DKR-KABUM-17-TSA-021: Difference between revisions
From Khyentse Lineage - A Tsadra Foundation Project
No edit summary |
No edit summary |
||
Line 2: | Line 2: | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|fulltitletib= | |sectionheading=No | ||
|fulltitle= | |fulltitletib=རང་བྱུང་པདྨའི་སྙིང་ཐིག་ལས༔ གུ་རུ་པདྨ་འབྱུང་གནས་ཀྱི་སྒྲུབ་ཐབས་འོད་གསལ་རང་ཤར༔ | ||
|citation=[[Khyentse, Dilgo]]. ''''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 17: . Delhi: Shechen Publications, 1994. | |fulltitle=rang byung pad+ma'i snying thig las: gu ru pad+ma 'byung gnas kyi sgrub thabs 'od gsal rang shar | ||
|citation=[[Khyentse, Dilgo]]. ''Rang byung pad+ma'i snying thig las gu ru pad+ma 'byung gnas kyi sgrub thabs 'od gsal rang shar''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 17: . Delhi: Shechen Publications, 1994. | |||
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | |collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | ||
|collectiontitle=dil mgo mkhyen brtse bka' 'bum | |collectiontitle=dil mgo mkhyen brtse bka' 'bum | ||
|author=Khyentse, Dilgo | |author=Khyentse, Dilgo | ||
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | ||
|sourcerevealer=Khyentse, Dilgo | |||
|sourcerevealertib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |sourcerevealertib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | ||
|tibgenre=Sadhanas - Evocation Ritual - sgrub thabs | |tibgenre=Sadhanas - Evocation Ritual - sgrub thabs | ||
|terma=Yes | |terma=Yes | ||
|dkroutline=Six | |dkroutline=Six | ||
|cycle=rang byung pad+ma snying thig | |cycle=rang byung pad+ma snying thig | ||
|cycletib=རང་བྱུང་པདྨ་སྙིང་ཐིག་ | |cycletib=རང་བྱུང་པདྨ་སྙིང་ཐིག་ | ||
| | |language=Tibetan | ||
|volumenumber=017 | |volumenumber=017 | ||
|volnumtib=༡༧ | |volnumtib=༡༧ | ||
|volyigtib=ཙ་ | |volyigtib=ཙ་ | ||
|totalvolumes=25 | |totalvolumes=25 | ||
|textnuminvol=021 | |||
|beginfolioline=1a | |beginfolioline=1a | ||
| | |multivolumework=No | ||
|versonotes=rang byung pad+ma snying thig | |versonotes=rang byung pad+ma snying thig | ||
|pdflink=File:DKR-KABUM-17-TSA-021.pdf | |pdflink=File:DKR-KABUM-17-TSA-021.pdf | ||
}} | }} | ||
Line 37: | Line 31: | ||
<h1 style="font-size: 24px !important;">Tibetan Text</h1> | <h1 style="font-size: 24px !important;">Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP| | {{TibP|རང་བྱུང་པདྨའི་སྙིང་ཐིག་ལས༔ གུ་རུ་པདྨ་འབྱུང་གནས་ཀྱི་སྒྲུབ་ཐབས་འོད་གསལ་རང་ཤར་བཞུགས༔<br><br> | ||
