལས་གཟུང་འཛིན་འཁྲུལ་པའི་སྣང་བ་སྣ་ཚོགས་སུ་ཤར་ཡང་གདོད་མ་ནས་སྐྱེ་འགག་གནས་གསུམ་དང་བྲལ་བའི་དོན་ཤེས་པར་གྱིས་ལ་སྣང་རིག་ཟུང་འཇུག་རང་བྱུང་འོད་གསལ་ཆེན་པོའི་ངང་དུ་མཉམ་པར་བཞག་ལ་མེ་ལོང་གཏད་དེ། ཨ༔ སེམས་ནི་དུས་གསུམ་སྐྱེ་བ་མེད༔ ཡང་དག་ཡེ་ཤེས་སྙིང་པོའི་སྲོག༔ རྟག་ཏུ་ཆོས་ཀྱི་དབྱིངས་སུ་བཞུགས༔ རང་ལ་གནས་པའི་དེ་ཉིད་ལྟོས༔ ཨ་ཨ་ཨཿ དེ་ལྟར་ཐུགས་ཡེ་ཤེས་ཀྱི་དགོངས་པ་ངོ་སྤྲད་པས་དེང་ནས་བཟུང་སྟེ་རིག་སྟོང་ཡེ་ཤེས་ཆེན་པོའི་ངང་ལ་རྟག་ཏུ་མཉམ་པར་བཞག་པ་ལས་མ་གཡོས་པས་རྟོག་ཚོགས་ཐམས་ཅད་ལ་དགོངས་པ་མི་འགྱུར་བའི་གཟེར་དང་འཕྲོ་འདུ་ཏིང་ངེ་འཛིན་གྱི་གཟེར་གྱིས་ཐེབས་པར་གྱུར་པར་མོས་པའོ། །དེ་རྣམས་ཀྱི་ཕྱི་མཚན་མའི་དཀྱིལ་འཁོར་དུ་བུམ་པའི་དབང་ཐོབ། ལུས་རྩའི་དྲི་མ་སྦྱངས། བསྐྱེད་རིམ་ལྷའི་འཁོར་ལོ་བསྒོམ་པ་ལ་དབང༌། འབྲས་བུ་སྐུ་རྡོ་རྗེ་སྤྲུལ་པའི་སྐུ་ཐོབ་པའི་ས་བོན་རྒྱུད་ལ་བཞག་གོ །གསང་དབང་ལ། བླ་མ་ཚེ་བདག་ཡབ་ཡུམ་སྒོམས༔ གནས་ལྔར་རིགས་ལྔའི་སྟངས་དཔྱལ་ཏེ༔ གཉིས་མེད་རོལ་པའི་འོད་དང་སྒྲས༔ སངས་རྒྱས་ཐམས་ཅད་སྙོམས་པར་ཞུགས༔ བྱང་ཆུབ་སེམས་ཀྱི་བདུད་རྩིའི་ཆར༔ བབས་པ་བདག་པོའི་ལུས་ལ་ཞུགས༔ ཆགས་པའི་མེ་ཡིས་བཞུས་པ་ཡི། །བྱང་ཆུབ་སེམས་ཀྱི་བདུད་རྩིར་འདྲེས༔ མཁའ་གསང་ལྷག་པའི་སེམས་ཀྱི་སྤྲིན༔ ཐོད་པའི་བདུད་རྩིར་གཉིས་མེད་གྱུར༔ བྱང་སེམས་ལྕེ་ལ་བྱིན་པར་མོས། །ཨཱཿ མཚན་ལྡན་པདྨ་བྷཉྫའི་སྣོད༔ ལྷག་པའི་སེམས་ཀྱི་བདུད་རྩི་བསྐྱིལ༔ བུ་ཡི་རྡོ་རྗེའི་ལྕེ་ལ་བཞག༔ གཉིས་སུ་མེད་པར་རོལ་ཏེ་བླང༔ བོ་དྷི་ཙིཏྟ་ཨ་ལ་ལ་ཧོ༔ ཞེས་བདུད་རྩི་མྱང་ལ། དེ་ལྟར་མྱངས་པས་བྱང་སེམས་ཀྱིས་རྩ་ཁམས་ཐམས་ཅད་ལ་ཁྱབ། གསལ་སྟོང་རྣམ་པར་མི་རྟོག་པའི་ཡེ་ཤེས་རྒྱུད་ལ་སྐྱེས་པར་གྱུར་པར་མོས། །དེས་ནང་ལུས་ཀྱི་དཀྱིལ་འཁོར་དུ་གསང་བའི་དབང་ཐོབ། ངག་རླུང་གི་དྲི་མ་སྦྱངས། རང་བྱིན་བརླབ་པའི་རྣལ་འབྱོར་བསྒོམ་པ་ལ་དབང༌། འབྲས་བུ་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་པའི་སྐུ་འགྲུབ་པའི་ས་བོན་རྒྱུད་ལ་བཞག་པའོ། །ཤེར་དབང་ནི། གཟུགས་དང་ལང་ཚོའི་མཛེས་སྡུག་ཕུལ་དུ་བྱུང་ཞིང་མཚན་ཉིད་མཆོག་དང་ལྡན་པའི་རིག་མ་ཚེ་ཡི་ཡུམ་མཆོག་ཙཎྜ་ལིའི་ངོ་བོ་ཕྱག་གཡོན་དུ་བྱིན་པས་འདི་སྐད་གསུང་བར་མོས་ལ། ཕྱག་རྒྱའི་གཟུགས་བརྙན་བཟུང་སྟེ། དགའ་བའི་གནས་སྦྱིན་པདྨ་ཅན༔ སྣ་ཚོགས་གཟུགས་ཅན་ལྷན་ཅིག་སྐྱེས༔ གཉིས་མེད་རོལ་པའི་བློ་གྲོས་ཅན༔ སྤྲོ་དགས་རོལ་ལ་མཆོད་པར་གྱིས༔ པདྨ་བྷཉྫ་མོཀྵ་ཧོཿ དེ་ལྟར་ཕྱག་རྒྱ་དང་འདུ་ཤེས་གསུམ་གྱིས་སྙོམས་པར་ཞུགས་པས་རྒྱུ་འབྲས་ཀྱི་དགའ་བཞི་ལུགས་འབྱུང་ལྡོག་གིས་ཉམས་སུ་མྱོང་བར་མོས། དེས་གསང་བ་བྷ་གའི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཐིག་ལེའི་དྲི་མ་དག །གཞན་ལུས་ཕོ་ཉའི་ལམ་བསྒོམ་པ་ལ་དབང༌། འབྲས་བུ་ཐུགས་རྡོ་རྗེ་ཆོས་ཀྱི་སྐུ་ཐོབ་པའི་སྐལ་བ་རྒྱུད་ལ་བཞག་པའོ། །དབང་བཞི་པ་ནི། སྔར་དཔེ་ལས་སྐྱེས་པའི་ཡེ་ཤེས་དྲན་པར་བྱས་ཏེ་དེའི་རང་ངོ་ལ་མཉམ་པར་འཇོག་པ་དང༌། རྡོ་རྗེ་སེམས་དཔའི་མེ་ལོང་གི་དཔེས་མཚོན་ཏེ་སེམས་དང་ཆོས་རྣམས་ཀྱི་དབྱིངས་གདོད་ནས་དག་ཅིང་དབྱེར་མེད་སྟོང་པ་ཤེལ་ལྟ་བུ་ལས། རིག་པའི་ཡེ་ཤེས་གསལ་སྣང་འགག་མེད་དུ་འཇའ་ཚོན་ལྟར་ཤར་བ་གཉིས་ཀའང་ཡེ་ནས་ཟུང་འཇུག་འདུས་མ་བྱས་པ་གཞི་གྲོལ་ཀུན་ཏུ་བཟང་པོའི་ཀློང་ཆེན་པོའི་ངང་དུ་མཉམ་པར་བཞག་ལ། ཤེལ་རྡོ་དང་མེ་ལོང་བསྟན། ཧྲཱིཿ འཆི་མེད་གཉུག་མ་དོན་གྱི་ཚེ༔ རིག་པ་འོད་གསལ་བྱང་ཆུབ་སེམས༔ ཡེ་ནས་ལྷུན་གྲུབ་ཆོས་ཀྱི་དབྱིངས༔ རང་ལ་གནས་ཤིང་བྲི་གང་བྲལ༔ ཨ་ཨ་ཨ་དྷརྨ་དྷཱ་ཏུ་ཨ༔ དེ་ལྟར་དབང་བཞི་པ་ཐོབ། བག་ཆགས་ཀྱི་དྲི་མ་སྦྱངས་ཤིང་དག །ལམ་སྒྲུབ་པ་ཆེན་པོ་དབྱིངས་རིག་ཟུང་འཇུག་བསྒོམ་པ་ལ་དབང༌། འབྲས་བུ་ངོ་བོ་ཉིད་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པའོ། །མཐའ་རྟེན་རྡོ་རྗེ་ཚེ་ཡི་དངོས་གྲུབ་ཀྱི་དབང་ཞུ་བའི་སླད་དུ་ཐོག་མར་ཚེ་འགུགས་ཤིང་བཅུད་བསྡུ་བ་ལ། བདག་མདུན་ལྷ་ཚོགས་སོགས་ཚེ་འགུགས་ལས་བྱང་ལྟར་གྱེར་ལ། དེ་ནས་ཚེ་འབྲང་སྤྱི་བོར་བཞག་སྟེ། ཚེ་འབྲང་ཟླ་གམ་དབང་གི་ཕོ་བྲང་དུ་འཆི་མེད་པདྨ་ཚེ་ཡི་ལྷ་ཚོགས་བཞུགས་པ་སྤྱི་བོར་བཞག་སྟེ་དབང་བསྐུར་བས་རྡོ་རྗེའི་ཕུང་ཁམས་ཐམས་ཅད་མི་ཤིགས་འཆི་མེད་ཚེ་ཡི་ལྷ་ཚོགས་རྣམས་ཀྱི་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་གསང་བ་གསུམ་དང་གཉིས་སུ་མེད་པར་བྱིན་གྱིས་བརླབ་པར་མོས་ཤིག །ཧྲཱིཿཧྲཱིཿཧྲཱིཿ འོད་སྣང་མཐའ་ཡས་བཅོམ་ལྡན་ཚེ་དཔག་མེད༔ འཆི་མེད་རྔ་སྒྲ་གསུང་གི་རྡོ་རྗེའི་ལྷ༔ གར་གྱི་དབང་ཕྱུག་པདྨའི་དཀྱིལ་འཁོར་གཙོ༔ འཆི་མེད་མགྱོགས་མ་ལྷ་མོའི་ཚོགས་བཅས་ཀྱིས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ སྐྱེ་འཆི་མེད་པ་ཚེ་ཡི་དབང་ཐོབ་ནས༔ འཆི་བདག་ལ་སོགས་བདུད་བཞི་ལས་རྒྱལ་ཏེ༔ དངོས་གྲུབ་མཆོག་གི་སྐལ་བ་ལྡན་པར་ཤོག༔ ཨོཾ་ཛྙཱ་ན་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱ༔ ཞེས་ཚེ་འབྲང་སྤྱི་བོར་བཞག །ཕྱི་ནང་འབྱུང་ལྔའི་དྭངས་མ་ཡེ་ཤེས་ལྔ་ཡི་བདུད་རྩིའི་ཉིང་ཁུར་ཞུ་བ་རྡོ་རྗེ་ཚེ་ཡི་དངོས་གྲུབ་ཀྱི་བཅུད་ལེན་དུ་གྱུར་པར་བསམ། ཧྲཱིཿ འབྱུང་ལྔའི་དྭངས་མ་སྙིང་པོའི་ཚེ༔ ཡེ་ཤེས་བདུད་རྩི་བཅུད་དུ་བསྐྱིལ༔ སྐལ་ལྡན་བུ་ལ་བྱིན་པ་ཡིས༔ འཆི་མེད་མཆོག་གི་གནས་ཐོབ་ཤོག༔ ཨ་མྲྀ་ཏ་ཨ་བྷི་ཥིཉྩ་ཧོ༔ ཞེས་ཚེའི་བདུད་རྩི་མྱང༌། བདེ་སྟོང་བཅུད་ཀྱི་ཐིག་ལེ་རིལ་བུའི་གཟུགས་སུ་ཤར་བ་རྡོ་རྗེ་ལྕེའི་ལམ་བརྒྱུད་སྙིང་དབུས་མི་ཤིགས་པའི་ཚེ་རྟེན་ཡེ་ཤེས་སེམས་དཔའི་ཚུལ་དུ་བཞུགས་པས་སྐྱེ་འཆི་འཕོ་འཇིག་དང་བྲལ་བའི་རྡོ་རྗེའི་ཡེ་ཤེས་ཀྱི་ཚེ་ལ་དབང་ཐོབ་པར་བསམ། ཧྲཱིཿ ཡེ་ཤེས་སེམས་དཔའ་ཚེ་ཡི་ལྷ༔ སྙིང་གི་དཀྱིལ་དུ་གཉིས་མེད་བཞུགས༔ དངོས་གྲུབ་བརྡ་ཡི་རིལ་བུ་འདིས༔ དོན་གྱི་གནས་ལུགས་རྟོགས་པར་ཤོག༔ ར་ས་ཡ་ན་ཨ་བྷི་ཥིཉྩ་ཧོ༔ ཞེས་ཚེ་རིལ་ལོངས་སྤྱད། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱིས་བྱིན་རླབས་གྲུབ་པའི་རྫས་ཀྱི་དབང་བསྐུར་ཞིང་མྱངས་པས་བླ་ཚེ་སྲོག་དབུགས་ཉམས་པ་ཐམས་ཅད་གསོས། རྩ་རླུང་ཐིག་ལེ་དྭངས་མའི་སྟོབས་ནུས་རྒྱས། སྙིང་པོའི་ཡང་བཅུད་ཐམས་ཅད་རིག་སྟོང་གཉུག་མའི་ཡེ་ཤེས་དང་གཉིས་སུ་མེད་པར་རྒྱས་བཏབ་པས་རྡོ་རྗེའི་ཚེ་དང་ཡེ་ཤེས་མཆོག་གི་སྐལ་བ་ལ་དབང་ཐོབ་པར་བསམ། ཨ༔ རྣམ་ཀུན་མཆོག་ལྡན་དབྱིངས་ཀྱི་ཀློང༔ ཡེ་ཤེས་ཆེན་པོའི་རྒྱས་བཏབ་པས༔ རྟག་ཏུ་འཕོ་འགྱུར་མེད་པ་ཡི༔ ཐིག་ལེ་གཅིག་ཏུ་གནས་པར་ཤོག༔ དྷརྨ་དྷཱ་ཏུ་ཨ༔ ཞེས་དང་རྟེན་འབྲེལ་སྙིང་པོ་བརྗོད། ཚེ་མདའ་སྤྱི་བོར་རྒྱ་གྲམ་དུ་བཀོད། ཨོཾ༔ འགྲུབ་པར་གྱུར་ཅིག་རྡོ་རྗེའི་ཡེ་ཤེས་ཚེ༔ མི་འགྱུར་མི་ཤིགས་མཁའ་ལྟར་ཀུན་ལ་ཁྱབ༔ ཡོན་ཏན་དཔག་ཡས་ཕྲིན་ལས་བསམ་མི་ཁྱབ༔ པདྨ་ཚེ་དཔག་མེད་མགོན་མྱུར་འགྲུབ་ཤོག༔ ཅེས་བདེན་ཚིག་སྨོན་ལམ་གྱི་རྒྱས་གདབ་པར་བྱའོ། །དེ་ནས། གཙོ་བོས་ཇི་ལྟར་བཀའ་བསྩལ་པ་སོགས་ཀྱིས་དམ་ཚིག་ཁས་བླངས། ས་གཞི་སྤོས་ཆུས་གཏང་རག་མཎྜལ་འབུལ། དེང་ནས་བརྩམས་ཏེ་ལུས་འབུལ་བ་སོགས་ཀྱིས་གྲུབ་བོ། །ཚོགས་ལ་རོལ་པ་དང་ལྷག་མ་སོགས་བཀྲ་ཤིས་བར་ཕྲིན་ལས་ལྟར་མཐར་དབྱུང་ངོ༌། །གར་གྱི་དབང་ཕྱུག་རིགས་ཀུན་བདག །རྡོ་རྗེ་བཞི་ཡི་དཀྱིལ་འཁོར་དུ། འཇུག་པས་ཚེ་དང་ཡེ་ཤེས་ཀྱི། དངོས་གྲུབ་དཔལ་ལ་དབང་ཐོབ་ཤོག །ཅེས་རིག་འཛིན་གོང་མའི་ཕྱག་བཞེས་བཞིན་ཚུལ་འདི་ལའང་ལས་ཁྲིགས་འདི་ལྟར་སྦྱོར་ཞེས་སྙིགས་དུས་བསྟན་འགྲོའི་དཔལ་མགོན་ཞྭ་དེའུ་འཁྲུལ་ཞིག་མཆོག་སྤྲུལ་ངག་དབང་མདོ་སྔགས་བསྟན་འཛིན་རིན་པོ་ཆེས་གསུང་བསྐུལ་བཞིན་ལམ་འདིའི་བཀའ་བབ་པདྨ་མདོ་སྔགས་གླིང་པ་ཚེ་དབང་གྲུབ་པ་རྩལ་གྱིས་ལྷོ་འབྲུག་ཕུན་ཚོགས་ཆོས་གླིང་གི་དགོན་པར་ལྕགས་ཕག་རྒྱལ་ཟླའི་འཕེལ་ཕྱོགས་སུ་སྦྱར་བས་འགྲོ་ཀུན་ཚེ་དང་ཡེ་ཤེས་ཀྱི་དངོས་གྲུབ་འདོད་དགུའི་དཔལ་ལ་སྤྱོད་པའི་རྟེན་འབྱུང་དུ་གྱུར་ཅིག །སརྦ་མངྒ་ལཾ། དགེའོ།། །།}} | ||
</onlyinclude> | </onlyinclude> |
Revision as of 13:50, 9 December 2022
Wylie title | pad+ma tshe yi snying thig las/ /nang sgrub kyi bdag 'jug 'chi med ye shes bdud rtsi'i bum bzang | |
---|---|---|
Location | dil mgo mkhyen brtse bka' 'bum Volume 18, Text 43, Pages 300-312 (Folios 1a to 13b2) | |