རང་བྱུང་དབྱིངས་ཀྱི་ལྷ་ལ་འདུད༔ གདོད་ནས་དག་པའི་ཡེ་ཤེས་ནི༔ རང་སྣང་ལྷ་ཡི་སྐུ་དང་ཞིང༔ དག་པ་ཆེན་པོར་ཤར་བ་ཡི༔ སྣང་སྲིད་གཞིར་བཞེངས་བསྐྱེད་རིམ་བསྒོམ༔ ས་མ་ཡ༔ འདི་ལ་སྔོན་འགྲོ་དངོས་གཞི་རྗེས༔ དང་པོ་བློ་རྒྱུད་སྦྱང་བ་ཡིས༔ ལམ་གྱི་སྣོད་རུང་བྱ་བ་ནི༔ འདི་ལྟར་རྙེད་དཀའི་དལ་འབྱོར་རྟེན༔ ཐེག་གསུམ་ཆོས་ཀྱི་སྣོད་གྱུར་པ༔ ལྷ་བས་ལྷག་འདི་རྙེད་དཀའ་བས༔ རྟེན་ལ་སྙིང་པོ་མ་བླང་ན༔ སྣོད་བཅུད་འཕོ་ཞིང་འཇིག་པའི་ཆོས༔ ནམ་ཡང་རྟག་པའི་གནས་མེད་ཅིང༔ གློ་བུར་འཆི་བས་གཏུག་པའི་ཚེ༔ རང་ཉིད་གཅིག་པུ་བར་དོར་འཁྱམས༔ སྡུག་བསྔལ་གཏིང་རིང་སྲིད་པར་འཇུག༔ འཁོར་བར་དབང་མེད་འཁྱམས་པའི་ཚེ༔ ལས་དང་ཉོན་མོངས་གཞན་དབང་ཅན༔ སྡུག་བསྔལ་མི་བཟད་སྐྱོན་ཅན་ཕྱིར༔ འདི་ལ་ཐོག་མེད་ནས་གནས་པའི༔ འཁྲུལ་པ་རང་རྒྱུད་སྣང་སྲིད་ཀུན༔ མ་བརྟགས་ཉམས་དགའ་ལྟར་སྣང་འདིས༔ བསླུས་པའི་རང་མཚང་སྲིད་པ་འདིར༔ ཐོག་མ་མེད་ནས་ཉེར་གནས་ཀྱང༔ རང་བཞིན་མ་ཤེས་འཁྲུལ་ན་ཡང༔ དོན་གྱི་གནས་ལུགས་ཡང་དག་པས༔ སྐུ་གསུམ་ཡོན་ཏན་ལྷུན་རྫོགས་རྩལ༔ བདེན་གཉིས་དག་ཅིང་མཉམ་པ་ཆེའི༔ གནས་ལུགས་ཉིད་ལས་གཞན་དུ་མིན༔ དེ་ནི་སངས་རྒྱས་ཐམས་ཅད་ཀྱི༔ རང་བྱུང་གསང་བ་ཆེན་པོ་གང༔ རྟོགས་ཏེ་མངོན་དུ་བྱས་གྱུར་ན༔ གློ་བུར་འཁྲུལ་པ་འདི་དག་ནི༔ གང་དུ་མི་གནས་རང་སངས་ནས༔ དོན་གྱི་དེ་ཉིད་མངོན་བྱེད་པའི༔ ཐབས་ལ་འབད་པས་ནན་ཏན་བྱ༔ ན་མོ༔ རང་རིག་འོད་གསལ་བྱང་ཆུབ་སེམས༔ ངོ་བོ་རང་བཞིན་ཐུགས་རྗེའི་དབྱིངས༔ སྐུ་གསུམ་བླ་མ་པདྨ་འབྱུང༔ རང་ངོ་ཤེས་པས་སྐྱབས་སུ་མཆི༔ ཧོཿ གདོད་ནས་དག་པའི་དེ་བཞིན་ཉིད༔ ཡེ་སངས་རྒྱས་པ་ཆོས་སྐུའི་ཀློང༔ འདུ་འབྲལ་མེད་པར་གནས་པའི་དོན༔ ཡེ་ཤེས་དབྱིངས་སུ་སེམས་བསྐྱེད་དོ༔ ཨཿ བདག་ཉིད་ཐ་མལ་ཚངས་པའི་སྒོར༔ པད་སྡོང་རབ་ཏུ་རྒྱས་པའི་སྟེང༔ དཀར་གསལ་ཟླ་དཀྱིལ་དབུས་སུ་ཧཱུྃ༔ ཡོངས་གྱུར་བླ་མ་རྡོ་རྗེ་སེམས༔ དཀར་གསལ་ཟླ་བའི་མཚན་དཔེ་ཅན༔ ཞི་འཛུམ་ཐུགས་རྗེས་རྗེས་སུ་དགོངས༔ ཕྱག་གཡས་རྡོ་རྗེ་གཡོན་དྲིལ་བུ༔ བསྣམས་ཤིང་རྡོ་རྗེའི་སྐྱིལ་ཀྲུང་བཞུགས༔ ལོངས་སྤྱོད་ཆས་རྫོགས་སྙེམས་མར་སྦྱོར༔ གཅེར་བུ་གྲི་ཐོད་ཕྱག་རྒྱ་ལྔ༔ སྣང་སྟོང་ཆུ་ཟླ་ལྟ་བུར་བསྒོམ༔ ཨོཾ༔ བླ་མ་དཔལ་ལྡན་རྡོ་རྗེ་སེམས༔ བདེ་སྟོང་གཉིས་མེད་ཡེ་ཤེས་སྐུ༔ སངས་རྒྱས་ཀུན་དང་གཉིས་སུ་མེད༔ རིགས་ཀུན་ཁྱབ་བདག་ཆེན་པོ་ལ༔ མི་ཕྱེད་གུས་པས་སྐྱབས་སུ་མཆི༔ བདག་ནི་ལས་ངན་སྡིག་པོ་ཆེ༔ འཁོར་བ་ངན་སོང་གསུམ་དུ་ཕྱོགས༔ ལས་ཉོན་སྒྲིབ་པས་ནོན་ཅིང་མནར༔ མི་ཤེས་ཉོན་མོངས་ཤུགས་དྲག་པས༔ ཡང་དག་ལམ་ལ་མ་གུས་པ༔ མྱུར་དུ་ཐུགས་རྗེས་སྐྱོབ་མཛད་གསོལ༔ ཁྱེད་མཚན་ཐོས་དང་དྲན་པས་ཀྱང༔ མཚམས་མེད་ལས་བྱང་ཐུགས་རྗེའི་སྟོབས༔ རྨད་བྱུང་གདུལ་དཀའི་མགོན་གཅིག་པུའི༔ སྔོན་གྱི་ཐུགས་བསྐྱེད་ཞལ་བཞེས་བཞིན༔ སྡིག་ལྟུང་སྒྲིབ་ཚོགས་མ་ལུས་པ༔ བྱང་དག་ཚངས་པ་བསྩལ་དུ་གསོལ༔ ཨོཾ་བཛྲ་གུ་རུ་སཏྭ་ས་མ་ཡ༔ མ་ནུ་པཱ་ལ་ཡ༔ བཛྲ་གུ་རུ་སཏྭ་ཏེ་ནོ་པ༔ ཏིཥྛ་ཌྷྀ་དྲོ་མེ་བྷ་ཝ༔ སུ་ཏོཥྱོ་མེ་བྷ་ཝ༔ སུ་པོཥྱོ་མེ་བྷ་ཝ༔ ཨ་ནུ་རཀྟོ་མེ་བྷ་ཝ༔ སརྦ་སིདྡྷི་མེ་པྲ་ཡཙྪ༔ སརྦ་ཀརྨ་སུཙྪ་མེ༔ ཙིཏྟཾ་ཤྲི་ཡཾ་ཀུ་རུ་ཧོཿ ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝན༔ སརྦ་ཏ་ཐཱ་ག་ཏ་བཛྲ་མ་མེ་མུཉྩ༔ བཛྲི་བྷ་ཝ་མ་ཧཱ་ས་མ་ཡ་སཏྭ་ཨ༔ རྩེ་གཅིག་བཟླས་པས་རྒྱུད་སྦྱངས་ཤིང༔ སྐུ་ལས་བྱུང་བའི་བདུད་རྩིའི་རྒྱུན༔ སྦྱོར་མཚམས་ནས་བྱུང་སྤྱི་བོ་ནས༔ རང་ལུས་གང་བས་ནད་དང་གདོན༔ སྡིག་ལྟུང་བཀྲུས་བཤལ་ཐ་མལ་ལུས༔ འོད་ཀྱི་རང་བཞིན་ཉིད་དུ་བསམ༔ ཨོཾ་ཨཱཿཧཱུྃ༔ དབྱིངས་རིག་གཉིས་མེད་ཆོས་སྐུའི་ཞིང༔ ངེས་པ་ལྔ་ལྡན་ལོངས་སྤྱོད་རྫོགས༔ མཁའ་ཁྱབ་སྤྲུལ་སྐུའི་ཞིང་རབ་འབྱམས༔ བླ་མ་རྩ་གསུམ་ལྷ་ལ་འབུལ༔ ཨོཾ་གུ་རུ་མཎྜ་ལ་དྷེ་ཝ་དྷཱ་ཀི་ནི་ག་ཎ་མཎྜ་ལ་པཱུ་ཛ་ཧོཿ ཨོཾ། ཆོས་དབྱིངས་རྒྱས་པར་འགེངས་པ་ཡི༔ རྩ་གསུམ་སྐྱབས་གནས་རྒྱ་མཚོ་ལ༔ རང་སྣང་རིག་པས་ཕྱག་འཚལ་ཞིང༔ འོད་གསལ་རྒྱན་གྱི་རོལ་མོས་མཆོད༔ བློས་བྱས་གཟུང་འཛིན་འཁྲུལ་སྣང་བཤགས༔ ཡོན་ཏན་ལྷུན་རྫོགས་རྗེས་ཡི་རང༔ རང་རྩལ་ཆོས་འཁོར་རྟག་བསྐོར་ཞིང༔ འཕོ་མེད་རྡོ་རྗེའི་སྐུར་བཞུགས་ཏེ༔ འབྲས་བུ་ཡེ་རྫོགས་ཐོབ་ཕྱིར་བསྔོ༔ སྐུ་གསུམ་དགོངས་པ་མངོན་གྱུར་ཤོག༔ ཨེ་མ་ཧོཿ མཐའ་བྲལ་ཆོས་དབྱིངས་བུམ་སྐུའི་ཀློང༔ འོད་གསལ་བདེ་ཆེན་རིགས་ཀུན་བདག༔ སྲིད་ཞིའི་དཔལ་གྱུར་བླ་མ་རྗེ༔ སྐྱབས་ཀུན་འདུས་པའི་བདག་ཉིད་ཆེ༔ གདོད་ནས་རང་ལ་མངོན་སུམ་བཞུགས༔ མ་རྟོགས་འཁྲུལ་པས་མནར་བ་བདག༔ ཡེ་ཤེས་དགོངས་པས་བྱིན་ཕོབ་ལ༔ དོན་གྱི་བླ་མ་མངོན་གྱུར་མཛོད༔ སྐུ་བཞི་བདེ་བ་ཆེན་པོའི་དབྱིངས༔ རྡོ་རྗེ་གསུམ་གྱི་དཀྱིལ་འཁོར་དུ༔ ཡུད་ཀྱིས་སྨིན་པར་མཛད་ནས་ཀྱང༔ སྒྲིབ་དག་ཡེ་ཤེས་སྣང་མཛད་གསོལ༔ གནས་བཞིའི་འོད་ཀྱིས་དབང་བསྐུར་བས༔ སྒྲིབ་པ་བཞི་དག་ལམ་བཞི་འབྱོང༔ བླ་མ་སྐུ་བཞིའི་ཡོན་ཏན་སར༔ ད་ལྟ་ཉིད་དུ་སྦྱོར་བསམ་ལ༔ འོད་ཞུ་རང་བསྟིམ་ཐུགས་ཡིད་བསྲེ༔ དོན་གྱི་བླ་མའི་རང་ངོ་བལྟ༔ དེས་ནི་རྒྱུད་དག་ཚོགས་གཉིས་རྫོགས༔ སྲིད་ལས་ངེས་འབྱུང་ཞི་མཐའ་འགོག༔ ཀུན་ཁྱབ་སྙིང་རྗེའི་སྲོག་ལྡན་པའི༔ ཡང་དག་ལམ་གྱི་གཞུང་བསྲང་ངོ༔ ས་མ་ཡ༔ དངོས་གཞི་བསྐྱེད་བཟླས་རྫོགས་པའི་རིམ༔ རྡོ་རྗེ་གསུམ་གྱི་རྣལ་འབྱོར་བསྒོམ༔ ཨ༔ རང་རིག་གཉུག་མའི་ཧེ་རུ་ཀས༔ གཟུང་འཛིན་འཁྲུལ་པའི་གདོན་ཚོགས་བསྐྲད༔ གཉིས་མེད་ཡེ་ཤེས་ཕྱག་རྒྱ་ལས༔ མི་འདའ་རྡོ་རྗེའི་མཚམས་བཅད་དོ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཛྙཱ་ན་བཛྲ་རཀྵ་བྷྲཱུྃ༔ ཨ༔ དབྱིངས་ལས་ཡེ་ཤེས་རོལ་པའི་རྩལ༔ སྐུ་གསུམ་ལྷ་ཚོགས་བྱིན་ཆེན་ཕོབ༔ སྣང་སྲིད་རྣམ་དག་རྡོ་རྗེའི་ཞིང༔ ཀུན་བཟང་མཆོད་པའི་ཕྱག་རྒྱར་རྫོགས༔ ཛྙཱ་ན་མ་ཧཱ་པཱུ་ཛ་ཧོཿ ཨཿ ཀ་དག་རང་བྱུང་ཀུན་ཏུ་བཟང༔ ཨེ་དབྱིངས་རྣམ་ཐར་གསུམ་རྫོགས་པའི༔ དྷ་ན་ཀོ་ཤའི་རྒྱ་མཚོ་ནི༔ ཉམས་དགའི་བཀོད་པ་རྨད་བྱུང་དབུས༔ ལྷུན་གྲུབ་འོད་གསལ་ཆེན་པོའི་གདངས༔ སྐུ་དང་ཞིང་ཁམས་རྒྱ་མཚོ་ཡི༔ སྒྲོན་མའི་སྤྲིན་ཕུང་བསམ་ཡས་པ༔ བདེ་ཆེན་ལོངས་སྤྱོད་རྫོགས་པའི་ཚུལ༔ ཟུང་འཇུག་གཉིས་མེད་ཡི་གེ་ཧྲཱིཿ ཡོངས་གྱུར་རྡོ་རྗེ་རྩེ་ལྔ་པ༔ ལྟེ་བར་ཧྲཱིཿས་མཚན་སྤྲོ་བསྡུ་ལས༔ རྡོ་རྗེ་སེམས་དཔའ་དཀྱིལ་འཁོར་གཙོ༔ གུ་རུ་པདྨ་འབྱུང་གནས་ནི༔ མཐིང་གསལ་ནམ་མཁའ་དྭངས་པའི་མདོག༔ ཞི་འཛུམ་སྤྱན་གསུམ་ལོངས་སྐུའི་ཆས༔ རྡོ་རྗེ་དྲིལ་བསྣམས་དབྱིངས་ཕྱུག་དཀར༔ གཉིས་མེད་བདེ་སྦྱོར་རུས་པ་དང༔ རིན་ཆེན་དར་གྱིས་མཛེས་པར་བརྒྱན༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་གིས༔ པདྨ་ཟླ་བའི་གདན་ལ་འགྱིངས༔ འཇའ་ཟེར་འོད་ཀྱི་དྲྭ་བར་རོལ༔ ཐུགས་ཀར་རང་བཞིན་གཞིའི་ཀུན་བཟང༔ རིགས་ལྔ་སེམས་དཔའ་ལྕམ་དྲལ་ཟུང༔ ཐུབ་དྲུག་སྒོ་བ་ཡབ་ཡུམ་གསལ༔ བདེ་ཆེན་འཁོར་ལོར་ཆེ་བའི་མཆོག༔ ཧེ་རུ་ཀ་དཔལ་ཡབ་ཡུམ་བཅུ༔ གནས་ཡུལ་མ་མོ་སྒོ་སྐྱོང་དང༔ དབང་ཕྱུག་མཁའ་འགྲོའི་ཚོགས་བཅས་བཞུགས༔ མདུན་དང་ཕྱོགས་བཞིར་ཐོད་ཕྲེང་ལྔ༔ མཐིང་དཀར་སེར་དམར་ལྗང་གུའི་མདོག༔ ལོངས་སྤྱོད་རྫོགས་པའི་ཆས་ཀྱིས་བརྒྱན༔ ཞི་འཛུམ་བརྗིད་ཆགས་སྒེག་ཁྲོའི་ཉམས༔ གཡས་རྣམས་འཁོར་ལོ་རྡོ་རྗེ་དང༔ རིན་ཆེན་པདྨ་རལ་གྲི་ཅན༔ གཡོན་པས་རང་རྟགས་དྲིལ་བུ་བཅས༔ ཐུགས་ཀར་བསྣོལ་ཞིང་ཡུམ་དང་སྦྱོར༔ པད་ཟླར་རྡོ་རྗེའི་སྐྱིལ་ཀྲུང་བཞུགས༔ འཁོར་དུ་བརྒྱུད་གསུམ་རིག་འཛིན་ཚོགས༔ འོད་ལྔའི་ཐིག་ལེའི་ཀློང་ན་འགྱིངས༔ ཕུང་ཁམས་གདོད་ནས་རིགས་མཆོག་ལྔའི༔ དབང་བསྐུར་སྐུ་གསུང་ཐུགས་ཀྱི་དབྱིངས༔ སངས་རྒྱས་ཀུན་དང་མཉམ་པར་སྦྱོར༔ དུག་ལྔའི་རང་བཞིན་ཡེ་ཤེས་ལྔར༔ ལྷུན་གྱིས་གྲུབ་པས་བྱིན་གྱིས་རློབས༔ ཨ༔ ཀ་དག་དབྱིངས་ཀྱི་ཕོ་བྲང་ནས༔ ཀུན་ཏུ་བཟང་པོ་འོད་མཐའ་ཡས༔ དང་པོའི་སངས་རྒྱས་རིགས་ཀུན་བདག༔ ཡེ་ཤེས་རྒྱ་མཚོའི་འཁོར་བཅས་གཤེགས༔ འོད་གསལ་རང་བྱུང་ཕོ་བྲང་ནས༔ ལྷུན་གྱིས་གྲུབ་པའི་རིགས་མཆོག་ལྔ༔ སྐུ་དང་ཞིང་ཁམས་རྒྱ་མཚོའི་དཔལ༔ གངས་ཆེན་མཚོ་རྒྱལ་སྣང་མཛད་གཤེགས༔ ཐུགས་རྗེ་ཀུན་ཁྱབ་ཕོ་བྲང་ནས༔ འགྲོ་འདུལ་ཕྲིན་ལས་བསམ་མི་ཁྱབ༔ རྩ་གསུམ་རྒྱ་མཚོའི་ཡེ་ཤེས་སྐུ༔ འཆི་མེད་པདྨ་འབྱུང་གནས་གཤེགས༔ ཧཱུྃ་ཧཱུྃ༔ སྐུ་གསུམ་བླ་མ་རིག་འཛིན་ཚོགས༔ ཡི་དམ་རྒྱ་མཚོའི་སྒྱུ་འཕྲུལ་གར༔ གནས་གསུམ་དཔའ་བོ་ཌཱ་ཀི་བཅས༔ ཡེ་ཤེས་གཅིག་ལས་དུ་མར་འཆར༔ གཤེགས་བཞུགས་མཚན་མ་མི་དམིགས་ཀྱང༔ གང་འདུལ་དེར་སྣང་རོལ་པ་ཡིས༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ སྣང་སྲིད་གཞིར་བཞེངས་བྱིན་ཕོབ་ལ༔ གཉིས་སྣང་འཁྲུལ་རྟོག་བར་ཆད་སོལ༔ རིག་པ་རྩལ་གྱི་དབང་བསྐུར་ལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿཛཿ ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཙིཏྟ་ཧྲཱིཾ་ཧྲཱིཾ་ཛཿ ཨཿ གདོད་ནས་རྣམ་དག་དམ་ཚིག་པར༔ ཡེ་ཤེས་ཕྱག་རྒྱ་གཉིས་མེད་བཞུགས༔ རང་ངོ་ཤེས་པ་ལྟ་བའི་ཕྱག༔ བཟང་ངན་སྤང་བླང་བྲལ་བར་འཚལ༔ ཏིཥྛ་ལྷན༔ ན་མོ་ཧཱུྃ༔ ཨ༔ ཡུལ་དང་དབང་པོར་ཞེན་པ་ཡི༔ གཟུང་འཛིན་ཆགས་སྡང་བྲལ་བའི་མདངས༔ བདེ་བ་ཆེན་པོའི་ཡེ་ཤེས་ཀྱི༔ རང་སྣང་བཀོད་པ་རྒྱན་གྱི་སྤྲིན༔ ལྷ་རྫས་ཉེར་སྤྱོད་འདོད་ཡོན་ཕྱི༔ སྨན་གཏོར་རཀྟ་རྡོ་རྗེ་ནང༔ དབྱིངས་རིག་སྦྱོར་སྒྲོལ་གསང་མཆོག་གི༔ མཆོད་པ་རྒྱ་མཚོ་བདེ་བ་ཆེ༔ ལྷུན་གྱིས་གྲུབ་ཅིང་བྲི་གང་བྲལ༔ སྐྱེ་འགག་ལས་འདས་རྒྱུན་མི་ཆད༔ ཀུན་བཟང་རྡོ་རྗེའི་ལོངས་སྤྱོད་ཆེ༔ རྨད་དུ་བྱུང་བ་དགྱེས་འབུལ་ན༔ བཞེས་ལ་དངོས་གྲུབ་མཆོག་སྩོལ་ཅིག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་ཛྙཱ་ན་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤབྡ་པཉྩ་ཀཱ་མ་གུ་ཎ་མ་ཧཱ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིངྟ་ཛྙཱ་ན་དྷཱ་ཏུ་སརྦ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ཨཏྨ་ཀོ྅་ཧཾ། ཧྲཱིཿ མ་བཅོས་སྤྲོས་བྲལ་བླ་མ་ཆོས་ཀྱི་སྐུ༔ བདེ་ཆེན་ལོངས་སྤྱོད་བླ་མ་ཆོས་ཀྱི་རྗེ༔ པད་སྡོང་ལས་འཁྲུངས་བླ་མ་སྤྲུལ་པའི་སྐུ༔ སྐུ་གསུམ་རྡོ་རྗེ་འཆང་ལ་ཕྱག་འཚལ་བསྟོད༔ ངོ་བོ་ཀ་དག་ཀུན་བཟང་འོད་མཐའ་ཡས༔ རང་བྱུང་ལྷུན་གྲུབ་རིགས་མཆོག་ཐོད་ཕྲེང་ལྔ༔ ཐུགས་རྗེའི་འཕྲོ་འདུ་སྤྲུལ་པའི་མཚན་མཆོག་བརྒྱད༔ བསམ་ཡས་སྒྱུ་འཕྲུལ་རྡོ་རྗེའི་སྤྲིན་ལ་བསྟོད༔ གདོད་ནས་གཉིས་མེད་མཉམ་པའི་ཡེ་ཤེས་གར༔ གང་འདུལ་ཕྲིན་ལས་སྐྱེ་འགག་མེད་པའི་དབྱིངས༔ བྱིན་རླབས་དངོས་གྲུབ་ཕྲིན་ལས་འདོད་དགུའི་གཏེར༔ རྩ་གསུམ་ཀུན་འདུས་བླ་མའི་དཀྱིལ་འཁོར་བསྟོད༔ ཐུགས་ཀར་རང་གནས་གཞིའི་ཡེ་ཤེས༔ ཀུན་བཟང་འོད་མི་འགྱུར་ཆེན་པོའི༔ ཐུགས་སྲོག་ཨ་ཡིག་ནམ་མཁའི་མདོག༔ ཆོས་ཀུན་འབྱུང་ཞིང་འཕྲོ་བ་ཡི༔ མཐའ་བསྐོར་རྡོ་རྗེའི་སྔགས་ཀྱིས་བསྐོར༔ སྤྲོ་བསྡུས་འོད་ཀྱིས་སྣོད་བཅུད་ཀུན༔ ཡེ་ཤེས་རྒྱན་གྱི་དཀྱིལ་འཁོར་རྫོགས༔ སྣང་གྲགས་རིག་པ་ལྷ་དང་སྔགས༔ ཡེ་ཤེས་རོལ་པ་གཅིག་ཏུ་དག༔ ཆོས་ཅན་བདེ་ཆེན་འཁོར་ལོ་ཀུན༔ ཆོས་ཉིད་ཐིག་ལེ་གཅིག་ཏུ་རྫོགས༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་འཿཨཿཧཿཤཿསཿམཿབཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱཿ ཞེས་བཟླས་དགོངས་པ་དབྱིངས་སུ་བསྐྱལ༔ མངོན་སུམ་བྱིན་རླབས་གདོན་མི་ཟ༔ ས་མ་ཡ༔ ཤར་གྱི་རྡོ་རྗེ་ཐོད་ཕྲེང་གི༔ ཐུགས་ཀར་མི་བསྐྱོད་རྡོ་རྗེ་སེམས༔ དཀར་གསལ་ཐུགས་སྲོག་ཧཱུྃ་གི་མཐར༔ བཛྲ་ཐོད་ཕྲེང་སྔགས་ཀྱིས་བསྐོར༔ སྤྲོ་བསྡུས་སྣོད་བཅུད་དག་པར་སྦྱངས༔ གནས་སྐབས་འཇིགས་བརྒྱད་མི་མཐུན་ཕྱོགས༔ མཐར་ཐུག་གཟུང་འཛིན་འཁྲུལ་ཤེས་སྦྱངས༔ ཞི་མཛད་རྡོ་རྗེ་ཐོད་ཕྲེང་གི༔ གསང་གསུམ་ཡེ་ཤེས་རོལ་པར་ཤར༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་བཛྲ་ཐོད་ཕྲེང་རྩལ་བཛྲ་སཏྭ་ས་མ་ཡ་ཛཿཤཱིནྟཾ་སིདྡྷི་ཕ་ལ་ཧཱུྃ་ཨཱཿ ཞེས་བཟླས་ཞི་བ་ཆེན་པོའི་ལས༔ ལྷོ་ཡི་རཏྣ་ཐོད་ཕྲེང་གི༔ ཐུགས་ཀར་རཏྣ་སཾ་བྷ་ཝ༔ སེར་གསལ་ཐུགས་སྲོག་ཏྲཱཾ་ཡིག་མཐར༔ རཏྣ་ཐོད་ཕྲེང་སྔགས་ཀྱིས་བསྐོར༔ སྤྲོ་བསྡུས་སྲིད་ཞིའི་དཔལ་འབྱོར་བསྡུས༔ གནས་སྐབས་ཚེ་བསོད་དཔལ་འབྱོར་རྒྱས༔ མཐར་ཐུག་ཉམས་རྟོགས་ཡེ་ཤེས་སྤེལ༔ རྒྱས་མཛད་རཏྣ་ཐོད་ཕྲེང་གི༔ གསང་གསུམ་ཡེ་ཤེས་རོལ་པར་ཤར༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་རཏྣ་ཐོད་ཕྲེང་རྩལ་རཏྣ་སཾ་བྷ་ཝ་ས་མ་ཡ་ཛཿཔུཥྚིཾ་སིདྡྷི་ཕ་ལ་ཧཱུྃ་ཨཱཿ ཞེས་བཟླས་རྒྱས་པ་ཆེན་པོའི་ལས༔ ནུབ་ཀྱི་པདྨ་ཐོད་ཕྲེང་གི༔ ཐུགས་ཀར་པདྨ་དྷཱ་ར་ཧྲཱིཿ དམར་གསལ་ཐུགས་སྲོག་ཧྲཱིཿཡིག་མཐར༔ པདྨ་ཐོད་ཕྲེང་སྔགས་ཀྱིས་བསྐོར༔ སྤྲོ་བསྡུས་བརྟན་གཡོའི་དྭངས་བཅུད་བསྡུས༔ གནས་སྐབས་སྲིད་གསུམ་དབང་དུ་བསྡུས༔ མཐར་ཐུག་རླུང་སེམས་མི་ཤིགས་སྲོག༔ དབང་མཛད་པདྨ་ཐོད་ཕྲེང་གི༔ གསང་གསུམ་ཡེ་ཤེས་རོལ་པར་ཤར༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་པདྨ་དྷཱ་ར་ཧྲཱིཿས་མ་ཡ་ཛཿཝཱ་ཤཾ་སིདྡྷི་ཕ་ལ་ཧཱུྃ་ཨཱཿ ཞེས་བཟླས་དབང་གི་ཕྲིན་ལས་སོ༔ བྱང་གི་ཀརྨ་ཐོད་ཕྲེང་གི༔ ཐུགས་ཀར་ཨ་མོ་གྷ་སིདྡྷི༔ ལྗང་གསལ་ཐུགས་སྲོག་ཨཱཿཡིག་མཐར༔ ཀརྨ་ཐོད་ཕྲེང་སྔགས་ཀྱིས་བསྐོར༔ སྤྲོ་བསྡུས་གཉིས་སྣང་དགྲ་བགེགས་བསྒྲལ༔ གནས་སྐབས་བདུད་བགེགས་བར་ཆད་བསྒྲལ༔ མཐར་ཐུག་བདུད་བཞི་དབྱིངས་སུ་སྒྲོལ༔ དྲག་མཛད་ཀརྨ་ཐོད་ཕྲེང་གི༔ གསང་གསུམ་ཡེ་ཤེས་རོལ་པར་ཤར༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་ཀརྨ་ཐོད་ཕྲེང་རྩལ་ཨ་མོ་གྷ་སིདྡྷི་ས་མ་ཡ་ཛཿརུ་ཏྲ་སིདྡྷི་ཕ་ལ་ཧཱུྃ་ཨཱཿ ཞེས་བཟླས་དྲག་པོའི་ཕྲིན་ལས་སོ༔ ལྷ་དང་སྔགས་དང་ཆོས་ཉིད་གཤིས༔ དུ་མར་སྣང་ཡང་ངོ་བོ་ནི༔ ཡེ་ཤེས་གཅིག་གི་བདག་ཉིད་དུ༔ ངེས་པའི་ལྟ་བའི་གདིང་ཐོབ་ན༔ ནོར་བུ་གཅིག་གིས་སྣ་ཚོགས་ལས༔ བྱེད་པ་བཞིན་དུ་ཏིང་འཛིན་གྱི༔ ནུས་པ་རྨད་དུ་བྱུང་བ་ཡིས༔ དོན་གཉིས་འབད་མེད་འགྲུབ་པའི་ཕྱིར༔ མན་ངག་གནད་ཀྱིས་ཟིན་པ་གཅེས༔ ས་མ་ཡ༔ རང་རིག་འོད་གསལ་འདུས་མ་བྱས༔ གཏིང་གསལ་ཡེ་ཤེས་ཆེན་པོའི་ལྷ༔ གདོད་ནས་འདུ་འབྲལ་མེད་པར་བཞུགས༔ མ་རྟོགས་བདག་ཏུ་བཟུང་བའི་བློས༔ མེད་སྣང་སྲིད་པའི་གྲོང་ཁྱེར་གྱི༔ རྩ་བ་གཟུང་འཛིན་རྣམ་རྟོག་སྟེ༔ སྐྱེ་འགག་གནས་པ་བྲལ་བའི་དབྱིངས༔ བཟང་ངན་དབྱེ་བསལ་དགག་སྒྲུབ་མེད༔ རྩལ་སྣང་ཇི་ལྟར་ཤར་ན་ཡང༔ ངོ་བོ་ཀ་དག་གཅིག་ཏུ་རྫོགས༔ རང་བཞིན་གནས་པའི་ཡེ་ཤེས་སུ༔ མངོན་སུམ་མྱོང་བས་ངོ་འཕྲོད་ན༔ གནས་ལུགས་མི་འགྱུར་རྡོ་རྗེའི་དབྱིངས༔ བྲི་གང་བྲལ་བའི་ལྟ་བ་ཡི༔ སྲིད་ཞིའི་སྣང་ཆ་ཐམས་ཅད་པ༔ རང་གྲོལ་ཆེན་པོར་རྒྱས་ཐེབ་པས༔ ཕན་གནོད་བྲལ་བའི་དབྱིངས་སུ་བསྐྱལ༔ མཁའ་ལ་སྤྲིན་གྱི་འདུ་འགོད་བཞིན༔ རྣམ་པར་དག་པའི་སྒོམ་པ་ཡིས༔ མེད་སྣང་རྫུན་གྱི་ཕུག་གཏོར་ནས༔ ཡེ་ཤེས་ཆེན་པོས་རྒྱས་ཐེབ་སྟེ༔ སྲིད་དང་ཞི་བ་མ་ལུས་པའི༔ བྱེད་པོ་རང་བྱུང་འདུས་མ་བྱས༔ བསམ་བརྗོད་བྲལ་བའི་དེ་ཁོ་ན༔ ངོ་ཤེས་ལམ་དུ་ཁྱེར་བ་ཡི༔ འབད་རྩོལ་རེ་དོགས་ལས་འདས་ཕྱིར༔ རྩིས་གདབ་མེད་པའི་སྤྱོད་པ་ཡིས༔ ཡེ་གྲོལ་ཆེན་པོར་དབང་བསྐུར་ཚེ༔ སྐུ་གསུམ་ཕྱིར་མི་ལྡོག་པའི་ལམ༔ མངོན་སུམ་རྙེད་པར་གདོན་མི་ཟ༔ བོགས་འབྱིན་འོད་གསལ་ལྷུན་གྲུབ་ཀློང༔ རིག་པ་ཡེ་ཤེས་སྒྲོན་མའི་སྤྲིན༔ ཙིཏྟ་རིན་ཆེན་སྦུབས་བཞུགས་པ༔ ཀ་ཏི་ཤེལ་གྱི་སྦུ་གུ་ཞེས༔ རིན་ཆེན་རྒྱ་མཚོར་འབྲེལ་བའི་ཀློང༔ དབྱིངས་རིག་ཐིག་ལེའི་སྣང་ཆ་ཀུན༔ སྒོ་ཡུལ་རླུང་རིག་གནད་ཟབ་མོས༔ གཅུན་པས་མངོན་སུམ་ཉིད་དུ་མཐོང༔ རིག་རྩལ་ཤེས་རབ་ཆེན་པོའི་རྩལ༔ རྒྱས་པས་རགས་སྣང་དབྱིངས་སུ་དེངས༔ རྩ་རླུང་དྭངས་མར་སྨིན་པ་ཡི༔ སྣང་བའི་ཡེ་ཤེས་རྩལ་རྫོགས་འཕེལ༔ སྣ་ཚོགས་ཉམས་ཀྱི་འཕེལ་འགྲིབ་འཆར༔ ཀུན་ཀྱང་རེ་དོགས་བྲལ་བ་ཡི༔ ལྟ་བའི་གདིང་གི་རྒྱུན་བསྐྱངས་པས༔ སྣང་བ་སྒྱུ་མའི་ཆོ་འཕྲུལ་ཀུན༔ སྐུ་དང་ཡེ་ཤེས་དག་པ་ཆེའི༔ གཤིས་ལུགས་ | |||
འདུ་འབྲལ་མེད་པར་སྣང༔ མ་དག་སྣོད་བཅུད་རྒྱུད་གསུམ་གྱི༔ འཁྲུལ་ཤེས་དག་པ་ཆེན་པོར་འཆར༔ གནད་ཀྱི་རང་སོ་ཟིན་པ་ན༔ ཕུང་པོ་འབྱུང་བ་འོད་དུ་དེངས༔ གཟུང་འཛིན་འཁྲུལ་གཞི་རྩད་ནས་སྟོང༔ ཡེ་ཤེས་སྣང་བ་གོང་འཕེལ་གདངས༔ ནང་གསལ་ཀ་དག་ཆེན་པོར་སྡུད༔ འཁྲུལ་པ་གཞི་ལ་མི་གནས་པའི༔ རྣལ་འབྱོར་གདེང་བཞི་ཐོབ་པར་འགྱུར༔ ངེས་པར་ཚེ་འདིར་མ་གྲོལ་ཀྱང༔ འཆི་ཁར་གོང་འཕོའི་མན་ངག་གིས༔ སྐྱེ་འཆིའི་བར་ལག་འགྱེལ་བ་ཡི༔ ཆོས་སྐུའི་དབྱིངས་སུ་འུབ་ཆུབ་ངེས༔ དེར་མ་གྲོལ་ན་ཆོས་ཉིད་ཀྱི༔ བར་དོ་སྒྲ་འོད་ཟེར་གསུམ་གྱི༔ ལྷུན་གྲུབ་སྒོ་བརྒྱད་ཐིམ་ལུགས་བརྒྱད༔ རང་བྱུང་རིག་པའི་རྩལ་སྣང་དུ༔ ངོ་ཤེས་གདེང་འཆོས་གྲོལ་བར་འགྱུར༔ རིག་སྟོང་རང་སོ་མ་ཟིན་པས༔ འཁྲུལ་རྟོག་རླུང་སེམས་གཉིས་འདུས་ཀྱིས༔ སྲིད་པ་བར་དོར་ཁ་འཁྱལ་ན༔ ལྷ་དང་བླ་མ་དྲན་པ་ཡིས༔ འཁྲུལ་སྣང་གཞན་དབང་ལས་གྲོལ་ནས༔ བར་དོ་ཉམས་ངའི་འཕྲང་སྒྲོལ་ངེས༔ ཕྱོགས་བཞི་དབུས་ལྔར་རང་བཞིན་གྱི༔ སྤྲུལ་པའི་ཞིང་ལྔར་བགྲོད་བྱས་ནས༔ སྟོན་པ་རིགས་ལྔའི་སངས་རྒྱས་ཀྱི༔ ཞལ་མཐོང་ལུང་བསྟན་དབུགས་དབྱུང་ནས༔ སྐུ་བཞི་དབྱེར་མེད་པད་འབྱུང་གི༔ གོ་འཕང་མངོན་གྱུར་གདོན་མི་ཟ༔ ས་མ་ཡ༔ གདོད་ནས་དག་པའི་ཡེ་ཤེས་དབྱིངས༔ སྲིད་ཞི་ཀུན་ཁྱབ་མགོན་པོ་ནི༔ དང་པོའི་སངས་རྒྱས་བཅོམ་ལྡན་འདས༔ ཀུན་བཟང་པདྨ་འབྱུང་གནས་ཏེ༔ འདུ་འབྲལ་མེད་པར་དབྱིངས་སུ་བཞུགས༔ རང་བྱུང་ལྷུན་གྲུབ་བདེ་བ་ཆེ༔ མ་བསྒྲུབ་ལྷུན་གྱིས་གྲུབ་པའི་བདག༔ སེམས་ཀྱི་གཤིས་ལ་ཡེ་ནས་རྫོགས༔ སྐུ་བཞིའི་དབྱིངས་སུ་འུབ་ཆུབ་ཀྱང༔ མ་རིག་འཁྲུལ་པ་གློ་བུར་བས༔ རང་གསལ་ཡེ་ཤེས་ཆེན་པོའི་གནད༔ མ་རྟོགས་ཐ་མལ་ཞེན་རྟོག་ལས༔ སྐྱོབ་བྱེད་རྨད་དུ་བྱུང་བའི་སྒོ༔ བྱིན་རླབས་བླ་མའི་རྡོ་རྗེ་གསུམ༔ ལམ་དུ་བྱེད་པའི་དཔལ་དམ་པ༔ རྡོ་རྗེ་གསང་བའི་ཚིག་ཏུ་བསྟན༔ དེ་ཉིད་ཉམས་སུ་ལེན་པའི་སྒོ༔ བྱིན་རླབས་དབང་གི་རྣལ་འབྱོར་ནི༔ ཟླུམ་པོ་བཞི་ཡི་ཚུལ་དུ་བསྟན༔ དཀྱིལ་འཁོར་འོད་ལྔའི་མུ་ཁྱུད་ལ༔ བུམ་ཐོད་མེ་ལོང་གཏོར་མ་བརྩེགས༔ སྐུ་གསུང་ཐུགས་ཀྱི་རྟེན་བཀྲམ་པར༔ ཕྱི་ནང་མཆོད་པས་བསྐོར་བ་ལ༔ བདག་མདུན་ཆོ་གས་ཚུལ་བཞིན་བསྒྲུབས༔ ཚོགས་དང་མཆོད་འབུལ་དབང་ལེན་རྗེས༔ སློབ་མ་ཁྲུས་བྱས་བགེགས་བསལ་ཞིང༔ མཎྜལ་གསོལ་གསུམ་བཏབ་པའི་རྗེས༔ སྐྱབས་སེམས་སྡོམ་བཟུང་ཚུལ་བཞིན་བྱ༔ སློབ་མ་ལྷར་བསྐྱེད་བྱིན་ཆེན་དབབ༔ བརྟན་བྱ་བུམ་པའི་དབང་བསྐུར་ནི༔ ཧཱུྃ༔ བུམ་པ་ཟླུམ་པོ་དབྱིངས་ཀྱི་སྣོད༔ ཡེ་ཤེས་རིག་པའི་བདུད་རྩིས་གཏམས༔ ཟུང་འཇུག་རྡོ་རྗེའི་སྐུ་ཡི་དབྱིངས༔ དབྱེར་མེད་མཉམ་པའི་དབང་བསྐུར་རོ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡེ་ཤྲཱི་ཧཱུྃ༔ གནས་བཞིར་བཞག་ལ་དབང་བསྐུར་བྱ༔ ཐོད་པར་གསང་བའི་བདུད་རྩི་སྟེར༔ འདི་ནས་ཕབ་འཕྲོ་ལུས།}} | འདུ་འབྲལ་མེད་པར་སྣང༔ མ་དག་སྣོད་བཅུད་རྒྱུད་གསུམ་གྱི༔ འཁྲུལ་ཤེས་དག་པ་ཆེན་པོར་འཆར༔ གནད་ཀྱི་རང་སོ་ཟིན་པ་ན༔ ཕུང་པོ་འབྱུང་བ་འོད་དུ་དེངས༔ གཟུང་འཛིན་འཁྲུལ་གཞི་རྩད་ནས་སྟོང༔ ཡེ་ཤེས་སྣང་བ་གོང་འཕེལ་གདངས༔ ནང་གསལ་ཀ་དག་ཆེན་པོར་སྡུད༔ འཁྲུལ་པ་གཞི་ལ་མི་གནས་པའི༔ རྣལ་འབྱོར་གདེང་བཞི་ཐོབ་པར་འགྱུར༔ ངེས་པར་ཚེ་འདིར་མ་གྲོལ་ཀྱང༔ འཆི་ཁར་གོང་འཕོའི་མན་ངག་གིས༔ སྐྱེ་འཆིའི་བར་ལག་འགྱེལ་བ་ཡི༔ ཆོས་སྐུའི་དབྱིངས་སུ་འུབ་ཆུབ་ངེས༔ དེར་མ་གྲོལ་ན་ཆོས་ཉིད་ཀྱི༔ བར་དོ་སྒྲ་འོད་ཟེར་གསུམ་གྱི༔ ལྷུན་གྲུབ་སྒོ་བརྒྱད་ཐིམ་ལུགས་བརྒྱད༔ རང་བྱུང་རིག་པའི་རྩལ་སྣང་དུ༔ ངོ་ཤེས་གདེང་འཆོས་གྲོལ་བར་འགྱུར༔ རིག་སྟོང་རང་སོ་མ་ཟིན་པས༔ འཁྲུལ་རྟོག་རླུང་སེམས་གཉིས་འདུས་ཀྱིས༔ སྲིད་པ་བར་དོར་ཁ་འཁྱལ་ན༔ ལྷ་དང་བླ་མ་དྲན་པ་ཡིས༔ འཁྲུལ་སྣང་གཞན་དབང་ལས་གྲོལ་ནས༔ བར་དོ་ཉམས་ངའི་འཕྲང་སྒྲོལ་ངེས༔ ཕྱོགས་བཞི་དབུས་ལྔར་རང་བཞིན་གྱི༔ སྤྲུལ་པའི་ཞིང་ལྔར་བགྲོད་བྱས་ནས༔ སྟོན་པ་རིགས་ལྔའི་སངས་རྒྱས་ཀྱི༔ ཞལ་མཐོང་ལུང་བསྟན་དབུགས་དབྱུང་ནས༔ སྐུ་བཞི་དབྱེར་མེད་པད་འབྱུང་གི༔ གོ་འཕང་མངོན་གྱུར་གདོན་མི་ཟ༔ ས་མ་ཡ༔ གདོད་ནས་དག་པའི་ཡེ་ཤེས་དབྱིངས༔ སྲིད་ཞི་ཀུན་ཁྱབ་མགོན་པོ་ནི༔ དང་པོའི་སངས་རྒྱས་བཅོམ་ལྡན་འདས༔ ཀུན་བཟང་པདྨ་འབྱུང་གནས་ཏེ༔ འདུ་འབྲལ་མེད་པར་དབྱིངས་སུ་བཞུགས༔ རང་བྱུང་ལྷུན་གྲུབ་བདེ་བ་ཆེ༔ མ་བསྒྲུབ་ལྷུན་གྱིས་གྲུབ་པའི་བདག༔ སེམས་ཀྱི་གཤིས་ལ་ཡེ་ནས་རྫོགས༔ སྐུ་བཞིའི་དབྱིངས་སུ་འུབ་ཆུབ་ཀྱང༔ མ་རིག་འཁྲུལ་པ་གློ་བུར་བས༔ རང་གསལ་ཡེ་ཤེས་ཆེན་པོའི་གནད༔ མ་རྟོགས་ཐ་མལ་ཞེན་རྟོག་ལས༔ སྐྱོབ་བྱེད་རྨད་དུ་བྱུང་བའི་སྒོ༔ བྱིན་རླབས་བླ་མའི་རྡོ་རྗེ་གསུམ༔ ལམ་དུ་བྱེད་པའི་དཔལ་དམ་པ༔ རྡོ་རྗེ་གསང་བའི་ཚིག་ཏུ་བསྟན༔ དེ་ཉིད་ཉམས་སུ་ལེན་པའི་སྒོ༔ བྱིན་རླབས་དབང་གི་རྣལ་འབྱོར་ནི༔ ཟླུམ་པོ་བཞི་ཡི་ཚུལ་དུ་བསྟན༔ དཀྱིལ་འཁོར་འོད་ལྔའི་མུ་ཁྱུད་ལ༔ བུམ་ཐོད་མེ་ལོང་གཏོར་མ་བརྩེགས༔ སྐུ་གསུང་ཐུགས་ཀྱི་རྟེན་བཀྲམ་པར༔ ཕྱི་ནང་མཆོད་པས་བསྐོར་བ་ལ༔ བདག་མདུན་ཆོ་གས་ཚུལ་བཞིན་བསྒྲུབས༔ ཚོགས་དང་མཆོད་འབུལ་དབང་ལེན་རྗེས༔ སློབ་མ་ཁྲུས་བྱས་བགེགས་བསལ་ཞིང༔ མཎྜལ་གསོལ་གསུམ་བཏབ་པའི་རྗེས༔ སྐྱབས་སེམས་སྡོམ་བཟུང་ཚུལ་བཞིན་བྱ༔ སློབ་མ་ལྷར་བསྐྱེད་བྱིན་ཆེན་དབབ༔ བརྟན་བྱ་བུམ་པའི་དབང་བསྐུར་ནི༔ ཧཱུྃ༔ བུམ་པ་ཟླུམ་པོ་དབྱིངས་ཀྱི་སྣོད༔ ཡེ་ཤེས་རིག་པའི་བདུད་རྩིས་གཏམས༔ ཟུང་འཇུག་རྡོ་རྗེའི་སྐུ་ཡི་དབྱིངས༔ དབྱེར་མེད་མཉམ་པའི་དབང་བསྐུར་རོ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡེ་ཤྲཱི་ཧཱུྃ༔ གནས་བཞིར་བཞག་ལ་དབང་བསྐུར་བྱ༔ ཐོད་པར་གསང་བའི་བདུད་རྩི་སྟེར༔ འདི་ནས་ཕབ་འཕྲོ་ལུས།}} | ||
</onlyinclude> | </onlyinclude> |
Revision as of 15:31, 7 December 2022
🚧 This website is under continued development. We appreciate your patience!
རང་བྱུང་པདྨའི་སྙིང་ཐིག་ལས༔ གུ་རུ་པདྨ་འབྱུང་གནས་ཀྱི་སྒྲུབ་ཐབས་འོད་གསལ་རང་ཤར༔
Wylie title | rang byung pad+ma'i snying thig las: gu ru pad+ma 'byung gnas kyi sgrub thabs 'od gsal rang shar | |
---|---|---|
Location | dil mgo mkhyen brtse bka' 'bum Volume 17, Text 21, Pages (Folios 1a to ) | |
Author | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |
Less details More details | ||
Tertön | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ (Khyentse, Dilgo) | |
Citation | Khyentse, Dilgo. Rang byung pad+ma'i snying thig las gu ru pad+ma 'byung gnas kyi sgrub thabs 'od gsal rang shar. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 17: . Delhi: Shechen Publications, 1994. | |
Genre | Sadhanas - Evocation Ritual - sgrub thabs | |
Cycle | རང་བྱུང་པདྨ་སྙིང་ཐིག་ (rang byung pad+ma snying thig) |