Author | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |
Less details More details | ||
Tertön | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ (Khyentse, Dilgo) | |
Citation | Khyentse, Dilgo. Pad+ma tshe yi snying thig las nang sgrub kyi bdag 'jug 'chi med ye shes bdud rtsi'i bum bzang. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 18: 300-312. Delhi: Shechen Publications, 1994. | |
Genre | Self-Initiation - bdag 'jug | |
Cycle | འཆི་མེད་པདྨ་ཚེ་ཡི་སྙིང་ཐིག་ ('chi med pad+ma tshe yi snying thig) | |
Deity | tshe dpag med | |
Colophon |
།ཅེས་རིག་འཛིན་གོང་མའི་ཕྱག་བཞེས་བཞིན་ཚུལ་འདི་ལའང་ལས་ཁྲིགས་འདི་ལྟར་སྦྱོར་ཞེས་སྙིགས་དུས་བསྟན་འགྲོའི་དཔལ་མགོན་ཞྭ་དེའུ་འཁྲུལ་ཞིག་མཆོག་སྤྲུལ་ངག་དབང་མདོ་སྔགས་བསྟན་འཛིན་རིན་པོ་ཆེས་གསུང་བསྐུལ་བཞིན་ལམ་འདིའི་བཀའ་བབ་པདྨ་མདོ་སྔགས་གླིང་པ་ཚེ་དབང་གྲུབ་པ་རྩལ་གྱིས་ལྷོ་འབྲུག་ཕུན་ཚོགས་ཆོས་གླིང་གི་དགོན་པར་ལྕགས་ཕག་རྒྱལ་ཟླའི་འཕེལ་ཕྱོགས་སུ་སྦྱར་བས་འགྲོ་ཀུན་ཚེ་དང་ཡེ་ཤེས་ཀྱི་དངོས་གྲུབ་འདོད་དགུའི་དཔལ་ལ་སྤྱོད་པའི་རྟེན་འབྱུང་དུ་གྱུར་ཅིག །སརྦ་མངྒ་ལཾ། དགེའོ།། | |
/ces rig 'dzin gong ma'i phyag bzhes bzhin tshul 'di la'ang las khrigs 'di ltar sbyor zhes snyigs dus bstan 'gro'i dpal mgon zhwa de'u 'khrul zhig mchog sprul ngag dbang mdo sngags bstan 'dzin rin po ches gsung bskul bzhin lam 'di'i bka' bab pad+ma mdo sngags gling pa tshe dbang grub pa rtsal gyis lho 'brug phun tshogs chos gling gi dgon par lcags phag rgyal zla'i 'phel phyogs su sbyar bas 'gro kun tshe dang ye shes kyi dngos grub 'dod dgu'i dpal la spyod pa'i rten 'byung du gyur cig_/sarba mang+ga laM/_dge'o// |