DKR-KABUM-17-TSA-020: Difference between revisions
No edit summary |
No edit summary |
||
Line 2: | Line 2: | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|fulltitletib= | |sectionheading=No | ||
|fulltitle= | |fulltitletib=རང་བྱུང་པདྨའི་སྙིང་ཐིག་ལས། སྒྲུབ་པ་ཆེན་པོའི་ཁོག་དབུབ་དངོས་གྲུབ་འདོད་དགུའི་གཏེར་མཛོད། | ||
|citation=[[Khyentse, Dilgo]]. ''''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 17: . Delhi: Shechen Publications, 1994. | |fulltitle=rang byung pad+ma'i snying thig las/ sgrub pa chen po'i khog dbub dngos grub 'dod dgu'i gter mdzod | ||
|citation=[[Khyentse, Dilgo]]. ''Rang byung pad+ma'i snying thig las sgrub pa chen po'i khog dbub dngos grub 'dod dgu'i gter mdzod''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 17: 87-123. Delhi: Shechen Publications, 1994. | |||
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | |collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | ||
|collectiontitle=dil mgo mkhyen brtse bka' 'bum | |collectiontitle=dil mgo mkhyen brtse bka' 'bum | ||
|author=Khyentse, Dilgo | |author=Khyentse, Dilgo | ||
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | ||
|sourcerevealer=Khyentse, Dilgo | |||
|sourcerevealertib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |sourcerevealertib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | ||
|tibgenre=Structural Arrangement for Ritual Practice - sgrub khog | |||
|tibgenre= | |||
|terma=Yes | |terma=Yes | ||
|dkroutline=Six | |dkroutline=Six | ||
|cycle=rang byung pad+ma snying thig | |cycle=rang byung pad+ma snying thig | ||
|cycletib=རང་བྱུང་པདྨ་སྙིང་ཐིག་ | |cycletib=རང་བྱུང་པདྨ་སྙིང་ཐིག་ | ||
| | |language=Tibetan | ||
|volumenumber=017 | |volumenumber=017 | ||
|volnumtib=༡༧ | |volnumtib=༡༧ | ||
|volyigtib=ཙ་ | |volyigtib=ཙ་ | ||
|totalvolumes=25 | |totalvolumes=25 | ||
|textnuminvol=020 | |||
|pagenumbers=87-123 | |||
|totalpages=74 | |||
|beginfolioline=1a | |beginfolioline=1a | ||
|rectonotes= | |endfolioline=37b3 | ||
|totalfolios=37 | |||
|multivolumework=No | |||
|rectonotes=sgrub khog | |||
|versonotes=rang byung pad+ma snying thig | |versonotes=rang byung pad+ma snying thig | ||
| | |colophontib=།ཅེས་འབྲེལ་ཚད་མ་ཧཱ་གུ་རུའི་ཕྲིན་ལས་ཀྱི་གྲིབ་བསིལ་དུ་ངལ་འཚོ་བའི་རྟེན་འབྱུང་དུ་འབྲི་བར་རྩོམ་པའི་ཚེ། ནུབ་ཕྱོགས་ཨ་རིའི་ཡུལ་དུ་སྔ་འགྱུར་བཀའ་གཏེར་གྱི་བསྟན་པའི་ཉིན་བྱེད་འདྲེན་པའི་ཐུགས་བསྐྱེད་སྨོན་ལམ་རྨད་བྱུང་ལྕགས་མདུད་སྤྲུལ་པའི་སྐུ་པདྨ་གར་གྱི་དབང་ཕྱུག་ནས་རྟེན་དང་བཅས་ཏེ་ལན་དུ་མར་གསུང་གིས་བསྐུལ་བ་བཞིན་རིག་འཛིན་གོང་མའི་ཕྱག་བཞེས་ལྟར་འཇུག་བདེ་བཀླག་ཆོག་ཏུ་པདྨ་གར་དབང་འོད་གསལ་མདོ་སྔགས་གླིང་པས་རང་གནས་བལ་ཡུལ་བསྟན་གཉིས་དར་རྒྱས་གླིང་དུ་འབྲི་བར་བརྩམ་པའི་ཡི་གེའི་མཐུན་སྦྱོར་ཆོས་འདིར་ལས་སྨོན་གྱིས་འབྲེལ་བའི་དད་བློ་བརྩོན་པ་མཆོག་ལྡན་སྤྲུལ་སྐུ་ཀུན་དགའ་བཀྲ་ཤིས་ཀྱིས་བགྱིས་པ་འགྲོ་ཀུན་དངོས་གྲུབ་འདོད་དགུའི་དཔལ་ལ་སྤྱོད་པའི་རྒྱུར་གྱུར་ཅིག། | ||
|colophonwylie=/ces 'brel tshad ma hA gu ru'i phrin las kyi grib bsil du ngal 'tsho ba'i rten 'byung du 'bri bar rtsom pa'i tshe/_nub phyogs a ri'i yul du snga 'gyur bka' gter gyi bstan pa'i nyin byed 'dren pa'i thugs bskyed smon lam rmad byung lcags mdud sprul pa'i sku pad+ma gar gyi dbang phyug nas rten dang bcas te lan du mar gsung gis bskul ba bzhin rig 'dzin gong ma'i phyag bzhes ltar 'jug bde bklag chog tu pad+ma gar dbang 'od gsal mdo sngags gling pas rang gnas bal yul bstan gnyis dar rgyas gling du 'bri bar brtsam pa'i yi ge'i mthun sbyor chos 'dir las smon gyis 'brel ba'i dad blo brtson pa mchog ldan sprul sku kun dga' bkra shis kyis bgyis pa 'gro kun dngos grub 'dod dgu'i dpal la spyod pa'i rgyur gyur cig/ | |||
|pdflink=File:DKR-KABUM-17-TSA-020.pdf | |pdflink=File:DKR-KABUM-17-TSA-020.pdf | ||
}} | }} | ||
Line 38: | Line 39: | ||
<onlyinclude> | <onlyinclude> | ||
{{TibP|༄༅། རང་བྱུང་པདྨའི་སྙིང་ཐིག་ལས། སྒྲུབ་པ་ཆེན་པོའི་ཁོག་དབུབ་དངོས་གྲུབ་འདོད་དགུའི་གཏེར་མཛོད་བཞུགས།། | {{TibP|༄༅། རང་བྱུང་པདྨའི་སྙིང་ཐིག་ལས། སྒྲུབ་པ་ཆེན་པོའི་ཁོག་དབུབ་དངོས་གྲུབ་འདོད་དགུའི་གཏེར་མཛོད་བཞུགས།། | ||
<br> | |||
༄༅། །བདེ་ཆེན་ཐིག་ལེ་གཅིག་གི་སྒྱུ་འཕྲུལ་གར། །རབ་འབྱམས་རྩ་གསུམ་རྣམ་འཕྲུལ་མཐའ་ཡས་པས། །བྱིན་རླབས་དངོས་གྲུབ་ཕྲིན་ལས་ནོར་བུའི་ཆར། །འདོད་རྒུའི་དབུགས་འབྱིན་སྩོལ་ལ་གུས་བཏུད་ནས། །ཐབས་ཚུལ་གཅིག་གིས་དངོས་གྲུབ་མཆོག་ཐུན་དཔལ། །ཚེགས་མེད་ཐོབ་པའི་སྐལ་བཟང་མགྲོན་འགུགས་བྱེད། །རང་བྱུང་སངས་རྒྱས་པདྨའི་ཐུགས་སྒྲུབ་ཀྱི། །ཚོགས་སྒྲུབ་ལས་རིམ་གོང་མའི་གསུང་བཞིན་སྤེལ། །དེ་ཡང་རྒྱལ་བསྟན་གྱི་སྙིང་པོ་གསང་ཆེན་རྡོ་རྗེ་ཐེག་པ་དང་མཇལ་ཞིང་ཚེ་གཅིག་མཆོག་ཐུན་དངོས་གྲུབ་སྒྲུབ་པའི་ཐབས་ཀྱི་གཙོ་བོ་བླ་མའི་ཐུགས་སྒྲུབ་སྟེ་མ་ཧཱ་གུ་རུ་ཉིད་སྙིགས་དུས་ཀྱི་སྐྱབས་གནས་གུ་རུ་རིན་པོ་ཆེ་ལ་བརྟེན་ནས་སྒྲུབ་པ་རྡོ་རྗེའི་ལུང་གིས་ཆེད་དུ་བསྔགས་པ་བཞིན། རྣམ་པ་གུ་རུ་གཅིག་ལ་ངོ་བོ་རྩ་གསུམ་ཆོས་སྲུང་ཀུན་འདུས་ཀྱི་ཐུགས་སྒྲུབ་དངོས་གྲུབ་སྙིང་པོ་ལ་བརྟེན་ནས་སྒྲུབ་པ་ཆེན་པོ་ཇི་ལྟར་བྱ་བའི་ཚུལ་ལ་བཞི། སྔོན་འགྲོ་བསྙེན་པ། ཉེ་བསྙེན། དངོས་གཞི་སྒྲུབ་པ། རྗེས་སྒྲུབ་པ་ཆེན་པོ་མཐའ་རྒྱས་ཀྱི་རིམ་པ་ལས། དང་པོ་སྔོན་འགྲོ་ལའང་ཐོག་མར་དབང་ཐོབ་ཅིང་དམ་ཚིག་ལ་གནས་པས་གཞུང་འདི་ཉིད་དམ་ཐུགས་སྒྲུབ་གང་རུང་གི་དུས་གྲངས་རྟགས་ཀྱི་བསྙེན་པ་མཐར་སོན་པས་འཇུག་པ་ལས་ས་ཆོག་ལ། འགལ་རྐྱེན་སེལ་ཞིང་བསོད་ནམས་ཀྱི་དཔུང་བསྐྱེད་པའི་ཕྱིར་སྒོ་གསུམ་གྱི་སྒྲིབ་སྦྱོང༌། སྒྲུབ་ཁང་གི་ཕྱོགས་བཞིར་ཤེར་ཕྱིན། སྟོབས་པོ་ཆེ། ལང་ཀར་གཤེགས་པ། ཏོག་གཟུངས་དང་གྲྭ་ལྔ་མགྲོན་བཞི་བརྔན་པ་དང༌། སྦྱིན་གཏོང་སོགས་གང་འགྲུབ་བྱས་ཏེ། དང་པོ་ས་བསླང་བ་ནི། དཀྱིལ་འཁོར་གང་དུ་བྱ་བའི་གནས་ཁང་བྱི་དོར་བྱས་ལ། གཞུང་མཐུན་རྟེན་གྱི་དྲུང་དུ་དཀྱིལ་འཁོར་གྱི་ས་གཞིར་ཚོམ་བུ་གཅིག་བཀོད། དེའི་མདུན་དཀར་ཟླུམ་མཐེབ་རིལ་གྱིས་མཚན་པ་དང་གསེར་སྐྱེམས། མཐའ་བསྐོར་དུ་མཚམས་འཛིན་ནས་བརྩམས་ཆུ་གཉིས་ཉེར་སྤྱོད་བཅས་བཀོད། སློབ་དཔོན་གྱི་མདུན་དུ་ཌཱ་དྲིལ་སོགས་དང་དགོས་པའི་ཡོ་བྱད་འདུ་བྱས་ཏེ། བརྒྱུད་འདེབས་དང་ལས་བྱང་ལྟར་སྐྱབས་སེམས་ཡན་ལག་བདུན་པ་སྔོན་དུ་འགྲོ་བས། བདག་ཉིད་ལྷར་བསྒོམ་པ་ནི། ཧཱུྃ་ཧྲཱིཿ རང་རིག་གདོད་མའི་དབྱིངས་ལས་སྐད་ཅིག་གིས༔ རིག་པའི་རང་མདངས་ལས་ཀྱི་ཧེ་རུ་ཀ༔ མཐིང་ནག་རྡོ་རྗེ་དྲིལ་བུ་འཛིན་པའི་སྐུ༔ དུར་ཁྲོད་ཆས་རྫོགས་མེ་དཔུང་འབར་བའི་ཀློང༔ ཞབས་གཉིས་འདོར་སྟབས་པད་ཉིའི་གདན་ལ་བཞུགས༔ སངས་རྒྱས་ཀུན་གྱི་མཐུ་སྟོབས་གཅིག་འདུས་པའི༔ འཆོལ་བའི་ཁྲོ་རྒྱལ་ཆེན་པོའི་སྐུ་རུ་གསལ༔ ཨོཾ་ཀརྨ་མ་ཧཱ་ཀྲོ་དྷ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ ཀརྨ་ཀྲོ་དྷཱི་ཤྭ་རི་སྟྭཾ༔ ཞེས་ཅུང་ཟད་བཟླ། མཆོད་གཏོར་རྣམས། རཾ་ཡཾ་ཁཾ་གིས་བསང༌། ཨོཾ་སྭ་བྷཱ་ཝ་སོགས་ཀྱིས་སྦྱང༌། སྟོང་པའི་ངང་ལས་གཏོར་མ་བདུད་རྩིའི་རང་བཞིན་མཆོད་པ་འདོད་ཡོན་གྱི་སྤྲིན་ཕུང་ཟད་མི་ཤེས་པ་ནམ་མཁའི་ཁམས་ཐམས་ཅད་གང་བར་གྱུར། ཨོཾ་ཨཱཿཧཱུྃ། ཞེས་པས་བརླབ། རང་གི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས་སའི་ལྷ་མོ་ཡུལ་བདག་དང་བཅས་པ་སྐད་ཅིག་གིས་མདུན་དུ་ལྷགས་པར་བསམ་ལ། བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿ བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནེ་བི་དྱ་ཤབྡ་པཱུ་ཛ་ཧོཿ བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཧཱུྃ༔ སྐྱོབ་པ་སངས་རྒྱས་ཤཱཀྱ་ཐུབ་པ་ཡིས༔ ས་ལམ་སྲུང་མར་དབང་བསྐུར་བརྟན་མ་དང༔ སྟོང་གསུམ་མངའ་མཛད་ས་བདག་ཕོ་མོའི་ཚོགས༔ གནས་བདག་གཉུག་མར་གནས་པ་ཐམས་ཅད་ཀུན༔ གངས་རི་ལུ་མ་སྐྱེད་ཚལ་མཚོ་རྫིང་དང༔ རྫ་སྤང་བྲག་རི་ནགས་ཁྲོད་ཆུ་ཀླུང་དང༔ སྟོང་གསུམ་ལ་སོགས་སོ་སོའི་གནས་དག་ནས༔ ས་བདག་འཁོར་དང་བཅས་པ་འདིར་གཤེགས་ཤིག༔ རིན་ཆེན་ས་རིན་མཆོད་པ་འདི་བཞེས་ལ༔ གནས་འདིར་བཀྲ་ཤིས་བདེ་ལེགས་བསྩལ་དུ་གསོལ༔ རིག་པ་འཛིན་པ་ཁྱོད་ས་གཞི་ཅི་བདེ་བར་ལོངས་སྤྱོད་ཅིག་ཅེས་གནང་བ་བྱིན་ནས་རང་གནས་སུ་དགྱེས་བཞིན་གཤེགས་པར་གྱུར་པར་བསམ་ཞིང༌། གཙྪས་རང་གནས་སུ་གཤེགས། འཇམ་རོལ་དང་བཅས་ཚོམ་བུ་དང་མཆོད་པ་བསྡུ། གཉིས་པ་ས་བཟུང་བ་ནི། སེང་ལྡེང་གི་ཕུར་པ་ལ། རང་གི་ཐུགས་ཀ་ནས་ཧྲཱིཿདམར་པོ་འཕྲོས༔ ཕུར་པ་ལ་ཐིམ༔ དེ་ཉིད་དཔལ་རྟ་མགྲིན་དམར་པོ་ཕྱག་གཡས་ལྕགས་ཀྱུ་དང་གཡོན་ཞགས་པ་འཛིན་པ༔ སྐུ་སྨད་ཕུར་བུའི་རང་བཞིན་ཅན་དུ་གྱུར༔ ཨོཾ་པདྨཱནྟ་ཀྲྀ་ཏ་བཛྲ་ཀྲོདྷ་ཧྱ་གྲཱྀ་བ་ཧཱུྃ་ཕཊ༔ ཞེས་བཟླ་ཞིང་ཕུར་པ་ས་ལ་གདབ། རྟ་མགྲིན་གྱི་སྐུ་ལས་འཕྲོས་པས་འོད་ཟེར་དམར་པོས་ས་གཞི་ཁྱབ༔ བདག་གི་དབང་དུ་གྱུར་པར་བསམ་མོ། །གསུམ་པ་སྦྱོང་བ་ནི། བདག་ཉིད་ལས་ཀྱི་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་པར་གསལ་བའི་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་ཕུར་བུ་ལ་ཐིམ། དེ་ཉིད་དཔལ་རྟ་མགྲིན་གྱི་སྐུ་གྱུར་པར་བསམ་ལ། ཧཱུྃ་པདྨཱནྟ་ཀྲྀ་ཏ་ཧཱུྃ་ཕཊ། ཅེས་བཏབ་སྟེ་ལན་བདུན་བཟླས་པས། ཕུར་བུ་ལས་བྱུང་བའི་འོད་ཟེར་དམར་པོས་ས་གཞི་ཐམས་ཅད་ཁྱབ། བདག་གི་དབང་དུ་གྱུར་པར་བསམ་མོ། །བདག་ཉིད་ལས་ཀྱི་ཧེ་རུ་ཀར་གསལ་བའི་ཐུགས་ཀ་ནས་རཾ་ཡཾ་ཁཾ་འཕྲོས་པས་སྣོད་བཅུད་ཀྱི་དངོས་འཛིན་མ་དག་པའི་ཉེས་སྐྱོན་ཐམས་ཅད་བསྲེག་གཏོར་བཀྲུས་ཏེ་སྟོང་པར་སྦྱངས། སྟོང་པའི་ངང་ལས་སྣང་སྲིད་ཐམས་ཅད་རྩ་བ་གསུམ་གྱི་ཞིང་ཁམས། ཡེ་ཤེས་ཀྱི་རྣམ་རོལ་བདེ་བ་ཆེན་པོའི་ངོ་བོ། འོག་མིན་པདྨ་དྲྭ་བ་ཆེན་པོའི་སྣོད་བཅུད་ཡོངས་སུ་རྫོགས་པར་གསལ་བའི་ཏིང་ངེ་འཛིན་རྩེ་གཅིག་པས། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨ་སྭ་བྷཱ་བ་ཤུདྡྷོ྅་ཧཾཿ ཞེས་བཟླ་ཞིང་ལག་གཡས་པའི་སོར་མོ་ལྔ་རྡོ་རྗེ་རྩེ་ལྔ་པར་བསམ་ལ་བསྐོར་ཞིང་རེག་པར་བྱའོ། །བཞི་པ་སྲུང་བ་ནི། ཐོག་མར་གཞུང་ལྟར་བགེགས་ལ་གཏོར་མ་བྱིན་ཅིང་བཀའ་བསྒོ་གུ་གུལ་ཡུངས་ཐུན་དྲག་པོའི་ཚམ་རྔམས་དང་བཅས་རྒྱང་རིང་དུ་བསྐྲད། མཚམས་ཕུར་གདབ་པ་ནི། ལྕགས་སམ་དྲག་པོའི་ཤིང་གི་ཕུར་པ་བཅུ་ཁྲོ་བོ་བཅུའི་སྔགས་བྱང་ངམ་ཧཱུྃ་ཡིག་གིས་མཚན་པ་དང་ཡུངས་ཀར་གྱི་ཐུམ་པོ་གདགས་པ་མདུན་དུ་གོ་རིམ་མ་འཆོལ་བར་བཀོད། རང་ཉིད་ལས་ཀྱི་ཧེ་རུ་ཀ་ཁྲོ་བོ་རབ་འབྱམས་ཀྱི་སྤྲིན་འཕྲོ་བའི་སྐུར་གྱུར་པའི་ཐུགས་ཀ་ནས་འོད་ཟེར་འཕྲོས༔ སྣོད་བཅུད་ཐམས་ཅད་ལ་ཕོག་པས༔ སྣང་སྲིད་འཁོར་ལོ་རྩིབས་བཅུ་འབར་བའི་ཕྱོགས་མཚམས་སྟེང་འོག་རྣམས་སུ་ཕྱོགས་སྐྱོང་བཅུ་བཀུག་སྟེ་གདན་དུ་བྱས༔ སླར་ཡང་བདག་གི་ཐུགས་ཀ་ནས་ཧཱུྃ་བཅུ་འཕྲོས༔ ཕུར་བུ་ལ་ཐིམ་པས་ཁྲོ་བོ་ཆེན་པོ་བཅུ་སྐུ་མདོག་མཐིང་ནག་རྡོ་རྗེ་དང་དུང་ཁྲག་འཛིན་པ། སྐུ་སྨད་ཕུར་བུའི་དབལ་ཅན་མེ་དཔུང་འབར་ཞིང་འཁྲུགས་པས་ཕྱོགས་བཅུའི་བགེགས་རྣམས་ཀྱི་སྙིང་གར་བཏབ་པར་བསམ་ལ་འབར་བའི་སྟངས་སྟབས་དང་བཅས་པས་གདབ་སྟེ། ཨོཾ་བཛྲ་ཀྲོ་དྷ་ཧཱུྃ་ཀཱ་ར་ཧཱུྃ༔ གརྫ་གརྫ་ཧཱུྃ་ཕཊ༔ ཅེས་པའི་མཐར་སྡེར་མོའི་སྔགས་ཀྱིས་མཚོན་ཆ་གདགས་པ་འོག་མ་རྣམས་ལའང་རིགས་འགྲེ་ཤེས་པར་བྱས་ཏེ། ཨོཾ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ་སརྦ་དུཥྚཱན་ཧཱུྃ་ཕཊ༔ ཀཱི་ལ་ཡ་ཀཱི་ལ་ཡ་སརྦ་པཱ་པཾ་ཕཊ༔ ཧཱུྃ་ཧཱུྃ་ཧཱུྃ་བཛྲ་ཀཱི་ལ་ཡ་བཛྲ་དྷ་རོད་ཨཱཛྙཱ་པ་ཡ་ཏི་སརྦ་བིགྷྣཱན་ཀཱ་ཡ་ཝཱཀ་ཙིཏྟ་ཀཱི་ལ་ཡ་ཧཱུྃ་ཕཊ༔ ཅེས་བཟླ་ཞིང་ཤར་གྱི་ཤར་དུ་གདབ། ཨོཾ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུྃ༔ ཧ་ན་ཧ་ན་ཧཱུྃ་ཕཊ༔ ཤར་དུ་གདབ། ཨོཾ་བཛྲ་ཀྲོ་དྷ་ཡ་མཱནྟ་ཀ་ཧཱུྃ༔ པ་ཙ་པ་ཙ་ཧཱུྃ་ཕཊ༔ ལྷོ་རུ་གདབ། ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲཱྀ་ཝ་ཧཱུྃ༔ ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ནུབ་ཏུ་གདབ། ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧཱུྃ༔ ཙྪིནྡ་ཙྪིནྡ་ཧཱུྃ་ཕཊ༔ བྱང་དུ་གདབ། ཨོཾ་བཛྲ་ཀྲོ་དྷ་ཏྲཻ་ལོ་ཀྱ་བི་ཛ་ཡ་ཧཱུྃ༔ བིནྡྷ་བིནྡྷ་ཧཱུྃ་ཕཊ༔ བྱང་ཤར་དུ་གདབ། ཨོཾ་བཛྲ་ཀྲོ་དྷ་ཨ་པ་རཱ་ཛི་ཏ་ཧཱུྃ༔ ཏིཥྛ་ཏིཥྛ་ཧཱུྃ་ཕཊ༔ ནུབ་བྱང་དུ་གདབ། ཨོཾ་བཛྲ་ཀྲོ་དྷ་ཨཱརྻ་ཨ་ཙ་ལ་ཧཱུྃ༔ བྷནྡྷ་བྷནྡྷ་ཧཱུྃ་ཕཊ༔ ལྷོ་ནུབ་ཏུ་གདབ། ཨོཾ་བཛྲ་ཀྲོ་དྷ་ནི་ལ་དཎྜ་ཧཱུྃ༔ ད་ཧ་ད་ཧ་ཧཱུྃ་ཕཊ༔ ཤར་ལྷོར་གདབ། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧཱུྃ༔ སྥོ་ཊ་སྥོ་ཊ་ཧཱུྃ་ཕཊ༔ ནུབ་ཀྱི་ནུབ་ཏུ་གདབ། ཁྲོ་བོ་བཅུ་ལས་ཁྲོ་ཆུང་གི་ཚོགས་དཔག་ཏུ་མེད་པ་འཕྲོས། ཕྱོགས་མཚམས་ཐམས་ཅད་རྡོ་རྗེའི་གུར་ཁང་དུ་གྱུར་པར་བསམ། སྤྲོས་པ་བསྡུ་ན་ཕུར་པ་གཅིག་ལ་ཏིང་ངེ་འཛིན་གོང་ལྟར་གསལ་བས་ཧཱུྃ་བཅུ་བཟླས་ཏེ་བྱང་ཤར་གྱི་གྲྭར་བཏབ་པས་ཀྱང་ཆོག་གོ །དེ་རྣམས་ནི་ས་གཞི་རུང་བར་བྱ་བའི་ཆོ་གའོ། །གཉིས་པ་བར་ཆད་ཀྱིས་དངོས་གྲུབ་མི་འཕྲོག་པར་མཚམས་བཅད་པ་ལ་གསུམ། དང་པོ་ཕྱི་མཚམས་གཅོད་པ་ནི། སྒྲུབ་ཁང་གི་ཕྱོགས་བཞིར་ཉེ་རིང་འཚམས་པར་ཐོ་བཞི་བརྩེགས་ཏེ་རྒྱལ་ཆེན་བཞིའི་སྐུའམ་སྔགས་བྱང་བྲིས་པ་གཟུགས། མདུན་དུ་སྟེགས་གཙང་མར་གཏོར་མ་དཀར་ཟླུམ་མཐེབ་རིལ་གྱིས་མཚན་པ་དང༌། གཡོན་ཕྱོགས་ནས་བརྩམས་ཆུ་གཉིས་ཉེར་སྤྱོད་ལྔ་བཅས་བཤམ། སྒྲུབ་པ་པོ་རྣམས་རོལ་ཆས་ཐོགས་ལ་སེར་སྦྲེང་གི་ཚུལ་གྱིས་ཤར་གྱི་ཐོ་མདུན་དུ་འཁོད་ལ། རྃ་ཡྃ་ཁྃ་བརྗོད་པས་སྦྱངས། ཨོཾ་ཨཱཿཧཱུྃ་གིས་འདོད་ཡོན་དུ་བྱིན་གྱིས་བརླབས། ལྕགས་ཀྱུའི་ཕྱག་རྒྱ་དང་བཅས་ཏེ། རང་གི་སྙིང་ཁ་ནས་འོད་ཟེར་འཕྲོས་པས་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་དཔུང་དང་བཅས་པ་སྤྱན་དྲངས། བཛྲ་ས་མཱ་ཛཿ ཐོ་ཕོ་བྲང་དུ་གསལ་བའི་ནང་དུ་རྟེན་དང་དབྱེར་མེད་པར་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་སོ་སོའི་འཁོར་གཡོག་དམག་ཚོགས་དང་བཅས་པ་མངོན་སུམ་དུ་བཞུགས་པར་གྱུར༔ ཨོཾ་དྷྲིཥྚ་རཥྚཱ་ཡ་སྭཱ་ཧཱ༔ ཞེས་ཅུང་ཟད་བཟླ། སྔགས་མཐར། ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁཱ་ཧི༔ ལན་གསུམ་གྱིས་གཏོར་མ་ཕུལ། ཨོཾ་བཛྲ་པུཥྤེ་སོགས་ཀྱི་མཆོད་པ་དང་རོལ་མོ་བྱ། བསྟོད་པ་ནི། ཧཱུྃ༔ ཕྱི་ལྟར་རྒྱལ་ཆེན་ཡུལ་འཁོར་སྲུང༔ ནང་ལྟར་བུདྡྷ་ཧེ་རུ་ཀ༔ གསང་བ་རྣམ་པར་སྣང་མཛད་དེ༔ སྔོན་གྱི་ཐུགས་དམ་ཇི་བཞིན་དུ༔ བཀའ་གསང་གཞུང་བཞིན་སྒྲུབ་པ་ལ༔ མ་དག་པ་རྣམས་མཚམས་ཆོད་ཅིག༔ ཅེས་ཕྲིན་ལས་བཅོལ། མེ་ཏོག་འཐོར་ལ། ཏིཥྛ་བཛྲས་བརྟན་བཞུགས་བྱ། ལྷོའི་ཐོ་མདུན་དུ་འཁོད་ལ། རྃ་ཡྃ་ཁྃ། ཨོཾ་ཨཱཿཧཱུྃ༔ རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ་དཔུང་དང་བཅས་པ་སྤྱན་དྲངས༔ བཛྲ་ས་མཱ་ཛ༔ ཐོ་ཕོ་བྲང་དུ་གསལ་བའི་ནང་དུ་རྟེན་དང་དབྱེར་མེད་པར་རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ་སོ་སོའི་འཁོར་གཡོག་དམག་ཚོགས་དང་བཅས་པ་མངོན་སུམ་དུ་བཞུགས་པར་གྱུར༔ ཨོཾ་བཻ་རུ་ཌྷ་ཀཱ་ཡ་སྭཱ་ཧཱ༔ ཞེས་ཅུང་ཟད་བཟླ། མཐར། ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁཱ་ཧི༔ ཨོཾ་བཛྲ་པུཥྤེ་སོགས་དང་བསྟོད་པ་ནི། ཧཱུྃ༔ ཕྱི་ལྟར་རྒྱལ་ཆེན་འཕགས་སྐྱེས་པོ༔ ནང་ལྟར་ཀརྨ་ཧེ་རུ་ཀ༔ གསང་བ་དོན་ཡོད་གྲུབ་པ་སྟེ༔ སྔོན་གྱི་ཐུགས་དམ་ཇི་བཞིན་དུ༔ བཀའ་གསང་གཞུང་བཞིན་སྒྲུབ་པ་ལ༔ མ་དག་པ་རྣམས་མཚམས་ཆོད་ཅིག༔ ཏིཥྛ་བཛྲ༔ ནུབ་ཀྱི་ཐོ་མདུན་དུ་འཁོད་ལ། རྃ་ཡྃ་ཁྃ༔ ཨོཾ་ཨཱཿཧཱུྃ༔ རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་རྒྱལ་པོ་ཆེན་པོ་སྤྱན་མི་བཟང་དཔུང་དང་བཅས་པ་སྤྱན་དྲངས༔ བཛྲ་ས་མཱ་ཛ༔ ཐོ་ཕོ་བྲང་དུ་གསལ་བའི་ནང་དུ་རྟེན་དང་དབྱེར་མེད་པར་རྒྱལ་པོ་ཆེན་པོ་སྤྱན་མི་བཟང་སོ་སོའི་འཁོར་གཡོག་དམག་ཚོགས་དང་བཅས་པ་མངོན་སུམ་དུ་བཞུགས་པར་གྱུར༔ ཨོཾ་བི་རུ་པཱཀྵ་ཡ་སྭཱ་ཧཱ༔ ཞེས་ཅུང་ཟད་བཟླ། མཐར། ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁཱ་ཧི༔ ཨོཾ་བཛྲ་པུཥྤེ་སོགས། བསྟོད་པ་ནི། ཧཱུྃ༔ ཕྱི་ལྟར་རྒྱལ་ཆེན་སྤྱན་མི་བཟང༔ ནང་ལྟར་པདྨ་ཧེ་རུ་ཀ༔ གསང་བ་སྣང་བ་མཐའ་ཡས་ཏེ༔ སྔོན་གྱི་ཐུགས་དམ་ཇི་བཞིན་དུ༔ བཀའ་གསང་གཞུང་བཞིན་སྒྲུབ་པ་ལ༔ མ་དག་པ་རྣམས་མཚམས་ཆོད་ཅིག༔ ཏིཥྛ་བཛྲ༔ བྱང་གི་ཐོ་མདུན་འཁོད་ལ། རྃ་ཡྃ་ཁྃ༔ ཨོཾ་ཨཱཿཧཱུྃ༔ རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་དཔུང་དང་བཅས་པ་སྤྱན་དྲངས༔ བཛྲ་ས་མཱ་ཛཿ ཐོ་ཕོ་བྲང་དུ་གསལ་བའི་ནང་དུ་རྟེན་དང་དབྱེར་མེད་པར་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་སོ་སོའི་འཁོར་གཡོག་དམག་ཚོགས་དང་བཅས་པ་མངོན་སུམ་དུ་བཞུགས་པར་གྱུར༔ ཨོཾ་བཻ་ཤྲ་མ་ཎཱ་ཡ་སྭཱ་ཧཱ༔ ཞེས་ཅུང་ཟད་བཟླ། མཐར། ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁཱ་ཧི༔ ཨོཾ་བཛྲ་པུཥྤེ་སོགས། བསྟོད་པ་ནི། ཧཱུྃ༔ ཕྱི་ལྟར་རྒྱལ་ཆེན་རྣམ་ཐོས་སྲས༔ ནང་ལྟར་རཏྣ་ཧེ་རུ་ཀ༔ གསང་བ་རིན་ཆེན་འབྱུང་ལྡན་ཏེ༔ སྔོན་གྱི་ཐུགས་དམ་ཇི་བཞིན་དུ༔ བཀའ་གསང་གཞུང་བཞིན་སྒྲུབ་པ་ལ༔ མ་དག་པ་རྣམས་མཚམས་ཆོད་ཅིག༔ ཏིཥྛ་བཛྲ༔ ཞེས་བརྟན་བཞུགས་བྱའོ། །གཉིས་པ་བར་མཚམས་ལ་གཉིས་ལས། དམ་སྲི་མནན་པ་ནི། སྒྲུབ་ཁང་གི་སྒོའི་མདུན་དུ་དོང་གྲུ་གསུམ་པ་བྲུ། དུག་ཤོག་ལ་དམ་སྲིའི་གཟུགས་བྲིས་པའི་སྙིང་གར་ཏྲི་ལ༔ དམ་སྲི་གམ་པ་རི་ཏྲི་ཡཾ་ཛ༔ ཨེ་ཧུར་ཐུམ་ཁཾ་ཤག་རོ་མྱག་རྨུག་ཏི་རྦད་ཡ༔ ཙིཏྟ་གཏུབས་གཏུབས༔ རྩ་ཁྲག་སྙིང་ལ་མཱ་ར་ཡ་ཀཱ་ཡ་ཝཱཀ་ཙིཏྟ་སྟྭཱཾ་བྷ་ཡ་ནན༔ ཞེས་བྲི་ཞིང་དུག་ཁྲག་དང་ཐལ་ཆེན་གྱི་བྱུག་ལྕགས་ཀྱི་ཨེ་འབར་བར་བཀྲམ་ཞིང༌། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ རང་ཉིད་སྐད་ཅིག་གིས་རྡོ་རྗེ་གཞོན་ནུ་མཐིང་ནག་ཞལ་གཡས་དཀར་གཡོན་དམར་དབུས་མཐིང་ནག་ཕྱག་དང་པོ་གཉིས་རྡོ་རྗེ་རྩེ་དགུ་པ་དང་མེ་ཕུང༔ བར་པ་གཉིས་རྡོ་རྗེ་རྩེ་ལྔ་པ་དང་ཁ་ཊྭཱཾ། ཐ་མ་གཉིས་རི་རབ་ཕུར་པ་འདྲིལ་ཞིང་ཞབས་གཉིས་འདོར་ཐབས་ཀྱིས་བདུད་བཞི་བརྫིས་ཤིང་རྡོ་རྗེའི་གཤོག་པ་བརྒྱངས་པ༔ དུར་ཁྲོད་རོལ་པའི་ཆས་ཅན༔ འཁོར་ལོ་རྒྱས་འདེབས་ཨུཏྤལ་དུང་དམར་འཛིན་པ་དང་སྦྱོར་བ༔ ཁྲོ་གཏུམ་མི་བཟད་འཇིགས་སུ་རུང་བ༔ ཡེ་ཤེས་ཀྱི་མེ་དཔུང་འབར་བའི་དབུས་ན་བཞུགས་པ༔ ཨོཾ་བཛྲ་མཎྜ་ལ༔ ཞེས་པས་ཕྱི་སྣོད་མཐིང་ནག་གྲུ་གསུམ་འབར་བའི་གཞལ་ཡས་ཁང༔ ནང་བཅུད་ཁྲོ་བོ་རོལ་པའི་ལྷ་ཚོགས་ཧཱུྃ་སྒྲ་སྒྲོག་ཅིང་དྲག་པོའི་ལས་ལ་རྔམ་པར་གྱུར༔ ཐུགས་དམ་བསྐུལ་བ་ནི། ཧཱུྃ༔ མི་མངོན་དབྱིངས་ནས་རྒྱལ་བ་ཞི་ཁྲོའི་ཚོགས། བཀའ་སྡོད་སྲུང་མ་སྤྲུལ་པ་ཕོ་ཉར་བཅས༔ མ་གཡེལ་ཐུགས་དམ་གཉན་པོ་གནད་ནས་བསྐུལ༔ དྲག་པོའི་ཕྲིན་ལས་མཛད་པའི་དུས་ལ་བབ༔ གསེར་སྐྱེམས་བཏང་བ་ནི། བདུད་རྩི་ཁྲག་ཆང་གི་ཨརྒྷཾ་སྦྲེང་ལ། རྃ་ཡྃ་ཁྃ་གིས་སྣོད་བཅུད་མ་དག་པ་སྦྱང་ཞིང༔ ཨོཾ་ཨཱཿཧཱུྃ་གིས་སྣོད་བཅུད་བདུད་རྩིར་བལྟས་ལ༔ ཧཱུྃ་ཧྲཱིཿ དགོངས་བརྡ་སྙན་བརྒྱུད་རིག་འཛིན་བླ་མའི་ཚོགས༔ ཡི་དམ་ཞི་ཁྲོ་སྒྲུབ་པ་བཀའ་བརྒྱད་ལྷ༔ མ་སྲིང་མཁའ་འགྲོ་དམ་ཅན་རྒྱ་མཚོ་རྣམས༔ གསེར་སྐྱེམས་འདི་བཞེས་དྲག་པོའི་ཕྲིན་ལས་མཛོད༔ དཔང་པོ་བཟུང་བ་ནི༔ ཧཱུྃ་ཧྲཱིཿ རྒྱལ་བ་སྐྱབས་གནས་ཁྱེད་རྣམས་དགོངས་སུ་གསོལ༔ བདག་གིས་བླ་མེད་བྱང་ཆུབ་སྒྲུབ་པ་ལ༔ ལམ་ལ་བར་དུ་གཅོད་པའི་བདུད་བྱུང་བས༔ ཉེས་མེད་རྣལ་འབྱོར་བདག་གི་གྲོགས་གཡེལ་ན༔ སྔོན་གྱི་ཐུགས་དམ་གཉན་པོ་མི་འགལ་ལམ༔ ལྷ་དང་སྲུང་མ་རྒྱ་མཚོས་གྲོགས་མཛོད་ཅིག༔ ཕོ་ཉ་ནམ་མཁའ་གང་བར་སྤྲུལ་ཞིང་ལྕགས་ཀྱུའི་ཕྱག་རྒྱ་དང་བཅས་པས༔ ན་མོ་དགོངས་བརྡ་སྙན་བརྒྱུད་བླ་མའི་ཚོགས༔ ཡི་དམ་བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་དང༔ སངས་རྒྱས་ཆོས་དང་དགེ་འདུན་འདུས་པའི་ཚོགས༔ མཁའ་འགྲོ་དམ་ཅན་སྲུང་མ་རྒྱ་མཚོ་དང༔ ལྷ་སྔགས་ཏིང་འཛིན་རྒྱུ་འབྲས་བསླུ་བ་མེད༔ ཆོས་ཉིད་རྣམ་པར་དག་པའི་བདེན་པ་ཡིས༔ བསྒྲལ་བའི་ཞིང་བཅུར་གྱུར་པའི་དམ་སྲིའི་ཚོགས༔ ད་ལྟ་ཉིད་དུ་གཟུགས་བྱང་འདི་ལ་ཁུག༔ ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་པདྨ་ཀྲོ་དྷཱི་ཤྭ་རི་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཡཀྵ་ཀཱ་ལ་རཱུ་པ་ཀརྨ་རཾ་རཾ་ཛྭ་ལ་རཾ་ཧཱུྃ་ཕཊ༔ དགྲ་བགེགས་དམ་སྲི་ཨཾ་ཀུ་ཤ་ཛཿ ཞེས་ཁུག་རྟགས་མ་བྱུང་གི་བར་དུ་བཀུག༔ བཛྲ་པཱ་ཤ་ཧཱུྃ༔ ཞགས་པའི་ཕྱག་རྒྱས་བཅིངས༔ བཛྲ་སྥོ་ཊ་བཾ༔ ལྕགས་སྒྲོག་གི་ཕྱག་རྒྱས་བསྡམས༔ བཛྲ་གྷཎྜེ་ཧོཿ དྲིལ་བུའི་ཕྱག་རྒྱས་དྲན་མེད་དུ་མྱོས་པར་བྱ། པྲ་བེ་ཤ་ཡ་ཕཊ༔ ཞེས་ལྷ་དང་ཕྲལ༔ ཤི་ལྟེབས་སུ་བྱས་ལ་བལ་ཚོན་གྱིས་དྲིལ་ཞིང་ཁྱི་ཐོད་དུ་བཅུག །རེ་བ་ནག་པོས་དྲིལ་ཞིང་ཚོན་སྐུད་ཀྱིས་རྒྱ་གྲམ་དུ་བཅིང༔ སེ་སྐྱེར་འོམ་གསུམ་གྱི་རྩང་རྣོན་གྱིས་སྒྲོམ༔ སྐྱེར་པའི་ཕུར་པ་སོར་དྲུག་པའི་འཆང་བཟུང་ལ་ཞིང་ཆེན་ནམ་རོ་རས་སམ་དར་ནག་ལ། ཨོཾ་བཛྲ་ཀྲོ་དྷ་ཨཱརྻ་ཨ་ཙ་ལེ་དགྲ་བགེགས་དམ་སྲི་མཱ་ར་ཡ་སྟྭཾ་བྷ་ཡ་ནན༔ ཞེས་བྲིས་པ་བཏགས་ལ་དེ་ཉིད་མི་གཡོ་བའི་སྐུ་རལ་གྲི་ཞགས་པ་འཛིན་པ་སྐུ་སྨད་ཕུར་བུའི་དབལ་ཅན་དུ་བསམ༔ ཧཱུྃ དུར་ཁྲོད་བགེགས་ཀྱི་ཚོགས་འཇོམས་ཁྲོ་བོའི་རྒྱལ༔ འཇོམས་མཛད་ཆེན་པོ་ཨཱརྻ་ཨ་ཙ་ལེ༔ ཀཱི་ལ་ཡ་ཡི་ཕྲིན་ལས་དུས་ལ་བབ༔ བར་ཆད་དམ་སྲི་ཐལ་བ་རྡུལ་དུ་རློག༔ ཨོཾ་བཛྲ་ཀྲོ་དྷ་ཨཱརྻ་ཨ་ཙ་ལེ་བཛྲ་ཀཱི་ལི་ཀཱི་ལ་ཡ་དགྲ་བགེགས་དམ་སྲི་མཱ་ར་ཡ་ཕཊ༔ ཞེས་བཟླས་ཤིང་དམ་སྲིའི་སྙིང་དཀར་ནག་གི་མཚམས་སུ་གདབ་པར་བསམ་ལ་ཨག་རྩེ་ལ་གདབ། ས་རིམ་པ་དགུའི་འོག་ནས་འཆི་བདག་གཤིན་རྗེ་ཆུ་སྲིན་གྱི་གདོང་པ་ཅན་སྦྲུལ་གྱི་རལ་པ་དགུ་གཡབ་ཅིང་ཁ་གདངས་ཤིང་ང་རོ་འབྲུག་ལྟར་སྒྲོག་པ༔ ངའི་ཟ་སྐལ་ཐོངས་ཤིག་ཟེར་ནས་བྱུང་བར་བསམ་ལ། ཧཱུྃ༔ རིམ་པ་དགུ་ཡི་ས་འོག་ནས༔ འཇམ་དཔལ་གཤིན་རྗེའི་བཀའ་ཉན་པ༔ ལས་ཀྱི་འཆི་བདག་ནག་པོ་ནི༔ ཡ་མཚན་ཆེན་པོ་རྨད་དུ་བྱུང༔ ཆུ་སྲིན་གདོང་ཅན་འབྲུག་སྒྲ་སྒྲོག༔ སྲིད་གསུམ་འདི་ན་མཐུ་རྩལ་ཅན༔ ཟས་སྐལ་དམ་སྲི་ཁྱོད་ལ་གཏད༔ སྟེང་གི་ཕྱོགས་སུ་མ་གཏོང་ཞིག༔ ཧཱུྃ༔ དམ་སྲི་བྱ་བའི་ལས་ངན་ཁྱོད༔ སྒྲུབ་ལ་མི་དགའ་བར་ཆད་རྩོམ༔ སྙིང་རྗེའི་ཡུལ་གྱུར་བགེགས་ཆེན་ཁྱོད༔ མནན་པར་བྱ་བའི་འོས་ཡིན་གྱི༔ ཐར་མེད་དམྱལ་ཁམས་ཡུལ་དུ་མནན༔ བྱང་ཆུབ་བར་དུ་མ་ལྡང་ཞིག༔ འཇིག་རྟེན་བསྐལ་པ་ཞིག་ན་ཡང༔ བྱང་ཆུབ་སེམས་ནི་མ་སྐྱེས་བར༔ ནམ་ཡང་ཐར་བའི་དུས་མེད་དོ༔ ལས་ངན་ཟད་ཀྱི་བར་དུ་མནན༔ འཆི་བདག་གཤིན་རྗེའི་ཁར་བསྐྱུར་བས༔ ཁོང་དུ་མིད་ཅིང་དམྱལ་བར་བཏང༔ འབྱུང་ལྔ་རྒྱ་གྲམ་གླིང་བཞི་དང༔ རི་རབ་མཆོད་རྟེན་ཁྲོ་ཚོགས་ཀྱིས༔ མཐའ་ནི་བསྐོར་ཞིང་སྟེང་ནས་མནན༔ ནམ་ཡང་ཐར་བའི་དུས་མེད་གྱུར༔ དམིགས་སུ་མེད་པའི་རྒྱས་གདབ་བོ༔ ཧཱུྃ་བཞིའི་སྔགས་བརྗོད་ཅིང་ཐུན་གྱིས་བྲབ༔ ས་དགུས་གཡོགས་ཤིང་རྒྱ་གྲམ་བྲི༔ རོ་གཡམ་རྡོ་རྗེ་རྒྱ་གྲམ་ལ༔ སྟྭཾ་བྷ་ཡ་ནན་བྲིས་པ་དང༔ ས་ཆུ་མེ་རླུང་རང་འཐག་ལ་གླིང་བཞི་རི་རབ་བྲིས་ལ་སཱཙྪ་ནག་པོ་རྣམས་ཀྱིས་རིམ་པར་མནན༔ དོང་སྲུབ་མེད་པར་བསྟིམ༔ མཆེད་རྣམས་བུདྡྷ་ཧེ་རུ་ཀར་གསལ་བས་མཛུབ་མོ་སྦྲེལ་ཞིང་བྲོ་ར་ཟླུམ་པོར་བསྐོར་ཞིང་ཧཱུྃ་བཞིའི་སྔགས་བརྗོད། ཧཱུྃཿ སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས༔ གཏི་མུག་བདེ་གཤེགས་འཁོར་བཅས་རྣམས༔ དེ་བཞིན་རིགས་མཆོག་མ་ལུས་པས༔ འཇིག་རྟེན་ཁམས་ནི་རབ་འབྱམས་ན༔ ཤིན་ཏུ་རྨོངས་པའི་སེམས་ཅན་རྣམས༔ ཐུགས་རྗེའི་སྟོབས་ཀྱིས་ཞི་བར་མཛད༔ ཞི་བར་མ་གྱུར་གང་ཡང་མེད༔ ཞི་མཛད་ལྷ་ལ་ཕྱག་འཚལ་ལོ༔ ཧཱུྃ་བཞིའི་སྔགས་དང༌། ཨོཾ་ཤནྟིཾ་ཀུ་རུ་སྭཱ་ཧཱ༔ ཡང་ཧཱུྃ་བཞིའི་སྔགས་བརྗོད་ཅིང་མཆེད་རྣམས་རཏྣ་ཧེ་རུ་ཀར་གསལ་བས་གུང་མོ་སྦྲེལ་བས་བྲོ་ར་གྲུ་བཞིར་བསྐོར་ལ། ཧཱུྃ༔ སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས། ང་རྒྱལ་བདེ་གཤེགས་འཁོར་བཅས་རྣམས༔ རིན་ཆེན་རིགས་མཆོག་མ་ལུས་པས༔ འཇིག་རྟེན་ཁམས་ནི་རབ་འབྱམས་ན༔ ཤིན་ཏུ་ཁེངས་པའི་སེམས་ཅན་རྣམས༔ ཚེ་དབང་ལོངས་སྤྱོད་ཡོན་ཏན་ཀུན༔ རྒྱས་པར་མ་མཛད་གང་ཡང་མེད༔ རྒྱས་མཛད་ལྷ་ལ་ཕྱག་འཚལ་ལོ༔ ཧཱུྃ་བཞིའི་སྔགས་ཀྱི་མཐར། པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཡང་ཧཱུྃ་བཞིའི་སྔགས་བརྗོད་ཅིང་མཆེད་རྣམས་པདྨ་ཧེ་རུ་ཀར་གསལ་བས་སྲིན་ལག་སྦྲེལ་ལ་བྲོ་ར་ཟླ་གམ་དུ་བསྐོར་ཏེ། ཧཱུྃ༔ སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས༔ འདོད་ཆགས་བདེ་གཤེགས་འཁོར་བཅས་རྣམས༔ པདྨ་རིགས་མཆོག་མ་ལུས་པས༔ འཇིག་རྟེན་ཁམས་ནི་རབ་འབྱམས་ན༔ ཤིན་ཏུ་ཆགས་པའི་སེམས་ཅན་རྣམས༔ ཡུད་ཙམ་གཅིག་གིས་དབང་དུ་བསྡུས༔ དབང་དུ་མ་མཛད་གང་ཡང་མེད༔ དབང་མཛད་ལྷ་ལ་ཕྱག་འཚལ་ལོ༔ ཧཱུྃ་བཞིའི་སྔགས་ཀྱི་མཐར། ཝཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཡང་ཧཱུྃ་བཞིའི་སྔགས་བརྗོད་ཅིང་མཆེད་རྣམས་ཀརྨ་ཧེ་རུ་ཀར་གསལ་བས་མཐེའུ་ཆུང་སྦྲེལ་ལ་བྲོ་ར་གྲུ་གསུམ་དུ་བསྐོར་ལ༔ ཧཱུྃ༔ སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས༔ ཕྲག་དོག་བདེ་གཤེགས་འཁོར་བཅས་རྣམས༔ ལས་ཀྱི་རིགས་མཆོག་མ་ལུས་པས༔ འཇིག་རྟེན་ཁམས་ནི་རབ་འབྱམས་ན༔ ཤིན་ཏུ་གཏུམ་པའི་སེམས་ཅན་རྣམས༔ ཐམས་ཅད་མ་ལུས་བརླག་པར་མཛད༔ རློག་མཛད་ལྷ་ལ་ཕྱག་འཚལ་ལོ༔ ཧཱུྃ་བཞིའི་སྔགས་མཐར། དམ་སྲི་མཱ་ར་ཡ་ཕཊ༔ སྟྭཾ་བྷ་ཡ་ནན༔ ཕྱི་སྒོར་གཤིན་རྗེའི་སྐུ་དང་ཕུར་པ་སྔགས་བྱང་ཅན་གྱི་སེང་ལྡེང་གི་དབྱུག་པ་མཆོད་གཏོར་དང་བཅས་པ་བཤམ༔ རྃ་ཡྃ་ཁྃ། གིས་བསྲེག་གཏོར་བཀྲུས་ཏེ་སྟོང་པར་བསམ༔ བྷྲཱུྃ་ལས་བྷཉྫ་འབར་བའི་སྣོད་དུ་ཨོཾ་ཨཱཿཧཱུྃ་ལས་ཡེ་ཤེས་ཀྱི་བདུད་རྩི་རྣམ་པ་ཤ་ཁྲག་གི་རང་བཞིན་དུར་ཁྲོད་ཀྱི་མཆོད་རྫས་སུ་གྱུར་པར་བསམ༔ སྟོང་པའི་ངང་ལས་བྷྲཱུྃ་ལས་ཐོད་མཁར་གྱི་ནང་པདྨ་ཉི་ཟླ་ཆུ་གླང་གི་སྟེང་དུ་ཡ་ལས་གཤིན་རྗེ་ཆོས་ཀྱི་རྒྱལ་པོ་མཐིང་ནག་མ་ཧེ་ཁྲོས་པའི་གདོང་ཅན་གནམ་ལྕགས་ཀྱི་རྭ་རྩེ་ལ་མེ་འབར་བ༔ གཡས་ཐོད་དབྱུག་དང་གཡོན་ཞགས་པ་འཛིན་པ༔ གཅེར་བུ་སྲིད་པའི་ལིང་ག་གྱེན་དུ་སྒྲེང་ཞིང་ཞབས་གཉིས་འདོར་ཐབས་ཀྱིས་བཞེངས་པ༔ གཡོན་དུ་ཡུམ་དམར་མོ་ལྕགས་ཀྱུ་དང་ཐོད་ཁྲག་འཛིན་པ༔ གཤེད་ཆེན་གྱི་དམག་ཚོགས་རྣམས་ཀྱིས་བསྐོར་བ༔ རང་འཇམ་དཔལ་གཤིན་རྗེ་གཤེད་དུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས༔ ལྷོ་ཕྱོགས་གཤིན་རྗེའི་ཞིང་ཁམས་ནས་ལས་ཀྱི་གཤིན་རྗེ་འཁོར་དང་བཅས་པ་སྤྱན་དྲངས་བཛྲ་ས་མཱ་ཛཿ ཞེས་སྤྱན་དྲངས་ཤིང༔ ཨོཾ་ཀཱ་ལ་རཱུ་པ་ཀརྨ་ཡ་མ་རཱ་ཛ་ཧཱུྃ་ཕཊ༔ ཞེས་བཟླ་ཞིང་བརྟན་པར་བྱ༔ ཨོཾ་ཀཱ་ལ་རཱུ་པ་ཀརྨ་ཡ་མ་རཱ་ཛ་ས་པ་རི་ཝཱ་ར་ཨརྒྷཾ་སོགས། ཤབྡ་པཱུ་ཛ་ཧོཿ ཨོཾ་ཀཱ་ལ་རཱུ་པ་ཀརྨ་ཡ་མ་རཱ་ཛ་ས་པ་རི་ཝཱ་ར་མ་ཧཱ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་ལན་ཅི་མང་འབུལ་ཞིང༔ ཧཱུྃ༔ གསང་ཆེན་ལྷུན་གྲུབ་ཕོ་བྲང་འདིར༔ རིག་འཛིན་རྣལ་འབྱོར་བདག་ཅག་གིས༔ དངོས་གྲུབ་ཆེན་པོ་དེང་སྒྲུབ་ཀྱིས༔ ཚེ་གཅིག་སངས་རྒྱས་མ་ཐོབ་བར༔ ལས་ཀྱི་གཤིན་རྗེ་ཆོས་རྒྱལ་ཁྱོད༔ གསང་བ་མཆོག་ལ་མི་དབང་རྣམས༔ སྒོ་འདི་ཡན་ཆད་མ་གཏོང་ཞིག༔ ལྷ་སྲིན་འབྱུང་པོ་ཐམས་ཅད་ཀུན༔ ཁྱོད་ཀྱི་འཁོར་དང་གཡོག་ལགས་པས༔ རྣམ་པར་སྨིན་པའི་ཆོས་ཤོད་ལ༔ ས་འདི་ཡན་ལ་མ་གཏོང་ཞིག༔ བཅོམ་ལྡན་ཆོས་རྗེའི་བཀའ་བསྩལ་ལྟར༔ བར་ཆད་དགྲ་བགེགས་ཚར་ཆོད་ལ༔ ཕྱི་འཁོར་སྐྱོང་བའི་མུན་རན་ལ༔ རྡོ་རྗེའི་ཡལ་གམ་ཐུབ་པར་མཛོད༔ ཨོཾ་ཀཱ་ལ་རཱུ་པ་ཀརྨ་ཡ་མ་རཱ་ཛ་ས་མ་ཡ་སྟྭཾ༔ ཞེས་བརྟན་པར་བྱ༔ ནང་སྒོར་བདུད་རྩི་འཁྱིལ་བའི་སྐུ་དང་སྔགས་བྱང་ཕུར་པ་མཆོད་གཏོར་རྣམས་བཤམས་ལ༔ རྃ་ཡྃ་ཁྃ་གིས་མ་དག་པ་སྦྱང༔ ཨོཾ་ཨཱཿཧཱུྃ་གིས་བདུད་རྩི་དང་འདོད་ཡོན་གྱི་མཆོད་སྤྲིན་འཕྲོ་བར་གྱུར་པར་བསམ༔ སྟོང་པའི་ངང་ལས་སྒོའི་ནང་དུ་པད་ཉིའི་སྟེང་དུ་ཧཱུྃ་ལས་བདུད་རྩི་འཁྱིལ་བ་ལྗང་ནག་རྒྱ་གྲམ་དང་དྲིལ་བུ་འཛིན་པ༔ ཡུམ་མཐར་བྱེད་མ་ལྗང་མོ་དུར་ཁྲོད་རོལ་པའི་ཆས་ཅན་ཡེ་ཤེས་ཀྱི་མེ་ཕུང་འབར་བའི་ཀློང་དུ་ཞབས་གཉིས་འདོར་ཐབས་ཀྱིས་བཞུགས་པ༔ སྤྱི་བོར་ཨོཾ༔ མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ༔ ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་ཡེ་ཤེས་པ་སྤྱན་དྲངས་བཛྲ་ས་མཱ་ཛཿ ཞེས་སྤྱན་དྲངས། ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུྃ༔ ཙྪིནྡྷ་ཙྪིནྡྷ་ཧཱུྃ་ཕཊ༔ ཞེས་དབྱེར་མེད་དུ་བསྟིམ་ཞིང་བརྟན་པར་བསམ༔ ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལཱི་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ནས། ཤབྡ་པཱུ་ཛ་ཧོཿ ཞེས་མཆོད་ལ། ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལཱི་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་གཏོར་མ་ལན་ཅི་མང་ཕུལ་ཞིང༔ ཧཱུྃ༔ གསང་བ་བླ་མེད་དཀྱིལ་འཁོར་འདིར༔ བཀའ་གསང་རྨད་བྱུང་སྒྲུབ་ལགས་པས༔ ཁྲོ་བོའི་རྒྱལ་པོ་བདུད་རྩི་འཁྱིལ༔ དངོས་གྲུབ་སྲུང་མར་མངའ་གསོལ་བས༔ སྔོན་གྱི་ཐུགས་དམ་ཇི་བཞིན་དུ༔ ཕྱི་ཡི་བར་ཆད་ཐམས་ཅད་བཟློག༔ ནང་གི་དངོས་གྲུབ་ཕྱིར་མ་གཏོང༔ ཐུགས་རྗེའི་ཐུགས་དམ་དུས་ལ་བབ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧཱུྃ༔ ཙྪིནྡྷ་ཙྪིནྡྷ་ཧཱུྃ་ཕཊ༔ ས་མ་ཡ་སྟྭཾ༔ ཞེས་བརྟན་པར་བྱ༔ སྒོ་གོང་དུ༔ བླ་མ་ཡི་དམ་མཁའ་འགྲོ་སྲུང་མ་རྣམས་དགོངས་སུ་གསོལ༔ བདག་གིས་སྒྲུབ་པ་འདི་དབུ་ཚུགས་ནས་དངོས་གྲུབ་མ་ཐོབ་ཀྱི་བར་དུ་སྒོ་ཕྱིར་མི་འདའ་བར་དམ་བཅས་པས༔ བར་ཆད་ཀྱི་དབང་དུ་མི་འགྲོ་བར་བྱིན་གྱིས་བརླབ་ཏུ་གསོལ༔ གལ་ཏེ་དངོས་གྲུབ་མ་ཐོབ་པར་སྒྲུབ་པ་ལས་འདས་ན་བཀའི་ཆད་པ་ཆོད་ཅེས་བྲི༔ སྒོ་འོག་ཏུ༔ དམ་སྲིའི་ལིང་ག་ཧོམ་ཁུང་དུ་བཅུག་ལ་སྙིང་གར་ཕུར་པ་བཏབ་པ་བཞག༔ སྒོ་འདི་ཡན་ལ་སུའང་མ་འདའ་ཞིག༔ ཅེས་བརྗོད༔ སློབ་མ་རྣམས་བགེགས་བསྐྲད༔ མཆེད་ལྕམ་རྣམས་ཁྲུས་ནས་དབྱུང༔ སྒྲུབ་ཁང་གི་ནང་དུ་འཇུག་གོ༔ གཉིས་པ་ནང་མཚམས་ལ་མ་ཊཾ་བསྒྲལ་ཆོག་ནི། དཀྱིལ་འཁོར་བྱ་བའི་གཞིར་མ་ཊཾ་གི་གཟུགས་བརྙན་མགོ་ལྷོ་ནུབ་ཏུ་བསྟན་པ་གན་རྐྱལ་དུ་བཞག །སྒྲུབ་པ་པོ་རྣམས་དྲག་པོའི་ཆས་སུ་ཞུགས་ལ། མ་ཧཱ་གུ་རུ་ཤྲཱི་ཧེ་རུ་ཀོ྅་ཧཾ༔ རང་ཉིད་སྐད་ཅིག་གིས་བླ་མ་དཔལ་ཆེན་པོ་ཆེ་མཆོག་ཧེ་རུ་ཀའི་སྐུར་གྱུར་པར་བསམ༔ ལྕགས་ཀྱུའི་ཕྱག་རྒྱས་བཅིངས་ལ༔ ཧཱུྃ༔ ཆོས་ཉིད་རྣམ་པར་དག་པ་དང༔ རྟེན་འབྲེལ་ཡེ་ཤེས་རོལ་རྩལ་ལས༔ དཀྱིལ་འཁོར་ལྷ་ཚོགས་ཅིར་ཡང་ཤར༔ བླ་མ་རྩ་གསུམ་ལྷ་ཚོགས་ཀྱི༔ བྱིན་རླབས་མཐུ་ནུས་བདེན་པ་ཡིས༔ ངོ་བོ་དངོས་གྲུབ་འཕྲོག་པའི་བགེགས༔ རྣམ་པ་མ་ཊཾ་གཟུགས་བརྙན་ཏེ༔ སྟོང་ཁམས་ཁྱབ་པའི་བདུད་རིགས་རྣམས༔ མ་རིག་ཉོན་མོངས་ལས་བྱུང་བའི༔ རུ་ཏྲའི་ཕུང་པོ་འདི་ལ་ཁུག༔ མ་ཊཾ་རུ་ཏྲ་ཨཱ་ཀརྵ་ཡ་ཛཿ ཞེས་བཀུག་སྟེ་གཟུགས་ལ་བསྟིམ༔ སློབ་དཔོན་གྱི་ཞབས་འདོར་སྟབས་གཡས་གཡོན་འོག་ཏུ་མནན་པར་བསམ་ལ། ཧཱུྃ༔ བདག་ཏུ་ལྟ་བའི་རུ་ཏྲ་འདིས༔ སྔོན་ཡང་སྒྲུབ་པ་ཀུན་ལ་སྒྲིབ༔ ད་ཡང་སྒྲུབ་པའི་བར་ཆད་བགེགས༔ ཁུངས་དང་རྫས་བཅས་གང་ལས་བྱུང༔ ཁུངས་དང་རྫས་བཅས་བདག་ལས་བྱུང༔ བདག་མེད་རྟོགས་པས་དབྱིངས་སུ་བསྒྲལ༔ སྔོན་ཚེ་རང་བྱུང་ཧེ་རུ་ཀས༔ གསང་བ་མཆོག་གི་དུར་ཁྲོད་དུ༔ བདག་ཏུ་ལྟ་བའི་རུ་ཏྲ་ནི༔ མགོ་བོ་ལྷོ་ནུབ་རྐང་བྱང་ཤར༔ བྱས་ཏེ་དཔལ་གྱི་ཞབས་འོག་མནན༔ ཡེ་ཤེས་འབར་བའི་མཚོན་ཆ་ཡིས༔ བསྒྲལ་ཏེ་དུར་ཁྲོད་ཕོ་བྲང་བྱས༔ དཔལ་ཆེན་འབར་བའི་ཏིང་འཛིན་དང༔ རོལ་པའི་སྟབས་ཀྱིས་རབ་ཏུ་གཟིར༔ སྐུ་གསུང་ཐུགས་ཀྱི་མཚོན་རྣོན་པོས༔ དུག་གསུམ་རུ་ཏྲ་དབྱིངས་སུ་བསྟིམ༔ དབྱིངས་ལས་ཡེ་ཤེས་རང་ཤར་བའི༔ འབར་བའི་གཞལ་ཡས་ཆེན་པོ་གྲུབ༔ མ་ཏྲཾ་རུ་ཏྲ་ཕཊ༔ ཁ་ཏྲཱཾ་ག་རུ་དྲ་ཕཊ༔ མ་ཏྲཾ་ཀ་རུ་དྲ་ཕཊ༔ སྐུ་གསུམ་རང་བཞིན་ཁ་ཊྭཱཾ་ཀ་རྩེ་གསུམ་སྙིང་གར་བསྣུན་པས། མ་ཊཾ་གྱི་ཕུང་པོ་ཁྲོལ་གྱིས་ཞིག༔ བདག་ཏུ་ལྟ་བའི་རྣམ་ཤེས་ཏྲི་ནག་པོའི་རྣམ་པར་གནས་པ་བདག་མེད་ལྟ་བའི་སྟོང་ཉིད་ཨ་དཀར་པོའི་རང་བཞིན་དུ་གནས་གྱུར་ཏེ་བདག་གི་ཐུགས་ཀར་ཐིམ་པར་བསམ་ལ་ཡེ་ཤེས་ཀྱི་རལ་གྲིས་ལྷུ་ཕྲལ་ཞིང༌། མགོ་བོ་ལྷོ་ནུབ། སྙིང་ནུབ། ལག་གཡོན་ནུབ་བྱང༌། རྐང་གཡོན་བྱང༌། མཚན་མ་བྱང་ཤར། རྐང་གཡས་ཤར། ལག་གཡས་ཤར་ལྷོ། གློ་བ་ལྷོ། ཁོག་པ་དབུས་སུ་བཞག་ལ། སྒྲུབ་པ་པོ་རྣམས་སྲིན་ལག་ལུ་གུ་རྒྱུད་དུ་སྦྲེལ་ཞིང༌། ཧཱུྃ༔ སྟོང་པ་ཉིད་ནི་ཆོས་ཀྱི་དབྱིངས༔ མ་བཅོས་ངང་དུ་བྲོ་བརྡུངས་པས༔ གཏི་མུག་རུ་ཏྲ་ཐལ་བར་བརླགས༔ འོད་གསལ་ཆེན་པོའི་ཀློང་དུ་ཐིམ༔ མེ་ལོང་ཡེ་ཤེས་ངང་ཉིད་དུ༔ སྣང་སྟོང་འཛིན་མེད་བྲོ་བརྡུངས་པས༔ ཞེ་སྡང་རུ་ཏྲ་ཐལ་བར་བརླགས༔ གསལ་བ་ཆེན་པོའི་ཀློང་དུ་ཐིམ༔ ཐམས་ཅད་མཉམ་པའི་དབྱིངས་ཉིད་དུ༔ གསལ་སྟོང་ཞེན་མེད་བྲོ་བརྡུངས་པས༔ ང་རྒྱལ་རུ་ཏྲ་ཐལ་བར་བརླགས༔ ཕྱོགས་ལྷུང་མེད་པའི་ཀློང་དུ་ཐིམ༔ སོ་སོར་རྟོག་པའི་དབྱིངས་ཉིད་དུ༔ མ་འདྲེས་ཡོངས་རྫོགས་བྲོ་བརྡུངས་པས༔ འདོད་ཆགས་རུ་ཏྲ་ཐལ་བར་བརླགས༔ བདེ་བ་ཆེན་པོའི་ཀློང་དུ་ཐིམ༔ བྱ་བ་གྲུབ་པའི་དབྱིངས་ཉིད་དུ༔ རིག་པ་ཟང་ཐལ་བྲོ་བརྡུངས་པས༔ ཕྲག་དོག་རུ་ཏྲ་ཐལ་བར་བརླགས༔ ལྷུན་གྲུབ་ཆེན་པོའི་ཀློང་དུ་ཐིམ༔ ཞེས་བྲོ་རྒྱས་པར་བརྡུང་བའམ། ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་རྡོ་རྗེའི་འགྲོས་ཀྱིས་བསྐོར་བ་ཁོ་ནས་ཀྱང་ཆོག །རུ་ཏྲའི་སྲོག་གི་སྒོར་ཞུགས༔ བདག་ཏུ་ལྟ་བའི་དྲེགས་པ་བཅོམ༔ ཕུང་པོ་དུར་ཁྲོད་ཀྱི་གཞལ་ཡས་ཁང་ཆེན་པོར་ལྷུན་གྱིས་གྲུབ་པར་བསམ། ལག་གཉིས་རྡོ་རྗེའི་ཁུ་ཚུར་དཔུང་མགོར་བསྣོལ་ཞིང་དཔལ་ཆེན་པོའི་འགྱིང་བག་དང་བཅས་ཏེ། ཧཱུྃ་ཧཱུྃ་ཧཱུྃ། ཧ་ཧ་ཧ། ཕཊ་ཕཊ་ཕཊ༔ ཅེས་བརྗོད་བཞིན་དུ་དཀྱིལ་འཁོར་གྱི་གཞི་ལ་བསྐོར་རོ། །གསུམ་པ་གསང་མཚམས་བཅད་པ་ནི། ཐམས་ཅད་ཆོས་ཀྱི་དབྱིངས་ཉིད་ལ༔ བཟང་ངན་བླང་དོར་མེད་པའི་ཕྱིར༔ བར་ཆད་བགེགས་ཀྱི་མིང་ཡང་མེད༔ འཁོར་འདས་བདེ་བ་ཆེན་པོར་གནས༔ དྷརྨ་དྷཱ་ཏུ་ཛྙཱ་ན་རཀྵ་རཀྵ་ཧཱུྃ༔ ཞེས་དོན་དམ་ངང་དུ་མཉམ་པར་བཞག༔ གཉིས་པ་ཉེ་བར་བསྙེན་པའི་ཡན་ལག་ལ་ལྔ། སྟ་གོན། དཀྱིལ་འཁོར་བཞེངས་པ། བསྲེ་བསྣན། མངའ་གསོལ། བྱིན་དབབ་པའོ། །དང་པོ་སྟ་གོན་ལ་གསུམ། ལྷ། བུམ་པ། ཡོ་བྱད་སྟ་གོན་དུ་བྱ་བའོ། །དང་པོ་ལྷ་སྟ་གོན་ནི། གཙོ་བོར་དཀྱིལ་འཁོར་བྲི་བར་གནང་བ་ཞུ་བའི་དོན་ཡིན་པས་འགྲུབ་ན་ལེགས་པ་ལས་ལྷག་སྐྱོན་ཏུ་མི་འགྱུར་བས་དེ་ལྟར་ན། ཐོག་མར་ཆག་ཆག་གདབ་པ་ནི། དུང་ཕོར་རམ་ཀ་པཱ་ལར་བདུད་རྩི་རྣམ་པ་ལྔ་སྦྱར་བའི་དྲི་བཟང་གི་ཆུས་དཀྱིལ་འཁོར་གྱི་གཞི་ལ་རྡོ་རྗེའི་ཁུ་ཚུར་གྱིས་བྱང་ཤར་ནས་གཡས་བསྐོར་དུ་ཁྱེམ་མེད་པར་བྱུག་ཅིང༌། ཧཱུྃ༔ བླ་མེད་གསང་བ་མཆོག་གི་དཀྱིལ་འཁོར་དུ༔ དམ་རྫས་བདུད་རྩི་ཡེ་ཤེས་ལྔ་ལྡན་པའི༔ བདེ་གཤེགས་རྒྱལ་བའི་སྐུ་གསུང་ཐུགས་སྒྲུབ་ཕྱིར༔ བཀའ་གསང་རྨད་དུ་བྱུང་བའི་ཆག་ཆག་འདེབས༔ ཨོཾ་མ་ཧཱ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུྃ༔ ཞེས་བརྗོད་ཅིང་ཞི་རོལ་བྱ། ཐིག་གདབ་པ་ནི། སློབ་དཔོན་ནུབ་དང་རིག་མ་ཤར་འཁོད། ཚོན་སྣ་ལྔ་བསྒྲིལ་བའི་ཐིག་སྐུད་འདུ་བྱས་ལ། རང་ཉིད་དཔལ་ཧེ་རུ་ཀར་གསལ་བའི་ཐུགས་ཀ་ནས་རྃ་ཡྃ་ཁྃ་འཕྲོས༔ རིག་མའི་ལུས་ངག་ཡིད་གསུམ་གྱི་མ་དག་པ་ཐམས་ཅད་སྦྱངས༔ གནམ་ཞལ་དབྱིངས་ཕྱུག་ཏུ་གྱུར་པའི་ཡབ་ཡུམ་གཉིས་ཀྱི་གནས་ལྔར་རིགས་ལྔ་ཡབ་ཡུམ་གསལ་བའི༔ ཡབ་ཀྱི་གསང་གནས་རྡོ་རྗེ་ཧཱུྃ་གིས་མཚན་པ༔ ཡུམ་གྱི་མཁའ་པྃ་ལས་པདྨ་འདབ་མ་བཞི་པའི་ཟེའུ་འབྲུ་ཉི་མ་ལ་མཱུྃ་གྱིས་མཚན་པར་གྱུར་པར་བསམ་ལ༔ ཧཱུྃ༔ བཀྲ་ཤིས་མཚན་ལྡན་གཟུངས་མ་ཡུམ༔ མཚན་ཉིད་མ་ལུས་ཀུན་ཚང་ཞིང༔ ཁ་ནས་ཨུཏྤལ་དྲི་ལྡངས་ཤིང༔ སྐད་ཀྱང་ངང་པ་གཞོན་ནུའི་ཚུལ༔ སྙན་པར་སྨྲ་ཞིང་བདེ་བ་བསྐྱེད༔ མཉེན་ལྕུག་འཁྲིལ་ལྡེམ་དབྱེར་མི་ཕྱེད༔ གཉིས་མེད་མཉམ་པར་སྦྱོར་བ་ཡི༔ བྱང་ཆུབ་སེམས་ཀྱི་འཕྲོ་འདུ་ཡིས༔ རྡོ་རྗེ་ལས་ཀྱི་ཐིག་ཐོབ་ཅིག༔ ཞེས་ཐིག་སྐུད་ཁ་དོག་ལྔ་ཕྲག་ལྔ་བསྒྲིལ་བ་རིག་མ་ལ་གཏད༔ ཡབ་ཡུམ་གཉིས་སྙོམས་པར་ཞུགས་པའི་བདེ་བའི་སྒྲ་དང་འོད་ཟེར་གྱིས་ཕྱོགས་བཅུའི་བདེ་བར་གཤེགས་པ་ཐམས་ཅད་སྤྱན་དྲངས༔ སྤྱི་བོ་ནས་ཞུགས༔ སྙིང་གར་བྱང་ཆུབ་སེམས་སུ་ཞུ༔ རིགས་ལྔ་ཡབ་ཡུམ་གྱི་བྱང་ཆུབ་སེམས་དང་བཅས་པ་མཁའ་གསང་ནས་ཐོན༔ སྒྲ་དང་བཅས་ཏེ་བྱང་ཆུབ་སེམས་ཀྱི་འཕྲོ་འདུས་སངས་རྒྱས་རྣམས་སད་པར་བྱས༔ ནམ་མཁར་ཡེ་ཤེས་ཀྱི་དཀྱིལ་འཁོར་མངོན་སུམ་བཞིན་ཏུ་གསལ༔ ས་གཞི་ལ་དམ་ཚིག་གི་དཀྱིལ་འཁོར་ལྷུན་གྱིས་གྲུབ་པར་གྱུར་པར་བསམ་ལ༔ ཧཱུྃ༔ མཁའ་དབྱིངས་རྣམ་དག་ཡུམ་གྱི་ས་གཞི་ལ༔ བདེ་བ་ཆེན་པོ་ཡབ་ཀྱི་ཐིག་གདབ་པས༔ ཟུང་འཇུག་བྱང་ཆུབ་སེམས་ཀྱི་སྤྲིན་སྤྲོས་ནས༔ བླ་མ་རིག་འཛིན་དཔལ་ཆེན་ཧེ་རུ་ཀ༔ འགྲོ་འདུལ་འཆི་མེད་ཞི་ཁྲོ་དོན་དམ་གྱི༔ ལྷ་ཚོགས་བཞུགས་པའི་ཕོ་བྲང་ལྷུན་གྱིས་གྲུབ༔ བྷྲཱུྃ་ཛྙཱ་ན་མཎྜ་ལ་བྷྲཱུྃ༔ ཞེས་ཕྱོགས་དང་སྐོར་ཕྱོགས་མ་ནོར་བར་ཡེ་ཐིག་གདབ་ཅིང་ཡབ་ཡུམ་གྱི་བྱང་ཆུབ་སེམས་ཅུ་གང་དང་ཅོང་ཞི་ཕྱེ་མར་སྦྱར་བས་ལས་ཐིག་ཚངས་ཟུར་ལོགས་དང་བཅས་པ་ཇི་ཙམ་འོས་པ་གདབ་ཅིང་བཅུ་དྲུག་ཏུ་བགོས༔ བྱང་ཆུབ་སེམས་དང་སིནྡྷཱུ་ར་ཅོང་ཞི་དམར་པོ་ཕྱེ་མར་སྦྱར་བའི་ཐིག་སྐུད་ལྔ་བསྒྲིལ་གྱིས་ཆ་ཆེན་རྣམས་བཞི་བཞིར་བགོ༔ ཕྱོགས་རེ་ལ་ཆ་ཆེན་རེ་བསྣན་པའི་ཕྱི་རོལ་ནས་མུ་ཁྱུད་རིམ་པ་ལྔ་ཇི་ཙམ་འོས་པས་བསྐོར༔ དཀྱིལ་འཁོར་གྲུབ་པའི་བྱང་ཆུབ་སེམས་ལྷག་མ་རྣམས་ཡབ་ཡུམ་གྱི་གནས་ལྔར་དྲངས་ཤིང་འཁྱིལ་བར་བསམ་ལ་བདེ་སྟོང་དབྱེར་མེད་ཀྱི་ངང་དུ་བཞག༔ ཡུམ་གྱིས་ཕྱག་དང་བཅས་ཏེ་ཐིག་སྐུད་ཡབ་ལ་འབུལ་ལོ། །གཙོ་བོའི་གནས་སུ་བདུད་རྩི་དྲི་བཟང་སྦྱར་བའི་ཆབ་ཀྱིས་ཐིག་ལེ་གྲུ་བཞིའི་སྟེང་ཚོམ་བུ་ལྔ་བཀོད་ལ། དེ་རྣམས་སུ་རྩ་གསུམ་སྤྱི་དྲིལ་སྔགས་ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་དྷེ་ཝ་དྷཱ་ཀི་ནི་དྷརྨ་པཱ་ལ་སརྦ་སིདྡྷི་ཧཱུྃ༔ མཐར། ཨོཾ་ཨཱཿཧཱུྃ་ས་མ་ཡ་སྟྭཾ༔ བཏགས་པ་བརྗོད་ཅིང་མེ་ཏོག་གི་ཚོམ་བུ་གཙོ་འཁོར་ཕྱེད་པར་བཀོད། ཕྱི་ནང་གི་མཆོད་པས་བསྐོར། ལས་བྱང་ལྟར་མཆོད་པ་བྱིན་བརླབ། དཀྱིལ་འཁོར་གྱི་གཞི་སྟོང་པ་ཉིད་ཀྱི་ངང་ལས༔ ཡེ་ཤེས་ཀྱི་རང་བཞིན་གཞལ་ཡས་ཁང༔ རང་སྣང་རིག་པའི་རྩ་གསུམ་ལྷ་ཚོགས་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་མངོན་སུམ་དུ་གསལ་བར་གྱུར༔ ཨོཾ་ཨཱཿཧཱུྃ༔ ལན་གསུམ་གྱིས་བྱིན་བརླབ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཿ ཞེས་དབང་བསྐུར༔ རང་བཞིན་གྱི་གནས་ནས་ཡེ་ཤེས་པའི་ཚོགས་བསམ་གྱིས་མི་ཁྱབ་པ་སྤྱན་དྲངས༔ བཛྲ་ས་མཱ་ཛཿ ཧཱུྃཿ མི་གཡོ་མཉམ་ཉིད་ཆོས་སྐུའི་མཁའ་དབྱིངས་ལས༔ ཡེ་ཤེས་རོལ་པའི་ཆོ་འཕྲུལ་བསམ་མི་ཁྱབ༔ གཤེགས་དང་བཞུགས་པའི་མཚན་མ་མི་དམིགས་ཀྱང༔ སྤྲུལ་པ་དབྱིངས་ནས་རོལ་ཅིང་གཤེགས་སུ་གསོལ༔ ཞེས་སྤྱན་དྲངས་ཤིང༔ ཛཿཧཱུྃ་བཾ་ཧོཿས་གཉིས་མེད་དུ་བསྟིམ༔ ས་མ་ཡ་ཏིཥྛ་ལྷན༔ ཞེས་གདན་ལ་བཞུགས་པར་བསམ༔ དེ་ནས་དཔོན་སློབ་རྣམས་ཞྭ་གོས་རྒྱན་གྱིས་བརྒྱན་ཅིང་རོལ་མོ་དང་མཆོད་པའི་ཚོགས་ཐོགས༔ ཕྱག་མཆོད་བསྟོད་བཤགས་གསོལ་བ་གདབ་པ་ནི༔ ཤར་ནས༔ ཧཱུྃ༔ རྡོ་རྗེའི་རིགས་མཆོག་མ་ལུས་པའི༔ དེ་བཞིན་གཤེགས་ལ་ཕྱག་འཚལ་ལོ༔ མཆོད་ཡོན་ཞབས་བསིལ་མེ་ཏོག་དང༔ བདུག་སྤོས་མར་མེ་དྲི་ཆབ་དང༔ ཞལ་ཟས་རོལ་མོ་འདི་དག་ནི༔ རྒྱལ་བ་དགྱེས་པའི་སྤྲིན་དུ་སྣང༔ གུས་པས་འབུལ་གྱིས་བཞེས་སུ་གསོལ༔ རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་སོགས༔ སྔགས་དང་ཕྱག་རྒྱ་མ་བསྟེན་བཤགས༔ ཨེ་མ་ངོ་མཚར་རྨད་བྱུང་བ༔ སྐུ་གསུང་ཐུགས་དང་ཡང་དག་ལྡན༔ བསམ་གྱིས་མི་ཁྱབ་ཡོན་ཏན་ཅན༔ ཕྲིན་ལས་མཛད་ལ་ཕྱག་འཚལ་བསྟོད༔ རྒྱལ་བ་རྣམས་ཀྱིས་ཡོངས་བསྔགས་པ༔ དཀྱིལ་འཁོར་རྒྱལ་པོ་འདིར་བཞེངས་ཏེ༔ དངོས་གྲུབ་རྒྱ་མཚོ་སྒྲུབ་ལགས་ན༔ དགྱེས་ཤིང་གནང་བར་མཛད་དུ་གསོལ༔ ཞེས་དང༔ ལྷོ་ནས༔ ཧཱུྃ༔ རིན་ཆེན་རིགས་མཆོག་མ་ལུས་པའི༔ དེ་བཞིན་གཤེགས་ལ་ཕྱག་འཚལ་ལོ༔ རྒྱལ་སྲིད་རིན་ཆེན་རྣམ་པ་བདུན༔ བཀྲ་ཤིས་རྟགས་བརྒྱད་དཔལ་དང་ལྡན༔ ཀུན་ཏུ་དགེ་བའི་རྫས་མཆོག་བརྒྱད༔ ཁང་བཟང་གཏེར་བུམ་འདོད་འཇོའི་བ༔ རི་རབ་གླིང་བཞིའི་བཀོད་པར་བཅས༔ སྤྱན་གཟིགས་མཆོད་སྤྲིན་འདི་དག་ནི༔ རྒྱལ་བ་དགྱེས་པའི་སྤྲིན་དུ་སྣང༔ གུས་པས་འབུལ་ལོ་བཞེས་སུ་གསོལ༔ སེར་སྣས་བཅིངས་ཤིང་སྦྱིན་པའི་ཚོགས༔ བསོད་ནམས་བསགས་པར་མ་བགྱིས་བཤགས༔ ཨེ་མ་ངོ་མཚར་རྨད་བྱུང་བ༔ ཞི་ལ་མཚན་དང་དཔེ་བྱད་ལྡན༔ ཁྲོ་ལ་གཏུམ་ཞིང་འབར་བའི་སྐུ༔ གང་འདུལ་སྟོན་ལ་ཕྱག་འཚལ་བསྟོད༔ བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤིང༔ མཆོད་ཅིང་བསྟོད་དེ་བསྒྲུབ་པའི་ཕྱིར༔ དཀྱིལ་འཁོར་ཆེན་པོ་བཞེངས་ལགས་ན༔ ངེས་པར་ངོ་མཚར་བསྟན་ཏུ་གསོལ༔ ནུབ་ནས༔ ཧཱུྃ༔ པདྨའི་རིགས་མཆོག་མ་ལུས་པའི༔ དེ་བཞིན་གཤེགས་ལ་ཕྱག་འཚལ་ལོ༔ གསང་བ་མཆོག་གི་རྣལ་འབྱོར་མ༔ མཚན་དང་ལྡན་པ་བཅུ་དྲུག་ནི༔ བདེ་བ་སྐྱེད་པའི་རོལ་རྩེད་ཅན༔ བསམ་ཡས་སྤྲུལ་པ་འདི་དག་ནི༔ རྒྱལ་བ་དགྱེས་པའི་སྤྲིན་དུ་སྣང༔ གུས་པས་འབུལ་གྱིས་བཞེས་སུ་གསོལ༔ ཐོས་བསམ་དམ་པའི་ཆོས་རྣམས་ལ༔ ཉན་བཤད་སྒོམ་སྒྲུབ་མ་བགྱིས་བཤགས༔ ཨེ་མ་ངོ་མཚར་རྨད་བྱུང་བ༔ གང་ལ་གང་འདུལ་ཆོས་སྟོན་ཅིང༔ ཁྱད་པར་ས་ལམ་ཆིག་ཆོད་དུ༔ བགྲོད་པར་བསྟན་ལ་ཕྱག་འཚལ་བསྟོད༔ འདྲེན་པ་ཀུན་གྱི་ཐབས་ཆེན་པོ༔ རིག་འཛིན་ཀུན་གྱི་གཤེགས་ལམ་མཆོག༔ སྨིན་ཅིང་གྲོལ་བར་བྱ་བའི་ཕྱིར༔ དཀྱིལ་འཁོར་བཞེངས་འཚལ་གནང་དུ་གསོལ༔ བྱང་ནས༔ ཧཱུྃ༔ ལས་ཀྱི་རིགས་མཆོག་མ་ལུས་པའི༔ དེ་བཞིན་གཤེགས་ལ་ཕྱག་འཚལ་ལོ༔ གདུག་པའི་ཚོགས་རྣམས་རབ་བསྒྲལ་ཏེ༔ དབང་པོའི་མེ་ཏོག་ཤ་ཆེན་སྤོས༔ ཞུན་ཆེན་མར་མེ་མཁྲིས་ཆེན་དྲི༔ ཤ་རུས་ཞལ་ཟས་རྐང་གླིང་དང༔ ཐོད་པའི་རྔ་སྒྲ་དུར་ཁྲོད་རྫས༔ དྲག་ཅིང་རྔམ་པའི་ཚུལ་འདི་ནི༔ རྒྱལ་བ་དགྱེས་པའི་སྤྲིན་དུ་སྣང༔ གུས་པས་འབུལ་གྱིས་བཞེས་སུ་གསོལ༔ རང་འདོད་དྲི་མས་མ་གོས་པའི༔ འགྲོ་བའི་དོན་མ་བྱས་པ་བཤགས༔ ཨེ་མ་ངོ་མཚར་རྨད་བྱུང་བ༔ ཐབས་དང་ཐུགས་རྗེ་སྣ་ཚོགས་ཀྱིས༔ མ་བསྒྲལ་བསྒྲལ་དང་མ་གྲོལ་དགྲོལ༔ འགྲོ་དོན་མཛད་ལ་ཕྱག་འཚལ་བསྟོད༔ སེམས་ཅན་དོན་རབ་བརྩོན་པའི་ཕྱིར༔ ཕྲིན་ལས་རྣམ་བཞི་སྒྲུབ་པ་ཡིན༔ རྒྱལ་བའི་དཀྱིལ་འཁོར་བཞེངས་ལགས་ན༔ འགྲོ་བའི་དོན་ལ་བསྩལ་དུ་གསོལ༔ སློབ་དཔོན་འཁོར་ལོས་སྒྱུར་བའི་ཆས་སུ་ཞུགས་ལ་རྡོ་རྗེ་འདེགས་པའི་ཕྱག་རྒྱས༔ བྷྲཱུྃ་བི་ཤྭ་བི་ཤུདྡྷེ་ཨོཾ་ཨཱཿཧཱུྃ༔ ཧཱུྃ་ཧ་ཧེ་ཕཊཿཛཿ ཞེས་སྟ་གོན་གྱི་ལྷ་རྣམས་ནམ་མཁར་བཏེགས༔ རྡོ་རྗེ་སློབ་དཔོན་སྟེགས་བུའི་དབུས་སུ་ཁྲིའུ་ཁར་བཟང་པོའི་འདུག་སྟངས་ཀྱིས་བཞུགས༔ མཐའ་བསྐོར་ནས་སློབ་མ་རྣམས་ཀྱིས་མགྲིན་གཅིག་ཏུ༔ ཧཱུྃ༔ བདེ་གཤེགས་རིགས་མཆོག་མ་ལུས་པའི༔ རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ༔ སྦྱོར་སྒྲོལ་ཚོགས་ཀྱི་མཆོད་པ་འདིས༔ རྡོ་རྗེ་སློབ་དཔོན་ཐུགས་དམ་བསྐང༔ བདེ་གཤེགས་ཞི་ཁྲོའི་ཐུགས་དམ་བསྐང༔ མཁའ་འགྲོ་དམ་ཅན་ཐུགས་དམ་བསྐང༔ སྐུ་གསུང་ཐུགས་ཀྱི་དམ་ཚིག་དང༔ ལྔ་ཕྲག་ལྔ་དང་ཉི་ཤུ་པ༔ དང་དུ་མ་བླང་ཚོད་ཡོད་བགྱིས༔ བྱང་ཆུབ་སེམས་ནི་སྤངས་པ་བཤགས༔ ཨེ་མ་ངོ་མཚར་རྨད་བྱུང་བ༔ དུས་གསུམ་བདེ་གཤེགས་ཞི་ཁྲོ་རྣམས༔ རྡོ་རྗེ་སློབ་དཔོན་སྐུ་ལ་རྫོགས༔ དཀྱིལ་འཁོར་གཙོ་ལ་ཕྱག་འཚལ་བསྟོད༔ འདི་ན་རྣལ་འབྱོར་བདག་ཅག་གིས༔ ཚེ་གཅིག་སངས་རྒྱས་བསྒྲུབ་པའི་ཕྱིར༔ འདུས་པའི་དཀྱིལ་འཁོར་བཞེངས་ལགས་ན༔ ལྷ་དང་བླ་མས་བསྩལ་དུ་གསོལ༔ དེ་ནས་སློབ་དཔོན་གྱིས༔ དེ་ལྟར་ཡིན་ན་གསང་བ་མཆོག༔ དཀྱིལ་འཁོར་ཆེན་པོ་འདི་བསྒྲགས་པས༔ དབང་དང་དངོས་གྲུབ་ལས་རྣམས་བྱེད༔ འདུས་པའི་དཀྱིལ་འཁོར་བཞེངས་པར་འཚལ༔ ཞེས་ལྷ་དང་སློབ་དཔོན་གྱིས་གནང་བ་བསྩལ་པར་གྱུར་བར་བསམ་མོ༔ དེ་ནས་བྷནྡྷ་མཚན་བཟང་རྣམས་ཀྱི་ནང་དུ་དུར་ཁྲོད་ཀྱི་ས་སྣ་བསྲེས་པའི་རིན་ཆེན་སྣ་ལྔ༔ ཚོན་ཁ་དོག་སྣ་ཚོགས་པ་རིགས་མཐུན་ཚོམ་བུ་ལྔ་བཀོད་པ་ལ༔ ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿས་མཚན་པ་ལས་འོད་ཟེར་འཕྲོས༔ རྒྱལ་བ་རྣམས་མཆོད་ཅིང་ཡེ་ཤེས་རྣམས་རིན་པོ་ཆེ་ལྔའི་རང་བཞིན་དུ་སྤྱན་དྲངས་པ་རྣམས་ཡིག་འབྲུ་ལྔ་ལ་ཐིམ༔ འོད་དུ་ཞུ་བ་རིན་པོ་ཆེའི་རྡུལ་ཕྲ་རབ་ཏུ་གྱུར་པར་བསམ་ལ་ཡིག་འབྲུ་ལྔ་བརྒྱ་སྟོང་བཟླས་ལ་བྱིན་གྱིས་བརླབ༔ བྱང་ཤར་དུ་རེ་ཁཱ་ལྔ་བྲིས་པ་ཐོད་པས་བཀབ༔ དཀྱིལ་འཁོར་གྲུབ་ནས་ཐོད་པ་བསལ་བས་ཚོན་མ་གྲུག་པ་བཀྲག་གདངས་གསལ་ན་ཤིན་ཏུ་བཟང༔ དཀྱིལ་འཁོར་གྱི་མཐར་དྲི་ལྔ་སྐྲ་ཚིལ་དང་སྦྱར་བ་བར་མ་ཆད་དུ་བྱུག༔ སློབ་དཔོན་གྱིས་རྡོ་རྗེ་གསོར་ཞིང་དྲིལ་བུ་འཁྲོལ་ལ་ཆོས་ཉིད་དེ་བཞིན་ཉིད་ལ་བློ་བཞག་སྟེ་ཡི་གེ་བརྒྱ་པ་བརྗོད་ཅིང་དཀྱིལ་འཁོར་བསྐོར༔ ཆོས་ཉིད་དག་པའི་སྔགས་བརྗོད་ཅིང༔ རྡུལ་ཚོན་གྱི་དཀྱིལ་འཁོར་མི་དམིགས་པ་ལས་དམ་ཚིག་གི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་གསལ་བ་ལས༔ ཡེ་ཐིག་གི་དཀྱིལ་འཁོར་དང་སྟ་གོན་གྱི་ལྷ་རྣམས་དབྱེར་མེད་ཆུ་ལ་ཆུ་བཞག་པ་ལྟར་བཞུགས་པར་གྱུར་པར་བསམ༔ མཆོད་པས་མཐའ་བསྐོར་ཞིང༔ ཨོཾ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ༔ ནས་ཤཔྟའི་བར་གྱིས་མཆོད་ཅིང་རོལ་མོའི་སྒྲ་ཆེར་བསྒྲག་གོ༔ །གཉིས་པ་བུམ་པ་སྟ་གོན་ནི། རྣམ་བུམ་དང་ལས་བུམ་འདུ་བྱ། དྲག་སྔགས་ཡུངས་ཐུན་གུ་གུལ་དུད་པས་བགེགས་བསྐྲད། བུམ་པ་ཆས་སུ་གཞུག་པའི་ཕྱིར་རྩ་གསུམ་སྤྱི་དྲིལ་གྱི་སྙིང་པོ་བརྗོད་ལ། ནང་བཅུད་མགུལ་ཆིངས་ཁ་རྒྱན་ལྡན་པ་བཀོད། མཆོད་པ་བཤམས་ཤིང་བྱིན་བརླབས། བུམ་པ་བསང་སྦྱང༌། སྟོང་པའི་ངང་ལས་བྷྲཱུྃ་ལས་ཕྱི་རིན་པོ་ཆེའི་བུམ་པའི་རྣམ་པ་ལ་ནང་གཞལ་ཡས་ཁང་བདུད་རྩིའི་རྒྱ་མཚོ་འཁྱིལ་བའི་དབུས་སུ་རྩ་བ་གསུམ་གྱི་དཀྱིལ་འཁོར་གྱི་ལྷ་ཚོགས་མཚོ་རྫིང་དྭངས་པར་ཟླ་སྐར་ཤར་བ་བཞིན་སྐད་ཅིག་གིས་གསལ་བར་གྱུར༔ སྔགས་ཙམ་གྱིས་མཆོད། ཕྱག་འཚལ་ཤོ་ལོ་ཀ་གཅིག་གིས་བསྟོད། གཟུངས་ཐག་བླང་ལ། རང་གི་ཐུགས་ཀ་ནས་སྔགས་ཀྱི་འོད་ཟེར་འཕྲོས་བུམ་པའི་ལྷ་རྣམས་ལ་ཕོག༔ སྙོམ་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་ཡེ་ཤེས་ཀྱི་བཅུད་དུ་འཁྱིལ་བར་བསམ། བསྙེན་སྒྲུབ་ཀྱི་སྔགས་བཟླ། མཐར། ཨོཾ་ཨཱཿཧཱུྃ་གིས་བདུད་རྩིའི་མཆོད་ཡོན་ཕུལ་བས་ལྷ་རྣམས་འོད་དུ་ཞུ་བ་བུམ་པའི་ཆུ་དང་རོ་གཅིག་ཏུ་གྱུར། ལས་བུམ་ལ་དམིགས་ཏེ། ལས་བུམ་ནང་དུ་པད་ཉིའི་སྟེང༔ ཧྲཱིཿལས་དབང་ཆེན་རྟ་མགྲིན་རྒྱལ༔ དམར་ནག་ཐོད་དབྱུག་མེ་ཞགས་འཛིན༔ ཁྲོ་བོའི་ཆས་རྫོགས་མེ་དབུས་རོལ༔ ཐུགས་སྲོག་སྔགས་ཀྱི་ཕྲེང་བ་ལས༔ བདུད་རྩིའི་རྒྱུན་བྱུང་བུམ་པ་གང༔ དག་བྱེད་རྡོ་རྗེའི་བདུད་རྩིར་གྱུར༔ ཅེས་མོས་ལ། ཨོཾ་ཧྱ་གྲཱྀ་བ་ཧཱུྃ་ཕཊ༔ བརྒྱ་རྩ་བརྒྱད་བཟླས་མཐར། ཁྲོ་བོ་ཆེན་པོས་བགེགས་བཟློག་ཅིང་ལས་ཐམས་ཅད་གྲུབ་པའི་ཕྲིན་ལས་མཛད་དུ་གསོལ། ཞེས་ཕྲིན་ལས་བཅོལ་ལོ། །གསུམ་པ་སྒྲུབ་རྫས་ཡོ་བྱད་སྟ་གོན་དུ་བྱ་བ་ནི། ཡབ་ཀྱི་སྐུ་རྟེན་དུ་སྐུ་འབག་རིན་པོ་ཆེའི་ཟེའུ་ཁང་དུ་བཞུགས་པ། ཡུམ་གྱི་རྟེན་དུ་ཁ་ཊྭཱཾ་ག་དར་སྣ་ལྔས་བརྒྱན་པ། ཞི་བའི་རྟེན་རྡོ་རྗེ་དང་དྲིལ་བུ་དར་དཀར་དམར་གྱིས་བསྣོལ་མར་བཅིངས་པ། དྲག་པོའི་རྟེན་དུ་ཕུར་པ་ཁྲོ་ཞལ་ཅན་དར་སྣ་ལྔས་བརྒྱན་པ། རྩ་གསུམ་ཐམས་ཅད་ཀྱི་སྲོག་རྟེན་ཐོད་པ་མཚན་བཟང་ནང་རིག་འཛིན་སྲོག་འཁོར་དཔལ་གྱི་གདུ་བུ། ཐུགས་སྒྲུབ་སྲོག་འཁོར། བཏགས་གྲོལ་རིགས། རིན་པོ་ཆེ། འབྲུ་སྣ། སྨན་སྣ། ཁྱད་པར་རང་རང་གི་བླ་མ་བརྒྱུད་པ་དང་བཅས་པའི་དམ་ཚིག་གི་རྫས་དང༌། དབུ་སྐྲ། ན་བཟའ་གཙོ་བོར་གྱུར་པའི་དད་པའི་རྟེན་རྣམས་ཀྱིས་ཕྱུར་བུར་བཀང་བ། སྲོག་ཕུར་སོར་བཞིའམ་བརྒྱད་པ་རྡོར་དྲིལ་གྱིས་མཚན་པ་དང༌། གཙོ་འཁོར་གང་ནུས་ཀྱི་སྐུ་གཟུགས་དང་བཅས་པའང་ནང་དུ་གཞུག །དར་སྣ་ལྔས་དྲིལ། སྨན་སྒྲུབ་དང་འབྲེལ་ན་བདུད་རྩི་སྨན་གྱི་ཕོ་བྲང་ཐོད་པ་ཁ་སྦྱོར་གྱི་ནང་དུ་ཨ་མྲྀ་ཏས་གཏམས་ཤིང་དར་སྣས་དྲིལ་ལ་ཚོན་སྐུད་ཀྱིས་བཅིངས་ཏེ་རྡོར་དྲིལ་གྱིས་རྒྱས་གདབ་ལ་དབུ་རྒྱན་གསོལ། བཀྲ་ཤིས་ཚེའི་འབྲང་རྒྱས་བུམ་གཟུགས་ཉི་ཟླ་ནོར་བུས་མཚན་པ་རིལ་བུས་བསྐོར་ཞིང་ཚེའི་ཛ་གད་དང་བཅས་པའང་འདུ་བྱ། གཞན་ཡང་རྟེན་སྒྲུབ་མཆོད་པའི་གཏོར་མ་སོགས་འོག་ཏུ་འབྱུང་བ་རྣམས་ཀྱང་ཚོགས་པར་བྱའོ། །སྒྲུབ་རྫས་རྣམས་ལ་སྤྲོས་པ་རྒྱས་ན་ཞི་དྲག་གི་སྦྱང་བ། བགེགས་བསྐྲད། ཁྲུས་གསོལ་བཅས། བསྡུ་ན་ལས་སྔགས་ཀྱིས་ཐོག་དྲངས་པའི་དྲག་སྔགས་བརྗོད་ལ་ཡུངས་ཐུན་གྱིས་བྲབ་གུ་གུལ་བདུག །ལས་ཐམས་ཅད་པའི་བུམ་ཆུས་ཁྲུས་བྱ། སྭ་བྷཱ་ཝས་སྦྱང༌། སྒྲུབ་རྫས་རྣམས་སྟོང་པའི་ངང་ལས་བླ་མ་རིག་འཛིན་གཙོ་དང་འཁོར་དུ་བཅས་པའི་དཀྱིལ་འཁོར་སྣོད་བཅུད་ཡོངས་སུ་རྫོགས་པ་ལྷ་སོ་སོའི་སྐུ་གསུང་ཐུགས་ཀྱི་རང་བཞིན་ཏུ་གསལ་བར་གྱུར་པར་བསམ་ལ། སྒྲུབ་པ་པོ་རྣམས་ཞྭ་ཆོས་སོགས་རྒྱན་གྱིས་སྤྲས། རང་གྲལ་ནས་བཞེངས་ཏེ། རང་ཉིད་མ་ཧཱ་གུ་རུའི་སྐུར་གསལ་བའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་དཔག་ཏུ་མེད་པ་འཕྲོས་པས༔ ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་དང་བཅས་པ་བླ་མ་རིག་འཛིན་བདེ་གཤེགས་ཞི་ཁྲོ་མཁའ་འགྲོ་ཆོས་སྐྱོང་དང་བཅས་པ་སྤྲིན་གཏིབས་པ་བཞིན་གནས་འདིར་བྱོན་ཏེ༔ སྒྲུབ་པའི་རྟེན་དང་དབྱེར་མེད་པར་ཕོ་བྲང་ནང་དུ་སོ་སོའི་གདན་ལ་བཞུགས་པར་གྱུར་པར་བསམ། ཧཱུྃ་ཧྲཱིཿ ཆོས་སྐུའི་དབྱིངས་ཉིད་མཚན་མ་ལས་འདས་ཀྱང༔ བདེ་ཆེན་ལོངས་སྤྱོད་རྫོགས་སྐུའི་སྐུར་བཞེངས་ཏེ༔ དཀྱིལ་འཁོར་ལྷ་ཚོགས་རབ་འབྱམས་མ་ལུས་པ༔ ངོ་མཚར་ལྟས་བཅས་རོལ་ཅིང་གཤེགས་སུ་གསོལ༔ ཞེས་བསྐུལ་ཞིང་རོལ་མོ་བསྒྲག །འདུས་པ་རྣམས་དཀྱིལ་འཁོར་ལ་ཕྱོགས་པར་ཁྲོམ་ཚོགས་སུ་གནས། རྡོ་རྗེ་སློབ་དཔོན་གྱིས་དྲིལ་སྤོས་བཅས་སྣ་དྲངས། རྒྱལ་ཚབ་པ། ཡུམ་བཟང་མོ། རྒྱལ་ཐེབས་སོགས་ཀྱིས་སྐུ་གསུང་ཐུགས་རྟེན་ནས་མཆོད་རྫས་བར་རིམ་པར་ཐོགས། རྩ་གསུམ་སྤྱི་དྲིལ་ཛཔ་དབྱངས་དང་བཅས་འཇམ་རོལ་སྐབས་དཀྱིལ་འཁོར་ལ་གཡས་སུ་ལན་གསུམ་བསྐོར་ནས་མདུན་དུ་འཁོད་ལ་དྲིལ་གདངས་བཅས། ཧཱུྃ༔ བདེ་གཤེགས་ཁྲག་འཐུང་རབ་འབྱམས་ཀྱི༔ རྡོ་རྗེའི་སྐུ་ནི་མཁའ་དང་མཉམ༔ ཕྱག་རྒྱའི་རྟེན་དང་དབྱེར་མེད་བཞུགས༔ སྐུ་ཡི་བྱིན་རླབས་དངོས་གྲུབ་སྩོལ༔ ཅེས་བསྙེན་སྒྲུབ་སྔགས་མཐར། ཀཱ་ཡ་ཛྙཱ་ན་ས་མ་ཡ་སྟྭཾ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་ཐོད་སྐུ་དཀྱིལ་འཁོར་གྱི་དབུས་སུ་རིན་པོ་ཆེའི་སྣོད་འབྲུས་བཀང་བ་ལ་བཞུགས་སུ་གསོལ། ཧཱུྃ༔ བདེ་གཤེགས་ཁྲག་འཐུང་རབ་འབྱམས་ཀྱི༔ རྡོ་རྗེའི་གསུང་དབྱངས་མི་ཤིགས་སྒྲ༔ སྔགས་ཀྱི་རྟེན་དང་དབྱེར་མེད་བཞུགས༔ གསུང་གི་བྱིན་རླབས་དངོས་གྲུབ་སྩོལ༔ སྔགས་མཐར། ཝཱཀ་ཛྙཱ་ན་ས་མ་ཡ་སྟྭཾ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་སྔགས་བྱང་ནུབ་ཏུ་དགོད། ཧཱུྃ༔ བདེ་གཤེགས་ཁྲག་འཐུང་རབ་འབྱམས་ཀྱི༔ རྡོ་རྗེའི་ཐུགས་ནི་འོད་གསལ་དབྱིངས༔ ཕྱག་མཚན་རྟེན་དང་དབྱེར་མེད་བཞུགས༔ ཐུགས་ཀྱི་བྱིན་རླབས་དངོས་གྲུབ་སྩོལ༔ སྔགས་མཐར། ཙིཏྟ་ཛྙཱ་ན་ས་མ་ཡ་སྟྭཾ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་རྡོ་རྗེ་ཤར་དུ་དགོད། ཧཱུྃ༔ བདེ་གཤེགས་ཁྲག་འཐུང་རབ་འབྱམས་ཀྱི༔ རྡོ་རྗེའི་ཡོན་ཏན་ལྷུན་གྱིས་གྲུབ༔ བདུད་རྩིའི་རྟེན་དང་དབྱེར་མེད་བཞུགས༔ ཡོན་ཏན་བྱིན་རླབས་དངོས་གྲུབ་སྩོལ༔ སྔགས་མཐར། གུ་ཎ་ཛྙཱ་ན་ས་མ་ཡ་སྟྭཾ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་སྨན་ཐོད་ལྷོར་དགོད། ཧཱུྃ༔ བདེ་གཤེགས་ཁྲག་འཐུང་རབ་འབྱམས་ཀྱི༔ རྡོ་རྗེའི་ཕྲིན་ལས་ཐོགས་མེད་ཁྱབ༔ ཕུར་བུའི་རྟེན་དང་དབྱེར་མེད་བཞུགས༔ ཕྲིན་ལས་བྱིན་རླབས་དངོས་གྲུབ་སྩོལ༔ སྔགས་མཐར། ཀརྨ་ཛྙཱ་ན་ས་མ་ཡ་སྟྭཾ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་ཕུར་བུ་བྱང་དུ་དགོད། ཧཱུྃཿ ཆོས་ཉིད་གཅིག་ལས་རིག་རྩལ་དགུ༔ གཟི་བརྗིད་སྒྲོན་མེ་འོད་གསལ་བ༔ དཔལ་ཆེན་ཀློང་དགུའི་རྟེན་དུ་བཞུགས༔ ཡེ་ཤེས་བྱིན་རླབས་དངོས་གྲུབ་སྩོལ༔ སྔགས་མཐར། དཱི་པཾ་ཛྙཱ་ན་དྷཱ་ཏུ་ས་མ་ཡ་སྟྭཾ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་བྷནྡྷའི་མར་མེ་དབུས་ཀྱི་ཐོད་སྐུའི་མདུན་དུ་དགོད། ཧཱུྃ༔ དཀྱིལ་འཁོར་ཆེན་པོའི་གཞལ་ཡས་ཕོ་བྲང་ནི༔ མཉམ་ཉིད་དོན་གྱི་ཁྱད་པར་དབྱེར་མེད་ཀྱང༔ ཀུན་རྫོབ་རིགས་ལ་ཕྱི་ནང་བྱེ་བྲག་གསལ༔ མ་འདྲེས་ཁ་དོག་སོ་སོར་གསལ་བཀྲ་ཞིང༔ ཁྱད་པར་ཡོན་ཏན་མཛེས་པའི་རྒྱན་བྲེས་པས༔ ཕྱོགས་བཞི་མཚམས་དང་སྟེང་འོག་ཐམས་ཅད་དུ༔ ཕོ་བྲང་རྒྱན་དང་ལྡན་པར་བཞུགས་སུ་གསོལ༔ བྷྲཱུྃ་བི་ཤྭ་བི་ཤདྡྷེ་རཏྣ་ཏྲཱཾ་ས་མ་ཡ་ལྷན༔ ཞེས་ཕྱོགས་བཅུར་ཕུར་བུ། ཕྱོགས་བཞིར་རལ་གྲི་དང་འཕན་བཞི། མཚམས་བཞིར་མདའ་དར་དང་རྒྱལ་མཚན་བཞི་བཙུགས་ལ་ཚོན་སྐུད་དྲྭ་བས་སྦྲེལ་བའམ། སྒབ་སྐོར་དང་གདུགས་ལ་སོགས་པས་བརྒྱན། དེ་རྒྱབ་དཀྱིལ་འཁོར་ཤར་དུ་ཆུ་གཉིས་ཉེར་སྤྱོད། ལྷོར་འདོད་ཡོན་ལྔ། བྱང་དུ་དྲག་པོ་ཉེར་སྤྱོད་རྣམས་གཡས་བསྐོར། ནུབ་ཏུ་དཀྱིལ་འཁོར་ལྷའི་འདས་གཏོར་དམར་པོ་གཙོ་འཁོར་དགུ་པ་སོ་སོའི་མདུན་དུ་མཐེབ་ཀྱུ་གྱེན་ལངས་སྦྱར་བ་རྩེ་ཁྲབ་ཅན། གཡས་གཡོན་དུ་ཆོས་སྐྱོང་སྤྱི་སྒེར། གཏེར་སྲུང་དང༌། གཞི་བདག་སྤྱི་གཏོར། སྨན་རཀ་དང་བཅས་པ་བཀོད། གཞན་ཡང་ཉིན་རེ་བཞིན་འབུལ་རྒྱུའི་ཆོས་སྐྱོང་གཏོར་འབུལ། ཆད་ཐོ། བརྟན་མ་ཚོགས་རྫས་སོགས་ཉེ་བར་མཁོ་བའི་མཆོད་གཏོར་གྱི་རིགས་ཐམས་ཅད་ཇི་ལྟར་འོས་པའི་བཀོད་པ་ལེགས་པར་བཤམས་ཤིང༌། དེ་དག་སྤྱི་ཁྱབ་ཏུ། །བླ་མེད་མཆོག་གི་མཆོད་པ་དམ་པ་འདི། །ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ། །འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཏེ། །དམ་ཚིག་བཞིན་ལ་ཅི་བདེར་བཞེས་སུ་གསོལ། ན་མ་སརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏག་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ཞེས་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་མཁའ་ཁྱབ་ཏུ་སྤེལ་ལོ། །གསུམ་པ་མཆེད་གསར་རྙིང་བསྲེ་བ་ནི། སློབ་དཔོན་གྱིས་ཁྲོ་བོ་འཆོལ་བའི་སྔགས་བརྗོད་ཅིང་ཡུངས་ཀར་བྲབ་གུ་གུལ་བདུགས་ལ་སློབ་མ་གསར་བུ་རྣམས་བགེགས་བསྐྲད། ལས་ཐམས་ཅད་པའི་སྔགས་བརྗོད་ཅིང་ཁྲུས་བྱ། སློབ་བུ་རྣམས་ཀྱིས་མཎྜལ་ཕུལ། ཧཱུྃ༔ བདེ་གཤེགས་ཀུན་འདུས་བླ་མ་ལ༔ གུས་པས་ཕྱག་འཚལ་སྐྱབས་སུ་མཆི༔ མཆོད་ཅིང་སྡིག་པ་ཐམས་ཅད་བཤགས༔ སོ་ཐར་བྱང་སེམས་གསང་སྔགས་ཀྱི༔ དམ་ཚིག་མ་ལུས་བདག་གིས་བཟུང༔ དངོས་གྲུབ་སྐལ་པ་བསྩལ་དུ་གསོལ༔ ཞེས་ལན་གསུམ་གྱིས་རྒྱུད་སྦྱང་ཞིང་སྡོམ་པ་བཟུང༌། སློབ་དཔོན་ཧེ་རུ་ཀར་གསལ་བའི་ཐུགས་ཀ་ནས་ཡ་ལས་ལྕགས་སྡིག་ནག་པོ་མེ་འབར་བ་འཕྲོས༔ ཡེ་ཤེས་ཀྱི་མེ་འབར༔ སློབ་བུའི་ལུས་ལ་ཕོག་པས་སྡིག་སྒྲིབ་ཐམས་ཅད་ཐུལ་གྱིས་བསྲེག་པར་གྱུར་པར་བསམ། ཨོཾ་བཛྲ་ཡཀྵ་ཀྲོ་དྷ་སརྦ་པཱ་པཾ་ཛྭ་ལ་རཾ༔ ཞེས་བཟླ། སྟོང་པའི་ངང་ལས་ཧཱུྃ་ལས་སློབ་བུ་རྣམས་དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་རྡོར་དྲིལ་འཛིན་ཅིང་དར་དང་རིན་པོ་ཆེས་བརྒྱན་པ༔ སེམས་དཔའི་སྐྱིལ་ཀྲུང་གིས་པད་ཟླའི་གདན་ལ་བཞུགས་པའི་སྤྱི་བོར་ཨོཾ༔ མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་གིས་མཚན་པར་གྱུར༔ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་ཡིག་འབྲུ་གསུམ་རྣམས་སྤྱན་དྲངས་ཏེ་དེ་ཉིད་ལ་ཐིམ་པར་གྱུར༔ སློབ་དཔོན་གྱི་ལག་གཡས་རྡོ་རྗེ་དང་བཅས་པའི་སྲིན་ལག་གིས་སློབ་མའི་གནས་གསུམ་དུ་བདུད་རྩིའི་ཐིག་ལེ་བྱ། ཧཱུྃ༔ སྣང་སྲིད་ཅིར་སྣང་ཐམས་ཅད་ཀུན༔ དེ་བཞིན་གཤེགས་པའི་རྡོ་རྗེའི་སྐུ༔ གྲགས་པ་སྔགས་རླུང་ཐམས་ཅད་ནི༔ དེ་བཞིན་གཤེགས་པའི་རྡོ་རྗེའི་གསུང༔ གང་ཤར་མ་བཅོས་རིག་པ་ནི༔ དེ་བཞིན་གཤེགས་པའི་རྡོ་རྗེའི་ཐུགས༔ སྐུ་གསུང་ཐུགས་སུ་ཡེ་ནས་གནས༔ གསང་གསུམ་དངོས་གྲུབ་སྣོད་དུ་གྱུར༔ ཀཱ་ཡ་ཝཱཀ་ཙིཏྟ་ཨ་བྷི་ཥིཉྩ་ཨཱཿཧཱུྃ༔ དམ་བསྒྲགས་པ་ནི། དེང་ཕྱིན་སྐལ་ལྡན་ཁྱེད་རྣམས་ཀྱིས༔ སོ་སོར་ཐར་དང་བྱང་ཆུབ་སེམས༔ གསང་སྔགས་སྤྱི་ཡི་དམ་ཚིག་རྣམས༔ སྲོག་གི་ཕྱིར་ཡང་མ་གཏོང་ཞིག༔ གལ་ཏེ་དམ་ལས་འདས་གྱུར་ན༔ རྡོ་རྗེ་ཡཀྵ་ཁྲོས་ནས་སུ༔ ཐར་པའི་སྲོག་རྩ་འཆད་པར་འགྱུར༔ སྒྲུབ་པའི་སྲོག་ནི་དམ་ཚིག་སྟེ༔ ཐར་པ་འདོད་རྣམས་དང་དུ་ལོངས༔ ཞེས་བསྒྲགས་ཏེ། སློབ་མ་རྣམས་ཀྱིས། ས་མ་ཡ་ཨི་དཾ་ན་ར་ཀན༔ ཞེས་བྲོ་བོར། ཨོཾ་བཛྲ་ས་མ་ཡ་ཧ་ན་ཧ་ན་ཧཱུྃ་ཕཊ༔ ཞེས་བདུད་རྩི་བླུད་ཅིང༌། ཨོཾ་བཛྲ་ས་མ་ཡ་ཏིཥྛ་ཧཱུྃ༔ ཞེས་རྡོ་རྗེ་སྤྱི་བོར་བཞག་ཅིང་དམ་ཚིག་བརྟན་པར་བསམ། སྤྲོ་ན་སྐབས་འདིར་དབང་བསྐུར་ཞིང་དམ་ཚིག་རྒྱས་པར་བཤད། རྒྱུད་ལུང་གི་དོན་བཀྲོལ་ཞིང་ཚིག་གི་ལུང་འབོག །བསྡུ་ན་དམ་ཚིག་འབོག་པའི་མཐར་མཆེད་གསར་བུ་རྣམས་རང་རང་གི་གྲལ་དུ་འཁོད་ལ་གསར་རྙིང་བསྲེ། ཐམས་ཅད་ལ་བདུད་རྩི་གཡོན་བསྐོར་དུ་དྲངས་ཤིང༌། ཧཱུྃ༔ མི་འགྱུར་ཡེ་ཤེས་ཆེན་པོའི་དཀྱིལ་འཁོར་འདིར༔ མི་འབྲལ་རྩེ་གཅིག་འགྲོགས་པའི་ཏིང་འཛིན་གྱིས༔ སྐུ་གསུང་ཐུགས་ཀྱི་དམ་ཚིག་སྲོག་ཏུ་བཟུང༔ མ་འགྲུབ་བར་དུ་བསྐྱེད་དང་རྫོགས་པའི་རིམ༔ གཡེལ་བ་མེད་པར་བསྒོམ་པར་དམ་བཅའ་འོ༔ ཞེས་བརྗོད། སློབ་དཔོན་གྱིས་ཕྲེང་བས་དབང་བསྐུར་ཞིང་ལག་ཏུ་གཏད། མཆེད་ལྕམ་རྣམས་རིག་འཛིན་བླ་མ་གཙོ་འཁོར་གྱི་སྐུ་གསུང་ཐུགས་སུ་གསལ་བཏབ་ལ། ཧཱུྃ༔ སྒྲུབ་པའི་དངོས་གྲུབ་མ་ལུས་ཐོབ་བྱའི་ཕྱིར༔ ལུས་ལྷ་ངག་སྔགས་སེམས་ནི་ཏིང་ངེ་འཛིན༔ རྒྱུན་མི་འཆད་ཅིང་ལུ་གུ་རྒྱུད་དུ་འབྲེལ༔ དངོས་གྲུབ་རྣམ་གཉིས་སྒྲུབ་པའི་དབང་ཐོབ་ཤོག༔ བཛྲ་ཀཱ་ཡ་ཝཱཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ བཞི་པ་ཚོགས་སྒྲུབ་ཀྱི་ལས་ལ་འཇུག་རུང་བྱ་བ་ལ་སྒྲུབ་པ་པོ་རྣམས་མངའ་གསོལ་ཞིང་གནས་སུ་འགོད་པ་ནི། རྒྱལ་ཐེབས་གཙོ་བོས་དབྱངས་བོར་ལེན་དང་ལས་ཀྱི་རྡོ་རྗེས་ཐོད་ཆང་གཞུང་ཚིག་དང་བསྟུན་སོ་སོར་དྲངས་ལ། ཧོཿ དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད༔ རྡོ་རྗེ་རྒྱལ་པོ་དཀྱིལ་འཁོར་འདུས་པའི་གཙོ༔ ཉོན་མོངས་བདུད་འཇོམས་ཡེ་ཤེས་ལྔ་ཡི་བདག༔ བསྟན་པའི་སྒྲོན་མེར་མངའ་གསོལ་དགྱེས་པར་བཞུགས༔ རྡོ་རྗེའི་གདུང་འཚོབ་ཕྲིན་ལས་རྣམ་བཞིའི་བདག༔ རྒྱལ་ཚབ་སློབ་དཔོན་མངའ་གསོལ༴ ཤེས་རབ་དབྱིངས་ལས་བདེ་བའི་ཡེ་ཤེས་སྟེར༔ ཀུན་བཟང་ཡུམ་དུ་མངའ་གསོལ༴ བསྐྱེད་རིམ་གསལ་སྟོན་ལས་ཀྱི་གཞུང་བསྲང་མཛད༔ རྡོ་རྗེ་ཕྲིན་ལས་མངའ༴ མཆོད་པའི་བྱ་བས་དཀྱིལ་འཁོར་དགྱེས་པ་སྐྱེད༔ ལས་ཀྱི་རྡོ་རྗེར་མངའ༴ ཕྱི་ནང་དྲོད་ཚད་དུས་དང་རྟགས་རྣམས་མཁྱེན༔ རྡོ་རྗེ་སྲིན་པོར་མངའ༴ དངོས་གྲུབ་ལྟས་མཐོང་བར་ཆད་གཟིར་ཞིང་སྐྲོད༔ རྡོ་རྗེ་སྤྱན་པར༴ ཕྱི་ནང་ཉུལ་ལེ་འབྱུང་པོ་ཐོགས་མེད་སྒྲོལ༔ རྡོ་རྗེ་གིང་ཆེན༴ དགྲ་བགེགས་གནས་སྤོར་གཟུགས་ཕུང་ཞལ་དུ་སྟོབ༔ སྒྲོལ་གིང་ལས་མཛད༴ འདུ་བར་འོས་མིན་སྲུང་བའི་ཕྲིན་ལས་མཛད༔ རྡོ་རྗེ་མཚམས་པར༴ ཚོགས་ཀྱི་བྱ་བ་གཙང་ཞིང་དག་པར་སྦྱོར༔ རྡོ་རྗེ་ཕྱག་ཚང༴ ཕྱི་ཡི་ཉུལ་ལེ་སྐྲོད་ཅིང་ལས་རྣམས་སྒྲུབ༔ རྡོ་རྗེ་རྡུལ་ཕྱགས༴ ཛཔ་བསྙེན་གསལ་དག་རྒྱུན་མི་ཆད་པར་སྒྲོག༔ རྡོ་རྗེ་མཆེད་ལྕམ་མངའ་གསོལ་དགྱེས་པར་བཞུགས༔ ཞེས་གསོལ་ཞིང་ལས་ཀྱི་བསྐོས་གདབ། རང་གྲལ་ལས་མ་འཆུག་པར་བྱ་དགོས་སོ། །རྟགས་གདབ་པ་ནི། ཧཱུྃ༔ མ་མོ་མཁའ་འགྲོ་དབང་དུ་འདུ་བ་དང༔ ཧེ་རུ་ཀ་ཡི་རིགས་སུ་ངེས་པའི་ཕྱིར༔ དུག་གསུམ་རྩད་གཅོད་བྱུག་པའི་རྩི་གསུམ་དང༔ དུག་ལྔ་རྣམ་དག་བགོ་བའི་གོས་གསུམ་དང༔ གདགས་པའི་རྒྱན་གཉིས་དུར་ཁྲོད་ཆས་བརྒྱད་འདི༔ དབང་ཕྱུག་ཆེན་པོའི་སྐུ་ཡི་རྒྱན་དུ་གསོལ༔ ཞེས་དུར་ཁྲོད་ཆས་བརྒྱད་ཀྱིས་བརྒྱན་ནོ། །དཔལ་གྱི་སྐུར་གཟི་བརྗིད་བསྐྱེད་པའི་ཕྱིར། ཧཱུྃ༔ འཇིགས་བྱེད་བྱོལ་སོང་རྣམས་ཀྱི་ཁྲི་སྟེང་དུ༔ དཔལ་གྱི་སྐུ་ལ་རྡོ་རྗེའི་གཤོག་པ་གདེངས༔ འཇིགས་བྱེད་ཆེན་པོའི་སློག་པ་རྡོ་རྗེའི་ཁྲབ༔ རུས་པའི་རྒྱན་དྲུག་དར་དཔྱང་ཕུར་པའི་དབལ༔ སྐུ་ལས་མེ་འབར་དབུ་ནི་ཁྱུང་གིས་བརྒྱན༔ འཇིགས་བྱེད་ཆེན་པོ་དཔལ་གྱི་སྐུ་རུ་རྫོགས༔ ཞེས་དཔལ་གྱི་ཆས་བཅུ་ཡིས་གོ་བགོ །ལྔ་པ་བྱིན་དབབ་པ་ནི། སྒྲུབ་པ་པོ་རྣམས་ཞྭ་ཆོས་སོགས་གཟི་བྱིན་བསྐྱེད་ལ་དཀྱིལ་འཁོར་གྱི་མཐར་འཁོད། དར་སྣའི་གཡབ་མོ་དང་དྲི་བཟང་གི་སྤོས་བཏུལ། དད་གུས་གདུང་ཤུགས་ཀྱི་དབྱངས་རོལ་བཅས་ཚིག་བདུན་ལན་གསུམ་སྔོན་དུ་འགྲོ་བས་ལས་བྱང་བྱིན་འབེབས་བཏང༌། མཐར་དཀྱིལ་འཁོར་ལ་བསྐོར་བ་དང་ཛཔ་དབྱངས་ལན་གསུམ་བྱ། བདག་བསྐྱེད་བསྡུ་ལྡང༌། བསྔོ་སྨོན་བཅས་ཀྱིས་སྔོན་འགྲོའི་རིམ་པ་རྣམས་གྲུབ་བོ། །གསུམ་པ་ལྷ་དང་དབྱེར་མེད་དུ་སྒྲུབ་པའི་རིམ་པ་ལ་གསུམ། ཕྲིན་ལས་ཀྱི་གཞུང་བསྲང་ཞིང་བཟླས་པས་ཐུགས་རྒྱུད་བསྐུལ་བ། སྒྲུབ་པ་པོའི་བར་གཅོད་བསལ་ཞིང་བྱིན་འབེབས་པ། དུས་གྲངས་རྟགས་ཀྱི་རིམ་པས་ཚད་བཟུང་བའོ། །དང་པོ་ནི། སྒྲུབ་པའི་དངོས་གཞི་ལ་ཉིན་ལན་གསུམ་རེ་མཚན་ལན་གསུམ་རེ་སྟེ་དུས་དྲུག །འབྲིང་ཉིན་ལན་གཉིས་མཚན་གཉིས་ཏེ་དུས་བཞི། ཐུན་དང་པོ་ལ་ཚིག་བདུན་དང་གསོལ་འདེབས་གང་འོས་ཀྱིས་ཐོག་དྲངས། བརྒྱུད་འདེབས་སྐྱབས་སེམས་ནས་བརྩམས་སྔོན་འགྲོ་རྣམས་རྒྱས་པར་བཏང༌། དངོས་གཞི་ཏིང་འཛིན་གསུམ་གྱིས་བདག་མདུན་དབྱེར་མེད་དུ་བསྐྱེད། དང་པོ་བླ་མ་ལྟར་བསྙེན་པ་ནི། ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་ཤིང་སྤྱི་བོའི་བླ་མར་མོས་གུས་དྲག་ཏུ་བསྐྱེད་ལ་གསོལ་བ་བཏབ་སྟེ་བསྙེན་པ་བཛྲ་གུ་རུ་ཇི་ལྟར་འོས་པ་བཟླ། དམ་ཡེ་དབྱེར་མེད་བསྟིམ་པ། ཕྱག །མཆོད་པ། བསྟོད་པའི་བར་བཏང༌། གཉིས་པ་ཡི་དམ་ལྟར་སྒྲུབ་པ་ལ་སྤྱི་དང་བྱེ་བྲག་གཉིས་ལས། དང་པོ་ལའང་ཛཔ་ཁང་དབྱེ་བ། ཐུགས་དམ་བསྐུལ་བ། ཛཔ་བཟླ་བ། ཛཔ་བསྟོད་བྱ་བའོ། །དང་པོ་ནི། བྷཱུཾ་བི་ཤྭ་བི་ཤུདྡྷེ་ཧྲཱིཿཧཱུྃ་ཕཊ་ཛཿ བདག་ཉིད་རྩ་བའི་དཀྱིལ་འཁོར་ལས༔ ཡེ་ཤེས་དཀྱིལ་འཁོར་གཉིས་པ་དབྱེ༔ མདུན་གྱི་ནམ་མཁར་བཞུགས་པར་གྱུར༔ གཉིས་པ་ཛཔ་བསྐུལ་བ་ནི། ཧཱུྃ་ཧྲཱིཿ དབང་ཆེན་རྩ་གསུམ་ལྷ་ཚོགས་དབྱིངས་ནས་བཞེངས༔ ཐུགས་དམ་གནད་ནས་བསྐུལ་ལོ་ཛཔ་སྒྲ་སྒྲོགས༔ སྣང་སྟོང་སྐུ་ཡི་ཕྱག་རྒྱས་སྟོང་གསུམ་གང༔ གྲགས་སྟོང་གསུང་གི་ཛཔ་དབྱངས་འབྲུག་ལྟར་ལྡིར༔ རིག་སྟོང་ཐུགས་ཀློང་འོད་གསལ་ངང་དུ་གནས༔ ལྷ་རྣམས་ཐམས་ཅད་བདེ་བའི་གར་གྱིས་རོལ༔ སྔགས་རྣམས་རྩོལ་མེད་རྡོ་རྗེའི་གླུ་ཡིས་བསྐུལ༔ ཐུགས་ནི་སྒྲོལ་མཛད་ཡེ་ཤེས་སྲོག་དང་བཅས༔ མ་གསལ་བར་དུ་བསྐྱེད་ཅིང་བཟླས་པར་འབད༔ མ་གྲུབ་བར་དུ་དགོངས་པ་མི་བཏང་གསོལ༔ མ་གཡེལ་ཐུགས་དམ་ཆེན་པོའི་དུས་ལ་བབ༔ བསྙེན་སྒྲུབ་རྣམ་བཞི་སྟན་ཐོག་འདི་ཉིད་དུ༔ མཐར་ཕྱིན་དཀྱིལ་འཁོར་བདག་པོར་འགྲུབ་པར་མཛོད༔ གསུམ་པ་ཛཔ་བཟླ་བ་ནི། བདག་མདུན་དབང་ཆེན་ཧེ་རུ་ཀ༔ ཡེ་ཤེས་སེམས་དཔའ་ཐོད་ཕྲེང་གི༔ ཐུགས་དབུས་པདྨ་ཉི་ཟླའི་སྟེང༔ ཧྲཱིཿལ་སྔགས་ཀྱི་ཕྲེང་བས་བསྐོར༔ འོད་ཟེར་སྤྲོ་བསྡུ་དོན་གཉིས་བྱས༔ སྣོད་བཅུད་གདོད་ནས་རྣམ་དག་པ༔ པདྨ་དབང་གི་ཞིང་དུ་ཤར༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཀྲོ་དྷ་ཧ་ཡ་གྲཱྀ་ཝ་ཧཱུྃ༔ བཞི་པ་ཛཔ་བསྟོད་ནི། ཧཱུྃ༔ ཡེ་ཤེས་ལྷ་ཚོགས་སྤྱན་འདྲེན་གཤེགས༔ ཕྱི་ནང་གསང་བའི་མཆོད་པ་འབུལ༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་བསྟོད༔ བག་མེད་ཉམས་ཆག་འགལ་འཁྲུལ་བཤགས༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ མ་ཧཱ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་སརྦ་པཱུ་ཛ་ཁཱ་ཧི༔ སྨན་རཀ་སྦྲེང་ཞིང་རོལ་མོ་རྒྱ་ཆེར་བྱའོ། །གསོལ་འདེབས་ནི། །སྤྲུལ་པའི་གུ་རུ་མཚན་བརྒྱད་དང༌། །གྲུབ་པའི་རིག་འཛིན་ཆེན་པོ་བརྒྱད། །བྱང་སེམས་ཉེ་བའི་སྲས་བརྒྱད་དང༌། །སྒྲུབ་ཆེན་བཀའ་བརྒྱད་ལྷ་ཚོགས་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཕྱི་ནང་གསང་བའི་བར་ཆད་སོལ། །བསམ་པ་ཡིད་བཞིན་འགྲུབ་པ་དང༌། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །གཉིས་པ་བྱེ་བྲག་འཇམ་དཔལ་སྐུ་ཡི་བཟླས་པ་ལ་བཞི་ལས། དང་པོ་ཛཔ་བསྐུལ་ནི། ཧཱུྃ་ཧྲཱིཿ སྙིང་པོ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ༔ ཡེ་ཤེས་སྒྱུ་མར་རོལ་པའི་ལྷ་ཚོགས་རྣམས༔ མི་འདའ་རྡོ་རྗེའི་དམ་ཚིག་རྗེས་དགོངས་ལ༔ བྱིན་རླབས་དབང་དང་དངོས་གྲུབ་བསྩལ་དུ་གསོལ༔ ཛཔ་བཟླ་བ་ནི། རྟ་མཆོག་རོལ་པའི་དཔྲལ་བ་རུ༔ གཤིན་རྗེའི་དཔྲལ་བར་འཁོར་ལོའི་དབུས༔ ཧཱུྃ་དང་སྔགས་ཕྲེང་འོད་སེར་གྱིས༔ སྣོད་བཅུད་ལྷ་ཡི་ཞིང་དུ་བསྒྱུར༔ ཕྱོགས་དུས་རྒྱལ་བའི་སྐུ་རྡོ་རྗེའི༔ བྱིན་རླབས་དངོས་གྲུབ་ལུས་ལ་ཐིམ༔ སྣང་སྟོང་སྒྱུ་མ་ལྟ་བུ་ཡི༔ ལྷ་ཚོགས་ཀུན་ལ་རིག་པ་གཏད༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་ཡ་མཱནྟ་ཀ་སརྦ་སིདྡྷི་ཧཱུྃ་ཕཊ༔ ཛབ་བསྟོད་ནི། །ཡེ་ཤེས་ལྷ་ཚོགས་སོགས་ནས། མ་ཧཱ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་སརྦ་པཱུ་ཛ་ཁཱ་ཧི༔ གསོལ་འདེབས་ནི། འཇམ་དཔལ་ཡ་མཱནྟ་ཀའི་དགོངས་པ་ཡིས༔ སློབ་དཔོན་ཆེན་པོ་འཇམ་དཔལ་བཤེས་གཉེན་དང༔ རོ་ལངས་བདེ་བའི་བར་དུ་བྱིན་བརླབས་ཏེ༔ འདས་དང་མ་བྱོན་ད་ལྟ་དུས་གསུམ་གྱི༔ སྐུ་ཡི་བརྒྱུད་པའི་བླ་མ་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ འཁོར་ལོ་བཞི་ཡི་དངོས་གྲུབ་བསྩལ་དུ་གསོལ། གཉིས་པ་པདྨ་གསུང་གི་བཟླས་པ་ལ་བཞི་ལས། དང་པོ་ཛཔ་བསྐུལ་ནི། ཧཱུྃ་ཧྲཱིཿ སྙིང་པོ་བྱང་ཆུབ་སེམས་ཀྱི་སོགས་ནས། བསྩལ་དུ་གསོལ༔ བཟླས་པ་ནི། རྟ་མཆོག་རོལ་པའི་མགྲིན་པ་རུ༔ དབང་ཆེན་མགྲིན་པར་པདྨའི་དབུས༔ ཧཱུྃ་དང་སྔགས་ཕྲེང་འོད་དམར་གྱིས༔ སྒྲ་ཀུན་སྔགས་ཀྱི་དབྱངས་སུ་བསྒྱུར༔ ཕྱོགས་དུས་རྒྱལ་བའི་གསུང་རྡོ་རྗེའི༔ བྱིན་རླབས་དངོས་གྲུབ་ངག་ལ་ཐིམ༔ གྲགས་སྟོང་སྒྱུ་མ་ལྟ་བུ་ཡི༔ ལྷ་ཚོགས་ཀུན་ལ་རིག་པ་གཏད༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་ཧ་ཡ་གྲཱྀ་ཝ་སརྦ་སིདྡྷི་ཧཱུྃ་ཕཊ༔ ཛཔ་བསྟོད་ནི། ཡེ་ཤེས་ལྷ་ཚོགས་སོགས་ནས། མ་ཧཱ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་སརྦ་པཱུ་ཛ་ཁཱ་ཧི༔ གསོལ་འདེབས་ནི། པདྨ་ཧེ་རུ་ཀ་ཡི་དགོངས་པ་ཡིས༔ དབང་གི་ལྷ་མོ་ནཱ་གརྫུ་ན་དང༔ པདྨ་འབྱུང་གནས་བར་དུ་བྱིན་བརླབས་ཏེ༔ འདས་དང་མ་བྱོན་ད་ལྟ་དུས་གསུམ་གྱི༔ གསུང་གི་བརྒྱུད་པའི་བླ་མ་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ རྟ་སྐད་ཐེང་གསུམ་དགོངས་པ་མངོན་གྱུར་ཤོག༔ གསུམ་པ་ཐུགས་ཡང་དག་གི་བཟླས་པ་ལ་བཞི་ལས། དང་པོ་ཛཔ་བསྐུལ་ནི། ཧཱུྃ་ཧྲཱིཿ སྙིང་པོ་བྱང་ཆུབ་སེམས་ཀྱི་སོགས་ནས། བསྩལ་དུ་གསོལ༔ བཟླས་པ་ནི། རྟ་མཆོག་རོལ་པའི་ཐུགས་ཀ་རུ༔ ཡང་དག་ཐུགས་ཀར་རྡོ་རྗེའི་དབུས༔ ཧཱུྃ་དང་སྔགས་ཕྲེང་འོད་མཐིང་གིས༔ དྲན་རྟོག་ཡེ་ཤེས་ཆེན་པོར་སད༔ ཕྱོགས་དུས་རྒྱལ་བའི་ཐུགས་རྡོ་རྗེའི༔ བྱིན་རླབས་དངོས་གྲུབ་ཡིད་ལ་ཐིམ༔ བདེ་སྟོང་སྒྱུ་མ་ལྟ་བུ་ཡི༔ ལྷ་ཚོགས་ཀུན་ལ་རིག་པ་གཏད༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་སརྦ་སིདྡྷི་ཧཱུྃ་ཕཊ༔ ཛཔ་བསྟོད་ནི། ཡེ་ཤེས་ལྷ་ཚོགས་སོགས་ནས། མ་ཧཱ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་སརྦ་པཱུ་ཛ་ཁཱ་ཧི༔ གསོལ་འདེབས་ནི། བཛྲ་ཧེ་རུ་ཀ་ཡི་དགོངས་པ་ཡིས༔ དགའ་རབ་རྡོ་རྗེ་འཇམ་དཔལ་བཤེས་གཉེན་དང༔ ཧཱུྃ་ཆེན་ཀཱ་རའི་བར་དུ་བྱིན་བརླབས་ཏེ༔ འདས་དང་མ་བྱོན་ད་ལྟ་དུས་གསུམ་གྱི༔ ཐུགས་ཀྱི་བརྒྱུད་པའི་བླ་མ་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ ཡང་དག་གྲུབ་པ་གཅིག་པུའི་དོན་རྟོགས་ཤོག༔ བཞི་པ་ཆེ་མཆོག་ཡོན་ཏན་གྱི་བཟླས་པ་ལ་བཞི་ལས། དང་པོ་ཛཔ་བསྐུལ་ནི། ཧཱུྃ་ཧྲཱིཿ སྙིང་པོ་བྱང་ཆུབ་སེམས་ཀྱི་སོགས་ནས། དངོས་གྲུབ་བསྩལ་དུ་གསོལ༔ ཛཔ་བཟླས་ནི། རྟ་མཆོག་རོལ་པའི་ལྟེ་བ་རུ༔ ཆེ་མཆོག་ལྟེ་བར་རིན་ཆེན་དབུས༔ ཧཱུྃ་དང་སྔགས་ཕྲེང་ལྗང་སེར་གྱིས༔ རྒྱལ་ཀུན་ཡེ་ཤེས་རྡོ་རྗེ་ཡི༔ བྱིན་རླབས་དངོས་གྲུབ་སྒོ་གསུམ་ཐིམ༔ སྣང་སྟོང་སྒྱུ་མ་ལྟ་བུ་ཡི༔ ལྷ་ཚོགས་ཀུན་ལ་རིག་པ་གཏད༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་མ་ཧཱ་ཀྲོ་དྷ་སརྦ་སིདྡྷི་ཧཱུྃ་ཕཊ༔ ཛཔ་བསྟོད་ནི། ཡེ་ཤེས་ལྷ་ཚོགས་སོགས་ནས། མ་ཧཱ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་པཱུ་ཛ་ཁཱ་ཧི༔ གསོལ་འདེབས་ནི། ཆེ་མཆོག་ཧེ་རུ་ཀ་ཡི་དགོངས་པ་ཡིས༔ སྤྲུལ་པའི་མཁའ་འགྲོ་རིག་འཛིན་མང་པོ་དང༔ མི་འགྱུར་ནམ་མཁའི་བར་དུ་བྱིན་བརླབས་ཏེ༔ འདས་དང་མ་བྱོན་ད་ལྟ་དུས་གསུམ་གྱི༔ ཡོན་ཏན་བརྒྱུད་པའི་བླ་མ་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ ཆོས་དོན་རྟགས་ཀྱི་བདུད་རྩི་མངོན་གྱུར་ཤོག༔ །ལྔ་པ་ཕུར་པ་ཕྲིན་ལས་ཀྱི་བཟླས་པ་ལ་བཞི་ལས། དང་པོ་ཛཔ་བསྐུལ་ནི། ཧཱུྃ་ཧྲཱིཿ སྙིང་པོ་བྱང་ཆུབ་སེམས་ཀྱི་སོགས་ནས། དངོས་གྲུབ་བསྩལ་དུ་གསོལ༔ བཟླས་པ་ནི། རྟ་མཆོག་རོལ་པའི་གསང་གནས་སུ༔ ཕུར་པའི་གསང་བར་རྡོ་རྗེའི་དབུས། སྣ་ཚོགས་རྡོ་རྗེ་མཆན། །ཧཱུྃ་དང་སྔགས་ཕྲེང་སྣ་ཚོགས་འོད༔ བྱ་བྱེད་ཕྲིན་ལས་ཆེན་པོ་དང༔ ཕྱོགས་དུས་རྒྱལ་བའི་ཕྲིན་ལས་ཀྱི༔ བྱིན་རླབས་དངོས་གྲུབ་སྒོ་གསུམ་ཐིམ༔ སྣང་སྟོང་སྒྱུ་མ་ལྟ་བུ་ཡི༔ ལྷ་ཚོགས་ཀུན་ལ་རིག་པ་གཏད༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་ཀརྨ་ཀཱི་ལི་ཀཱི་ལ་ཡ་སརྦ་སིདྡྷི་ཧཱུྃ་ཕཊ༔ ཛཔ་བསྟོད་ནི། ཡེ་ཤེས་ལྷ་ཚོགས་སོགས་ནས། མ་ཧཱ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་སརྦ་པཱུ་ཛ་ཁཱ་ཧི༔ གསོལ་འདེབས་ནི། དཔལ་ཆེན་རྡོ་རྗེ་གཞོན་ནུའི་དགོངས་པ་ཡིས༔ ལྷུན་གྲུབ་ཕྱག་རྒྱ་ཆེན་པོའི་རིག་འཛིན་དང༔ རྡོ་རྗེ་ཐོད་ཕྲེང་རྩལ་ལ་བྱིན་བརླབས་ཏེ༔ འདས་དང་མ་བྱོན་ད་ལྟ་དུས་གསུམ་གྱི༔ ཕྲིན་ལས་བརྒྱུད་པའི་བླ་མ་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ ཕུར་པ་རྣམ་བཞིའི་ཕྲིན་ལས་མངོན་གྱུར་ཤོག༔ དྲུག་པ་མངོན་རྫོགས་མ་མོའི་བཟླས་པ་ལ་བཞི་ལས། དང་པོ་ཛཔ་བསྐུལ་ནི། ཧཱུྃ་ཧྲཱིཿ སྙིང་པོ་བྱང་ཆུབ་སེམས་སོགས་ནས། དངོས་གྲུབ་བསྩལ་དུ་གསོལ༔ ཛཔ་བསྐུལ་ནི། རྟ་མཆོག་རོལ་པའི་ལྟེ་འོག་ཨེར༔ ཨེ་ཀ་ཛཱ་ཊིའི་ལྟེ་འོག་ན༔ ཧཱུྃ་དང་སྔགས་ཕྲེང་སྣ་ཚོགས་ཀྱིས༔ རྒྱལ་ཀུན་བདེ་སྟོང་ཡེ་ཤེས་ཀྱི༔ བྱིན་རླབས་དངོས་གྲུབ་བདག་ལ་ཐིམ༔ སྣང་སྟོང་སྒྱུ་མ་ལྟ་བུ་ཡི༔ ལྷ་ཚོགས་ཀུན་ལ་རིག་པ་གཏད༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་མ་མ་ཡོ་གི་ནི་ཀྲོ་དྷཱི་སརྦ་སིདྡྷི་ཧཱུྃ་ཕཊ༔ ཛཔ་བསྟོད་ནི། ཡེ་ཤེས་ལྷ་ཚོགས་སོགས་ནས། མ་ཧཱ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་སརྦ་པཱུ་ཛ་ཁཱ་ཧི༔ གསོལ་འདེབས་ནི། མངོན་རྫོགས་རྒྱལ་པོ་ཆེ་མཆོག་ཧེ་རུ་ཀ༔ མ་བརྒྱུད་ལྷ་མོ་ཡོངས་འཁྱུད་བདེ་མ་དང༔ དྷ་ན་སཾ་སྐྲྀའི་བར་དུ་བྱིན་བརླབས་ཏེ༔ འདས་དང་མ་བྱོན་ད་ལྟ་དུས་གསུམ་གྱི༔ སྲིད་པ་མ་བརྒྱུད་ཀྱི་བླ་མ་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ རྩ་རླུང་ཐིག་ལེའི་དགོངས་པ་མངོན་གྱུར་ཤོག༔ བདུན་པ་འཇིག་རྟེན་མཆོད་བསྟོད་བཟླས་པ་ལ་བཞི་ལས། དང་པོ་ཛཔ་བསྐུལ་ནི། ཧཱུྃ་ཧྲཱིཿ སྙིང་པོ་བྱང་ཆུབ་སེམས་ཀྱི་སོགས་ནས། དངོས་གྲུབ་བསྩལ་དུ་གསོལ༔ ཛཔ་བསྐུལ་ནི། རྟ་མཆོག་རྡོ་རྗེ་ནོར་བུའི་སྦུབས༔ དྲེགས་པ་ཀུན་འདུལ་སྦྱོར་མཚམས་ལས༔ ཧཱུྃ་དང་སྔགས་ཕྲེང་མཚོན་ཟེར་གྱིས༔ རྒྱལ་ཀུན་མཐུ་སྟོབས་ནུས་པ་ཀུན༔ བསྡུས་ནས་བདག་ཐིམ་སྟོབས་ལྡན་གྱུར༔ སྣང་སྟོང་སྒྱུ་མ་ལྟ་བུ་ཡི༔ ལྷ་ཚོགས་ཀུན་ལ་རིག་པ་གཏད༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་བཛྲ་ཙཎྜ་སརྦ་སིདྡྷི་ཧཱུྃ་ཕཊ༔ ཛཔ་བསྟོད་ནི། ཡེ་ཤེས་ལྷ་ཚོགས་སོགས་ནས། མ་ཧཱ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་སརྦ་པཱུ་ཛ་ཁཱ་ཧི། གསོལ་འདེབས་ནི། བཅོམ་ལྡན་དྲེགས་པ་ཀུན་འདུལ་དགོངས་པ་ཡིས༔ རཾ་བུ་གུ་ཧྱ་ཙནྡྲའི་ཐུགས་བརྒྱུད་ནས༔ ཤཱཀྱ་སེང་གེའི་བར་དུ་བྱིན་བརླབས་ཏེ༔ འདས་དང་མ་བྱོན་ད་ལྟ་དུས་གསུམ་གྱི༔ མཆོད་བསྟོད་བརྒྱུད་པའི་བླ་མ་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང༴ འབོད་རྦད་བསད་པའི་ལས་སྦྱོར་མཐར་ཕྱིན་ཤོག༔ བརྒྱད་པ་དམོད་པ་དྲག་སྔགས་ཀྱི་བཟླས་པ་ལ་བཞི་ལས། དང་པོ་ཛཔ་བསྐུལ་ནི། ཧཱུྃ་ཧྲཱིཿ སྙིང་པོ་བྱང་ཆུབ་སེམས་ཀྱི་སོགས་ནས། དངོས་གྲུབ་བསྩལ་དུ་གསོལ༔ བཟླས་པ་ནི། རྟ་མཆོག་རོལ་པའི་སྣམས་ལོགས་སུ༔ སྟོབས་ལྡན་ནག་པོའི་གནས་ལྔ་ནས༔ དྲག་སྔགས་མེ་ཡི་ཚྭ་ཚྭ་འཕྲོས༔ གནོད་བྱེད་སྡེ་བརྒྱད་ཐལ་བར་བརླགས༔ ནུས་མཐུའི་སྟོབས་རྩལ་འགྲན་མེད་གྱུར༔ སྣང་སྟོང་སྒྱུ་མ་ལྟ་བུ་ཡི༔ ལྷ་ཚོགས་ཀུན་ལ་རིག་པ་གཏད༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་ཀྲོ་དྷ་མ་ཧཱ་བཱ་ལ་སརྦ་སིདྡྷི་ཧཱུྃ་ཕཊ༔ ཛཔ་བསྟོད་ནི། ཡེ་ཤེས་ལྷ་ཚོགས་སོགས་ནས། མ་ཧཱ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་པཱུ་ཛ་ཁཱ་ཧི༔ གསོལ་འདེབས་ནི། དཔལ་ཆེན་སྟོབས་ལྡན་ནག་པོའི་དགོངས་པ་ཡིས༔ སློབ་དཔོན་ཤནྟིཾ་གརྦྷའི་ཐུགས་བརྒྱུད་ནས༔ རྡོ་རྗེ་གྲོ་ལོད་རྩལ་ལ་བྱིན་བརླབས་ཏེ༔ འདས་དང་མ་བྱོན་ད་ལྟ་དུས་གསུམ་གྱི༔ དྲག་སྔགས་བརྒྱུད་པའི་བླ་མ་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ རྫོང་འཕྲང་སྲོག་ལ་རང་དབང་ཐོབ་པར་ཤོག༔ ཕྱི་ཆོག་སྐབས་སོགས་སྤྲོས་པས་མི་ལྕོག་ན། སྤྱི་དྲིལ་ཛཔ་བཟླས་ལ། དང་པོ་ཛཔ་བསྐུལ་ནི། ཧཱུྃ་ཧྲཱིཿ དབང་ཆེན་བཀའ་བརྒྱད་ལྷ་ཚོགས་དབྱིངས་ནས་བཞེངས༔ སོགས་ནས། གྲུབ་པར་མཛོད༔ གཉིས་པ་ཛཔ་བཟླ་བ་ནི། །རྟ་མཆོག་རོལ་པའི་སྤྱི་མགྲིན་སྙིང༌། །ལྟེ་བ་གསང་གནས་ལྟེ་འོག་དང༌། །ནོར་བུའི་རྩེ་དང་སྣམས་ལོགས་སུ། །འཁོར་ལོར་རང་མདོག་ཧཱུྃ་གི་མཐར། །སྔགས་ཕྲེང་ལས་བྱུང་འོད་ཟེར་གྱིས། །སྣོད་བཅུད་ལྷ་ཡི་ཞིང་དུ་བསྒྱུར། །ཕྱོགས་དུས་རྒྱལ་བའི་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་བདེ་སྟོང་དང༌། །མཐུ་སྟོབས་དྲག་རྩལ་དངོས་གྲུབ་བསྡུས། །སྣང་སྟོང་སྒྱུ་མ་ལྟ་བུ་ཡི། ལྷ་ཚོགས་ཀུན་ལ་རིག་པ་གཏད། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་ཡ་མཱནྟ་ཀ་སརྦ་སིདྡྷི་ཧཱུྃ་ཕཊ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་ཧ་ཡ་གྲཱྀ་ཝ་སརྦ་སིདྡྷི་ཧཱུྃ་ཕཊ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་སརྦ་སིདྡྷི་ཧཱུྃ་ཕཊ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་མ་ཧཱ་ཀྲོ་དྷ་སརྦ་སིདྡྷི་ཧཱུྃ་ཕཊ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་ཀརྨ་ཀཱི་ལི་ཀཱི་ལ་ཡ་སརྦ་སིདྡྷི་ཧཱུྃ་ཕཊ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་མ་མ་ཡོ་གི་ནི་ཀྲོ་དྷཱི་སརྦ་སིདྡྷི་ཧཱུྃ་ཕཊ༔ ཨོཾཨཱཿཧཱུྃ་བཛྲ་གུ་རུ་བཛྲ་ཙཎྜ་སརྦ་སིདྡྷི་ཧཱུྃ་ཕཊ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་ཀྲོ་དྷ་མ་ཧཱ་བཱ་ལ་སརྦ་སིདྡྷི་ཧཱུྃ་ཕཊ༔ ཛཔ་བསྟོད་ནི། ཡེ་ཤེས་ལྷ་ཚོགས་སོགས་ནས། མ་ཧཱ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་སརྦ་པཱུ་ཛ་ཁཱ་ཧི༔ གསོལ་འདེབས་ནི། །སྤྲུལ་པའི་གུ་རུ་མཚན་བརྒྱད་དང༌། །གྲུབ་པའི་རིག་འཛིན་ཆེན་པོ་བརྒྱད། །བྱང་སེམས་ཉེ་བའི་སྲས་བརྒྱད་དང༌། །སྒྲུབ་ཆེན་བཀའ་བརྒྱད་ལྷ་ཚོགས་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཕྱི་ནང་གསང་བའི་བར་ཆད་སོལ། །བསམ་པ་ཡིད་བཞིན་འགྲུབ་པ་དང༌། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །གསུམ་པ་ཕྲིན་ལས་མཁའ་འགྲོ་ལྟར་སྒྲུབ་པའི་བཟླས་པ་ནི། ཡུམ་མཆོག་ཕག་མོའི་ཐུགས་ཀ་རུ༔ དགའ་འཁྱིལ་གཡོན་འཁོར་བཾ་གྱིས་མཚན༔ ཁུག་པར་ཧ་རི་ནི་ས་གསལ༔ དབང་ཆེན་ཡབ་ཀྱི་ཐུགས་ཀ་རུ༔ ས་བོན་ཧྲཱིཿལས་བྱུང་བའི་འོད༔ སྐུ་ཡི་དབྱིབས་བརྒྱུད་སྦྱོར་མཚམས་ནས༔ ཡུམ་གྱི་ཐུགས་སྲོག་ས་བོན་ལ༔ ཕོག་པས་བཟོད་མེད་བདེ་བ་གཡོས༔ བཾ་ལས་བྱུང་བའི་འོད་ཟེར་ཕྲེང༔ ཡབ་ཡུམ་ཞལ་བརྒྱུད་ཐུགས་ཀར་ཐིམ༔ མགལ་མེ་ལྟ་བུར་འཁོར་བ་ལས༔ འོད་ལྔའི་སྣང་བས་ཀུན་ཏུ་ཁྱབ༔ རིགས་ལྔ་མཁའ་འགྲོ་གྲངས་མེད་པས༔ ཞི་རྒྱས་དབང་དྲག་མཆོག་དངོས་ཀྱི༔ ཕྲིན་ལས་ལྷུན་གྱིས་གྲུབ་པར་གྱུར༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་དྷེ་བ་དྷཱ་ཀི་ནཱི་བཾ་ཧ་རི་ནི་ས་སརྦ་ཀརྨ་སིདྡྷི་ཧཱུྃ་ཨཿ $ཏ ཛབ་བསྟོད་ནི། ཡེ་ཤེས་ལྷ་ཚོགས་སོགས་ནས། དངོས་གྲུབ་སྩོལ༔ མ་ཧཱ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་སརྦ་པཱུ་ཛ་ཁཱ་ཧི༔ བཞི་པ་བཀའ་སྡོད་ཆོས་སྲུང་ལྟར་སྒྲུབ་པ་ནི། དབང་ཆེན་ཐུགས་ལས་དཔལ་གྱི་གིང༔ མ་ནིང་ནག་པོ་ཕོ་ཉར་སྤྲོས༔ ལྟེ་འོག་ཙཎྜ་ལིར་གནས་པའི༔ ཨེ་ཀ་ཛཱ་ཊིར་གཉིས་མེད་སྦྱོར༔ རྡོ་རྗེ་དྲག་ཤུལ་འབར་བའི་རྩལ༔ ཡབ་ཡུམ་སྐུ་ལས་བར་མེད་སྤྲོས༔ རྒྱུད་གསུམ་དྲེགས་པ་ལས་ལ་བཀོལ༔ ཇི་ལྟར་འདོད་པའི་ཕྲིན་ལས་ཀྱིས༔ ཚར་གཅོད་རྗེས་འཛིན་ལས་སྒྲུབ་བསམ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་དྷེ་བ་དྷཱ་ཀི་ནི་ཤྲཱི་མ་ཧཱ་ཀཱ་ལ་ག་ཎ་གུ་ཧྱ་རཾ་མ་མ་ཨེ་ཀ་ཛཱ་ཊི་སརྦ་ཀརྨ་སིདྡྷི་ཧཱུྃ་བྷྱོ་ཛ༔ ཚེ་སྒྲུབ་ནི། རྩ་གསུམ་དཀྱིལ་འཁོར་སོགས་ནས་རྒྱས་གདབ་བར་བཏང་ཛཔ་བསྟོད་ནི། ཡེ་ཤེས་སོགས། པཱུ་ཛ་ཁཱཧི༔ རྩ་བ་གསུམ་དང་སྤྱི་དྲིལ་བཟླས་པ་དངོས་གཞི་ཡིན་པས་མང་དགོས། ཡན་ལག་གི་བཟླས་པ་རྣམས་བརྒྱ་རྩ་རེ་ཆ་མཉམ་དང༌། སྲུང་མའི་བཟླས་པ་ཉེར་གཅིག་ཙམ་གྱིས་ཆོག །འགྲོ་ལུགས་དེ་ལྟར་ལ་གྲངས་མང་ཉུང་ལོངས་སྐབས་དང་བསྟུན་ནོ། །རྣམ་བུམ་དང་ལས་བུམ་སྒྲུབ་པ་བུམ་པ་སྟ་གོན་གྱི་སྐབས་བཞིན་སྦྱར་རོ། །ཐུན་གཉིས་པ་ལ་མཆོད་པ་ཁ་གསོས་ལ་ལས་བྱང་འབྲིང་པོའི་མཆོད་པ་བྱིན་བརླབས་ནས་བསྟོད་པའི་བར་བཏང༌། ལ་ཛཔ་ཁང་དབྱེ་ཞིང་བསྐུལ་བཅས་སོ་སོའི་བསྙེན་པ་བཟླས་མཐར་ཁ་སྐོང་དང་སྟོང་ཚིག་འབུལ། ཐུན་གསུམ་པའང་དེ་དང་འདྲ་བ་ལས་བཟླས་པ་སྟོང་ཚིག་གསོལ་འདེབས་བཅས་གྲུབ་ནས། སྨིན་ལུགས་དམ་ཅན་སྤྱི་གཏོར་དང༌། རྩ་གསུམ་ཆོས་སྐྱོང་རྒྱ་མཚོའི་གཏོར་བསྔོ་དང་སྐོང་བཤགས་ཀྱི་ཆོ་ག་ཉེར་བསྡུས་ཕྲིན་ལས་རོལ་མཚོ་བཅས་སྦྱར། ཕྲིན་ལས་རྒྱས་པའི་ཚོགས་མཆོད་བསྐང་བ་བཅས་དང༌། ཕྱི་རོལ་དུ་ཆ་གསུམ་གཏོར་མ་གཏང༌། ཚོགས་ལ་རོལ་ཞིང་ལྷག་མ་བཏང་ལ་བཙོན་དུ་འཛིན། ཆོས་སྐྱོང་གཏོར་འབུལ་རྗེས་ཆོག་སོགས་མཐར་དབྱུང༌། ལས་བྱང་གི་བསྐུལ་བ་ཆད་བརྟན་རྟ་བྲོ་བརྡུང༌། གཏང་རག་མཆོད་བསྟོད། ནོངས་བཤགས། བརྟན་བཞུགས། བསྔོ་སྨོན། ཤིས་བརྗོད་བཅས་བྱ། གཉིས་པ་དངོས་གྲུབ་ལ་བར་དུ་གཅོད་པ་བསལ་ཞིང་བྱིན་རླབས་ཀྱི་གཟི་བྱིན་དབབ་པ་ནི། སློབ་དཔོན་ནམ་རྒྱལ་ཐེབས་མདུན་དུ་ཧོམ་ཁུང་ཉུལ་ལེའི་ལིང་ག་བཅས་པ་དང༌། ལས་ཕུར། ཐུན་རྫས་རྣམས་དགོད་ལ། རྟེན་བསྐྱེད་པ་ནི། ཨེ་ཡཾ་ཛྭ་ལ་རཾ། བྲུབ་ཁུང་ཡངས་ཤིང་གཏིང་ཟབ་པའི་ནང་དུ་ཏྲི་ལས་དངོས་གྲུབ་ལ་བར་དུ་གཅོད་ཅིང་ལོག་པར་ལྟ་བའི་འབྱུང་པོ་ཉུལ་ལེ་བདུད་ཀྱི་རིགས་སུ་གྱུར་པ་ཐམས་ཅད་རིད་ཅིང་ཉམ་ཐག་པའི་ལུས་ཅན་དུ་གྱུར་པར་བསམ། ན་མོ། རིག་འཛིན་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང༌། སངས་རྒྱས་ཀྱི་བཀའ་བདེན་པ་དང༌། ཆོས་ཀྱི་བཀའ་བདེན་པ་དང༌། དགེ་འདུན་གྱི་བཀའ་བདེན་པ་དང༌། གསང་སྔགས་དང་རིག་སྔགས་དང་གཟུངས་སྔགས་དང་སྙིང་པོ་དང་ཕྱག་རྒྱ་ཏིང་ངེ་འཛིན་གྱི་བདེན་པ་དང༌། ཆོས་ཉིད་གདོད་ནས་སྟོང་ཀྱང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང༌། ཁྱད་པར་དབང་ཆེན་རྩ་གསུམ་ལྷ་ཚོགས་བཀའ་སྡོད་ཕོ་ཉའི་དམག་ཚོགས་འཁོར་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང༌། བདེན་པ་ཆེན་པོའི་མཐུ་ལ་བརྟེན་ནས་དངོས་གྲུབ་ལ་བར་དུ་གཅོད་ཅིང་ལོག་པར་འདྲེན་པའི་འབྱུང་པོ་ཉུལ་ལེ་བདུད་ཀྱི་རིགས་སུ་གྱུར་པ་ཐམས་ཅད་མཚན་མ་རྫས་ཀྱི་རྟེན་འདི་ལ་མཆིས་པར་གྱུར་ཅིག །ཏྲི་ཡཾ་ཛཿཏྲི་བཛྲ་ཨང་ཀུ་ཤ་ཛཿ ཛཿཧཱུྃ་བཾ་ཧོཿ ཞེས་ལན་གསུམ་གྱིས་འགུགས་གཞུག་བྱས་ལ། ཕུར་ཐུན་ཚོམ་བུར་བསྐུལ་བ་ནི། ཧཱུྃ༔ ཆོས་ཀྱི་དབྱིངས་ནས་རང་བྱུང་གྲུབ་པའི་ལྷ༔ ཁྲོ་བོ་རོལ་པའི་དུར་ཁྲོད་ཆེན་པོ་ནས༔ ཤིན་ཏུ་མི་བཟད་ཁྲོ་གཏུམ་སྐུར་སྟོན་པ༔ དཔལ་ཆེན་ཡོངས་རྫོགས་དྲག་པོའི་ཕྲིན་ལས་མཛོད༔ ཧཱུྃ༔ ང་ནི་དཔལ་ཆེན་ཧེ་རུ་ཀ༔ སྲས་འཁོར་སྤྲུལ་པ་བྱེ་བ་འབུམ༔ བཀའ་སྡོད་རབ་འཇིགས་ཕོ་ཉར་བཅས༔ དྲག་པོའི་ལྷ་ཚོགས་དུས་ལ་བབ༔ གཡས་ཀྱི་ཕྱག་ན་ཕུར་པ་འདྲིལ༔ གཡོན་གྱི་ཕྱག་ན་ལྕགས་ཀྱུས་འགུགས༔ ལྕགས་ཀྱུས་ཟུངས་ལ་ཕུར་པས་ཐོབ༔ གནོད་བྱེད་དགྲ་བགེགས་རྡུལ་དུ་རློགས༔ ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་པདྨ་ཀྲོ་དྷཱི་ཤྭ་རི་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཡཀྵ་ཀཱ་ལ་རཱུ་པ་ཀརྨ་རཾ་རཾ་ཛྭ་ལ་རཾ་ཧཱུྃ་ཕཊ༔ གནོད་བྱེད་དགྲ་བགེགས་འབྱུང་པོ་ཐམས་ཅད་མཱ་ར་ཡ་ཧཱུྃ་ཧཱུྃ་ཕཊ༔ ཅེས་དྲག་སྔགས་ཕུར་བསྐོར་བྱས་པས་གདབ་ཅིང་ཐུན་གྱིས་བྲབ། ཁྱད་པར་དཔལ་གྱི་ཕོ་ཉ་ཀུན་ཐུབ་རྒྱལ་མོ་བསྐུལ་བ་ནི། ཧཱུྃ༔ ཤར་ཕྱོགས་དཀར་མོ་དུང་གི་གཞལ་ཡས་ནས༔ ཁྲག་མདོག་དམར་མོ་བསེ་ཡི་ལན་ཕྲན་ཅན༔ སྤྱན་རྩ་དམར་ཟླུམ་ཉི་མའི་ཟེར་ལྟར་འཕྲོ༔ སྨིན་མ་གློག་འཁྱུག་བར་སྣང་གོ་སྐབས་འབྱེད༔ བུ་ཡུག་ཐོག་འབེབས་ཤངས་ནས་རྡོ་རྗེ་འཁྱུག༔ བཞད་པ་ཧེ་དང་དཔལ་གྱི་སྤུ་གྲིས་གཏམས༔ རྔམ་པའི་ལྗགས་འདྲིལ་བསྐལ་པའི་མེ་ཆེན་འབར༔ ཨག་ཚོམ་མེ་འབར་རབ་འབྱམས་སྲིད་པ་སྲེག༔ བསྐལ་པའི་འབྲུག་སྒྲ་སྙན་ནས་འབྲུག་སྟོང་སྒྲོག༔ ལག་པ་དམར་པོ་སྤུ་གྲི་འབུམ་གྱིས་གཏམས༔ སེན་མོ་ལྕགས་ཀྱུའི་རྩེ་ལ་མེ་ཆེན་འབར༔ བ་སྤུ་གནམ་ལྕགས་ཞུན་མའི་རྡོ་རྗེ་འཁྲུགས༔ སྨིན་མཚམས་ལྕགས་ཀྱི་ཁྲོ་ཆུང་ཆར་འབེབས་ཤིང༔ ཞབས་ཀྱི་ཕུར་པས་སྲིན་མོ་ལྔ་བརྒྱ་གཟིར༔ རལ་པའི་གསེབ་ནས་ཁྲག་གི་ཆར་པ་འབེབས༔ ཤིན་ཏུ་མི་བཟད་འབར་བའི་སྐུ་གཅིག་མ༔ དཔག་ཚད་ལྔ་བརྒྱར་རྒྱུག་ཅིང་ཀླུ་སྲིན་སྒྲོལ༔ ཁྲོས་པའི་ཞལ་མདོག་ཁྲག་གི་མཆིན་པ་ཁ༔ ན་བཟའ་དམར་པོ་སྲིན་གྱི་གཡང་གཞི་གསོལ༔ ཕྱོགས་བཅུར་ཁ་བལྟས་ཕྱོགས་སྐྱོང་ཞབས་ཀྱིས་མནན༔ བདུད་ལ་བབ་ན་སྙིང་ཁྲག་དྲོན་མོ་གསོལ༔ སྲིན་ལ་བབ་ན་སྲོག་རྩ་དམར་པོ་གཅོད༔ དགྲ་ལ་བབ་ན་དུག་གི་ཁ་ཆུ་འདེབས༔ བགེགས་ལ་བབ་ན་རཱུ་པ་རྡུལ་དུ་རློག༔ དཔལ་གྱི་ཕོ་ཉ་དཔལ་གྱི་ཐུགས་ལས་སྤྲུལ༔ དམ་ཉམས་དགྲ་དང་འབྱུང་པོ་བགེགས་ལ་སོགས༔ ཕུང་པོ་དུམ་བུར་གཏུབས་ལ་དོན་སྙིང་སྲེགས༔ དམ་ཉམས་ཉུ་ལེའི་བར་ཆད་རྡུལ་དུ་རློག༔ དམ་ཚིག་དུས་ལ་བབ་བོ་ས་མ་ཡ༔ ཧཱུྃ་གྲུམ་བུ་གྲུ་ཨ་པ་ཙེ༔ རུ་པ་ཙེ༔ ན་ར་ཙེ༔ ཙ་མེ་ཐུན་ཐུན༔ ན་ཤ་སྟྭཾ་བྷ་ཡ༔ ཡཀྵ་བྱིན༔ ཕྱེ་མ་ཕྱེ་མ༔ རྡུལ་ཕྲན་རྡུལ་ཕྲན༔ ཙིཏྟ་རྦད་ནན༔ ཨོཾ་སུཾ་བྷ་ནི་སོགས་དང༌། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་པྲ་མ་རཱ་ཛ་ཏྲིག་ནན༔ དྷ་ན་རཀྴ་རྦུད་ལིང༔ ཏྲིའུ་ཏྲིའུ་མ་མ་ན་ཡ་ཤོན་ཛ་མཱ་ར་ཡཿརྦད་རྦད༔ དྲག་སྔགས་སྤོས་རོལ་དང་ཁྱད་པར་གྱི་དབྱུག་པས་སྡིག་ཅིང་ཐུན་བྲབ་བོ། །ཉུལ་ལེ་བསྐྲད་གཟིར་རྒྱས་པ་འདི་བཞིན་མི་ལྕོགས་པའི་ཐུན་སྔ་མ་ཙམ་གྱི་མཇུག་ཏུ་སྟབས་བདེ་བྱེད་ན། ཛཔ་ཀྱི་སྟོང་ཚིག་གི་རྗེས་སུ་རྡོ་རྗེ་མཚམས་པས་གུ་གུལ་དུད་པ་དང་ཐུན་བྲབ་སྟེ་དཀྱིལ་འཁོར་བསྐོར་ལ། དྲག་སྔགས་སོ་ལྔ་པ་དང༌། ཨོཾ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ་སརྦ་དུཥྚཱན་ཧཱུྃ་ཕཊ༔ ཀཱི་ལ་ཡ་ཀཱི་ལ་ཡ་སརྦ་པཱ་པཾ་ཕཊ༔ ཧཱུྃ་ཧཱུྃ་ཧཱུྃ་བཛྲ་ཀཱི་ལ་ཡ་བཛྲ་དྷ་རོད་ཨཱཛྙཱ་པ་ཡ་ཏི་སརྦ་བིགྷྣཱན་ཀཱ་ཡ་ཝཱཀ་ཙིཏྟ་ཀཱི་ལ་ཡ་ཧཱུྃ་ཕཊ༔ ཅེས་སྡེར་མོའི་སྔགས་དྲག་ཏུ་བརྗོད་པས་ཚར་བཅད་ལ་སྲུང་འཁོར་གསལ་གདབ་པས་དོན་འཐུས་སོ། །དེ་མ་ཐག་དངོས་གྲུབ་སྟེར་བའི་ལྷ་འབྱུང་བས་བྱིན་དབབ་དགོས་པར་གསུངས་པས་ཆས་སོགས་སྔོན་བཤད་ལྟར་བྱས། བཀའ་གཏེར་གང་རུང་གི་བྱིན་འབེབས་བརྗོད་ཅིང་རྩ་གསུམ་ཛཔ་དབྱངས་ལན་གསུམ་རེ་གྱེར་རོ། །གསུམ་པ་མཚན་མ་དུས་གྲངས་རྟགས་གསུམ་ལས། དུས་སྨིན་སློབ་ལ་ཟླ་བ་དྲུག །མོས་སློབ་ཀྱི་དབང་དུ་མཛད་ན་ཟླ་བ་གཅིག་གམ། ཞག་བདུན་ནམ། ཉིན་ཞག་གསུམ་གྱིས་མཐའ་བརྟེན་པར་བསྒྲུབས་པས་ཀྱང་དུས་དང་དབང་པོ་དང་མཐུན་པར་དངོས་གྲུབ་ཅི་རིགས་པ་འཐོབ་པར་འགྱུར་བར་གསུངས་སོ། །གྲངས་དང་རྟགས་ནི་གསང་བ་སྤྱི་དང་གཞུང་ལས་འབྱུང་བ་ལྟར་རོ། །རྒྱས་པར་སྤྲོ་ན་སྒྲུབ་པ་འདིའི་ཡན་ལག་ཏུ་ཉམས་ཆག་སྐོང་ཕྱིར་རྡོ་རྗེ་སེམས་དཔའི་ཆོ་ག་དང༌། རྡོ་རྗེ་མཚམས་པས་བར་ཆད་སྲུང་ཕྱིར་རྡོ་རྗེ་ཕུར་པའི་སྒྲུབ་མཆོད་གཞུང་འདིའི་ཆ་ལག་ཏུ་སྦྱར་ན་ལེགས། གལ་ཏེ་རྟགས་ཚད་ངན་པ་བྱུང་ན་ཉུལ་ལེ་བསྐྲད། རྟ་བྲོ་བརྡུང༌། དམ་སེལ་གྱི་ལྟས་ལ་ཡིག་བརྒྱ་བཟླ་ཞིང་བཤགས་རྒྱུད་བཀླག །གྲིབ་དང་མི་གཙང་བ་ལ་རྣམ་འཇོམས་སྨེ་བརྩེགས་སོགས་ཀྱི་བུམ་ཁྲུས་བྱ། རྟགས་ཚད་བཟང་ངན་གང་ལའང་རེ་དོགས་དང་དགག་སྒྲུབ་མེད་པར་དབྱིངས་སུ་སྐྱེལ་བ་གནད་ཡིན། དངོས་གྲུབ་ཀྱི་ལྟས་བཟང་ངེས་པ་ཅན་བྱུང་ན་དེ་ཉིད་དུ་རྒྱུན་གྱི་དངོས་གྲུབ་ལེན་པ་གནད་དུ་ཆེ་བས་ཐོད་པ་མཚན་ལྡན་ཆང་དང་ཆོས་སྨན་སྦྱར་བས་བཀང་བ་མདུན་དུ་བཞག་ལ། ཧཱུྃ༔ བདེ་གཤེགས་རྒྱལ་བ་མ་ལུས་དགོངས་སུ་གསོལ༔ རིག་འཛིན་མཁའ་འགྲོ་དམ་ཅན་སྲུང་མའི་ཚོགས༔ ལྷ་ཡི་དགེ་བསྙེན་དམ་ལྡན་ཐམས་ཅད་ཀྱིས༔ ཚུལ་བཞིན་སྒྲུབ་པའི་རྣལ་འབྱོར་བདག་ཅག་ལ༔ ཚེ་དང་ཆོས་དང་ཕྲིན་ལས་རྣམ་བཞི་དང༔ རྐང་མགྱོགས་མིག་མཐོང་རིལ་བུ་མཁའ་སྤྱོད་དང༔ མཐུ་དང་རྫུ་འཕྲུལ་མངོན་ཤེས་ནུས་མཐུ་དང༔ སྲིད་ནོར་ཟས་དང་འདོད་དགུའི་དངོས་གྲུབ་སྩོལ༔ ཨ་ལ་ལ་ཧོ། ཞེས་བརྗོད་ལ་བདུད་རྩི་མྱང་ངོ༌། བཞི་པ་སྒྲུབ་པ་ཆེན་པོ་ནི། སྒྲུབ་པ་མཐར་ཕྱིན་ནས་དངོས་གྲུབ་ལེན་པ་ལ་གཉིས། དངོས་གྲུབ་ལེན་པ་དངོས། རྗེས་མཐའ་རྒྱས་ཀྱི་ལས་རིམ་མོ། །དང་པོ་ལ་གསུམ། རྫས་བཤམ་པ། ཆོ་གའི་སྔོན་འགྲོ། ཆོ་ག་དངོས་སོ། །དང་པོ་ནི། དཀྱིལ་འཁོར་ཤར་ཕྱོགས་སུ་གཞི་སྟེགས་དཀར་པོའི་སྟེང་དུ་འབྲུ་དཀར་གྱི་གཡུང་དྲུང་གཡས་བསྐོར་དུ་བྲིས་པའི་དབུས་སུ་རིན་པོ་ཆེའི་སྣོད་དུ་ཟས་སྣ་དང་སྤོད་སྣ་ཚོགས་སྦྱར་བ་ལས་དབུས་སུ་རིན་པོ་ཆེ་འབར་བའི་དབྱིབས་དང་ཕྱོགས་བཞིར་ཞི་རྒྱས་དབང་དྲག་གི་འབྲང་རྒྱས་རིགས་ལྔའི་ཕྱག་མཚན་ས་བོན་བཅས་པ་དང་ཉི་ཟླས་སྤྲས་པ་བཀོད། དེའི་སྟེང་རྐང་གསུམ་ཁར་ཐོད་པ་མཚན་ལྡན་ཆང་ལ་ཆོས་སྨན་དང་མངར་གསུམ་སྦྱར་བས་བཀང་ལ་བཞག །མཐའ་སྐོར་དུ་མཱཾ་ས་ཟླ་རྒྱས་ཟླ་ཕྲོམ་ཚེ་གལ་ཁུར་བ་ཤིང་ཏོག་དཀར་གསུམ་མངར་གསུམ་འབྲས་ཆན་སོགས་བཟའ་བཅའ་བཏུང་བའི་རིགས་གྱུར་མཆེད་ལྕམ་རྣམས་ལ་འདང་ངེས་ཀྱིས་བསྐོར་ལ་དར་དམར་མཐིང་གི་ཁེབ་ཀྱིས་བཀབ་བོ། །གཉིས་པ་ནི། ཐོར་ཐུན་སྔ་བ་ནས་ཕྲིན་ལས་ཀྱི་གཞུང་བསྲངས། བཟླས་པ་ཁ་སྐོང་སྟོང་ཚིག་སོགས་གཞུང་ལྟར་གྲུབ་ནས་བསྙེན་རྒྱུན་སྔ་མ་གྲོལ། སྙིང་པོ་ལ་ཀཱ་ཡ་སིདྡྷི་སོགས་དངོས་གྲུབ་བླང་སྔགས་བཏགས་པ་རྒྱུན། སྲུང་མའི་གཏོར་ཆོག་ཚོགས་སྐོང་རྒྱས་པར་བྱ། ཚོགས་ཐ་མའི་སྐབས་ཉུལ་ལེའི་ལིང་ག་མེར་བསྲེགས་ཐལ་བ་ཆོས་སྲུང་གཏོར་མར་བསྟབས། དེ་ནས་དངོས་གྲུབ་འཕྲོག་པའི་བགེགས་བསྐྲད་པ་ནི། སྒྲུབ་པ་པོ་རྣམས་ཞྭ་གོས་སོགས་གཟི་བྱིན་བསྐྱེད་ལ། ཧཱུྃ༔ མི་གནས་ཡེ་ཤེས་དཀྱིལ་འཁོར་འདིར༔ དངོས་གྲུབ་འཕྲོག་པར་བྱེད་པའི་བགེགས༔ ལྷའམ་འོན་ཏེ་བདུད་ཀྱང་རུང༔ ང་ལ་བར་ཆད་བྱེད་པའི་བགེགས༔ གནས་འདིར་མ་འདུག་གཞན་དུ་དེངས༔ རྡོ་རྗེ་གསང་བའི་བཀའ་ལས་ནི༔ སྡིག་ཅན་གང་ཞིག་འདའ་བྱེད་པའི༔ ཀླད་པ་ཚལ་པ་བརྒྱ་རུ་ཁོས༔ དྲག་སྔགས་རོལ་མོ་བཅས་ཡུངས་ཀར་གྱིས་བྲབ། གུ་གུལ་གྱིས་དུད་པས་བདུགས་ལ། མཚམས་བཅད་པ་ནི། ཧཱུྃ༔ ཡེ་ནས་སྣང་བ་ལྷ་ཡི་དཀྱིལ་འཁོར་ལ༔ སྐུ་གསུང་ཐུགས་ཀྱི་རྡོ་རྗེ་རང་བཞིན་རྫོགས༔ རིག་པ་རང་ཤར་ཁྲོ་ཚོགས་མཚོན་ཆའི་གུར༔ མ་བཅོས་དབྱིངས་སུ་གསལ་བས་མཚམས་བཅད་དོ༔ ཧཱུྃ་བཛྲ་རཀྵ་ཧཱུྃ༔ ཞེས་སྲུང་འཁོར་བསྒོམས་ལ་སྤོས་རོལ་གཡབ་དར་བཅས་ལས་གཞུང་ལྟར་བྱིན་དབབ། དེ་ནས་དངོས་གྲུབ་རྫས་ལ་བྱིན་བརླབ་པ་ནི། ཧཱུྃ་ཧྲཱིཿ ཡེ་ཤེས་སྙིང་པོའི་ཐུགས་ཀྱི་ཆོ་འཕྲུལ་ལས༔ མེ་ཆུ་རླུང་གི་དངོས་འཛིན་བསྐལ་པ་བཤིག༔ དག་པའི་སྒྲུབ་རྫས་བྷཉྫ་གཞལ་ཡས་ཁང༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿལས་བདུད་རྩི་ལྔ༔ མཱུྃ་ལཱྃ་མཱྃ་པཱྃ་ཏཱྃ་ལས་ཤ་ལྔར་གྱུར༔ ཁམས་ལྔ་ཡེ་ཤེས་ལྔ་ཡི་བདག་ཉིད་ལས༔ རིག་པའི་ཆོ་འཕྲུལ་མེ་རླུང་སྦྱོར་བ་ཡིས༔ དབྱིངས་རིག་དབྱེར་མེད་བདེ་སྟོང་ངང་དུ་བཞུ༔ ཡེ་ཤེས་ལྔ་ཡི་འོད་ཟེར་བསམ་ཡས་འཕྲོ༔ འཁོར་འདས་དྭངས་མའི་བཅུད་བསྡུས་རིགས་ལྔར་གྱུར༔ ཡབ་ཡུམ་མཉམ་སྦྱོར་བྱང་ཆུབ་སེམས་སུ་ཞུ༔ རྫས་རྣམས་ཡེ་ཤེས་བདུད་རྩིར་འཁྱིལ་བར་གྱུར༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋ༔ ཞེས་བཟླས་ཤིང་བྱིན་གྱིས་བརླབས། འཁོན་བཅུག་བཤགས་པ་ནི། ཧཱུྃ་ཧྲཱིཿ ཡེ་ནས་གཉིས་མེད་ཆོས་སྐུར་དག་པ་ལ༔ མ་རིག་དབང་གིས་སྒྲོ་དང་སྐུར་བཏབ་སྟེ༔ བདེ་དང་སྡུག་བསྔལ་འབྲས་བུ་སོ་སོར་སྨིན༔ དེ་ལྡོག་ཕྱིར་ན་རྒྱལ་བའི་དམ་མནོས་ཀྱང༔ སྙོམས་ལས་དབང་གིས་དམ་ལས་འགལ་གྱུར་རྣམས༔ དམིགས་མེད་ཆོས་ཀྱི་དབྱིངས་སུ་བཟོད་པར་གསོལ༔ བཟོད་པར་བཞེས་ལ་དངོས་གྲུབ་བསྩལ་དུ་གསོལ༔ ཅེས་དང་ཡིག་བརྒྱ་བརྗོད། གསུམ་པ་དངོས་གྲུབ་བསྡུ་བ་ནི། ཧཱུྃ་ཧྲཱིཿ རང་རིག་དབྱིངས་དང་གཉིས་སུ་མེད་པ་ཡི༔ ལྷ་ཚོགས་བདེ་ཆེན་རྒྱས་པའི་སྦྱོར་མཚམས་ནས༔ འོད་ཟེར་མཐའ་ཡས་ནམ་མཁའ་ཁྱབ་པར་འཕྲོས༔ རྒྱལ་བ་མཆོད་ཅིང་འགྲོ་བའི་སྒྲིབ་པ་སྦྱངས༔ མཆོག་དང་ཐུན་མོང་དངོས་གྲུབ་ཀུན་འདུས་ཏེ༔ བདག་ལ་ཐིམ་པས་གང་འདོད་ལྷུན་གྱིས་གྲུབ༔ རྫས་ལ་ཐིམ་པས་བདུད་རྩིའི་རྒྱ་མཚོར་གྱུར༔ ཅེས་བསྐུལ་ཞིང་དམིགས་ལ་ལྷ་རྣམས་ཀྱི་སྙིང་པོའི་མཐར། སརྦ་ཨ་མྲྀ་ཏ་ཀུཎྜ་ལི་སརྦ་སིདྡྷི་ཧཱུྃ་ཧཱུྃ༔ ཞེས་སྟོང་ཕྲག་བཟླ། གནད་ནས་བསྐུལ་བ་ནི། རང་གི་ཐུགས་ཀ་ནས་འོད་ཟེར་དམར་པོ་ལྕགས་ཀྱུའི་དབྱིབས་ཅན་དཔག་ཏུ་མེད་པ་འཕྲོས་པས༔ བླ་མ་རིག་འཛིན་རྒྱལ་བ་སྲས་བཅས་བདེ་གཤེགས་ཞི་ཁྲོ་མཁའ་འགྲོ་ཆོས་སྐྱོང་རྣམས༔ བུ་ཡུག་འཚུབས་པ་ལྟར་བྱོན་ནས་རང་དམ་ཚིག་པ་ཐིམ་པར་བསམ༔ ཧཱུྃ་ཧྲཱིཿ བླ་མ་རིག་འཛིན་རྒྱལ་བ་སྲས་དང་བཅས༔ བདེ་གཤེགས་ཞི་ཁྲོ་མཁའ་འགྲོ་དམ་ཅན་རྣམས༔ འོག་མིན་ཆོས་ཀྱི་དབྱིངས་ནས་སྐུར་བཞེངས་ལ༔ དམ་ཚིག་དཀྱིལ་འཁོར་འདི་ལ་བརྟན་པར་བཞུགས༔ གཉིས་སུ་མེད་པའི་ཕྱག་བགྱི་བཞེས་སུ་གསོལ༔ དམ་རྫས་བདུད་རྩིའི་མཆོད་པ་འདི་བཞེས་ལ༔ མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ༔ གནས་འདིར་བདེ་གཤེགས་དངོས་གྲུབ་མི་སྟེར་ན༔ སྔོན་གྱི་ཐུགས་དམ་གཉན་པོ་མི་འགལ་ལམ༔ དེ་བས་ད་ལྟ་ཉིད་དུ་དངོས་གྲུབ་སྩོལ༔ ཅེས་བསྐུལ་ཞིང་སྙིང་པོའི་མཐར། ས་མ་ཡ་བཛྲ་ས་མ་ཡ༔ ཞེས་བཏགས་པ་སྟོང་ཕྲག་བཟླ། དེ་ནས་དངོས་གྲུབ་བསྐུལ་བ་ནི། ཧཱུྃ༔ རང་བཞིན་ཆོས་ཀྱི་དབྱིངས་ལས་མ་གཡོས་པའི༔ ལོངས་སྤྱོད་རྫོགས་སྐུ་ཞིང་ཁམས་ཆེན་པོ་འདིར༔ རིག་འཛིན་འདུས་པ་བླ་མའི་དཀྱིལ་འཁོར་ཚོགས༔ དང་པོ་མ་རིག་མུན་པའི་སྨག་གཏིབས་ནས༔ རང་དང་དབྱེར་མེད་བཞུགས་ཀྱང་ཞལ་མ་མཇལ༔ དེ་ནས་བཀའ་དྲིན་ཅན་གྱི་བླ་མ་ཡི༔ ཐུགས་རྗེའི་མན་ངག་ཟབ་མོའི་སྒྲོན་མེ་ཡིས༔ རང་རིག་རང་གསལ་ལྷ་དང་དཀྱིལ་འཁོར་མཇལ༔ བར་དུ་ཡི་དམ་སྐྱབས་འོས་མཆོད་པའི་གནས༔ སྒྲུབ་སྒྲུབ་བསྙེན་བསྙེན་གྲུབ་པ་མཐར་ཕྱིན་ནས༔ ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས་སུ་སྨིན༔ ད་ནི་ལྷ་མཆོག་ཁྱོད་དང་གཉིས་སུ་མེད༔ རྡོ་རྗེ་སེམས་དཔའི་ནམ་ཡང་ལང་ལ་ཁད༔ བདེ་གཤེགས་ཀུན་འདུས་མཁའ་ཀློང་ཡངས་པ་རུ༔ མ་རིག་རང་སངས་ཐུགས་རྗེའི་ཉི་མ་ཤར༔ ད་ནི་དངོས་གྲུབ་འབྱུང་བའི་དུས་ལ་བབས༔ འདོད་པའི་འབྲས་བུ་མྱུར་དུ་མཆིས་པར་མཛོད༔ ཅེས་བསྐུལ་ལ་ལས་བྱང་ནས་འབྱུང་བའི་དངོས་གྲུབ་བླང་བའི་ཚིག་བརྗོད་ལ་སྒྲུབ་རྟེན་རྣམས་གནས་གསུམ་དུ་གཏུགས། སྔགས་ཛཔ་དབྱངས་ཀྱི་ཚུལ་དུ་བརྗོད་ལ་དངོས་གྲུབ་ཀྱི་རྫས་རྣམས་སློབ་དཔོན་ནས་བརྩམས་མཆེད་ལྕམ་ཐམས་ཅད་ལ་བཀྱེ། བདུད་རྩིས་གནས་གསུམ་དུ་ཐིག་ལེ་བྱ། རྫས་རྣམས་རོལ་ལ་བདེ་སྟོང་གི་ཉམས་སྐྱོང༌། མཆོག་ཐུན་མོང་གི་དངོས་གྲུབ་ཐམས་ཅད་སྟན་ཐོག་འདི་ཉིད་དུ་བདེ་བླག་གི་ཚུལ་གྱིས་ཐོབ་པར་གྱུར་པར་བསམ། དེ་ནས་གཞན་དོན་དབང་བསྐུར་བྱ་དགོས་ན་རྒྱས་འབྲིང་བསྡུས་པ་འོས་བསྟུན་སྐབས་འདིར་བྱ་བ་ཡིན་ནོ། །གཉིས་པ་རྗེས་མཐའ་རྒྱས་ལས་རིམ་ལ་གསུམ། དཀྱིལ་འཁོར་དང་འབྲེལ་བའི་རྗེས་ཆོག །ཕྱི་མཚམས་བཀྲོལ་བ། སྨོན་ལམ་སོགས་མཐར་དགེའི་བྱ་བ་རྣམས་སོ། །དང་པོ་ནི། ཚོགས་ལ་ལོངས་སྤྱོད་པ་སྔོན་དུ་མ་གྲུབ་ན་འདིར་བྱ། སྔར་བཙོན་དུ་བཟུང་བའི་ལྷག་མ་དང་ལྷན་ཅིག་ལྷག་ཆོག་བཏང་ཞིང་སྒྲུབ་ཁང་གི་ལྷོ་ནུབ་ཏུ་གོམ་པ་བདུན་ཅུའི་སར་བསྐྱེལ། ཆོས་སྲུང་གཏོར་འབུལ་སྐབས་རྒྱུན་བཞག་གཏོར་མ་རྣམས་ཡང་ཐོག་སོགས་སུ་འབུལ། ཆད་བརྟན་རྒྱུན་བཞག་ཀྱང་ཕྱིར་བཏང༌། རྟ་བྲོ་བརྡུངས། མཆོད་ཁ་གསོས་ལ་གཏང་རག་གི་མཆོད་བསྟོད་བྱ་ཞིང་ནོངས་བཤགས་ཡིག་བརྒྱ་ལན་གསུམ་བརྗོད། མདུན་བསྐྱེད་ཚོགས་མགྲོན་གྱི་ཡེ་ཤེས་པ་རྣམས་རྟེན་དང་རས་བྲིས་ཀྱི་དཀྱིལ་འཁོར་ལ་བརྟན་བཞུགས་བྱ། དམ་ཚིག་པ་རང་ལ་བསྡུ། བདག་བསྐྱེད་ཀྱི་དཀྱིལ་འཁོར་ཡང་འོད་གསལ་དུ་བསྡུ་ཞིང་གཉུག་མའི་ལྷ་སྐུར་ལྡངས་ལ་གནས་གསུམ་བསྲུང་བ་སོགས་གོ་ཆ་བགོ །སྤྱོད་ཡུལ་ལམ་ཁྱེར་གྱི་རྣལ་འབྱོར་དང་མ་བྲལ་བར་བྱའོ། །གཉིས་པ་ནི། རྒྱལ་ཆེན་བཞི་ལ་ཟླུམ་གཏོར་རེ་རེ། སྒོ་ལ་དམར་གཏོར་དང་སོ་སོར་ཕྱི་མཆོད་བཅས་བཤམས། ཕྱི་རོལ་དུ་ཕྱིན་ནས་ཤར་གྱི་ཐོ་རྩར་འཁོད་ལ། མཆོད་གཏོར་རྣམས། རྃ་ཡྃ་ཁྃ་གིས་བསངས། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་བརླབས། ཨོཾ་དྷྲིཥྚ་རཱཥྚ་ཡ་སོགས་སྔགས་ལན་གསུམ་གྱིས་གཏོར་མ་ཕུལ། ཨོཾ་བཛྲ་པུཥྤེ་སོགས་ཀྱིས་མཆོད། ཧཱུྃ༔ ཕྱི་ལྟར་རྒྱལ་ཆེན་ཡུལ་འཁོར་སྲུང༔ ནང་ལྟར་བུདྡྷ་ཧེ་རུ་ཀ༔ གསང་བ་རྣམ་པར་སྣང་མཛད་དེ༔ སྔོན་གྱི་ཐུགས་དམ་ཇི་བཞིན་དུ༔ སྒྲུབ་པ་སྲུང་མཛད་སྐུ་དྲིན་དུ༔ གཏང་རག་མཆོད་བཞེས་དབྱིངས་སུ་གཤེགས༔ བཛྲ་མུ༔ ཞེས་གཤེགས་ལ་ཐོ་དང་མཆོད་པ་བསྡུ། དེས་འགྲེས་ཏེ་ལྷོར་ཕྱིན་ལ། བྱིན་བརླབ་དང་གཏོར་མཆོད་སྔགས་ཀྱིས་ཕུལ། ཧཱུྃ༔ ཕྱི་ལྟར་རྒྱལ་ཆེན་འཕགས་སྐྱེས་པོ༔ ནང་ལྟར་ཀརྨ་ཧེ་རུ་ཀ༔ གསང་བ་དོན་ཡོད་གྲུབ་པ་སྟེ༔ སྔོན་གྱི་ཐུགས་དམ་ཇི་བཞིན་དུ༔ སྒྲུབ་པ་སྲུང་མཛད་སྐུ་དྲིན་དུ༔ གཏང་རག་མཆོད་བཞེས་དབྱིངས་སུ་གཤེགས༔ བཛྲ་མུ༔ ནུབ་ཀྱི་ཐོ་རྩར་ཕྱིན་ལ། བྱིན་བརླབ་གཏོར་མཆོད་སྔགས་ཀྱིས་ཕུལ། ཧཱུྃ༔ ཕྱི་ལྟར་རྒྱལ་ཆེན་སྤྱན་མི་བཟང༔ ནང་ལྟར་པདྨ་ཧེ་རུ་ཀ༔ གསང་བ་སྣང་བ་མཐའ་ཡས་ཏེ༔ སྔོན་གྱི་ཐུགས་དམ་ཇི་བཞིན་དུ༔ སྒྲུབ་པ་སྲུང་མཛད་སྐུ་དྲིན་དུ༔ གཏང་རག་མཆོད་བཞེས་དབྱིངས་སུ་གཤེགས༔ བཛྲ་མུ༔ བྱང་གི་ཐོ་རྩར་འཁོད་ལ། བྱིན་བརླབ་དང་གཏོར་མཆོད་སྔགས་ཀྱིས་ཕུལ། ཧཱུྃ༔ ཕྱི་ལྟར་རྒྱལ་ཆེན་རྣམ་ཐོས་སྲས༔ ནང་ལྟར་རཏྣ་ཧེ་རུ་ཀ༔ གསང་བ་རིན་ཆེན་འབྱུང་ལྡན་ཏེ༔ སྔོན་གྱི་ཐུགས་དམ་ཇི་བཞིན་དུ༔ སྒྲུབ་པ་སྲུང་མཛད་སྐུ་དྲིན་དུ༔ གཏང་རག་མཆོད་བཞེས་དབྱིངས་སུ་གཤེགས༔ བཛྲ་མུ༔ ཞེས་གཤེགས། སྒོ་བྱང་བཀྲོལ་བ་ནི། ཕྱི་སྒོར་མཆོད་གཏོར་བཤམས་ལ། སྔར་བཞིན་བྱིན་བརླབས། ཨོཾ་ཀརྨ་ཡ་མ་རཱ་ཛ་ཧཱུྃ་ཕཊ་ས་པ་རི་ཝཱ་ར་སོགས་གཏོར་སྔགས་བཏགས་པ་ལན་གསུམ་གྱིས་ཕུལ། ཨོཾ་བཛྲ་པུཥྤེ་སོགས་ཀྱིས་མཆོད། ཧཱུྃ༔ དཔལ་གྱི་ཕོ་ཉ་སྒོ་སྲུང་ནི༔ མཐུ་སྟོབས་རྫུ་འཕྲུལ་བསམ་མི་ཁྱབ༔ གཏང་རག་མཆོད་པ་འདི་འབུལ་ལོ༔ ཉམས་ཆག་འགལ་འཁྲུལ་ཐམས་ཅད་བཤགས༔ སླར་ཡང་འཁོར་སྲུང་རྐྱེན་རྣམས་བཟློག༔ བཀྲ་ཤིས་བདེ་ལེགས་མཛད་དུ་གསོལ༔ གཙྪས་རང་གནས་སུ་གཤེགས་ལ་སྒོ་བྱང་བསྡུ། ནང་གི་སྒོ་བྱང་བཀྲོལ་བ་ནི། མཆོད་གཏོར་བཤམས་ལ་སྔར་བཞིན་བྱིན་བརླབས། ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལི་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་གཏོར་མ་ཅི་མང་ཕུལ་ཞིང༌། ཨོཾ་བཛྲ་པུཥྤེ་སོགས་ཀྱིས་མཆོད། ཧཱུྃ༔ གསང་བ་བླ་མེད་དཀྱིལ་འཁོར་འདིར༔ བཀའ་གསང་རྨད་བྱུང་སྒྲུབ་ལགས་པས༔ ཁྲོ་བོའི་རྒྱལ་པོ་བདུད་རྩི་འཁྱིལ༔ དངོས་གྲུབ་སྲུང་མར་མངའ་གསོལ་བས༔ སྔོན་གྱི་ཐུགས་དམ་ཇི་བཞིན་དུ༔ མཐུ་སྟོབས་རྫུ་འཕྲུལ་བསམ་མི་ཁྱབ༔ གཏང་རག་མཆོད་པ་འདི་འབུལ་ལོ༔ ཉམས་ཆག་འགལ་འཁྲུལ་ཐམས་ཅད་བཤགས༔ སླར་ཡང་འཁོར་སྲུང་རྐྱེན་རྣམས་བཟློག །བཀྲ་ཤིས་བདེ་ལེགས་མཛད་དུ་གསོལ༔ གཙྪས་རང་གནས་སུ་གཤེགས་ལ་སྒོ་བྱང་བསྡུ། དེ་ནས་ནང་དུ་ཕྱིན་ལ་སློབ་དཔོན་ནམ་རྒྱལ་ཐེབས་དཀྱིལ་འཁོར་ནུབ་ཏུ་འཁོད་ལ། ཨོཾ་བཛྲ་ཀཱི་ལ་ཡ་ཨུཏྐཱི་ལ་ཡ་སརྦ་ཀཱི་ལ་ཡ་བཛྲ་དྷ་རོད་ཨཱ་ཛྙཱ་པ་ཡ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ༔ ཞེས་ལག་གཉིས་སྐམ་པའི་ཕྱག་རྒྱ་དང་བཅས། དང་པོ་གདབ་རིམ་ལས་ལྡོག་ཕྱོགས་སུ་ཕྱུང་སྟེ། ཨོཾ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིདྡྷི་ལོ་ཙ་ནི་སརྦ་ཨརྠ་སཱ་དྷ་ནི་སྭཱ་ཧཱ༔ ཞེས་ཕུར་རྩེ་འོ་མས་བཀྲུ། ཆོས་ཐམས་ཅད་སྐྱེ་བ་མེད་པའི་དོན་ཡིད་ལ་བྱས་ཏེ་དྲིལ་བུ་དཀྲོལ་ཞིང༌། ཨ་ཀཱ་རོའི་སྔགས་བརྗོད་བཞིན་པས་འཇམ་རོལ་དང་བཅས་རས་བྲིས་དཀྱིལ་འཁོར་བསྡུ། རྡུལ་ཚོན་ཡིན་ན་ཤར་ནས་དབུས་སུ་བསྡུ་ཞིང་ཚོམ་བུ་སྤྱི་བོར་བཀོད། ལྷག་མ་ཀླུ་ཆོག་བཅས་ཆུ་ཀླུང་ཆེན་པོར་གཤེགས་སོ། །གསུམ་པ་ནི། གཞུང་ཆེན་པོ་རྣམས་སུ་སྐབས་འདིར་སློབ་དཔོན་ལ་གཟོད་པར་གསོལ་ཞིང་གཏང་རག་འབུལ་བ། མཆེད་ཀྱི་ནོངས་བཤགས་རྣམས་འབྱུང་ཡང་ལུགས་འདིར་མ་བཤད་པས་ས་བཅད་ཙམ་དུ། ཡེ་ཤེས་སྐུ་མཆོག་སོགས་དང་རྗེ་བཙུན་བླ་མ་རྣམས་ཀྱི་སོགས་བརྗོད། ལས་གཞུང་ནས་འབྱུང་བའི་སྨོན་ལམ་སྤྱིར་གདབ། ཁྱད་པར་མར་མེ་སྨོན་ལམ་ནི། ཐམས་ཅད་ཀྱི་ལག་པ་ལུ་གུ་རྒྱུད་དུ་སྦྲེལ་ཞིང་གཡས་སུ་མར་མེ་ཐོགས། སློབ་དཔོན་ནམ་རྒྱལ་ཐེབས་ཀྱིས་བྱང་དྲངས་ལ། ཧོཿ ཡང་གསང་རིག་འཛིན་བླ་མའི་དཀྱིལ་འཁོར་དུ༔ རྡོ་རྗེ་སློབ་དཔོན་མཆོག་གི་བཀའ་དྲིན་གྱིས༔ དུས་གསུམ་འབྲལ་མེད་འགྲོགས་པའི་མཆེད་ལྕམ་རྣམས༔ དཀྱིལ་འཁོར་གསུམ་དུ་བསྙེན་སྒྲུབ་མཐར་ཕྱིན་པའི༔ ཏིང་འཛིན་རྩེ་གཅིག་ཟབ་མོ་འདི་ཡི་མཐུས༔ རིགས་ཀྱི་གཙོ་བོ་རྡོ་རྗེ་སློབ་དཔོན་དང༔ དམ་ཚིག་གཅིག་པའི་མཆེད་དང་ལྕམ་དྲལ་དང༔ ཟབ་མོའི་དབང་གིས་འབྲེལ་བའི་གཟུངས་མ་གསུམ༔ ཚེ་རབས་ཀུན་ཏུ་མི་འབྲལ་ལྷན་ཅིག་པས༔ བདེ་ཆེན་ཚོགས་ཀྱི་འདུ་བར་རྟག་སྤྱོད་ཅིང༔ བླ་མེད་གསང་བའི་མྱུར་ལམ་ལ་བརྟེན་ནས༔ ས་བཅུའི་ཁྱད་པར་རིམ་གྱིས་བགྲོད་པར་ཤོག༔ ནམ་ཞིག་ཚེ་འཕོས་ལུས་བརྗེས་དུས་བྱུང་ཚེ༔ འཁོར་བའི་གཡང་སར་ལན་གཅིག་ལྷུང་སྲིད་ཀྱང༔ སྣང་བའི་སྒོ་འབྱེད་ཡེ་ཤེས་མར་མེ་འདིས༔ གཏི་མུག་མུན་པའི་སྨག་རུམ་དབྱིངས་སུ་བསལ༔ འདོད་ཆགས་གཅོང་རོང་རྣམས་སུ་མི་འཁྱམ་ཞིང༔ ཞེ་སྡང་དམྱལ་བའི་ཟངས་ཁར་མི་འགྲིམ་དང༔ ང་རྒྱལ་གཅན་གཟན་གདུག་པའི་སྐད་མི་ཐོས༔ ཕྲག་དོག་མཚོན་ཆ་རྣོན་པོས་མི་ཕོག་ཤོག༔ རྣམ་སྨིན་ཚེ་དབང་ཕྱག་རྒྱ་ཆེན་པོ་དང༔ ལྷུན་གྱིས་གྲུབ་པའི་གོ་འཕང་ཉེར་བགྲོད་དེ༔ ཀུན་ཏུ་འོད་ཀྱི་ས་ལ་ཕྱིན་པའི་ཚེ༔ རིག་འཛིན་བླ་མ་རྣམས་ཀྱིས་མདུན་བསུས་ཤིག༔ ཡི་དམ་ལྷ་ཚོགས་རྣམས་ཀྱིས་རྒྱབ་བརྟེན་ཅིག༔ མ་ཚོགས་མཁའ་འགྲོ་རྣམས་ཀྱིས་མཐའ་སྐྱོར་ཅིག༔ འཁོར་ལོ་ཚོགས་ཆེན་གནས་སུ་ལམ་སྣ་དྲོངས༔ འོད་གསལ་བླ་མ་ཆོས་སྐུའི་ཞལ་མཐོང་ནས༔ ལོངས་སྤྱོད་རྫོགས་སྐུ་ཆེན་པོར་ལྷུན་གྱིས་གྲུབ༔ མ་འགག་སྤྲུལ་པའི་སྒྱུ་འཕྲུལ་རྩལ་འཆང་བས༔ ཁམས་གསུམ་ཐིག་ལེ་ཆེན་པོར་དོང་སྤྲུགས་ཤོག༔ བླ་མ་རིག་འཛིན་བསྒྲུབས་པའི་ས་ཕྱོགས་འདིར༔ ནད་མུག་འཁྲུགས་རྩོད་སྐལ་ངན་ཀུན་ཞི་ཞིང༔ དགེ་ལེགས་ཡོན་ཏན་ངང་གིས་འདུ་བ་དང༔ གསང་སྔགས་བསྟན་པ་མཐའ་རྒྱས་བཀྲ་ཤིས་ཤོག༔ ཅེས་བརྗོད། གཞན་ཡང་ཐེག་པ་ཆེན་པོ་སྤྱི་དང་གསང་བ་བླ་མེད་ཀྱི་སྨོན་ལམ་ཇི་ལྟར་རིགས་པ་གདབ། ཞལ་ནས་གསུངས་པའི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པས་ཐོག་དྲངས། ལས་གཞུང་ནས་འབྱུང་བའི་བཀྲ་ཤིས་སོགས་ཤིས་བརྗོད་རྒྱས་པར་བརྗོད་ཅིང་མེ་ཏོག་གི་ཆར་དང་རོལ་མོ་སྙན་ལ་རིང་བས་དྭངས་ཤིང་སྤྲོ་བར་བྱ། རྒྱས་པར་སྤྲོ་ན། ཕྱི་མཚམས་རྗེས་སུ་དྲག་པོའི་སྦྱིན་སྲེག །སྐབས་ཇི་ལྟར་རིགས་པར་ཞི་བའི་སྦྱིན་སྲེག །དངོས་གྲུབ་བླང་བའི་སྔ་ཉིན་དབང་གི་སྦྱིན་སྲེག །དངོས་གྲུབ་བླངས་ཟིན་པའི་རྗེས་རྒྱས་པ་དང་མཆོག་གི་སྦྱིན་སྲེག །དེ་ཙམ་མ་གྲུབ་ན་ཁ་སྐོང་རྒྱས་པའི་སྦྱིན་སྲེག་དང་ཞག་གསུམ་སོགས་གནས་སྲུང་ཞིང་ཚོགས་མཆོད་ལ་སོགས་དགའ་སྟོན་རྒྱས་པར་སྤེལ་བས་ལེགས་ཚོགས་མི་འཆད་པར་འཕེལ་བའི་རྟེན་འབྲེལ་དུ་འགྱུར་རོ། །ངོ་བོ་འཁོར་ལོའི་དབང་ཕྱུག་བླ་མ་རྗེ། །རྣམ་པ་རྩ་གསུམ་སྒྱུ་འཕྲུལ་དྲྭ་བ་ཡི། །སྒྲུབ་ཚུལ་ཀུན་འདུས་དངོས་གྲུབ་སྙིང་པོ་ཞེས། །མཚན་དོན་མཐུན་པའི་ལམ་འདི་ལས་ཅན་བཙས། །འཕགས་ལམ་ཡེ་ཤེས་དངོས་སུ་བརྙེས་མིན་ཀྱང༌། །བཅོས་མིན་དད་པའི་ཆུ་སྐྱེས་མ་རྙིང་པས། །ངོ་མཚར་བྱིན་རླབས་སྦྲང་རྩིའི་ཟེགས་མའི་བཅུད། །བཀའ་གཏེར་དགོངས་པ་གཅིག་དྲིལ་བྲིས་འདི་རྨད། །ཟབ་དོན་སྒྲུབ་པའི་ལས་ཅན་ཆེས་དཀོན་མོད། །སྤྲོས་བཅས་ཚོགས་སྒྲུབ་འདྲ་འབག་དྲིན་ཆེ་བས། །གོང་མའི་གསུང་ལ་ཁྱད་ཆོས་མན་ངག་གིས། །སྤྲས་འདིས་རང་གཞན་ཕན་བདེའི་གསོས་གྱུར་ཅིག །རྡོ་རྗེ་སྙིང་པོའི་རིང་ལུགས་བསིལ་ལྡན་རི། །སྨིན་གྲོལ་བཤད་བཀའི་ཀླུང་བཞི་ཕྱོགས་ཀུན་བརྡལ། །མཁས་གྲུབ་མཆེ་བ་དྲུག་པས་རྩེན་བཞིན་དུ། །ཕན་བདེའི་པད་ཚལ་མཚར་སྡུག་དར་བབ་ཤོག །རྒྱལ་བའི་ཕྲིན་ལས་གདུལ་དཀའི་ཡིད་ཅན་ལ། །ལྷག་པར་དཔའ་བས་ནད་མུག་མཚོན་རྒུད་ཞི། །རྣམ་དཀར་རྫོགས་ལྡན་སྤྲིན་གྱི་བླ་བྲེ་ལ། །དགེ་ལེགས་ནོར་བུའི་ཆར་གྱིས་མཛེས་གྱུར་ཅིག །ཅེས་འབྲེལ་ཚད་མ་ཧཱ་གུ་རུའི་ཕྲིན་ལས་ཀྱི་གྲིབ་བསིལ་དུ་ངལ་འཚོ་བའི་རྟེན་འབྱུང་དུ་འབྲི་བར་རྩོམ་པའི་ཚེ། ནུབ་ཕྱོགས་ཨ་རིའི་ཡུལ་དུ་སྔ་འགྱུར་བཀའ་གཏེར་གྱི་བསྟན་པའི་ཉིན་བྱེད་འདྲེན་པའི་ཐུགས་བསྐྱེད་སྨོན་ལམ་རྨད་བྱུང་ལྕགས་མདུད་སྤྲུལ་པའི་སྐུ་པདྨ་གར་གྱི་དབང་ཕྱུག་ནས་རྟེན་དང་བཅས་ཏེ་ལན་དུ་མར་གསུང་གིས་བསྐུལ་བ་བཞིན་རིག་འཛིན་གོང་མའི་ཕྱག་བཞེས་ལྟར་འཇུག་བདེ་བཀླག་ཆོག་ཏུ་པདྨ་གར་དབང་འོད་གསལ་མདོ་སྔགས་གླིང་པས་རང་གནས་བལ་ཡུལ་བསྟན་གཉིས་དར་རྒྱས་གླིང་དུ་འབྲི་བར་བརྩམ་པའི་ཡི་གེའི་མཐུན་སྦྱོར་ཆོས་འདིར་ལས་སྨོན་གྱིས་འབྲེལ་བའི་དད་བློ་བརྩོན་པ་མཆོག་ལྡན་སྤྲུལ་སྐུ་ཀུན་དགའ་བཀྲ་ཤིས་ཀྱིས་བགྱིས་པ་འགྲོ་ཀུན་དངོས་གྲུབ་འདོད་དགུའི་དཔལ་ལ་སྤྱོད་པའི་རྒྱུར་གྱུར་ཅིག། །།}} | ༄༅། །བདེ་ཆེན་ཐིག་ལེ་གཅིག་གི་སྒྱུ་འཕྲུལ་གར། །རབ་འབྱམས་རྩ་གསུམ་རྣམ་འཕྲུལ་མཐའ་ཡས་པས། །བྱིན་རླབས་དངོས་གྲུབ་ཕྲིན་ལས་ནོར་བུའི་ཆར། །འདོད་རྒུའི་དབུགས་འབྱིན་སྩོལ་ལ་གུས་བཏུད་ནས། །ཐབས་ཚུལ་གཅིག་གིས་དངོས་གྲུབ་མཆོག་ཐུན་དཔལ། །ཚེགས་མེད་ཐོབ་པའི་སྐལ་བཟང་མགྲོན་འགུགས་བྱེད། །རང་བྱུང་སངས་རྒྱས་པདྨའི་ཐུགས་སྒྲུབ་ཀྱི། །ཚོགས་སྒྲུབ་ལས་རིམ་གོང་མའི་གསུང་བཞིན་སྤེལ། །དེ་ཡང་རྒྱལ་བསྟན་གྱི་སྙིང་པོ་གསང་ཆེན་རྡོ་རྗེ་ཐེག་པ་དང་མཇལ་ཞིང་ཚེ་གཅིག་མཆོག་ཐུན་དངོས་གྲུབ་སྒྲུབ་པའི་ཐབས་ཀྱི་གཙོ་བོ་བླ་མའི་ཐུགས་སྒྲུབ་སྟེ་མ་ཧཱ་གུ་རུ་ཉིད་སྙིགས་དུས་ཀྱི་སྐྱབས་གནས་གུ་རུ་རིན་པོ་ཆེ་ལ་བརྟེན་ནས་སྒྲུབ་པ་རྡོ་རྗེའི་ལུང་གིས་ཆེད་དུ་བསྔགས་པ་བཞིན། རྣམ་པ་གུ་རུ་གཅིག་ལ་ངོ་བོ་རྩ་གསུམ་ཆོས་སྲུང་ཀུན་འདུས་ཀྱི་ཐུགས་སྒྲུབ་དངོས་གྲུབ་སྙིང་པོ་ལ་བརྟེན་ནས་སྒྲུབ་པ་ཆེན་པོ་ཇི་ལྟར་བྱ་བའི་ཚུལ་ལ་བཞི། སྔོན་འགྲོ་བསྙེན་པ། ཉེ་བསྙེན། དངོས་གཞི་སྒྲུབ་པ། རྗེས་སྒྲུབ་པ་ཆེན་པོ་མཐའ་རྒྱས་ཀྱི་རིམ་པ་ལས། དང་པོ་སྔོན་འགྲོ་ལའང་ཐོག་མར་དབང་ཐོབ་ཅིང་དམ་ཚིག་ལ་གནས་པས་གཞུང་འདི་ཉིད་དམ་ཐུགས་སྒྲུབ་གང་རུང་གི་དུས་གྲངས་རྟགས་ཀྱི་བསྙེན་པ་མཐར་སོན་པས་འཇུག་པ་ལས་ས་ཆོག་ལ། འགལ་རྐྱེན་སེལ་ཞིང་བསོད་ནམས་ཀྱི་དཔུང་བསྐྱེད་པའི་ཕྱིར་སྒོ་གསུམ་གྱི་སྒྲིབ་སྦྱོང༌། སྒྲུབ་ཁང་གི་ཕྱོགས་བཞིར་ཤེར་ཕྱིན། སྟོབས་པོ་ཆེ། ལང་ཀར་གཤེགས་པ། ཏོག་གཟུངས་དང་གྲྭ་ལྔ་མགྲོན་བཞི་བརྔན་པ་དང༌། སྦྱིན་གཏོང་སོགས་གང་འགྲུབ་བྱས་ཏེ། དང་པོ་ས་བསླང་བ་ནི། དཀྱིལ་འཁོར་གང་དུ་བྱ་བའི་གནས་ཁང་བྱི་དོར་བྱས་ལ། གཞུང་མཐུན་རྟེན་གྱི་དྲུང་དུ་དཀྱིལ་འཁོར་གྱི་ས་གཞིར་ཚོམ་བུ་གཅིག་བཀོད། དེའི་མདུན་དཀར་ཟླུམ་མཐེབ་རིལ་གྱིས་མཚན་པ་དང་གསེར་སྐྱེམས། མཐའ་བསྐོར་དུ་མཚམས་འཛིན་ནས་བརྩམས་ཆུ་གཉིས་ཉེར་སྤྱོད་བཅས་བཀོད། སློབ་དཔོན་གྱི་མདུན་དུ་ཌཱ་དྲིལ་སོགས་དང་དགོས་པའི་ཡོ་བྱད་འདུ་བྱས་ཏེ། བརྒྱུད་འདེབས་དང་ལས་བྱང་ལྟར་སྐྱབས་སེམས་ཡན་ལག་བདུན་པ་སྔོན་དུ་འགྲོ་བས། བདག་ཉིད་ལྷར་བསྒོམ་པ་ནི། ཧཱུྃ་ཧྲཱིཿ རང་རིག་གདོད་མའི་དབྱིངས་ལས་སྐད་ཅིག་གིས༔ རིག་པའི་རང་མདངས་ལས་ཀྱི་ཧེ་རུ་ཀ༔ མཐིང་ནག་རྡོ་རྗེ་དྲིལ་བུ་འཛིན་པའི་སྐུ༔ དུར་ཁྲོད་ཆས་རྫོགས་མེ་དཔུང་འབར་བའི་ཀློང༔ ཞབས་གཉིས་འདོར་སྟབས་པད་ཉིའི་གདན་ལ་བཞུགས༔ སངས་རྒྱས་ཀུན་གྱི་མཐུ་སྟོབས་གཅིག་འདུས་པའི༔ འཆོལ་བའི་ཁྲོ་རྒྱལ་ཆེན་པོའི་སྐུ་རུ་གསལ༔ ཨོཾ་ཀརྨ་མ་ཧཱ་ཀྲོ་དྷ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ ཀརྨ་ཀྲོ་དྷཱི་ཤྭ་རི་སྟྭཾ༔ ཞེས་ཅུང་ཟད་བཟླ། མཆོད་གཏོར་རྣམས། རཾ་ཡཾ་ཁཾ་གིས་བསང༌། ཨོཾ་སྭ་བྷཱ་ཝ་སོགས་ཀྱིས་སྦྱང༌། སྟོང་པའི་ངང་ལས་གཏོར་མ་བདུད་རྩིའི་རང་བཞིན་མཆོད་པ་འདོད་ཡོན་གྱི་སྤྲིན་ཕུང་ཟད་མི་ཤེས་པ་ནམ་མཁའི་ཁམས་ཐམས་ཅད་གང་བར་གྱུར། ཨོཾ་ཨཱཿཧཱུྃ། ཞེས་པས་བརླབ། རང་གི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས་སའི་ལྷ་མོ་ཡུལ་བདག་དང་བཅས་པ་སྐད་ཅིག་གིས་མདུན་དུ་ལྷགས་པར་བསམ་ལ། བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿ བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནེ་བི་དྱ་ཤབྡ་པཱུ་ཛ་ཧོཿ བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཧཱུྃ༔ སྐྱོབ་པ་སངས་རྒྱས་ཤཱཀྱ་ཐུབ་པ་ཡིས༔ ས་ལམ་སྲུང་མར་དབང་བསྐུར་བརྟན་མ་དང༔ སྟོང་གསུམ་མངའ་མཛད་ས་བདག་ཕོ་མོའི་ཚོགས༔ གནས་བདག་གཉུག་མར་གནས་པ་ཐམས་ཅད་ཀུན༔ གངས་རི་ལུ་མ་སྐྱེད་ཚལ་མཚོ་རྫིང་དང༔ རྫ་སྤང་བྲག་རི་ནགས་ཁྲོད་ཆུ་ཀླུང་དང༔ སྟོང་གསུམ་ལ་སོགས་སོ་སོའི་གནས་དག་ནས༔ ས་བདག་འཁོར་དང་བཅས་པ་འདིར་གཤེགས་ཤིག༔ རིན་ཆེན་ས་རིན་མཆོད་པ་འདི་བཞེས་ལ༔ གནས་འདིར་བཀྲ་ཤིས་བདེ་ལེགས་བསྩལ་དུ་གསོལ༔ རིག་པ་འཛིན་པ་ཁྱོད་ས་གཞི་ཅི་བདེ་བར་ལོངས་སྤྱོད་ཅིག་ཅེས་གནང་བ་བྱིན་ནས་རང་གནས་སུ་དགྱེས་བཞིན་གཤེགས་པར་གྱུར་པར་བསམ་ཞིང༌། གཙྪས་རང་གནས་སུ་གཤེགས། འཇམ་རོལ་དང་བཅས་ཚོམ་བུ་དང་མཆོད་པ་བསྡུ། གཉིས་པ་ས་བཟུང་བ་ནི། སེང་ལྡེང་གི་ཕུར་པ་ལ། རང་གི་ཐུགས་ཀ་ནས་ཧྲཱིཿདམར་པོ་འཕྲོས༔ ཕུར་པ་ལ་ཐིམ༔ དེ་ཉིད་དཔལ་རྟ་མགྲིན་དམར་པོ་ཕྱག་གཡས་ལྕགས་ཀྱུ་དང་གཡོན་ཞགས་པ་འཛིན་པ༔ སྐུ་སྨད་ཕུར་བུའི་རང་བཞིན་ཅན་དུ་གྱུར༔ ཨོཾ་པདྨཱནྟ་ཀྲྀ་ཏ་བཛྲ་ཀྲོདྷ་ཧྱ་གྲཱྀ་བ་ཧཱུྃ་ཕཊ༔ ཞེས་བཟླ་ཞིང་ཕུར་པ་ས་ལ་གདབ། རྟ་མགྲིན་གྱི་སྐུ་ལས་འཕྲོས་པས་འོད་ཟེར་དམར་པོས་ས་གཞི་ཁྱབ༔ བདག་གི་དབང་དུ་གྱུར་པར་བསམ་མོ། །གསུམ་པ་སྦྱོང་བ་ནི། བདག་ཉིད་ལས་ཀྱི་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་པར་གསལ་བའི་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་ཕུར་བུ་ལ་ཐིམ། དེ་ཉིད་དཔལ་རྟ་མགྲིན་གྱི་སྐུ་གྱུར་པར་བསམ་ལ། ཧཱུྃ་པདྨཱནྟ་ཀྲྀ་ཏ་ཧཱུྃ་ཕཊ། ཅེས་བཏབ་སྟེ་ལན་བདུན་བཟླས་པས། ཕུར་བུ་ལས་བྱུང་བའི་འོད་ཟེར་དམར་པོས་ས་གཞི་ཐམས་ཅད་ཁྱབ། བདག་གི་དབང་དུ་གྱུར་པར་བསམ་མོ། །བདག་ཉིད་ལས་ཀྱི་ཧེ་རུ་ཀར་གསལ་བའི་ཐུགས་ཀ་ནས་རཾ་ཡཾ་ཁཾ་འཕྲོས་པས་སྣོད་བཅུད་ཀྱི་དངོས་འཛིན་མ་དག་པའི་ཉེས་སྐྱོན་ཐམས་ཅད་བསྲེག་གཏོར་བཀྲུས་ཏེ་སྟོང་པར་སྦྱངས། སྟོང་པའི་ངང་ལས་སྣང་སྲིད་ཐམས་ཅད་རྩ་བ་གསུམ་གྱི་ཞིང་ཁམས། ཡེ་ཤེས་ཀྱི་རྣམ་རོལ་བདེ་བ་ཆེན་པོའི་ངོ་བོ། འོག་མིན་པདྨ་དྲྭ་བ་ཆེན་པོའི་སྣོད་བཅུད་ཡོངས་སུ་རྫོགས་པར་གསལ་བའི་ཏིང་ངེ་འཛིན་རྩེ་གཅིག་པས། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨ་སྭ་བྷཱ་བ་ཤུདྡྷོ྅་ཧཾཿ ཞེས་བཟླ་ཞིང་ལག་གཡས་པའི་སོར་མོ་ལྔ་རྡོ་རྗེ་རྩེ་ལྔ་པར་བསམ་ལ་བསྐོར་ཞིང་རེག་པར་བྱའོ། །བཞི་པ་སྲུང་བ་ནི། ཐོག་མར་གཞུང་ལྟར་བགེགས་ལ་གཏོར་མ་བྱིན་ཅིང་བཀའ་བསྒོ་གུ་གུལ་ཡུངས་ཐུན་དྲག་པོའི་ཚམ་རྔམས་དང་བཅས་རྒྱང་རིང་དུ་བསྐྲད། མཚམས་ཕུར་གདབ་པ་ནི། ལྕགས་སམ་དྲག་པོའི་ཤིང་གི་ཕུར་པ་བཅུ་ཁྲོ་བོ་བཅུའི་སྔགས་བྱང་ངམ་ཧཱུྃ་ཡིག་གིས་མཚན་པ་དང་ཡུངས་ཀར་གྱི་ཐུམ་པོ་གདགས་པ་མདུན་དུ་གོ་རིམ་མ་འཆོལ་བར་བཀོད། རང་ཉིད་ལས་ཀྱི་ཧེ་རུ་ཀ་ཁྲོ་བོ་རབ་འབྱམས་ཀྱི་སྤྲིན་འཕྲོ་བའི་སྐུར་གྱུར་པའི་ཐུགས་ཀ་ནས་འོད་ཟེར་འཕྲོས༔ སྣོད་བཅུད་ཐམས་ཅད་ལ་ཕོག་པས༔ སྣང་སྲིད་འཁོར་ལོ་རྩིབས་བཅུ་འབར་བའི་ཕྱོགས་མཚམས་སྟེང་འོག་རྣམས་སུ་ཕྱོགས་སྐྱོང་བཅུ་བཀུག་སྟེ་གདན་དུ་བྱས༔ སླར་ཡང་བདག་གི་ཐུགས་ཀ་ནས་ཧཱུྃ་བཅུ་འཕྲོས༔ ཕུར་བུ་ལ་ཐིམ་པས་ཁྲོ་བོ་ཆེན་པོ་བཅུ་སྐུ་མདོག་མཐིང་ནག་རྡོ་རྗེ་དང་དུང་ཁྲག་འཛིན་པ། སྐུ་སྨད་ཕུར་བུའི་དབལ་ཅན་མེ་དཔུང་འབར་ཞིང་འཁྲུགས་པས་ཕྱོགས་བཅུའི་བགེགས་རྣམས་ཀྱི་སྙིང་གར་བཏབ་པར་བསམ་ལ་འབར་བའི་སྟངས་སྟབས་དང་བཅས་པས་གདབ་སྟེ། ཨོཾ་བཛྲ་ཀྲོ་དྷ་ཧཱུྃ་ཀཱ་ར་ཧཱུྃ༔ གརྫ་གརྫ་ཧཱུྃ་ཕཊ༔ ཅེས་པའི་མཐར་སྡེར་མོའི་སྔགས་ཀྱིས་མཚོན་ཆ་གདགས་པ་འོག་མ་རྣམས་ལའང་རིགས་འགྲེ་ཤེས་པར་བྱས་ཏེ། ཨོཾ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ་སརྦ་དུཥྚཱན་ཧཱུྃ་ཕཊ༔ ཀཱི་ལ་ཡ་ཀཱི་ལ་ཡ་སརྦ་པཱ་པཾ་ཕཊ༔ ཧཱུྃ་ཧཱུྃ་ཧཱུྃ་བཛྲ་ཀཱི་ལ་ཡ་བཛྲ་དྷ་རོད་ཨཱཛྙཱ་པ་ཡ་ཏི་སརྦ་བིགྷྣཱན་ཀཱ་ཡ་ཝཱཀ་ཙིཏྟ་ཀཱི་ལ་ཡ་ཧཱུྃ་ཕཊ༔ ཅེས་བཟླ་ཞིང་ཤར་གྱི་ཤར་དུ་གདབ། ཨོཾ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུྃ༔ ཧ་ན་ཧ་ན་ཧཱུྃ་ཕཊ༔ ཤར་དུ་གདབ། ཨོཾ་བཛྲ་ཀྲོ་དྷ་ཡ་མཱནྟ་ཀ་ཧཱུྃ༔ པ་ཙ་པ་ཙ་ཧཱུྃ་ཕཊ༔ ལྷོ་རུ་གདབ། ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲཱྀ་ཝ་ཧཱུྃ༔ ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ནུབ་ཏུ་གདབ། ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧཱུྃ༔ ཙྪིནྡ་ཙྪིནྡ་ཧཱུྃ་ཕཊ༔ བྱང་དུ་གདབ། ཨོཾ་བཛྲ་ཀྲོ་དྷ་ཏྲཻ་ལོ་ཀྱ་བི་ཛ་ཡ་ཧཱུྃ༔ བིནྡྷ་བིནྡྷ་ཧཱུྃ་ཕཊ༔ བྱང་ཤར་དུ་གདབ། ཨོཾ་བཛྲ་ཀྲོ་དྷ་ཨ་པ་རཱ་ཛི་ཏ་ཧཱུྃ༔ ཏིཥྛ་ཏིཥྛ་ཧཱུྃ་ཕཊ༔ ནུབ་བྱང་དུ་གདབ། ཨོཾ་བཛྲ་ཀྲོ་དྷ་ཨཱརྻ་ཨ་ཙ་ལ་ཧཱུྃ༔ བྷནྡྷ་བྷནྡྷ་ཧཱུྃ་ཕཊ༔ ལྷོ་ནུབ་ཏུ་གདབ། ཨོཾ་བཛྲ་ཀྲོ་དྷ་ནི་ལ་དཎྜ་ཧཱུྃ༔ ད་ཧ་ད་ཧ་ཧཱུྃ་ཕཊ༔ ཤར་ལྷོར་གདབ། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧཱུྃ༔ སྥོ་ཊ་སྥོ་ཊ་ཧཱུྃ་ཕཊ༔ ནུབ་ཀྱི་ནུབ་ཏུ་གདབ། ཁྲོ་བོ་བཅུ་ལས་ཁྲོ་ཆུང་གི་ཚོགས་དཔག་ཏུ་མེད་པ་འཕྲོས། ཕྱོགས་མཚམས་ཐམས་ཅད་རྡོ་རྗེའི་གུར་ཁང་དུ་གྱུར་པར་བསམ། སྤྲོས་པ་བསྡུ་ན་ཕུར་པ་གཅིག་ལ་ཏིང་ངེ་འཛིན་གོང་ལྟར་གསལ་བས་ཧཱུྃ་བཅུ་བཟླས་ཏེ་བྱང་ཤར་གྱི་གྲྭར་བཏབ་པས་ཀྱང་ཆོག་གོ །དེ་རྣམས་ནི་ས་གཞི་རུང་བར་བྱ་བའི་ཆོ་གའོ། །གཉིས་པ་བར་ཆད་ཀྱིས་དངོས་གྲུབ་མི་འཕྲོག་པར་མཚམས་བཅད་པ་ལ་གསུམ། དང་པོ་ཕྱི་མཚམས་གཅོད་པ་ནི། སྒྲུབ་ཁང་གི་ཕྱོགས་བཞིར་ཉེ་རིང་འཚམས་པར་ཐོ་བཞི་བརྩེགས་ཏེ་རྒྱལ་ཆེན་བཞིའི་སྐུའམ་སྔགས་བྱང་བྲིས་པ་གཟུགས། མདུན་དུ་སྟེགས་གཙང་མར་གཏོར་མ་དཀར་ཟླུམ་མཐེབ་རིལ་གྱིས་མཚན་པ་དང༌། གཡོན་ཕྱོགས་ནས་བརྩམས་ཆུ་གཉིས་ཉེར་སྤྱོད་ལྔ་བཅས་བཤམ། སྒྲུབ་པ་པོ་རྣམས་རོལ་ཆས་ཐོགས་ལ་སེར་སྦྲེང་གི་ཚུལ་གྱིས་ཤར་གྱི་ཐོ་མདུན་དུ་འཁོད་ལ། རྃ་ཡྃ་ཁྃ་བརྗོད་པས་སྦྱངས། ཨོཾ་ཨཱཿཧཱུྃ་གིས་འདོད་ཡོན་དུ་བྱིན་གྱིས་བརླབས། ལྕགས་ཀྱུའི་ཕྱག་རྒྱ་དང་བཅས་ཏེ། རང་གི་སྙིང་ཁ་ནས་འོད་ཟེར་འཕྲོས་པས་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་དཔུང་དང་བཅས་པ་སྤྱན་དྲངས། བཛྲ་ས་མཱ་ཛཿ ཐོ་ཕོ་བྲང་དུ་གསལ་བའི་ནང་དུ་རྟེན་དང་དབྱེར་མེད་པར་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་སོ་སོའི་འཁོར་གཡོག་དམག་ཚོགས་དང་བཅས་པ་མངོན་སུམ་དུ་བཞུགས་པར་གྱུར༔ ཨོཾ་དྷྲིཥྚ་རཥྚཱ་ཡ་སྭཱ་ཧཱ༔ ཞེས་ཅུང་ཟད་བཟླ། སྔགས་མཐར། ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁཱ་ཧི༔ ལན་གསུམ་གྱིས་གཏོར་མ་ཕུལ། ཨོཾ་བཛྲ་པུཥྤེ་སོགས་ཀྱི་མཆོད་པ་དང་རོལ་མོ་བྱ། བསྟོད་པ་ནི། ཧཱུྃ༔ ཕྱི་ལྟར་རྒྱལ་ཆེན་ཡུལ་འཁོར་སྲུང༔ ནང་ལྟར་བུདྡྷ་ཧེ་རུ་ཀ༔ གསང་བ་རྣམ་པར་སྣང་མཛད་དེ༔ སྔོན་གྱི་ཐུགས་དམ་ཇི་བཞིན་དུ༔ བཀའ་གསང་གཞུང་བཞིན་སྒྲུབ་པ་ལ༔ མ་དག་པ་རྣམས་མཚམས་ཆོད་ཅིག༔ ཅེས་ཕྲིན་ལས་བཅོལ། མེ་ཏོག་འཐོར་ལ། ཏིཥྛ་བཛྲས་བརྟན་བཞུགས་བྱ། ལྷོའི་ཐོ་མདུན་དུ་འཁོད་ལ། རྃ་ཡྃ་ཁྃ། ཨོཾ་ཨཱཿཧཱུྃ༔ རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ་དཔུང་དང་བཅས་པ་སྤྱན་དྲངས༔ བཛྲ་ས་མཱ་ཛ༔ ཐོ་ཕོ་བྲང་དུ་གསལ་བའི་ནང་དུ་རྟེན་དང་དབྱེར་མེད་པར་རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ་སོ་སོའི་འཁོར་གཡོག་དམག་ཚོགས་དང་བཅས་པ་མངོན་སུམ་དུ་བཞུགས་པར་གྱུར༔ ཨོཾ་བཻ་རུ་ཌྷ་ཀཱ་ཡ་སྭཱ་ཧཱ༔ ཞེས་ཅུང་ཟད་བཟླ། མཐར། ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁཱ་ཧི༔ ཨོཾ་བཛྲ་པུཥྤེ་སོགས་དང་བསྟོད་པ་ནི། ཧཱུྃ༔ ཕྱི་ལྟར་རྒྱལ་ཆེན་འཕགས་སྐྱེས་པོ༔ ནང་ལྟར་ཀརྨ་ཧེ་རུ་ཀ༔ གསང་བ་དོན་ཡོད་གྲུབ་པ་སྟེ༔ སྔོན་གྱི་ཐུགས་དམ་ཇི་བཞིན་དུ༔ བཀའ་གསང་གཞུང་བཞིན་སྒྲུབ་པ་ལ༔ མ་དག་པ་རྣམས་མཚམས་ཆོད་ཅིག༔ ཏིཥྛ་བཛྲ༔ ནུབ་ཀྱི་ཐོ་མདུན་དུ་འཁོད་ལ། རྃ་ཡྃ་ཁྃ༔ ཨོཾ་ཨཱཿཧཱུྃ༔ རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་རྒྱལ་པོ་ཆེན་པོ་སྤྱན་མི་བཟང་དཔུང་དང་བཅས་པ་སྤྱན་དྲངས༔ བཛྲ་ས་མཱ་ཛ༔ ཐོ་ཕོ་བྲང་དུ་གསལ་བའི་ནང་དུ་རྟེན་དང་དབྱེར་མེད་པར་རྒྱལ་པོ་ཆེན་པོ་སྤྱན་མི་བཟང་སོ་སོའི་འཁོར་གཡོག་དམག་ཚོགས་དང་བཅས་པ་མངོན་སུམ་དུ་བཞུགས་པར་གྱུར༔ ཨོཾ་བི་རུ་པཱཀྵ་ཡ་སྭཱ་ཧཱ༔ ཞེས་ཅུང་ཟད་བཟླ། མཐར། ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁཱ་ཧི༔ ཨོཾ་བཛྲ་པུཥྤེ་སོགས། བསྟོད་པ་ནི། ཧཱུྃ༔ ཕྱི་ལྟར་རྒྱལ་ཆེན་སྤྱན་མི་བཟང༔ ནང་ལྟར་པདྨ་ཧེ་རུ་ཀ༔ གསང་བ་སྣང་བ་མཐའ་ཡས་ཏེ༔ སྔོན་གྱི་ཐུགས་དམ་ཇི་བཞིན་དུ༔ བཀའ་གསང་གཞུང་བཞིན་སྒྲུབ་པ་ལ༔ མ་དག་པ་རྣམས་མཚམས་ཆོད་ཅིག༔ ཏིཥྛ་བཛྲ༔ བྱང་གི་ཐོ་མདུན་འཁོད་ལ། རྃ་ཡྃ་ཁྃ༔ ཨོཾ་ཨཱཿཧཱུྃ༔ རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་དཔུང་དང་བཅས་པ་སྤྱན་དྲངས༔ བཛྲ་ས་མཱ་ཛཿ ཐོ་ཕོ་བྲང་དུ་གསལ་བའི་ནང་དུ་རྟེན་དང་དབྱེར་མེད་པར་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་སོ་སོའི་འཁོར་གཡོག་དམག་ཚོགས་དང་བཅས་པ་མངོན་སུམ་དུ་བཞུགས་པར་གྱུར༔ ཨོཾ་བཻ་ཤྲ་མ་ཎཱ་ཡ་སྭཱ་ཧཱ༔ ཞེས་ཅུང་ཟད་བཟླ། མཐར། ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁཱ་ཧི༔ ཨོཾ་བཛྲ་པུཥྤེ་སོགས། བསྟོད་པ་ནི། ཧཱུྃ༔ ཕྱི་ལྟར་རྒྱལ་ཆེན་རྣམ་ཐོས་སྲས༔ ནང་ལྟར་རཏྣ་ཧེ་རུ་ཀ༔ གསང་བ་རིན་ཆེན་འབྱུང་ལྡན་ཏེ༔ སྔོན་གྱི་ཐུགས་དམ་ཇི་བཞིན་དུ༔ བཀའ་གསང་གཞུང་བཞིན་སྒྲུབ་པ་ལ༔ མ་དག་པ་རྣམས་མཚམས་ཆོད་ཅིག༔ ཏིཥྛ་བཛྲ༔ ཞེས་བརྟན་བཞུགས་བྱའོ། །གཉིས་པ་བར་མཚམས་ལ་གཉིས་ལས། དམ་སྲི་མནན་པ་ནི། སྒྲུབ་ཁང་གི་སྒོའི་མདུན་དུ་དོང་གྲུ་གསུམ་པ་བྲུ། དུག་ཤོག་ལ་དམ་སྲིའི་གཟུགས་བྲིས་པའི་སྙིང་གར་ཏྲི་ལ༔ དམ་སྲི་གམ་པ་རི་ཏྲི་ཡཾ་ཛ༔ ཨེ་ཧུར་ཐུམ་ཁཾ་ཤག་རོ་མྱག་རྨུག་ཏི་རྦད་ཡ༔ ཙིཏྟ་གཏུབས་གཏུབས༔ རྩ་ཁྲག་སྙིང་ལ་མཱ་ར་ཡ་ཀཱ་ཡ་ཝཱཀ་ཙིཏྟ་སྟྭཱཾ་བྷ་ཡ་ནན༔ ཞེས་བྲི་ཞིང་དུག་ཁྲག་དང་ཐལ་ཆེན་གྱི་བྱུག་ལྕགས་ཀྱི་ཨེ་འབར་བར་བཀྲམ་ཞིང༌། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ རང་ཉིད་སྐད་ཅིག་གིས་རྡོ་རྗེ་གཞོན་ནུ་མཐིང་ནག་ཞལ་གཡས་དཀར་གཡོན་དམར་དབུས་མཐིང་ནག་ཕྱག་དང་པོ་གཉིས་རྡོ་རྗེ་རྩེ་དགུ་པ་དང་མེ་ཕུང༔ བར་པ་གཉིས་རྡོ་རྗེ་རྩེ་ལྔ་པ་དང་ཁ་ཊྭཱཾ། ཐ་མ་གཉིས་རི་རབ་ཕུར་པ་འདྲིལ་ཞིང་ཞབས་གཉིས་འདོར་ཐབས་ཀྱིས་བདུད་བཞི་བརྫིས་ཤིང་རྡོ་རྗེའི་གཤོག་པ་བརྒྱངས་པ༔ དུར་ཁྲོད་རོལ་པའི་ཆས་ཅན༔ འཁོར་ལོ་རྒྱས་འདེབས་ཨུཏྤལ་དུང་དམར་འཛིན་པ་དང་སྦྱོར་བ༔ ཁྲོ་གཏུམ་མི་བཟད་འཇིགས་སུ་རུང་བ༔ ཡེ་ཤེས་ཀྱི་མེ་དཔུང་འབར་བའི་དབུས་ན་བཞུགས་པ༔ ཨོཾ་བཛྲ་མཎྜ་ལ༔ ཞེས་པས་ཕྱི་སྣོད་མཐིང་ནག་གྲུ་གསུམ་འབར་བའི་གཞལ་ཡས་ཁང༔ ནང་བཅུད་ཁྲོ་བོ་རོལ་པའི་ལྷ་ཚོགས་ཧཱུྃ་སྒྲ་སྒྲོག་ཅིང་དྲག་པོའི་ལས་ལ་རྔམ་པར་གྱུར༔ ཐུགས་དམ་བསྐུལ་བ་ནི། ཧཱུྃ༔ མི་མངོན་དབྱིངས་ནས་རྒྱལ་བ་ཞི་ཁྲོའི་ཚོགས། བཀའ་སྡོད་སྲུང་མ་སྤྲུལ་པ་ཕོ་ཉར་བཅས༔ མ་གཡེལ་ཐུགས་དམ་གཉན་པོ་གནད་ནས་བསྐུལ༔ དྲག་པོའི་ཕྲིན་ལས་མཛད་པའི་དུས་ལ་བབ༔ གསེར་སྐྱེམས་བཏང་བ་ནི། བདུད་རྩི་ཁྲག་ཆང་གི་ཨརྒྷཾ་སྦྲེང་ལ། རྃ་ཡྃ་ཁྃ་གིས་སྣོད་བཅུད་མ་དག་པ་སྦྱང་ཞིང༔ ཨོཾ་ཨཱཿཧཱུྃ་གིས་སྣོད་བཅུད་བདུད་རྩིར་བལྟས་ལ༔ ཧཱུྃ་ཧྲཱིཿ དགོངས་བརྡ་སྙན་བརྒྱུད་རིག་འཛིན་བླ་མའི་ཚོགས༔ ཡི་དམ་ཞི་ཁྲོ་སྒྲུབ་པ་བཀའ་བརྒྱད་ལྷ༔ མ་སྲིང་མཁའ་འགྲོ་དམ་ཅན་རྒྱ་མཚོ་རྣམས༔ གསེར་སྐྱེམས་འདི་བཞེས་དྲག་པོའི་ཕྲིན་ལས་མཛོད༔ དཔང་པོ་བཟུང་བ་ནི༔ ཧཱུྃ་ཧྲཱིཿ རྒྱལ་བ་སྐྱབས་གནས་ཁྱེད་རྣམས་དགོངས་སུ་གསོལ༔ བདག་གིས་བླ་མེད་བྱང་ཆུབ་སྒྲུབ་པ་ལ༔ ལམ་ལ་བར་དུ་གཅོད་པའི་བདུད་བྱུང་བས༔ ཉེས་མེད་རྣལ་འབྱོར་བདག་གི་གྲོགས་གཡེལ་ན༔ སྔོན་གྱི་ཐུགས་དམ་གཉན་པོ་མི་འགལ་ལམ༔ ལྷ་དང་སྲུང་མ་རྒྱ་མཚོས་གྲོགས་མཛོད་ཅིག༔ ཕོ་ཉ་ནམ་མཁའ་གང་བར་སྤྲུལ་ཞིང་ལྕགས་ཀྱུའི་ཕྱག་རྒྱ་དང་བཅས་པས༔ ན་མོ་དགོངས་བརྡ་སྙན་བརྒྱུད་བླ་མའི་ཚོགས༔ ཡི་དམ་བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་དང༔ སངས་རྒྱས་ཆོས་དང་དགེ་འདུན་འདུས་པའི་ཚོགས༔ མཁའ་འགྲོ་དམ་ཅན་སྲུང་མ་རྒྱ་མཚོ་དང༔ ལྷ་སྔགས་ཏིང་འཛིན་རྒྱུ་འབྲས་བསླུ་བ་མེད༔ ཆོས་ཉིད་རྣམ་པར་དག་པའི་བདེན་པ་ཡིས༔ བསྒྲལ་བའི་ཞིང་བཅུར་གྱུར་པའི་དམ་སྲིའི་ཚོགས༔ ད་ལྟ་ཉིད་དུ་གཟུགས་བྱང་འདི་ལ་ཁུག༔ ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་པདྨ་ཀྲོ་དྷཱི་ཤྭ་རི་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཡཀྵ་ཀཱ་ལ་རཱུ་པ་ཀརྨ་རཾ་རཾ་ཛྭ་ལ་རཾ་ཧཱུྃ་ཕཊ༔ དགྲ་བགེགས་དམ་སྲི་ཨཾ་ཀུ་ཤ་ཛཿ ཞེས་ཁུག་རྟགས་མ་བྱུང་གི་བར་དུ་བཀུག༔ བཛྲ་པཱ་ཤ་ཧཱུྃ༔ ཞགས་པའི་ཕྱག་རྒྱས་བཅིངས༔ བཛྲ་སྥོ་ཊ་བཾ༔ ལྕགས་སྒྲོག་གི་ཕྱག་རྒྱས་བསྡམས༔ བཛྲ་གྷཎྜེ་ཧོཿ དྲིལ་བུའི་ཕྱག་རྒྱས་དྲན་མེད་དུ་མྱོས་པར་བྱ། པྲ་བེ་ཤ་ཡ་ཕཊ༔ ཞེས་ལྷ་དང་ཕྲལ༔ ཤི་ལྟེབས་སུ་བྱས་ལ་བལ་ཚོན་གྱིས་དྲིལ་ཞིང་ཁྱི་ཐོད་དུ་བཅུག །རེ་བ་ནག་པོས་དྲིལ་ཞིང་ཚོན་སྐུད་ཀྱིས་རྒྱ་གྲམ་དུ་བཅིང༔ སེ་སྐྱེར་འོམ་གསུམ་གྱི་རྩང་རྣོན་གྱིས་སྒྲོམ༔ སྐྱེར་པའི་ཕུར་པ་སོར་དྲུག་པའི་འཆང་བཟུང་ལ་ཞིང་ཆེན་ནམ་རོ་རས་སམ་དར་ནག་ལ། ཨོཾ་བཛྲ་ཀྲོ་དྷ་ཨཱརྻ་ཨ་ཙ་ལེ་དགྲ་བགེགས་དམ་སྲི་མཱ་ར་ཡ་སྟྭཾ་བྷ་ཡ་ནན༔ ཞེས་བྲིས་པ་བཏགས་ལ་དེ་ཉིད་མི་གཡོ་བའི་སྐུ་རལ་གྲི་ཞགས་པ་འཛིན་པ་སྐུ་སྨད་ཕུར་བུའི་དབལ་ཅན་དུ་བསམ༔ ཧཱུྃ དུར་ཁྲོད་བགེགས་ཀྱི་ཚོགས་འཇོམས་ཁྲོ་བོའི་རྒྱལ༔ འཇོམས་མཛད་ཆེན་པོ་ཨཱརྻ་ཨ་ཙ་ལེ༔ ཀཱི་ལ་ཡ་ཡི་ཕྲིན་ལས་དུས་ལ་བབ༔ བར་ཆད་དམ་སྲི་ཐལ་བ་རྡུལ་དུ་རློག༔ ཨོཾ་བཛྲ་ཀྲོ་དྷ་ཨཱརྻ་ཨ་ཙ་ལེ་བཛྲ་ཀཱི་ལི་ཀཱི་ལ་ཡ་དགྲ་བགེགས་དམ་སྲི་མཱ་ར་ཡ་ཕཊ༔ ཞེས་བཟླས་ཤིང་དམ་སྲིའི་སྙིང་དཀར་ནག་གི་མཚམས་སུ་གདབ་པར་བསམ་ལ་ཨག་རྩེ་ལ་གདབ། ས་རིམ་པ་དགུའི་འོག་ནས་འཆི་བདག་གཤིན་རྗེ་ཆུ་སྲིན་གྱི་གདོང་པ་ཅན་སྦྲུལ་གྱི་རལ་པ་དགུ་གཡབ་ཅིང་ཁ་གདངས་ཤིང་ང་རོ་འབྲུག་ལྟར་སྒྲོག་པ༔ ངའི་ཟ་སྐལ་ཐོངས་ཤིག་ཟེར་ནས་བྱུང་བར་བསམ་ལ། ཧཱུྃ༔ རིམ་པ་དགུ་ཡི་ས་འོག་ནས༔ འཇམ་དཔལ་གཤིན་རྗེའི་བཀའ་ཉན་པ༔ ལས་ཀྱི་འཆི་བདག་ནག་པོ་ནི༔ ཡ་མཚན་ཆེན་པོ་རྨད་དུ་བྱུང༔ ཆུ་སྲིན་གདོང་ཅན་འབྲུག་སྒྲ་སྒྲོག༔ སྲིད་གསུམ་འདི་ན་མཐུ་རྩལ་ཅན༔ ཟས་སྐལ་དམ་སྲི་ཁྱོད་ལ་གཏད༔ སྟེང་གི་ཕྱོགས་སུ་མ་གཏོང་ཞིག༔ ཧཱུྃ༔ དམ་སྲི་བྱ་བའི་ལས་ངན་ཁྱོད༔ སྒྲུབ་ལ་མི་དགའ་བར་ཆད་རྩོམ༔ སྙིང་རྗེའི་ཡུལ་གྱུར་བགེགས་ཆེན་ཁྱོད༔ མནན་པར་བྱ་བའི་འོས་ཡིན་གྱི༔ ཐར་མེད་དམྱལ་ཁམས་ཡུལ་དུ་མནན༔ བྱང་ཆུབ་བར་དུ་མ་ལྡང་ཞིག༔ འཇིག་རྟེན་བསྐལ་པ་ཞིག་ན་ཡང༔ བྱང་ཆུབ་སེམས་ནི་མ་སྐྱེས་བར༔ ནམ་ཡང་ཐར་བའི་དུས་མེད་དོ༔ ལས་ངན་ཟད་ཀྱི་བར་དུ་མནན༔ འཆི་བདག་གཤིན་རྗེའི་ཁར་བསྐྱུར་བས༔ ཁོང་དུ་མིད་ཅིང་དམྱལ་བར་བཏང༔ འབྱུང་ལྔ་རྒྱ་གྲམ་གླིང་བཞི་དང༔ རི་རབ་མཆོད་རྟེན་ཁྲོ་ཚོགས་ཀྱིས༔ མཐའ་ནི་བསྐོར་ཞིང་སྟེང་ནས་མནན༔ ནམ་ཡང་ཐར་བའི་དུས་མེད་གྱུར༔ དམིགས་སུ་མེད་པའི་རྒྱས་གདབ་བོ༔ ཧཱུྃ་བཞིའི་སྔགས་བརྗོད་ཅིང་ཐུན་གྱིས་བྲབ༔ ས་དགུས་གཡོགས་ཤིང་རྒྱ་གྲམ་བྲི༔ རོ་གཡམ་རྡོ་རྗེ་རྒྱ་གྲམ་ལ༔ སྟྭཾ་བྷ་ཡ་ནན་བྲིས་པ་དང༔ ས་ཆུ་མེ་རླུང་རང་འཐག་ལ་གླིང་བཞི་རི་རབ་བྲིས་ལ་སཱཙྪ་ནག་པོ་རྣམས་ཀྱིས་རིམ་པར་མནན༔ དོང་སྲུབ་མེད་པར་བསྟིམ༔ མཆེད་རྣམས་བུདྡྷ་ཧེ་རུ་ཀར་གསལ་བས་མཛུབ་མོ་སྦྲེལ་ཞིང་བྲོ་ར་ཟླུམ་པོར་བསྐོར་ཞིང་ཧཱུྃ་བཞིའི་སྔགས་བརྗོད། ཧཱུྃཿ སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས༔ གཏི་མུག་བདེ་གཤེགས་འཁོར་བཅས་རྣམས༔ དེ་བཞིན་རིགས་མཆོག་མ་ལུས་པས༔ འཇིག་རྟེན་ཁམས་ནི་རབ་འབྱམས་ན༔ ཤིན་ཏུ་རྨོངས་པའི་སེམས་ཅན་རྣམས༔ ཐུགས་རྗེའི་སྟོབས་ཀྱིས་ཞི་བར་མཛད༔ ཞི་བར་མ་གྱུར་གང་ཡང་མེད༔ ཞི་མཛད་ལྷ་ལ་ཕྱག་འཚལ་ལོ༔ ཧཱུྃ་བཞིའི་སྔགས་དང༌། ཨོཾ་ཤནྟིཾ་ཀུ་རུ་སྭཱ་ཧཱ༔ ཡང་ཧཱུྃ་བཞིའི་སྔགས་བརྗོད་ཅིང་མཆེད་རྣམས་རཏྣ་ཧེ་རུ་ཀར་གསལ་བས་གུང་མོ་སྦྲེལ་བས་བྲོ་ར་གྲུ་བཞིར་བསྐོར་ལ། ཧཱུྃ༔ སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས། ང་རྒྱལ་བདེ་གཤེགས་འཁོར་བཅས་རྣམས༔ རིན་ཆེན་རིགས་མཆོག་མ་ལུས་པས༔ འཇིག་རྟེན་ཁམས་ནི་རབ་འབྱམས་ན༔ ཤིན་ཏུ་ཁེངས་པའི་སེམས་ཅན་རྣམས༔ ཚེ་དབང་ལོངས་སྤྱོད་ཡོན་ཏན་ཀུན༔ རྒྱས་པར་མ་མཛད་གང་ཡང་མེད༔ རྒྱས་མཛད་ལྷ་ལ་ཕྱག་འཚལ་ལོ༔ ཧཱུྃ་བཞིའི་སྔགས་ཀྱི་མཐར། པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཡང་ཧཱུྃ་བཞིའི་སྔགས་བརྗོད་ཅིང་མཆེད་རྣམས་པདྨ་ཧེ་རུ་ཀར་གསལ་བས་སྲིན་ལག་སྦྲེལ་ལ་བྲོ་ར་ཟླ་གམ་དུ་བསྐོར་ཏེ། ཧཱུྃ༔ སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས༔ འདོད་ཆགས་བདེ་གཤེགས་འཁོར་བཅས་རྣམས༔ པདྨ་རིགས་མཆོག་མ་ལུས་པས༔ འཇིག་རྟེན་ཁམས་ནི་རབ་འབྱམས་ན༔ ཤིན་ཏུ་ཆགས་པའི་སེམས་ཅན་རྣམས༔ ཡུད་ཙམ་གཅིག་གིས་དབང་དུ་བསྡུས༔ དབང་དུ་མ་མཛད་གང་ཡང་མེད༔ དབང་མཛད་ལྷ་ལ་ཕྱག་འཚལ་ལོ༔ ཧཱུྃ་བཞིའི་སྔགས་ཀྱི་མཐར། ཝཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཡང་ཧཱུྃ་བཞིའི་སྔགས་བརྗོད་ཅིང་མཆེད་རྣམས་ཀརྨ་ཧེ་རུ་ཀར་གསལ་བས་མཐེའུ་ཆུང་སྦྲེལ་ལ་བྲོ་ར་གྲུ་གསུམ་དུ་བསྐོར་ལ༔ ཧཱུྃ༔ སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས༔ ཕྲག་དོག་བདེ་གཤེགས་འཁོར་བཅས་རྣམས༔ ལས་ཀྱི་རིགས་མཆོག་མ་ལུས་པས༔ འཇིག་རྟེན་ཁམས་ནི་རབ་འབྱམས་ན༔ ཤིན་ཏུ་གཏུམ་པའི་སེམས་ཅན་རྣམས༔ ཐམས་ཅད་མ་ལུས་བརླག་པར་མཛད༔ རློག་མཛད་ལྷ་ལ་ཕྱག་འཚལ་ལོ༔ ཧཱུྃ་བཞིའི་སྔགས་མཐར། དམ་སྲི་མཱ་ར་ཡ་ཕཊ༔ སྟྭཾ་བྷ་ཡ་ནན༔ ཕྱི་སྒོར་གཤིན་རྗེའི་སྐུ་དང་ཕུར་པ་སྔགས་བྱང་ཅན་གྱི་སེང་ལྡེང་གི་དབྱུག་པ་མཆོད་གཏོར་དང་བཅས་པ་བཤམ༔ རྃ་ཡྃ་ཁྃ། གིས་བསྲེག་གཏོར་བཀྲུས་ཏེ་སྟོང་པར་བསམ༔ བྷྲཱུྃ་ལས་བྷཉྫ་འབར་བའི་སྣོད་དུ་ཨོཾ་ཨཱཿཧཱུྃ་ལས་ཡེ་ཤེས་ཀྱི་བདུད་རྩི་རྣམ་པ་ཤ་ཁྲག་གི་རང་བཞིན་དུར་ཁྲོད་ཀྱི་མཆོད་རྫས་སུ་གྱུར་པར་བསམ༔ སྟོང་པའི་ངང་ལས་བྷྲཱུྃ་ལས་ཐོད་མཁར་གྱི་ནང་པདྨ་ཉི་ཟླ་ཆུ་གླང་གི་སྟེང་དུ་ཡ་ལས་གཤིན་རྗེ་ཆོས་ཀྱི་རྒྱལ་པོ་མཐིང་ནག་མ་ཧེ་ཁྲོས་པའི་གདོང་ཅན་གནམ་ལྕགས་ཀྱི་རྭ་རྩེ་ལ་མེ་འབར་བ༔ གཡས་ཐོད་དབྱུག་དང་གཡོན་ཞགས་པ་འཛིན་པ༔ གཅེར་བུ་སྲིད་པའི་ལིང་ག་གྱེན་དུ་སྒྲེང་ཞིང་ཞབས་གཉིས་འདོར་ཐབས་ཀྱིས་བཞེངས་པ༔ གཡོན་དུ་ཡུམ་དམར་མོ་ལྕགས་ཀྱུ་དང་ཐོད་ཁྲག་འཛིན་པ༔ གཤེད་ཆེན་གྱི་དམག་ཚོགས་རྣམས་ཀྱིས་བསྐོར་བ༔ རང་འཇམ་དཔལ་གཤིན་རྗེ་གཤེད་དུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས༔ ལྷོ་ཕྱོགས་གཤིན་རྗེའི་ཞིང་ཁམས་ནས་ལས་ཀྱི་གཤིན་རྗེ་འཁོར་དང་བཅས་པ་སྤྱན་དྲངས་བཛྲ་ས་མཱ་ཛཿ ཞེས་སྤྱན་དྲངས་ཤིང༔ ཨོཾ་ཀཱ་ལ་རཱུ་པ་ཀརྨ་ཡ་མ་རཱ་ཛ་ཧཱུྃ་ཕཊ༔ ཞེས་བཟླ་ཞིང་བརྟན་པར་བྱ༔ ཨོཾ་ཀཱ་ལ་རཱུ་པ་ཀརྨ་ཡ་མ་རཱ་ཛ་ས་པ་རི་ཝཱ་ར་ཨརྒྷཾ་སོགས། ཤབྡ་པཱུ་ཛ་ཧོཿ ཨོཾ་ཀཱ་ལ་རཱུ་པ་ཀརྨ་ཡ་མ་རཱ་ཛ་ས་པ་རི་ཝཱ་ར་མ་ཧཱ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་ལན་ཅི་མང་འབུལ་ཞིང༔ ཧཱུྃ༔ གསང་ཆེན་ལྷུན་གྲུབ་ཕོ་བྲང་འདིར༔ རིག་འཛིན་རྣལ་འབྱོར་བདག་ཅག་གིས༔ དངོས་གྲུབ་ཆེན་པོ་དེང་སྒྲུབ་ཀྱིས༔ ཚེ་གཅིག་སངས་རྒྱས་མ་ཐོབ་བར༔ ལས་ཀྱི་གཤིན་རྗེ་ཆོས་རྒྱལ་ཁྱོད༔ གསང་བ་མཆོག་ལ་མི་དབང་རྣམས༔ སྒོ་འདི་ཡན་ཆད་མ་གཏོང་ཞིག༔ ལྷ་སྲིན་འབྱུང་པོ་ཐམས་ཅད་ཀུན༔ ཁྱོད་ཀྱི་འཁོར་དང་གཡོག་ལགས་པས༔ རྣམ་པར་སྨིན་པའི་ཆོས་ཤོད་ལ༔ ས་འདི་ཡན་ལ་མ་གཏོང་ཞིག༔ བཅོམ་ལྡན་ཆོས་རྗེའི་བཀའ་བསྩལ་ལྟར༔ བར་ཆད་དགྲ་བགེགས་ཚར་ཆོད་ལ༔ ཕྱི་འཁོར་སྐྱོང་བའི་མུན་རན་ལ༔ རྡོ་རྗེའི་ཡལ་གམ་ཐུབ་པར་མཛོད༔ ཨོཾ་ཀཱ་ལ་རཱུ་པ་ཀརྨ་ཡ་མ་རཱ་ཛ་ས་མ་ཡ་སྟྭཾ༔ ཞེས་བརྟན་པར་བྱ༔ ནང་སྒོར་བདུད་རྩི་འཁྱིལ་བའི་སྐུ་དང་སྔགས་བྱང་ཕུར་པ་མཆོད་གཏོར་རྣམས་བཤམས་ལ༔ རྃ་ཡྃ་ཁྃ་གིས་མ་དག་པ་སྦྱང༔ ཨོཾ་ཨཱཿཧཱུྃ་གིས་བདུད་རྩི་དང་འདོད་ཡོན་གྱི་མཆོད་སྤྲིན་འཕྲོ་བར་གྱུར་པར་བསམ༔ སྟོང་པའི་ངང་ལས་སྒོའི་ནང་དུ་པད་ཉིའི་སྟེང་དུ་ཧཱུྃ་ལས་བདུད་རྩི་འཁྱིལ་བ་ལྗང་ནག་རྒྱ་གྲམ་དང་དྲིལ་བུ་འཛིན་པ༔ ཡུམ་མཐར་བྱེད་མ་ལྗང་མོ་དུར་ཁྲོད་རོལ་པའི་ཆས་ཅན་ཡེ་ཤེས་ཀྱི་མེ་ཕུང་འབར་བའི་ཀློང་དུ་ཞབས་གཉིས་འདོར་ཐབས་ཀྱིས་བཞུགས་པ༔ སྤྱི་བོར་ཨོཾ༔ མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ༔ ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་ཡེ་ཤེས་པ་སྤྱན་དྲངས་བཛྲ་ས་མཱ་ཛཿ ཞེས་སྤྱན་དྲངས། ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུྃ༔ ཙྪིནྡྷ་ཙྪིནྡྷ་ཧཱུྃ་ཕཊ༔ ཞེས་དབྱེར་མེད་དུ་བསྟིམ་ཞིང་བརྟན་པར་བསམ༔ ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལཱི་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ནས། ཤབྡ་པཱུ་ཛ་ཧོཿ ཞེས་མཆོད་ལ། ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལཱི་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་གཏོར་མ་ལན་ཅི་མང་ཕུལ་ཞིང༔ ཧཱུྃ༔ གསང་བ་བླ་མེད་དཀྱིལ་འཁོར་འདིར༔ བཀའ་གསང་རྨད་བྱུང་སྒྲུབ་ལགས་པས༔ ཁྲོ་བོའི་རྒྱལ་པོ་བདུད་རྩི་འཁྱིལ༔ དངོས་གྲུབ་སྲུང་མར་མངའ་གསོལ་བས༔ སྔོན་གྱི་ཐུགས་དམ་ཇི་བཞིན་དུ༔ ཕྱི་ཡི་བར་ཆད་ཐམས་ཅད་བཟློག༔ ནང་གི་དངོས་གྲུབ་ཕྱིར་མ་གཏོང༔ ཐུགས་རྗེའི་ཐུགས་དམ་དུས་ལ་བབ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧཱུྃ༔ ཙྪིནྡྷ་ཙྪིནྡྷ་ཧཱུྃ་ཕཊ༔ ས་མ་ཡ་སྟྭཾ༔ ཞེས་བརྟན་པར་བྱ༔ སྒོ་གོང་དུ༔ བླ་མ་ཡི་དམ་མཁའ་འགྲོ་སྲུང་མ་རྣམས་དགོངས་སུ་གསོལ༔ བདག་གིས་སྒྲུབ་པ་འདི་དབུ་ཚུགས་ནས་དངོས་གྲུབ་མ་ཐོབ་ཀྱི་བར་དུ་སྒོ་ཕྱིར་མི་འདའ་བར་དམ་བཅས་པས༔ བར་ཆད་ཀྱི་དབང་དུ་མི་འགྲོ་བར་བྱིན་གྱིས་བརླབ་ཏུ་གསོལ༔ གལ་ཏེ་དངོས་གྲུབ་མ་ཐོབ་པར་སྒྲུབ་པ་ལས་འདས་ན་བཀའི་ཆད་པ་ཆོད་ཅེས་བྲི༔ སྒོ་འོག་ཏུ༔ དམ་སྲིའི་ལིང་ག་ཧོམ་ཁུང་དུ་བཅུག་ལ་སྙིང་གར་ཕུར་པ་བཏབ་པ་བཞག༔ སྒོ་འདི་ཡན་ལ་སུའང་མ་འདའ་ཞིག༔ ཅེས་བརྗོད༔ སློབ་མ་རྣམས་བགེགས་བསྐྲད༔ མཆེད་ལྕམ་རྣམས་ཁྲུས་ནས་དབྱུང༔ སྒྲུབ་ཁང་གི་ནང་དུ་འཇུག་གོ༔ གཉིས་པ་ནང་མཚམས་ལ་མ་ཊཾ་བསྒྲལ་ཆོག་ནི། དཀྱིལ་འཁོར་བྱ་བའི་གཞིར་མ་ཊཾ་གི་གཟུགས་བརྙན་མགོ་ལྷོ་ནུབ་ཏུ་བསྟན་པ་གན་རྐྱལ་དུ་བཞག །སྒྲུབ་པ་པོ་རྣམས་དྲག་པོའི་ཆས་སུ་ཞུགས་ལ། མ་ཧཱ་གུ་རུ་ཤྲཱི་ཧེ་རུ་ཀོ྅་ཧཾ༔ རང་ཉིད་སྐད་ཅིག་གིས་བླ་མ་དཔལ་ཆེན་པོ་ཆེ་མཆོག་ཧེ་རུ་ཀའི་སྐུར་གྱུར་པར་བསམ༔ ལྕགས་ཀྱུའི་ཕྱག་རྒྱས་བཅིངས་ལ༔ ཧཱུྃ༔ ཆོས་ཉིད་རྣམ་པར་དག་པ་དང༔ རྟེན་འབྲེལ་ཡེ་ཤེས་རོལ་རྩལ་ལས༔ དཀྱིལ་འཁོར་ལྷ་ཚོགས་ཅིར་ཡང་ཤར༔ བླ་མ་རྩ་གསུམ་ལྷ་ཚོགས་ཀྱི༔ བྱིན་རླབས་མཐུ་ནུས་བདེན་པ་ཡིས༔ ངོ་བོ་དངོས་གྲུབ་འཕྲོག་པའི་བགེགས༔ རྣམ་པ་མ་ཊཾ་གཟུགས་བརྙན་ཏེ༔ སྟོང་ཁམས་ཁྱབ་པའི་བདུད་རིགས་རྣམས༔ མ་རིག་ཉོན་མོངས་ལས་བྱུང་བའི༔ རུ་ཏྲའི་ཕུང་པོ་འདི་ལ་ཁུག༔ མ་ཊཾ་རུ་ཏྲ་ཨཱ་ཀརྵ་ཡ་ཛཿ ཞེས་བཀུག་སྟེ་གཟུགས་ལ་བསྟིམ༔ སློབ་དཔོན་གྱི་ཞབས་འདོར་སྟབས་གཡས་གཡོན་འོག་ཏུ་མནན་པར་བསམ་ལ། ཧཱུྃ༔ བདག་ཏུ་ལྟ་བའི་རུ་ཏྲ་འདིས༔ སྔོན་ཡང་སྒྲུབ་པ་ཀུན་ལ་སྒྲིབ༔ ད་ཡང་སྒྲུབ་པའི་བར་ཆད་བགེགས༔ ཁུངས་དང་རྫས་བཅས་གང་ལས་བྱུང༔ ཁུངས་དང་རྫས་བཅས་བདག་ལས་བྱུང༔ བདག་མེད་རྟོགས་པས་དབྱིངས་སུ་བསྒྲལ༔ སྔོན་ཚེ་རང་བྱུང་ཧེ་རུ་ཀས༔ གསང་བ་མཆོག་གི་དུར་ཁྲོད་དུ༔ བདག་ཏུ་ལྟ་བའི་རུ་ཏྲ་ནི༔ མགོ་བོ་ལྷོ་ནུབ་རྐང་བྱང་ཤར༔ བྱས་ཏེ་དཔལ་གྱི་ཞབས་འོག་མནན༔ ཡེ་ཤེས་འབར་བའི་མཚོན་ཆ་ཡིས༔ བསྒྲལ་ཏེ་དུར་ཁྲོད་ཕོ་བྲང་བྱས༔ དཔལ་ཆེན་འབར་བའི་ཏིང་འཛིན་དང༔ རོལ་པའི་སྟབས་ཀྱིས་རབ་ཏུ་གཟིར༔ སྐུ་གསུང་ཐུགས་ཀྱི་མཚོན་རྣོན་པོས༔ དུག་གསུམ་རུ་ཏྲ་དབྱིངས་སུ་བསྟིམ༔ དབྱིངས་ལས་ཡེ་ཤེས་རང་ཤར་བའི༔ འབར་བའི་གཞལ་ཡས་ཆེན་པོ་གྲུབ༔ མ་ཏྲཾ་རུ་ཏྲ་ཕཊ༔ ཁ་ཏྲཱཾ་ག་རུ་དྲ་ཕཊ༔ མ་ཏྲཾ་ཀ་རུ་དྲ་ཕཊ༔ སྐུ་གསུམ་རང་བཞིན་ཁ་ཊྭཱཾ་ཀ་རྩེ་གསུམ་སྙིང་གར་བསྣུན་པས། མ་ཊཾ་གྱི་ཕུང་པོ་ཁྲོལ་གྱིས་ཞིག༔ བདག་ཏུ་ལྟ་བའི་རྣམ་ཤེས་ཏྲི་ནག་པོའི་རྣམ་པར་གནས་པ་བདག་མེད་ལྟ་བའི་སྟོང་ཉིད་ཨ་དཀར་པོའི་རང་བཞིན་དུ་གནས་གྱུར་ཏེ་བདག་གི་ཐུགས་ཀར་ཐིམ་པར་བསམ་ལ་ཡེ་ཤེས་ཀྱི་རལ་གྲིས་ལྷུ་ཕྲལ་ཞིང༌། མགོ་བོ་ལྷོ་ནུབ། སྙིང་ནུབ། ལག་གཡོན་ནུབ་བྱང༌། རྐང་གཡོན་བྱང༌། མཚན་མ་བྱང་ཤར། རྐང་གཡས་ཤར། ལག་གཡས་ཤར་ལྷོ། གློ་བ་ལྷོ། ཁོག་པ་དབུས་སུ་བཞག་ལ། སྒྲུབ་པ་པོ་རྣམས་སྲིན་ལག་ལུ་གུ་རྒྱུད་དུ་སྦྲེལ་ཞིང༌། ཧཱུྃ༔ སྟོང་པ་ཉིད་ནི་ཆོས་ཀྱི་དབྱིངས༔ མ་བཅོས་ངང་དུ་བྲོ་བརྡུངས་པས༔ གཏི་མུག་རུ་ཏྲ་ཐལ་བར་བརླགས༔ འོད་གསལ་ཆེན་པོའི་ཀློང་དུ་ཐིམ༔ མེ་ལོང་ཡེ་ཤེས་ངང་ཉིད་དུ༔ སྣང་སྟོང་འཛིན་མེད་བྲོ་བརྡུངས་པས༔ ཞེ་སྡང་རུ་ཏྲ་ཐལ་བར་བརླགས༔ གསལ་བ་ཆེན་པོའི་ཀློང་དུ་ཐིམ༔ ཐམས་ཅད་མཉམ་པའི་དབྱིངས་ཉིད་དུ༔ གསལ་སྟོང་ཞེན་མེད་བྲོ་བརྡུངས་པས༔ ང་རྒྱལ་རུ་ཏྲ་ཐལ་བར་བརླགས༔ ཕྱོགས་ལྷུང་མེད་པའི་ཀློང་དུ་ཐིམ༔ སོ་སོར་རྟོག་པའི་དབྱིངས་ཉིད་དུ༔ མ་འདྲེས་ཡོངས་རྫོགས་བྲོ་བརྡུངས་པས༔ འདོད་ཆགས་རུ་ཏྲ་ཐལ་བར་བརླགས༔ བདེ་བ་ཆེན་པོའི་ཀློང་དུ་ཐིམ༔ བྱ་བ་གྲུབ་པའི་དབྱིངས་ཉིད་དུ༔ རིག་པ་ཟང་ཐལ་བྲོ་བརྡུངས་པས༔ ཕྲག་དོག་རུ་ཏྲ་ཐལ་བར་བརླགས༔ ལྷུན་གྲུབ་ཆེན་པོའི་ཀློང་དུ་ཐིམ༔ ཞེས་བྲོ་རྒྱས་པར་བརྡུང་བའམ། ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་རྡོ་རྗེའི་འགྲོས་ཀྱིས་བསྐོར་བ་ཁོ་ནས་ཀྱང་ཆོག །རུ་ཏྲའི་སྲོག་གི་སྒོར་ཞུགས༔ བདག་ཏུ་ལྟ་བའི་དྲེགས་པ་བཅོམ༔ ཕུང་པོ་དུར་ཁྲོད་ཀྱི་གཞལ་ཡས་ཁང་ཆེན་པོར་ལྷུན་གྱིས་གྲུབ་པར་བསམ། ལག་གཉིས་རྡོ་རྗེའི་ཁུ་ཚུར་དཔུང་མགོར་བསྣོལ་ཞིང་དཔལ་ཆེན་པོའི་འགྱིང་བག་དང་བཅས་ཏེ། ཧཱུྃ་ཧཱུྃ་ཧཱུྃ། ཧ་ཧ་ཧ། ཕཊ་ཕཊ་ཕཊ༔ ཅེས་བརྗོད་བཞིན་དུ་དཀྱིལ་འཁོར་གྱི་གཞི་ལ་བསྐོར་རོ། །གསུམ་པ་གསང་མཚམས་བཅད་པ་ནི། ཐམས་ཅད་ཆོས་ཀྱི་དབྱིངས་ཉིད་ལ༔ བཟང་ངན་བླང་དོར་མེད་པའི་ཕྱིར༔ བར་ཆད་བགེགས་ཀྱི་མིང་ཡང་མེད༔ འཁོར་འདས་བདེ་བ་ཆེན་པོར་གནས༔ དྷརྨ་དྷཱ་ཏུ་ཛྙཱ་ན་རཀྵ་རཀྵ་ཧཱུྃ༔ ཞེས་དོན་དམ་ངང་དུ་མཉམ་པར་བཞག༔ གཉིས་པ་ཉེ་བར་བསྙེན་པའི་ཡན་ལག་ལ་ལྔ། སྟ་གོན། དཀྱིལ་འཁོར་བཞེངས་པ། བསྲེ་བསྣན། མངའ་གསོལ། བྱིན་དབབ་པའོ། །དང་པོ་སྟ་གོན་ལ་གསུམ། ལྷ། བུམ་པ། ཡོ་བྱད་སྟ་གོན་དུ་བྱ་བའོ། །དང་པོ་ལྷ་སྟ་གོན་ནི། གཙོ་བོར་དཀྱིལ་འཁོར་བྲི་བར་གནང་བ་ཞུ་བའི་དོན་ཡིན་པས་འགྲུབ་ན་ལེགས་པ་ལས་ལྷག་སྐྱོན་ཏུ་མི་འགྱུར་བས་དེ་ལྟར་ན། ཐོག་མར་ཆག་ཆག་གདབ་པ་ནི། དུང་ཕོར་རམ་ཀ་པཱ་ལར་བདུད་རྩི་རྣམ་པ་ལྔ་སྦྱར་བའི་དྲི་བཟང་གི་ཆུས་དཀྱིལ་འཁོར་གྱི་གཞི་ལ་རྡོ་རྗེའི་ཁུ་ཚུར་གྱིས་བྱང་ཤར་ནས་གཡས་བསྐོར་དུ་ཁྱེམ་མེད་པར་བྱུག་ཅིང༌། ཧཱུྃ༔ བླ་མེད་གསང་བ་མཆོག་གི་དཀྱིལ་འཁོར་དུ༔ དམ་རྫས་བདུད་རྩི་ཡེ་ཤེས་ལྔ་ལྡན་པའི༔ བདེ་གཤེགས་རྒྱལ་བའི་སྐུ་གསུང་ཐུགས་སྒྲུབ་ཕྱིར༔ བཀའ་གསང་རྨད་དུ་བྱུང་བའི་ཆག་ཆག་འདེབས༔ ཨོཾ་མ་ཧཱ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུྃ༔ ཞེས་བརྗོད་ཅིང་ཞི་རོལ་བྱ། ཐིག་གདབ་པ་ནི། སློབ་དཔོན་ནུབ་དང་རིག་མ་ཤར་འཁོད། ཚོན་སྣ་ལྔ་བསྒྲིལ་བའི་ཐིག་སྐུད་འདུ་བྱས་ལ། རང་ཉིད་དཔལ་ཧེ་རུ་ཀར་གསལ་བའི་ཐུགས་ཀ་ནས་རྃ་ཡྃ་ཁྃ་འཕྲོས༔ རིག་མའི་ལུས་ངག་ཡིད་གསུམ་གྱི་མ་དག་པ་ཐམས་ཅད་སྦྱངས༔ གནམ་ཞལ་དབྱིངས་ཕྱུག་ཏུ་གྱུར་པའི་ཡབ་ཡུམ་གཉིས་ཀྱི་གནས་ལྔར་རིགས་ལྔ་ཡབ་ཡུམ་གསལ་བའི༔ ཡབ་ཀྱི་གསང་གནས་རྡོ་རྗེ་ཧཱུྃ་གིས་མཚན་པ༔ ཡུམ་གྱི་མཁའ་པྃ་ལས་པདྨ་འདབ་མ་བཞི་པའི་ཟེའུ་འབྲུ་ཉི་མ་ལ་མཱུྃ་གྱིས་མཚན་པར་གྱུར་པར་བསམ་ལ༔ ཧཱུྃ༔ བཀྲ་ཤིས་མཚན་ལྡན་གཟུངས་མ་ཡུམ༔ མཚན་ཉིད་མ་ལུས་ཀུན་ཚང་ཞིང༔ ཁ་ནས་ཨུཏྤལ་དྲི་ལྡངས་ཤིང༔ སྐད་ཀྱང་ངང་པ་གཞོན་ནུའི་ཚུལ༔ སྙན་པར་སྨྲ་ཞིང་བདེ་བ་བསྐྱེད༔ མཉེན་ལྕུག་འཁྲིལ་ལྡེམ་དབྱེར་མི་ཕྱེད༔ གཉིས་མེད་མཉམ་པར་སྦྱོར་བ་ཡི༔ བྱང་ཆུབ་སེམས་ཀྱི་འཕྲོ་འདུ་ཡིས༔ རྡོ་རྗེ་ལས་ཀྱི་ཐིག་ཐོབ་ཅིག༔ ཞེས་ཐིག་སྐུད་ཁ་དོག་ལྔ་ཕྲག་ལྔ་བསྒྲིལ་བ་རིག་མ་ལ་གཏད༔ ཡབ་ཡུམ་གཉིས་སྙོམས་པར་ཞུགས་པའི་བདེ་བའི་སྒྲ་དང་འོད་ཟེར་གྱིས་ཕྱོགས་བཅུའི་བདེ་བར་གཤེགས་པ་ཐམས་ཅད་སྤྱན་དྲངས༔ སྤྱི་བོ་ནས་ཞུགས༔ སྙིང་གར་བྱང་ཆུབ་སེམས་སུ་ཞུ༔ རིགས་ལྔ་ཡབ་ཡུམ་གྱི་བྱང་ཆུབ་སེམས་དང་བཅས་པ་མཁའ་གསང་ནས་ཐོན༔ སྒྲ་དང་བཅས་ཏེ་བྱང་ཆུབ་སེམས་ཀྱི་འཕྲོ་འདུས་སངས་རྒྱས་རྣམས་སད་པར་བྱས༔ ནམ་མཁར་ཡེ་ཤེས་ཀྱི་དཀྱིལ་འཁོར་མངོན་སུམ་བཞིན་ཏུ་གསལ༔ ས་གཞི་ལ་དམ་ཚིག་གི་དཀྱིལ་འཁོར་ལྷུན་གྱིས་གྲུབ་པར་གྱུར་པར་བསམ་ལ༔ ཧཱུྃ༔ མཁའ་དབྱིངས་རྣམ་དག་ཡུམ་གྱི་ས་གཞི་ལ༔ བདེ་བ་ཆེན་པོ་ཡབ་ཀྱི་ཐིག་གདབ་པས༔ ཟུང་འཇུག་བྱང་ཆུབ་སེམས་ཀྱི་སྤྲིན་སྤྲོས་ནས༔ བླ་མ་རིག་འཛིན་དཔལ་ཆེན་ཧེ་རུ་ཀ༔ འགྲོ་འདུལ་འཆི་མེད་ཞི་ཁྲོ་དོན་དམ་གྱི༔ ལྷ་ཚོགས་བཞུགས་པའི་ཕོ་བྲང་ལྷུན་གྱིས་གྲུབ༔ བྷྲཱུྃ་ཛྙཱ་ན་མཎྜ་ལ་བྷྲཱུྃ༔ ཞེས་ཕྱོགས་དང་སྐོར་ཕྱོགས་མ་ནོར་བར་ཡེ་ཐིག་གདབ་ཅིང་ཡབ་ཡུམ་གྱི་བྱང་ཆུབ་སེམས་ཅུ་གང་དང་ཅོང་ཞི་ཕྱེ་མར་སྦྱར་བས་ལས་ཐིག་ཚངས་ཟུར་ལོགས་དང་བཅས་པ་ཇི་ཙམ་འོས་པ་གདབ་ཅིང་བཅུ་དྲུག་ཏུ་བགོས༔ བྱང་ཆུབ་སེམས་དང་སིནྡྷཱུ་ར་ཅོང་ཞི་དམར་པོ་ཕྱེ་མར་སྦྱར་བའི་ཐིག་སྐུད་ལྔ་བསྒྲིལ་གྱིས་ཆ་ཆེན་རྣམས་བཞི་བཞིར་བགོ༔ ཕྱོགས་རེ་ལ་ཆ་ཆེན་རེ་བསྣན་པའི་ཕྱི་རོལ་ནས་མུ་ཁྱུད་རིམ་པ་ལྔ་ཇི་ཙམ་འོས་པས་བསྐོར༔ དཀྱིལ་འཁོར་གྲུབ་པའི་བྱང་ཆུབ་སེམས་ལྷག་མ་རྣམས་ཡབ་ཡུམ་གྱི་གནས་ལྔར་དྲངས་ཤིང་འཁྱིལ་བར་བསམ་ལ་བདེ་སྟོང་དབྱེར་མེད་ཀྱི་ངང་དུ་བཞག༔ ཡུམ་གྱིས་ཕྱག་དང་བཅས་ཏེ་ཐིག་སྐུད་ཡབ་ལ་འབུལ་ལོ། །གཙོ་བོའི་གནས་སུ་བདུད་རྩི་དྲི་བཟང་སྦྱར་བའི་ཆབ་ཀྱིས་ཐིག་ལེ་གྲུ་བཞིའི་སྟེང་ཚོམ་བུ་ལྔ་བཀོད་ལ། དེ་རྣམས་སུ་རྩ་གསུམ་སྤྱི་དྲིལ་སྔགས་ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་དྷེ་ཝ་དྷཱ་ཀི་ནི་དྷརྨ་པཱ་ལ་སརྦ་སིདྡྷི་ཧཱུྃ༔ མཐར། ཨོཾ་ཨཱཿཧཱུྃ་ས་མ་ཡ་སྟྭཾ༔ བཏགས་པ་བརྗོད་ཅིང་མེ་ཏོག་གི་ཚོམ་བུ་གཙོ་འཁོར་ཕྱེད་པར་བཀོད། ཕྱི་ནང་གི་མཆོད་པས་བསྐོར། ལས་བྱང་ལྟར་མཆོད་པ་བྱིན་བརླབ། དཀྱིལ་འཁོར་གྱི་གཞི་སྟོང་པ་ཉིད་ཀྱི་ངང་ལས༔ ཡེ་ཤེས་ཀྱི་རང་བཞིན་གཞལ་ཡས་ཁང༔ རང་སྣང་རིག་པའི་རྩ་གསུམ་ལྷ་ཚོགས་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་མངོན་སུམ་དུ་གསལ་བར་གྱུར༔ ཨོཾ་ཨཱཿཧཱུྃ༔ ལན་གསུམ་གྱིས་བྱིན་བརླབ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཿ ཞེས་དབང་བསྐུར༔ རང་བཞིན་གྱི་གནས་ནས་ཡེ་ཤེས་པའི་ཚོགས་བསམ་གྱིས་མི་ཁྱབ་པ་སྤྱན་དྲངས༔ བཛྲ་ས་མཱ་ཛཿ ཧཱུྃཿ མི་གཡོ་མཉམ་ཉིད་ཆོས་སྐུའི་མཁའ་དབྱིངས་ལས༔ ཡེ་ཤེས་རོལ་པའི་ཆོ་འཕྲུལ་བསམ་མི་ཁྱབ༔ གཤེགས་དང་བཞུགས་པའི་མཚན་མ་མི་དམིགས་ཀྱང༔ སྤྲུལ་པ་དབྱིངས་ནས་རོལ་ཅིང་གཤེགས་སུ་གསོལ༔ ཞེས་སྤྱན་དྲངས་ཤིང༔ ཛཿཧཱུྃ་བཾ་ཧོཿས་གཉིས་མེད་དུ་བསྟིམ༔ ས་མ་ཡ་ཏིཥྛ་ལྷན༔ ཞེས་གདན་ལ་བཞུགས་པར་བསམ༔ དེ་ནས་དཔོན་སློབ་རྣམས་ཞྭ་གོས་རྒྱན་གྱིས་བརྒྱན་ཅིང་རོལ་མོ་དང་མཆོད་པའི་ཚོགས་ཐོགས༔ ཕྱག་མཆོད་བསྟོད་བཤགས་གསོལ་བ་གདབ་པ་ནི༔ ཤར་ནས༔ ཧཱུྃ༔ རྡོ་རྗེའི་རིགས་མཆོག་མ་ལུས་པའི༔ དེ་བཞིན་གཤེགས་ལ་ཕྱག་འཚལ་ལོ༔ མཆོད་ཡོན་ཞབས་བསིལ་མེ་ཏོག་དང༔ བདུག་སྤོས་མར་མེ་དྲི་ཆབ་དང༔ ཞལ་ཟས་རོལ་མོ་འདི་དག་ནི༔ རྒྱལ་བ་དགྱེས་པའི་སྤྲིན་དུ་སྣང༔ གུས་པས་འབུལ་གྱིས་བཞེས་སུ་གསོལ༔ རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་སོགས༔ སྔགས་དང་ཕྱག་རྒྱ་མ་བསྟེན་བཤགས༔ ཨེ་མ་ངོ་མཚར་རྨད་བྱུང་བ༔ སྐུ་གསུང་ཐུགས་དང་ཡང་དག་ལྡན༔ བསམ་གྱིས་མི་ཁྱབ་ཡོན་ཏན་ཅན༔ ཕྲིན་ལས་མཛད་ལ་ཕྱག་འཚལ་བསྟོད༔ རྒྱལ་བ་རྣམས་ཀྱིས་ཡོངས་བསྔགས་པ༔ དཀྱིལ་འཁོར་རྒྱལ་པོ་འདིར་བཞེངས་ཏེ༔ དངོས་གྲུབ་རྒྱ་མཚོ་སྒྲུབ་ལགས་ན༔ དགྱེས་ཤིང་གནང་བར་མཛད་དུ་གསོལ༔ ཞེས་དང༔ ལྷོ་ནས༔ ཧཱུྃ༔ རིན་ཆེན་རིགས་མཆོག་མ་ལུས་པའི༔ དེ་བཞིན་གཤེགས་ལ་ཕྱག་འཚལ་ལོ༔ རྒྱལ་སྲིད་རིན་ཆེན་རྣམ་པ་བདུན༔ བཀྲ་ཤིས་རྟགས་བརྒྱད་དཔལ་དང་ལྡན༔ ཀུན་ཏུ་དགེ་བའི་རྫས་མཆོག་བརྒྱད༔ ཁང་བཟང་གཏེར་བུམ་འདོད་འཇོའི་བ༔ རི་རབ་གླིང་བཞིའི་བཀོད་པར་བཅས༔ སྤྱན་གཟིགས་མཆོད་སྤྲིན་འདི་དག་ནི༔ རྒྱལ་བ་དགྱེས་པའི་སྤྲིན་དུ་སྣང༔ གུས་པས་འབུལ་ལོ་བཞེས་སུ་གསོལ༔ སེར་སྣས་བཅིངས་ཤིང་སྦྱིན་པའི་ཚོགས༔ བསོད་ནམས་བསགས་པར་མ་བགྱིས་བཤགས༔ ཨེ་མ་ངོ་མཚར་རྨད་བྱུང་བ༔ ཞི་ལ་མཚན་དང་དཔེ་བྱད་ལྡན༔ ཁྲོ་ལ་གཏུམ་ཞིང་འབར་བའི་སྐུ༔ གང་འདུལ་སྟོན་ལ་ཕྱག་འཚལ་བསྟོད༔ བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤིང༔ མཆོད་ཅིང་བསྟོད་དེ་བསྒྲུབ་པའི་ཕྱིར༔ དཀྱིལ་འཁོར་ཆེན་པོ་བཞེངས་ལགས་ན༔ ངེས་པར་ངོ་མཚར་བསྟན་ཏུ་གསོལ༔ ནུབ་ནས༔ ཧཱུྃ༔ པདྨའི་རིགས་མཆོག་མ་ལུས་པའི༔ དེ་བཞིན་གཤེགས་ལ་ཕྱག་འཚལ་ལོ༔ གསང་བ་མཆོག་གི་རྣལ་འབྱོར་མ༔ མཚན་དང་ལྡན་པ་བཅུ་དྲུག་ནི༔ བདེ་བ་སྐྱེད་པའི་རོལ་རྩེད་ཅན༔ བསམ་ཡས་སྤྲུལ་པ་འདི་དག་ནི༔ རྒྱལ་བ་དགྱེས་པའི་སྤྲིན་དུ་སྣང༔ གུས་པས་འབུལ་གྱིས་བཞེས་སུ་གསོལ༔ ཐོས་བསམ་དམ་པའི་ཆོས་རྣམས་ལ༔ ཉན་བཤད་སྒོམ་སྒྲུབ་མ་བགྱིས་བཤགས༔ ཨེ་མ་ངོ་མཚར་རྨད་བྱུང་བ༔ གང་ལ་གང་འདུལ་ཆོས་སྟོན་ཅིང༔ ཁྱད་པར་ས་ལམ་ཆིག་ཆོད་དུ༔ བགྲོད་པར་བསྟན་ལ་ཕྱག་འཚལ་བསྟོད༔ འདྲེན་པ་ཀུན་གྱི་ཐབས་ཆེན་པོ༔ རིག་འཛིན་ཀུན་གྱི་གཤེགས་ལམ་མཆོག༔ སྨིན་ཅིང་གྲོལ་བར་བྱ་བའི་ཕྱིར༔ དཀྱིལ་འཁོར་བཞེངས་འཚལ་གནང་དུ་གསོལ༔ བྱང་ནས༔ ཧཱུྃ༔ ལས་ཀྱི་རིགས་མཆོག་མ་ལུས་པའི༔ དེ་བཞིན་གཤེགས་ལ་ཕྱག་འཚལ་ལོ༔ གདུག་པའི་ཚོགས་རྣམས་རབ་བསྒྲལ་ཏེ༔ དབང་པོའི་མེ་ཏོག་ཤ་ཆེན་སྤོས༔ ཞུན་ཆེན་མར་མེ་མཁྲིས་ཆེན་དྲི༔ ཤ་རུས་ཞལ་ཟས་རྐང་གླིང་དང༔ ཐོད་པའི་རྔ་སྒྲ་དུར་ཁྲོད་རྫས༔ དྲག་ཅིང་རྔམ་པའི་ཚུལ་འདི་ནི༔ རྒྱལ་བ་དགྱེས་པའི་སྤྲིན་དུ་སྣང༔ གུས་པས་འབུལ་གྱིས་བཞེས་སུ་གསོལ༔ རང་འདོད་དྲི་མས་མ་གོས་པའི༔ འགྲོ་བའི་དོན་མ་བྱས་པ་བཤགས༔ ཨེ་མ་ངོ་མཚར་རྨད་བྱུང་བ༔ ཐབས་དང་ཐུགས་རྗེ་སྣ་ཚོགས་ཀྱིས༔ མ་བསྒྲལ་བསྒྲལ་དང་མ་གྲོལ་དགྲོལ༔ འགྲོ་དོན་མཛད་ལ་ཕྱག་འཚལ་བསྟོད༔ སེམས་ཅན་དོན་རབ་བརྩོན་པའི་ཕྱིར༔ ཕྲིན་ལས་རྣམ་བཞི་སྒྲུབ་པ་ཡིན༔ རྒྱལ་བའི་དཀྱིལ་འཁོར་བཞེངས་ལགས་ན༔ འགྲོ་བའི་དོན་ལ་བསྩལ་དུ་གསོལ༔ སློབ་དཔོན་འཁོར་ལོས་སྒྱུར་བའི་ཆས་སུ་ཞུགས་ལ་རྡོ་རྗེ་འདེགས་པའི་ཕྱག་རྒྱས༔ བྷྲཱུྃ་བི་ཤྭ་བི་ཤུདྡྷེ་ཨོཾ་ཨཱཿཧཱུྃ༔ ཧཱུྃ་ཧ་ཧེ་ཕཊཿཛཿ ཞེས་སྟ་གོན་གྱི་ལྷ་རྣམས་ནམ་མཁར་བཏེགས༔ རྡོ་རྗེ་སློབ་དཔོན་སྟེགས་བུའི་དབུས་སུ་ཁྲིའུ་ཁར་བཟང་པོའི་འདུག་སྟངས་ཀྱིས་བཞུགས༔ མཐའ་བསྐོར་ནས་སློབ་མ་རྣམས་ཀྱིས་མགྲིན་གཅིག་ཏུ༔ ཧཱུྃ༔ བདེ་གཤེགས་རིགས་མཆོག་མ་ལུས་པའི༔ རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ༔ སྦྱོར་སྒྲོལ་ཚོགས་ཀྱི་མཆོད་པ་འདིས༔ རྡོ་རྗེ་སློབ་དཔོན་ཐུགས་དམ་བསྐང༔ བདེ་གཤེགས་ཞི་ཁྲོའི་ཐུགས་དམ་བསྐང༔ མཁའ་འགྲོ་དམ་ཅན་ཐུགས་དམ་བསྐང༔ སྐུ་གསུང་ཐུགས་ཀྱི་དམ་ཚིག་དང༔ ལྔ་ཕྲག་ལྔ་དང་ཉི་ཤུ་པ༔ དང་དུ་མ་བླང་ཚོད་ཡོད་བགྱིས༔ བྱང་ཆུབ་སེམས་ནི་སྤངས་པ་བཤགས༔ ཨེ་མ་ངོ་མཚར་རྨད་བྱུང་བ༔ དུས་གསུམ་བདེ་གཤེགས་ཞི་ཁྲོ་རྣམས༔ རྡོ་རྗེ་སློབ་དཔོན་སྐུ་ལ་རྫོགས༔ དཀྱིལ་འཁོར་གཙོ་ལ་ཕྱག་འཚལ་བསྟོད༔ འདི་ན་རྣལ་འབྱོར་བདག་ཅག་གིས༔ ཚེ་གཅིག་སངས་རྒྱས་བསྒྲུབ་པའི་ཕྱིར༔ འདུས་པའི་དཀྱིལ་འཁོར་བཞེངས་ལགས་ན༔ ལྷ་དང་བླ་མས་བསྩལ་དུ་གསོལ༔ དེ་ནས་སློབ་དཔོན་གྱིས༔ དེ་ལྟར་ཡིན་ན་གསང་བ་མཆོག༔ དཀྱིལ་འཁོར་ཆེན་པོ་འདི་བསྒྲགས་པས༔ དབང་དང་དངོས་གྲུབ་ལས་རྣམས་བྱེད༔ འདུས་པའི་དཀྱིལ་འཁོར་བཞེངས་པར་འཚལ༔ ཞེས་ལྷ་དང་སློབ་དཔོན་གྱིས་གནང་བ་བསྩལ་པར་གྱུར་བར་བསམ་མོ༔ དེ་ནས་བྷནྡྷ་མཚན་བཟང་རྣམས་ཀྱི་ནང་དུ་དུར་ཁྲོད་ཀྱི་ས་སྣ་བསྲེས་པའི་རིན་ཆེན་སྣ་ལྔ༔ ཚོན་ཁ་དོག་སྣ་ཚོགས་པ་རིགས་མཐུན་ཚོམ་བུ་ལྔ་བཀོད་པ་ལ༔ ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿས་མཚན་པ་ལས་འོད་ཟེར་འཕྲོས༔ རྒྱལ་བ་རྣམས་མཆོད་ཅིང་ཡེ་ཤེས་རྣམས་རིན་པོ་ཆེ་ལྔའི་རང་བཞིན་དུ་སྤྱན་དྲངས་པ་རྣམས་ཡིག་འབྲུ་ལྔ་ལ་ཐིམ༔ འོད་དུ་ཞུ་བ་རིན་པོ་ཆེའི་རྡུལ་ཕྲ་རབ་ཏུ་གྱུར་པར་བསམ་ལ་ཡིག་འབྲུ་ལྔ་བརྒྱ་སྟོང་བཟླས་ལ་བྱིན་གྱིས་བརླབ༔ བྱང་ཤར་དུ་རེ་ཁཱ་ལྔ་བྲིས་པ་ཐོད་པས་བཀབ༔ དཀྱིལ་འཁོར་གྲུབ་ནས་ཐོད་པ་བསལ་བས་ཚོན་མ་གྲུག་པ་བཀྲག་གདངས་གསལ་ན་ཤིན་ཏུ་བཟང༔ དཀྱིལ་འཁོར་གྱི་མཐར་དྲི་ལྔ་སྐྲ་ཚིལ་དང་སྦྱར་བ་བར་མ་ཆད་དུ་བྱུག༔ སློབ་དཔོན་གྱིས་རྡོ་རྗེ་གསོར་ཞིང་དྲིལ་བུ་འཁྲོལ་ལ་ཆོས་ཉིད་དེ་བཞིན་ཉིད་ལ་བློ་བཞག་སྟེ་ཡི་གེ་བརྒྱ་པ་བརྗོད་ཅིང་དཀྱིལ་འཁོར་བསྐོར༔ ཆོས་ཉིད་དག་པའི་སྔགས་བརྗོད་ཅིང༔ རྡུལ་ཚོན་གྱི་དཀྱིལ་འཁོར་མི་དམིགས་པ་ལས་དམ་ཚིག་གི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་གསལ་བ་ལས༔ ཡེ་ཐིག་གི་དཀྱིལ་འཁོར་དང་སྟ་གོན་གྱི་ལྷ་རྣམས་དབྱེར་མེད་ཆུ་ལ་ཆུ་བཞག་པ་ལྟར་བཞུགས་པར་གྱུར་པར་བསམ༔ མཆོད་པས་མཐའ་བསྐོར་ཞིང༔ ཨོཾ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ༔ ནས་ཤཔྟའི་བར་གྱིས་མཆོད་ཅིང་རོལ་མོའི་སྒྲ་ཆེར་བསྒྲག་གོ༔ །གཉིས་པ་བུམ་པ་སྟ་གོན་ནི། རྣམ་བུམ་དང་ལས་བུམ་འདུ་བྱ། དྲག་སྔགས་ཡུངས་ཐུན་གུ་གུལ་དུད་པས་བགེགས་བསྐྲད། བུམ་པ་ཆས་སུ་གཞུག་པའི་ཕྱིར་རྩ་གསུམ་སྤྱི་དྲིལ་གྱི་སྙིང་པོ་བརྗོད་ལ། ནང་བཅུད་མགུལ་ཆིངས་ཁ་རྒྱན་ལྡན་པ་བཀོད། མཆོད་པ་བཤམས་ཤིང་བྱིན་བརླབས། བུམ་པ་བསང་སྦྱང༌། སྟོང་པའི་ངང་ལས་བྷྲཱུྃ་ལས་ཕྱི་རིན་པོ་ཆེའི་བུམ་པའི་རྣམ་པ་ལ་ནང་གཞལ་ཡས་ཁང་བདུད་རྩིའི་རྒྱ་མཚོ་འཁྱིལ་བའི་དབུས་སུ་རྩ་བ་གསུམ་གྱི་དཀྱིལ་འཁོར་གྱི་ལྷ་ཚོགས་མཚོ་རྫིང་དྭངས་པར་ཟླ་སྐར་ཤར་བ་བཞིན་སྐད་ཅིག་གིས་གསལ་བར་གྱུར༔ སྔགས་ཙམ་གྱིས་མཆོད། ཕྱག་འཚལ་ཤོ་ལོ་ཀ་གཅིག་གིས་བསྟོད། གཟུངས་ཐག་བླང་ལ། རང་གི་ཐུགས་ཀ་ནས་སྔགས་ཀྱི་འོད་ཟེར་འཕྲོས་བུམ་པའི་ལྷ་རྣམས་ལ་ཕོག༔ སྙོམ་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་ཡེ་ཤེས་ཀྱི་བཅུད་དུ་འཁྱིལ་བར་བསམ། བསྙེན་སྒྲུབ་ཀྱི་སྔགས་བཟླ། མཐར། ཨོཾ་ཨཱཿཧཱུྃ་གིས་བདུད་རྩིའི་མཆོད་ཡོན་ཕུལ་བས་ལྷ་རྣམས་འོད་དུ་ཞུ་བ་བུམ་པའི་ཆུ་དང་རོ་གཅིག་ཏུ་གྱུར། ལས་བུམ་ལ་དམིགས་ཏེ། ལས་བུམ་ནང་དུ་པད་ཉིའི་སྟེང༔ ཧྲཱིཿལས་དབང་ཆེན་རྟ་མགྲིན་རྒྱལ༔ དམར་ནག་ཐོད་དབྱུག་མེ་ཞགས་འཛིན༔ ཁྲོ་བོའི་ཆས་རྫོགས་མེ་དབུས་རོལ༔ ཐུགས་སྲོག་སྔགས་ཀྱི་ཕྲེང་བ་ལས༔ བདུད་རྩིའི་རྒྱུན་བྱུང་བུམ་པ་གང༔ དག་བྱེད་རྡོ་རྗེའི་བདུད་རྩིར་གྱུར༔ ཅེས་མོས་ལ། ཨོཾ་ཧྱ་གྲཱྀ་བ་ཧཱུྃ་ཕཊ༔ བརྒྱ་རྩ་བརྒྱད་བཟླས་མཐར། ཁྲོ་བོ་ཆེན་པོས་བགེགས་བཟློག་ཅིང་ལས་ཐམས་ཅད་གྲུབ་པའི་ཕྲིན་ལས་མཛད་དུ་གསོལ། ཞེས་ཕྲིན་ལས་བཅོལ་ལོ། །གསུམ་པ་སྒྲུབ་རྫས་ཡོ་བྱད་སྟ་གོན་དུ་བྱ་བ་ནི། ཡབ་ཀྱི་སྐུ་རྟེན་དུ་སྐུ་འབག་རིན་པོ་ཆེའི་ཟེའུ་ཁང་དུ་བཞུགས་པ། ཡུམ་གྱི་རྟེན་དུ་ཁ་ཊྭཱཾ་ག་དར་སྣ་ལྔས་བརྒྱན་པ། ཞི་བའི་རྟེན་རྡོ་རྗེ་དང་དྲིལ་བུ་དར་དཀར་དམར་གྱིས་བསྣོལ་མར་བཅིངས་པ། དྲག་པོའི་རྟེན་དུ་ཕུར་པ་ཁྲོ་ཞལ་ཅན་དར་སྣ་ལྔས་བརྒྱན་པ། རྩ་གསུམ་ཐམས་ཅད་ཀྱི་སྲོག་རྟེན་ཐོད་པ་མཚན་བཟང་ནང་རིག་འཛིན་སྲོག་འཁོར་དཔལ་གྱི་གདུ་བུ། ཐུགས་སྒྲུབ་སྲོག་འཁོར། བཏགས་གྲོལ་རིགས། རིན་པོ་ཆེ། འབྲུ་སྣ། སྨན་སྣ། ཁྱད་པར་རང་རང་གི་བླ་མ་བརྒྱུད་པ་དང་བཅས་པའི་དམ་ཚིག་གི་རྫས་དང༌། དབུ་སྐྲ། ན་བཟའ་གཙོ་བོར་གྱུར་པའི་དད་པའི་རྟེན་རྣམས་ཀྱིས་ཕྱུར་བུར་བཀང་བ། སྲོག་ཕུར་སོར་བཞིའམ་བརྒྱད་པ་རྡོར་དྲིལ་གྱིས་མཚན་པ་དང༌། གཙོ་འཁོར་གང་ནུས་ཀྱི་སྐུ་གཟུགས་དང་བཅས་པའང་ནང་དུ་གཞུག །དར་སྣ་ལྔས་དྲིལ། སྨན་སྒྲུབ་དང་འབྲེལ་ན་བདུད་རྩི་སྨན་གྱི་ཕོ་བྲང་ཐོད་པ་ཁ་སྦྱོར་གྱི་ནང་དུ་ཨ་མྲྀ་ཏས་གཏམས་ཤིང་དར་སྣས་དྲིལ་ལ་ཚོན་སྐུད་ཀྱིས་བཅིངས་ཏེ་རྡོར་དྲིལ་གྱིས་རྒྱས་གདབ་ལ་དབུ་རྒྱན་གསོལ། བཀྲ་ཤིས་ཚེའི་འབྲང་རྒྱས་བུམ་གཟུགས་ཉི་ཟླ་ནོར་བུས་མཚན་པ་རིལ་བུས་བསྐོར་ཞིང་ཚེའི་ཛ་གད་དང་བཅས་པའང་འདུ་བྱ། གཞན་ཡང་རྟེན་སྒྲུབ་མཆོད་པའི་གཏོར་མ་སོགས་འོག་ཏུ་འབྱུང་བ་རྣམས་ཀྱང་ཚོགས་པར་བྱའོ། །སྒྲུབ་རྫས་རྣམས་ལ་སྤྲོས་པ་རྒྱས་ན་ཞི་དྲག་གི་སྦྱང་བ། བགེགས་བསྐྲད། ཁྲུས་གསོལ་བཅས། བསྡུ་ན་ལས་སྔགས་ཀྱིས་ཐོག་དྲངས་པའི་དྲག་སྔགས་བརྗོད་ལ་ཡུངས་ཐུན་གྱིས་བྲབ་གུ་གུལ་བདུག །ལས་ཐམས་ཅད་པའི་བུམ་ཆུས་ཁྲུས་བྱ། སྭ་བྷཱ་ཝས་སྦྱང༌། སྒྲུབ་རྫས་རྣམས་སྟོང་པའི་ངང་ལས་བླ་མ་རིག་འཛིན་གཙོ་དང་འཁོར་དུ་བཅས་པའི་དཀྱིལ་འཁོར་སྣོད་བཅུད་ཡོངས་སུ་རྫོགས་པ་ལྷ་སོ་སོའི་སྐུ་གསུང་ཐུགས་ཀྱི་རང་བཞིན་ཏུ་གསལ་བར་གྱུར་པར་བསམ་ལ། སྒྲུབ་པ་པོ་རྣམས་ཞྭ་ཆོས་སོགས་རྒྱན་གྱིས་སྤྲས། རང་གྲལ་ནས་བཞེངས་ཏེ། རང་ཉིད་མ་ཧཱ་གུ་རུའི་སྐུར་གསལ་བའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་དཔག་ཏུ་མེད་པ་འཕྲོས་པས༔ ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་དང་བཅས་པ་བླ་མ་རིག་འཛིན་བདེ་གཤེགས་ཞི་ཁྲོ་མཁའ་འགྲོ་ཆོས་སྐྱོང་དང་བཅས་པ་སྤྲིན་གཏིབས་པ་བཞིན་གནས་འདིར་བྱོན་ཏེ༔ སྒྲུབ་པའི་རྟེན་དང་དབྱེར་མེད་པར་ཕོ་བྲང་ནང་དུ་སོ་སོའི་གདན་ལ་བཞུགས་པར་གྱུར་པར་བསམ། ཧཱུྃ་ཧྲཱིཿ ཆོས་སྐུའི་དབྱིངས་ཉིད་མཚན་མ་ལས་འདས་ཀྱང༔ བདེ་ཆེན་ལོངས་སྤྱོད་རྫོགས་སྐུའི་སྐུར་བཞེངས་ཏེ༔ དཀྱིལ་འཁོར་ལྷ་ཚོགས་རབ་འབྱམས་མ་ལུས་པ༔ ངོ་མཚར་ལྟས་བཅས་རོལ་ཅིང་གཤེགས་སུ་གསོལ༔ ཞེས་བསྐུལ་ཞིང་རོལ་མོ་བསྒྲག །འདུས་པ་རྣམས་དཀྱིལ་འཁོར་ལ་ཕྱོགས་པར་ཁྲོམ་ཚོགས་སུ་གནས། རྡོ་རྗེ་སློབ་དཔོན་གྱིས་དྲིལ་སྤོས་བཅས་སྣ་དྲངས། རྒྱལ་ཚབ་པ། ཡུམ་བཟང་མོ། རྒྱལ་ཐེབས་སོགས་ཀྱིས་སྐུ་གསུང་ཐུགས་རྟེན་ནས་མཆོད་རྫས་བར་རིམ་པར་ཐོགས། རྩ་གསུམ་སྤྱི་དྲིལ་ཛཔ་དབྱངས་དང་བཅས་འཇམ་རོལ་སྐབས་དཀྱིལ་འཁོར་ལ་གཡས་སུ་ལན་གསུམ་བསྐོར་ནས་མདུན་དུ་འཁོད་ལ་དྲིལ་གདངས་བཅས། ཧཱུྃ༔ བདེ་གཤེགས་ཁྲག་འཐུང་རབ་འབྱམས་ཀྱི༔ རྡོ་རྗེའི་སྐུ་ནི་མཁའ་དང་མཉམ༔ ཕྱག་རྒྱའི་རྟེན་དང་དབྱེར་མེད་བཞུགས༔ སྐུ་ཡི་བྱིན་རླབས་དངོས་གྲུབ་སྩོལ༔ ཅེས་བསྙེན་སྒྲུབ་སྔགས་མཐར། ཀཱ་ཡ་ཛྙཱ་ན་ས་མ་ཡ་སྟྭཾ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་ཐོད་སྐུ་དཀྱིལ་འཁོར་གྱི་དབུས་སུ་རིན་པོ་ཆེའི་སྣོད་འབྲུས་བཀང་བ་ལ་བཞུགས་སུ་གསོལ། ཧཱུྃ༔ བདེ་གཤེགས་ཁྲག་འཐུང་རབ་འབྱམས་ཀྱི༔ རྡོ་རྗེའི་གསུང་དབྱངས་མི་ཤིགས་སྒྲ༔ སྔགས་ཀྱི་རྟེན་དང་དབྱེར་མེད་བཞུགས༔ གསུང་གི་བྱིན་རླབས་དངོས་གྲུབ་སྩོལ༔ སྔགས་མཐར། ཝཱཀ་ཛྙཱ་ན་ས་མ་ཡ་སྟྭཾ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་སྔགས་བྱང་ནུབ་ཏུ་དགོད། ཧཱུྃ༔ བདེ་གཤེགས་ཁྲག་འཐུང་རབ་འབྱམས་ཀྱི༔ རྡོ་རྗེའི་ཐུགས་ནི་འོད་གསལ་དབྱིངས༔ ཕྱག་མཚན་རྟེན་དང་དབྱེར་མེད་བཞུགས༔ ཐུགས་ཀྱི་བྱིན་རླབས་དངོས་གྲུབ་སྩོལ༔ སྔགས་མཐར། ཙིཏྟ་ཛྙཱ་ན་ས་མ་ཡ་སྟྭཾ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་རྡོ་རྗེ་ཤར་དུ་དགོད། ཧཱུྃ༔ བདེ་གཤེགས་ཁྲག་འཐུང་རབ་འབྱམས་ཀྱི༔ རྡོ་རྗེའི་ཡོན་ཏན་ལྷུན་གྱིས་གྲུབ༔ བདུད་རྩིའི་རྟེན་དང་དབྱེར་མེད་བཞུགས༔ ཡོན་ཏན་བྱིན་རླབས་དངོས་གྲུབ་སྩོལ༔ སྔགས་མཐར། གུ་ཎ་ཛྙཱ་ན་ས་མ་ཡ་སྟྭཾ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་སྨན་ཐོད་ལྷོར་དགོད། ཧཱུྃ༔ བདེ་གཤེགས་ཁྲག་འཐུང་རབ་འབྱམས་ཀྱི༔ རྡོ་རྗེའི་ཕྲིན་ལས་ཐོགས་མེད་ཁྱབ༔ ཕུར་བུའི་རྟེན་དང་དབྱེར་མེད་བཞུགས༔ ཕྲིན་ལས་བྱིན་རླབས་དངོས་གྲུབ་སྩོལ༔ སྔགས་མཐར། ཀརྨ་ཛྙཱ་ན་ས་མ་ཡ་སྟྭཾ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་ཕུར་བུ་བྱང་དུ་དགོད། ཧཱུྃཿ ཆོས་ཉིད་གཅིག་ལས་རིག་རྩལ་དགུ༔ གཟི་བརྗིད་སྒྲོན་མེ་འོད་གསལ་བ༔ དཔལ་ཆེན་ཀློང་དགུའི་རྟེན་དུ་བཞུགས༔ ཡེ་ཤེས་བྱིན་རླབས་དངོས་གྲུབ་སྩོལ༔ སྔགས་མཐར། དཱི་པཾ་ཛྙཱ་ན་དྷཱ་ཏུ་ས་མ་ཡ་སྟྭཾ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་བྷནྡྷའི་མར་མེ་དབུས་ཀྱི་ཐོད་སྐུའི་མདུན་དུ་དགོད། ཧཱུྃ༔ དཀྱིལ་འཁོར་ཆེན་པོའི་གཞལ་ཡས་ཕོ་བྲང་ནི༔ མཉམ་ཉིད་དོན་གྱི་ཁྱད་པར་དབྱེར་མེད་ཀྱང༔ ཀུན་རྫོབ་རིགས་ལ་ཕྱི་ནང་བྱེ་བྲག་གསལ༔ མ་འདྲེས་ཁ་དོག་སོ་སོར་གསལ་བཀྲ་ཞིང༔ ཁྱད་པར་ཡོན་ཏན་མཛེས་པའི་རྒྱན་བྲེས་པས༔ ཕྱོགས་བཞི་མཚམས་དང་སྟེང་འོག་ཐམས་ཅད་དུ༔ ཕོ་བྲང་རྒྱན་དང་ལྡན་པར་བཞུགས་སུ་གསོལ༔ བྷྲཱུྃ་བི་ཤྭ་བི་ཤདྡྷེ་རཏྣ་ཏྲཱཾ་ས་མ་ཡ་ལྷན༔ ཞེས་ཕྱོགས་བཅུར་ཕུར་བུ། ཕྱོགས་བཞིར་རལ་གྲི་དང་འཕན་བཞི། མཚམས་བཞིར་མདའ་དར་དང་རྒྱལ་མཚན་བཞི་བཙུགས་ལ་ཚོན་སྐུད་དྲྭ་བས་སྦྲེལ་བའམ། སྒབ་སྐོར་དང་གདུགས་ལ་སོགས་པས་བརྒྱན། དེ་རྒྱབ་དཀྱིལ་འཁོར་ཤར་དུ་ཆུ་གཉིས་ཉེར་སྤྱོད། ལྷོར་འདོད་ཡོན་ལྔ། བྱང་དུ་དྲག་པོ་ཉེར་སྤྱོད་རྣམས་གཡས་བསྐོར། ནུབ་ཏུ་དཀྱིལ་འཁོར་ལྷའི་འདས་གཏོར་དམར་པོ་གཙོ་འཁོར་དགུ་པ་སོ་སོའི་མདུན་དུ་མཐེབ་ཀྱུ་གྱེན་ལངས་སྦྱར་བ་རྩེ་ཁྲབ་ཅན། གཡས་གཡོན་དུ་ཆོས་སྐྱོང་སྤྱི་སྒེར། གཏེར་སྲུང་དང༌། གཞི་བདག་སྤྱི་གཏོར། སྨན་རཀ་དང་བཅས་པ་བཀོད། གཞན་ཡང་ཉིན་རེ་བཞིན་འབུལ་རྒྱུའི་ཆོས་སྐྱོང་གཏོར་འབུལ། ཆད་ཐོ། བརྟན་མ་ཚོགས་རྫས་སོགས་ཉེ་བར་མཁོ་བའི་མཆོད་གཏོར་གྱི་རིགས་ཐམས་ཅད་ཇི་ལྟར་འོས་པའི་བཀོད་པ་ལེགས་པར་བཤམས་ཤིང༌། དེ་དག་སྤྱི་ཁྱབ་ཏུ། །བླ་མེད་མཆོག་གི་མཆོད་པ་དམ་པ་འདི། །ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ། །འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཏེ། །དམ་ཚིག་བཞིན་ལ་ཅི་བདེར་བཞེས་སུ་གསོལ། ན་མ་སརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏག་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ཞེས་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་མཁའ་ཁྱབ་ཏུ་སྤེལ་ལོ། །གསུམ་པ་མཆེད་གསར་རྙིང་བསྲེ་བ་ནི། སློབ་དཔོན་གྱིས་ཁྲོ་བོ་འཆོལ་བའི་སྔགས་བརྗོད་ཅིང་ཡུངས་ཀར་བྲབ་གུ་གུལ་བདུགས་ལ་སློབ་མ་གསར་བུ་རྣམས་བགེགས་བསྐྲད། ལས་ཐམས་ཅད་པའི་སྔགས་བརྗོད་ཅིང་ཁྲུས་བྱ། སློབ་བུ་རྣམས་ཀྱིས་མཎྜལ་ཕུལ། ཧཱུྃ༔ བདེ་གཤེགས་ཀུན་འདུས་བླ་མ་ལ༔ གུས་པས་ཕྱག་འཚལ་སྐྱབས་སུ་མཆི༔ མཆོད་ཅིང་སྡིག་པ་ཐམས་ཅད་བཤགས༔ སོ་ཐར་བྱང་སེམས་གསང་སྔགས་ཀྱི༔ དམ་ཚིག་མ་ལུས་བདག་གིས་བཟུང༔ དངོས་གྲུབ་སྐལ་པ་བསྩལ་དུ་གསོལ༔ ཞེས་ལན་གསུམ་གྱིས་རྒྱུད་སྦྱང་ཞིང་སྡོམ་པ་བཟུང༌། སློབ་དཔོན་ཧེ་རུ་ཀར་གསལ་བའི་ཐུགས་ཀ་ནས་ཡ་ལས་ལྕགས་སྡིག་ནག་པོ་མེ་འབར་བ་འཕྲོས༔ ཡེ་ཤེས་ཀྱི་མེ་འབར༔ སློབ་བུའི་ལུས་ལ་ཕོག་པས་སྡིག་སྒྲིབ་ཐམས་ཅད་ཐུལ་གྱིས་བསྲེག་པར་གྱུར་པར་བསམ། ཨོཾ་བཛྲ་ཡཀྵ་ཀྲོ་དྷ་སརྦ་པཱ་པཾ་ཛྭ་ལ་རཾ༔ ཞེས་བཟླ། སྟོང་པའི་ངང་ལས་ཧཱུྃ་ལས་སློབ་བུ་རྣམས་དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་རྡོར་དྲིལ་འཛིན་ཅིང་དར་དང་རིན་པོ་ཆེས་བརྒྱན་པ༔ སེམས་དཔའི་སྐྱིལ་ཀྲུང་གིས་པད་ཟླའི་གདན་ལ་བཞུགས་པའི་སྤྱི་བོར་ཨོཾ༔ མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་གིས་མཚན་པར་གྱུར༔ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་ཡིག་འབྲུ་གསུམ་རྣམས་སྤྱན་དྲངས་ཏེ་དེ་ཉིད་ལ་ཐིམ་པར་གྱུར༔ སློབ་དཔོན་གྱི་ལག་གཡས་རྡོ་རྗེ་དང་བཅས་པའི་སྲིན་ལག་གིས་སློབ་མའི་གནས་གསུམ་དུ་བདུད་རྩིའི་ཐིག་ལེ་བྱ། ཧཱུྃ༔ སྣང་སྲིད་ཅིར་སྣང་ཐམས་ཅད་ཀུན༔ དེ་བཞིན་གཤེགས་པའི་རྡོ་རྗེའི་སྐུ༔ གྲགས་པ་སྔགས་རླུང་ཐམས་ཅད་ནི༔ དེ་བཞིན་གཤེགས་པའི་རྡོ་རྗེའི་གསུང༔ གང་ཤར་མ་བཅོས་རིག་པ་ནི༔ དེ་བཞིན་གཤེགས་པའི་རྡོ་རྗེའི་ཐུགས༔ སྐུ་གསུང་ཐུགས་སུ་ཡེ་ནས་གནས༔ གསང་གསུམ་དངོས་གྲུབ་སྣོད་དུ་གྱུར༔ ཀཱ་ཡ་ཝཱཀ་ཙིཏྟ་ཨ་བྷི་ཥིཉྩ་ཨཱཿཧཱུྃ༔ དམ་བསྒྲགས་པ་ནི། དེང་ཕྱིན་སྐལ་ལྡན་ཁྱེད་རྣམས་ཀྱིས༔ སོ་སོར་ཐར་དང་བྱང་ཆུབ་སེམས༔ གསང་སྔགས་སྤྱི་ཡི་དམ་ཚིག་རྣམས༔ སྲོག་གི་ཕྱིར་ཡང་མ་གཏོང་ཞིག༔ གལ་ཏེ་དམ་ལས་འདས་གྱུར་ན༔ རྡོ་རྗེ་ཡཀྵ་ཁྲོས་ནས་སུ༔ ཐར་པའི་སྲོག་རྩ་འཆད་པར་འགྱུར༔ སྒྲུབ་པའི་སྲོག་ནི་དམ་ཚིག་སྟེ༔ ཐར་པ་འདོད་རྣམས་དང་དུ་ལོངས༔ ཞེས་བསྒྲགས་ཏེ། སློབ་མ་རྣམས་ཀྱིས། ས་མ་ཡ་ཨི་དཾ་ན་ར་ཀན༔ ཞེས་བྲོ་བོར། ཨོཾ་བཛྲ་ས་མ་ཡ་ཧ་ན་ཧ་ན་ཧཱུྃ་ཕཊ༔ ཞེས་བདུད་རྩི་བླུད་ཅིང༌། ཨོཾ་བཛྲ་ས་མ་ཡ་ཏིཥྛ་ཧཱུྃ༔ ཞེས་རྡོ་རྗེ་སྤྱི་བོར་བཞག་ཅིང་དམ་ཚིག་བརྟན་པར་བསམ། སྤྲོ་ན་སྐབས་འདིར་དབང་བསྐུར་ཞིང་དམ་ཚིག་རྒྱས་པར་བཤད། རྒྱུད་ལུང་གི་དོན་བཀྲོལ་ཞིང་ཚིག་གི་ལུང་འབོག །བསྡུ་ན་དམ་ཚིག་འབོག་པའི་མཐར་མཆེད་གསར་བུ་རྣམས་རང་རང་གི་གྲལ་དུ་འཁོད་ལ་གསར་རྙིང་བསྲེ། ཐམས་ཅད་ལ་བདུད་རྩི་གཡོན་བསྐོར་དུ་དྲངས་ཤིང༌། ཧཱུྃ༔ མི་འགྱུར་ཡེ་ཤེས་ཆེན་པོའི་དཀྱིལ་འཁོར་འདིར༔ མི་འབྲལ་རྩེ་གཅིག་འགྲོགས་པའི་ཏིང་འཛིན་གྱིས༔ སྐུ་གསུང་ཐུགས་ཀྱི་དམ་ཚིག་སྲོག་ཏུ་བཟུང༔ མ་འགྲུབ་བར་དུ་བསྐྱེད་དང་རྫོགས་པའི་རིམ༔ གཡེལ་བ་མེད་པར་བསྒོམ་པར་དམ་བཅའ་འོ༔ ཞེས་བརྗོད། སློབ་དཔོན་གྱིས་ཕྲེང་བས་དབང་བསྐུར་ཞིང་ལག་ཏུ་གཏད། མཆེད་ལྕམ་རྣམས་རིག་འཛིན་བླ་མ་གཙོ་འཁོར་གྱི་སྐུ་གསུང་ཐུགས་སུ་གསལ་བཏབ་ལ། ཧཱུྃ༔ སྒྲུབ་པའི་དངོས་གྲུབ་མ་ལུས་ཐོབ་བྱའི་ཕྱིར༔ ལུས་ལྷ་ངག་སྔགས་སེམས་ནི་ཏིང་ངེ་འཛིན༔ རྒྱུན་མི་འཆད་ཅིང་ལུ་གུ་རྒྱུད་དུ་འབྲེལ༔ དངོས་གྲུབ་རྣམ་གཉིས་སྒྲུབ་པའི་དབང་ཐོབ་ཤོག༔ བཛྲ་ཀཱ་ཡ་ཝཱཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ བཞི་པ་ཚོགས་སྒྲུབ་ཀྱི་ལས་ལ་འཇུག་རུང་བྱ་བ་ལ་སྒྲུབ་པ་པོ་རྣམས་མངའ་གསོལ་ཞིང་གནས་སུ་འགོད་པ་ནི། རྒྱལ་ཐེབས་གཙོ་བོས་དབྱངས་བོར་ལེན་དང་ལས་ཀྱི་རྡོ་རྗེས་ཐོད་ཆང་གཞུང་ཚིག་དང་བསྟུན་སོ་སོར་དྲངས་ལ། ཧོཿ དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད༔ རྡོ་རྗེ་རྒྱལ་པོ་དཀྱིལ་འཁོར་འདུས་པའི་གཙོ༔ ཉོན་མོངས་བདུད་འཇོམས་ཡེ་ཤེས་ལྔ་ཡི་བདག༔ བསྟན་པའི་སྒྲོན་མེར་མངའ་གསོལ་དགྱེས་པར་བཞུགས༔ རྡོ་རྗེའི་གདུང་འཚོབ་ཕྲིན་ལས་རྣམ་བཞིའི་བདག༔ རྒྱལ་ཚབ་སློབ་དཔོན་མངའ་གསོལ༴ ཤེས་རབ་དབྱིངས་ལས་བདེ་བའི་ཡེ་ཤེས་སྟེར༔ ཀུན་བཟང་ཡུམ་དུ་མངའ་གསོལ༴ བསྐྱེད་རིམ་གསལ་སྟོན་ལས་ཀྱི་གཞུང་བསྲང་མཛད༔ རྡོ་རྗེ་ཕྲིན་ལས་མངའ༴ མཆོད་པའི་བྱ་བས་དཀྱིལ་འཁོར་དགྱེས་པ་སྐྱེད༔ ལས་ཀྱི་རྡོ་རྗེར་མངའ༴ ཕྱི་ནང་དྲོད་ཚད་དུས་དང་རྟགས་རྣམས་མཁྱེན༔ རྡོ་རྗེ་སྲིན་པོར་མངའ༴ དངོས་གྲུབ་ལྟས་མཐོང་བར་ཆད་གཟིར་ཞིང་སྐྲོད༔ རྡོ་རྗེ་སྤྱན་པར༴ ཕྱི་ནང་ཉུལ་ལེ་འབྱུང་པོ་ཐོགས་མེད་སྒྲོལ༔ རྡོ་རྗེ་གིང་ཆེན༴ དགྲ་བགེགས་གནས་སྤོར་གཟུགས་ཕུང་ཞལ་དུ་སྟོབ༔ སྒྲོལ་གིང་ལས་མཛད༴ འདུ་བར་འོས་མིན་སྲུང་བའི་ཕྲིན་ལས་མཛད༔ རྡོ་རྗེ་མཚམས་པར༴ ཚོགས་ཀྱི་བྱ་བ་གཙང་ཞིང་དག་པར་སྦྱོར༔ རྡོ་རྗེ་ཕྱག་ཚང༴ ཕྱི་ཡི་ཉུལ་ལེ་སྐྲོད་ཅིང་ལས་རྣམས་སྒྲུབ༔ རྡོ་རྗེ་རྡུལ་ཕྱགས༴ ཛཔ་བསྙེན་གསལ་དག་རྒྱུན་མི་ཆད་པར་སྒྲོག༔ རྡོ་རྗེ་མཆེད་ལྕམ་མངའ་གསོལ་དགྱེས་པར་བཞུགས༔ ཞེས་གསོལ་ཞིང་ལས་ཀྱི་བསྐོས་གདབ། རང་གྲལ་ལས་མ་འཆུག་པར་བྱ་དགོས་སོ། །རྟགས་གདབ་པ་ནི། ཧཱུྃ༔ མ་མོ་མཁའ་འགྲོ་དབང་དུ་འདུ་བ་དང༔ ཧེ་རུ་ཀ་ཡི་རིགས་སུ་ངེས་པའི་ཕྱིར༔ དུག་གསུམ་རྩད་གཅོད་བྱུག་པའི་རྩི་གསུམ་དང༔ དུག་ལྔ་རྣམ་དག་བགོ་བའི་གོས་གསུམ་དང༔ གདགས་པའི་རྒྱན་གཉིས་དུར་ཁྲོད་ཆས་བརྒྱད་འདི༔ དབང་ཕྱུག་ཆེན་པོའི་སྐུ་ཡི་རྒྱན་དུ་གསོལ༔ ཞེས་དུར་ཁྲོད་ཆས་བརྒྱད་ཀྱིས་བརྒྱན་ནོ། །དཔལ་གྱི་སྐུར་གཟི་བརྗིད་བསྐྱེད་པའི་ཕྱིར། ཧཱུྃ༔ འཇིགས་བྱེད་བྱོལ་སོང་རྣམས་ཀྱི་ཁྲི་སྟེང་དུ༔ དཔལ་གྱི་སྐུ་ལ་རྡོ་རྗེའི་གཤོག་པ་གདེངས༔ འཇིགས་བྱེད་ཆེན་པོའི་སློག་པ་རྡོ་རྗེའི་ཁྲབ༔ རུས་པའི་རྒྱན་དྲུག་དར་དཔྱང་ཕུར་པའི་དབལ༔ སྐུ་ལས་མེ་འབར་དབུ་ནི་ཁྱུང་གིས་བརྒྱན༔ འཇིགས་བྱེད་ཆེན་པོ་དཔལ་གྱི་སྐུ་རུ་རྫོགས༔ ཞེས་དཔལ་གྱི་ཆས་བཅུ་ཡིས་གོ་བགོ །ལྔ་པ་བྱིན་དབབ་པ་ནི། སྒྲུབ་པ་པོ་རྣམས་ཞྭ་ཆོས་སོགས་གཟི་བྱིན་བསྐྱེད་ལ་དཀྱིལ་འཁོར་གྱི་མཐར་འཁོད། དར་སྣའི་གཡབ་མོ་དང་དྲི་བཟང་གི་སྤོས་བཏུལ། དད་གུས་གདུང་ཤུགས་ཀྱི་དབྱངས་རོལ་བཅས་ཚིག་བདུན་ལན་གསུམ་སྔོན་དུ་འགྲོ་བས་ལས་བྱང་བྱིན་འབེབས་བཏང༌། མཐར་དཀྱིལ་འཁོར་ལ་བསྐོར་བ་དང་ཛཔ་དབྱངས་ལན་གསུམ་བྱ། བདག་བསྐྱེད་བསྡུ་ལྡང༌། བསྔོ་སྨོན་བཅས་ཀྱིས་སྔོན་འགྲོའི་རིམ་པ་རྣམས་གྲུབ་བོ། །གསུམ་པ་ལྷ་དང་དབྱེར་མེད་དུ་སྒྲུབ་པའི་རིམ་པ་ལ་གསུམ། ཕྲིན་ལས་ཀྱི་གཞུང་བསྲང་ཞིང་བཟླས་པས་ཐུགས་རྒྱུད་བསྐུལ་བ། སྒྲུབ་པ་པོའི་བར་གཅོད་བསལ་ཞིང་བྱིན་འབེབས་པ། དུས་གྲངས་རྟགས་ཀྱི་རིམ་པས་ཚད་བཟུང་བའོ། །དང་པོ་ནི། སྒྲུབ་པའི་དངོས་གཞི་ལ་ཉིན་ལན་གསུམ་རེ་མཚན་ལན་གསུམ་རེ་སྟེ་དུས་དྲུག །འབྲིང་ཉིན་ལན་གཉིས་མཚན་གཉིས་ཏེ་དུས་བཞི། ཐུན་དང་པོ་ལ་ཚིག་བདུན་དང་གསོལ་འདེབས་གང་འོས་ཀྱིས་ཐོག་དྲངས། བརྒྱུད་འདེབས་སྐྱབས་སེམས་ནས་བརྩམས་སྔོན་འགྲོ་རྣམས་རྒྱས་པར་བཏང༌། དངོས་གཞི་ཏིང་འཛིན་གསུམ་གྱིས་བདག་མདུན་དབྱེར་མེད་དུ་བསྐྱེད། དང་པོ་བླ་མ་ལྟར་བསྙེན་པ་ནི། ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་ཤིང་སྤྱི་བོའི་བླ་མར་མོས་གུས་དྲག་ཏུ་བསྐྱེད་ལ་གསོལ་བ་བཏབ་སྟེ་བསྙེན་པ་བཛྲ་གུ་རུ་ཇི་ལྟར་འོས་པ་བཟླ། དམ་ཡེ་དབྱེར་མེད་བསྟིམ་པ། ཕྱག །མཆོད་པ། བསྟོད་པའི་བར་བཏང༌། གཉིས་པ་ཡི་དམ་ལྟར་སྒྲུབ་པ་ལ་སྤྱི་དང་བྱེ་བྲག་གཉིས་ལས། དང་པོ་ལའང་ཛཔ་ཁང་དབྱེ་བ། ཐུགས་དམ་བསྐུལ་བ། ཛཔ་བཟླ་བ། ཛཔ་བསྟོད་བྱ་བའོ། །དང་པོ་ནི། བྷཱུཾ་བི་ཤྭ་བི་ཤུདྡྷེ་ཧྲཱིཿཧཱུྃ་ཕཊ་ཛཿ བདག་ཉིད་རྩ་བའི་དཀྱིལ་འཁོར་ལས༔ ཡེ་ཤེས་དཀྱིལ་འཁོར་གཉིས་པ་དབྱེ༔ མདུན་གྱི་ནམ་མཁར་བཞུགས་པར་གྱུར༔ གཉིས་པ་ཛཔ་བསྐུལ་བ་ནི། ཧཱུྃ་ཧྲཱིཿ དབང་ཆེན་རྩ་གསུམ་ལྷ་ཚོགས་དབྱིངས་ནས་བཞེངས༔ ཐུགས་དམ་གནད་ནས་བསྐུལ་ལོ་ཛཔ་སྒྲ་སྒྲོགས༔ སྣང་སྟོང་སྐུ་ཡི་ཕྱག་རྒྱས་སྟོང་གསུམ་གང༔ གྲགས་སྟོང་གསུང་གི་ཛཔ་དབྱངས་འབྲུག་ལྟར་ལྡིར༔ རིག་སྟོང་ཐུགས་ཀློང་འོད་གསལ་ངང་དུ་གནས༔ ལྷ་རྣམས་ཐམས་ཅད་བདེ་བའི་གར་གྱིས་རོལ༔ སྔགས་རྣམས་རྩོལ་མེད་རྡོ་རྗེའི་གླུ་ཡིས་བསྐུལ༔ ཐུགས་ནི་སྒྲོལ་མཛད་ཡེ་ཤེས་སྲོག་དང་བཅས༔ མ་གསལ་བར་དུ་བསྐྱེད་ཅིང་བཟླས་པར་འབད༔ མ་གྲུབ་བར་དུ་དགོངས་པ་མི་བཏང་གསོལ༔ མ་གཡེལ་ཐུགས་དམ་ཆེན་པོའི་དུས་ལ་བབ༔ བསྙེན་སྒྲུབ་རྣམ་བཞི་སྟན་ཐོག་འདི་ཉིད་དུ༔ མཐར་ཕྱིན་དཀྱིལ་འཁོར་བདག་པོར་འགྲུབ་པར་མཛོད༔ གསུམ་པ་ཛཔ་བཟླ་བ་ནི། བདག་མདུན་དབང་ཆེན་ཧེ་རུ་ཀ༔ ཡེ་ཤེས་སེམས་དཔའ་ཐོད་ཕྲེང་གི༔ ཐུགས་དབུས་པདྨ་ཉི་ཟླའི་སྟེང༔ ཧྲཱིཿལ་སྔགས་ཀྱི་ཕྲེང་བས་བསྐོར༔ འོད་ཟེར་སྤྲོ་བསྡུ་དོན་གཉིས་བྱས༔ སྣོད་བཅུད་གདོད་ནས་རྣམ་དག་པ༔ པདྨ་དབང་གི་ཞིང་དུ་ཤར༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཀྲོ་དྷ་ཧ་ཡ་གྲཱྀ་ཝ་ཧཱུྃ༔ བཞི་པ་ཛཔ་བསྟོད་ནི། ཧཱུྃ༔ ཡེ་ཤེས་ལྷ་ཚོགས་སྤྱན་འདྲེན་གཤེགས༔ ཕྱི་ནང་གསང་བའི་མཆོད་པ་འབུལ༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་བསྟོད༔ བག་མེད་ཉམས་ཆག་འགལ་འཁྲུལ་བཤགས༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ མ་ཧཱ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་སརྦ་པཱུ་ཛ་ཁཱ་ཧི༔ སྨན་རཀ་སྦྲེང་ཞིང་རོལ་མོ་རྒྱ་ཆེར་བྱའོ། །གསོལ་འདེབས་ནི། །སྤྲུལ་པའི་གུ་རུ་མཚན་བརྒྱད་དང༌། །གྲུབ་པའི་རིག་འཛིན་ཆེན་པོ་བརྒྱད། །བྱང་སེམས་ཉེ་བའི་སྲས་བརྒྱད་དང༌། །སྒྲུབ་ཆེན་བཀའ་བརྒྱད་ལྷ་ཚོགས་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཕྱི་ནང་གསང་བའི་བར་ཆད་སོལ། །བསམ་པ་ཡིད་བཞིན་འགྲུབ་པ་དང༌། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །གཉིས་པ་བྱེ་བྲག་འཇམ་དཔལ་སྐུ་ཡི་བཟླས་པ་ལ་བཞི་ལས། དང་པོ་ཛཔ་བསྐུལ་ནི། ཧཱུྃ་ཧྲཱིཿ སྙིང་པོ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ༔ ཡེ་ཤེས་སྒྱུ་མར་རོལ་པའི་ལྷ་ཚོགས་རྣམས༔ མི་འདའ་རྡོ་རྗེའི་དམ་ཚིག་རྗེས་དགོངས་ལ༔ བྱིན་རླབས་དབང་དང་དངོས་གྲུབ་བསྩལ་དུ་གསོལ༔ ཛཔ་བཟླ་བ་ནི། རྟ་མཆོག་རོལ་པའི་དཔྲལ་བ་རུ༔ གཤིན་རྗེའི་དཔྲལ་བར་འཁོར་ལོའི་དབུས༔ ཧཱུྃ་དང་སྔགས་ཕྲེང་འོད་སེར་གྱིས༔ སྣོད་བཅུད་ལྷ་ཡི་ཞིང་དུ་བསྒྱུར༔ ཕྱོགས་དུས་རྒྱལ་བའི་སྐུ་རྡོ་རྗེའི༔ བྱིན་རླབས་དངོས་གྲུབ་ལུས་ལ་ཐིམ༔ སྣང་སྟོང་སྒྱུ་མ་ལྟ་བུ་ཡི༔ ལྷ་ཚོགས་ཀུན་ལ་རིག་པ་གཏད༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་ཡ་མཱནྟ་ཀ་སརྦ་སིདྡྷི་ཧཱུྃ་ཕཊ༔ ཛབ་བསྟོད་ནི། །ཡེ་ཤེས་ལྷ་ཚོགས་སོགས་ནས། མ་ཧཱ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་སརྦ་པཱུ་ཛ་ཁཱ་ཧི༔ གསོལ་འདེབས་ནི། འཇམ་དཔལ་ཡ་མཱནྟ་ཀའི་དགོངས་པ་ཡིས༔ སློབ་དཔོན་ཆེན་པོ་འཇམ་དཔལ་བཤེས་གཉེན་དང༔ རོ་ལངས་བདེ་བའི་བར་དུ་བྱིན་བརླབས་ཏེ༔ འདས་དང་མ་བྱོན་ད་ལྟ་དུས་གསུམ་གྱི༔ སྐུ་ཡི་བརྒྱུད་པའི་བླ་མ་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ འཁོར་ལོ་བཞི་ཡི་དངོས་གྲུབ་བསྩལ་དུ་གསོལ། གཉིས་པ་པདྨ་གསུང་གི་བཟླས་པ་ལ་བཞི་ལས། དང་པོ་ཛཔ་བསྐུལ་ནི། ཧཱུྃ་ཧྲཱིཿ སྙིང་པོ་བྱང་ཆུབ་སེམས་ཀྱི་སོགས་ནས། བསྩལ་དུ་གསོལ༔ བཟླས་པ་ནི། རྟ་མཆོག་རོལ་པའི་མགྲིན་པ་རུ༔ དབང་ཆེན་མགྲིན་པར་པདྨའི་དབུས༔ ཧཱུྃ་དང་སྔགས་ཕྲེང་འོད་དམར་གྱིས༔ སྒྲ་ཀུན་སྔགས་ཀྱི་དབྱངས་སུ་བསྒྱུར༔ ཕྱོགས་དུས་རྒྱལ་བའི་གསུང་རྡོ་རྗེའི༔ བྱིན་རླབས་དངོས་གྲུབ་ངག་ལ་ཐིམ༔ གྲགས་སྟོང་སྒྱུ་མ་ལྟ་བུ་ཡི༔ ལྷ་ཚོགས་ཀུན་ལ་རིག་པ་གཏད༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་ཧ་ཡ་གྲཱྀ་ཝ་སརྦ་སིདྡྷི་ཧཱུྃ་ཕཊ༔ ཛཔ་བསྟོད་ནི། ཡེ་ཤེས་ལྷ་ཚོགས་སོགས་ནས། མ་ཧཱ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་སརྦ་པཱུ་ཛ་ཁཱ་ཧི༔ གསོལ་འདེབས་ནི། པདྨ་ཧེ་རུ་ཀ་ཡི་དགོངས་པ་ཡིས༔ དབང་གི་ལྷ་མོ་ནཱ་གརྫུ་ན་དང༔ པདྨ་འབྱུང་གནས་བར་དུ་བྱིན་བརླབས་ཏེ༔ འདས་དང་མ་བྱོན་ད་ལྟ་དུས་གསུམ་གྱི༔ གསུང་གི་བརྒྱུད་པའི་བླ་མ་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ རྟ་སྐད་ཐེང་གསུམ་དགོངས་པ་མངོན་གྱུར་ཤོག༔ གསུམ་པ་ཐུགས་ཡང་དག་གི་བཟླས་པ་ལ་བཞི་ལས། དང་པོ་ཛཔ་བསྐུལ་ནི། ཧཱུྃ་ཧྲཱིཿ སྙིང་པོ་བྱང་ཆུབ་སེམས་ཀྱི་སོགས་ནས། བསྩལ་དུ་གསོལ༔ བཟླས་པ་ནི། རྟ་མཆོག་རོལ་པའི་ཐུགས་ཀ་རུ༔ ཡང་དག་ཐུགས་ཀར་རྡོ་རྗེའི་དབུས༔ ཧཱུྃ་དང་སྔགས་ཕྲེང་འོད་མཐིང་གིས༔ དྲན་རྟོག་ཡེ་ཤེས་ཆེན་པོར་སད༔ ཕྱོགས་དུས་རྒྱལ་བའི་ཐུགས་རྡོ་རྗེའི༔ བྱིན་རླབས་དངོས་གྲུབ་ཡིད་ལ་ཐིམ༔ བདེ་སྟོང་སྒྱུ་མ་ལྟ་བུ་ཡི༔ ལྷ་ཚོགས་ཀུན་ལ་རིག་པ་གཏད༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་སརྦ་སིདྡྷི་ཧཱུྃ་ཕཊ༔ ཛཔ་བསྟོད་ནི། ཡེ་ཤེས་ལྷ་ཚོགས་སོགས་ནས། མ་ཧཱ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་སརྦ་པཱུ་ཛ་ཁཱ་ཧི༔ གསོལ་འདེབས་ནི། བཛྲ་ཧེ་རུ་ཀ་ཡི་དགོངས་པ་ཡིས༔ དགའ་རབ་རྡོ་རྗེ་འཇམ་དཔལ་བཤེས་གཉེན་དང༔ ཧཱུྃ་ཆེན་ཀཱ་རའི་བར་དུ་བྱིན་བརླབས་ཏེ༔ འདས་དང་མ་བྱོན་ད་ལྟ་དུས་གསུམ་གྱི༔ ཐུགས་ཀྱི་བརྒྱུད་པའི་བླ་མ་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ ཡང་དག་གྲུབ་པ་གཅིག་པུའི་དོན་རྟོགས་ཤོག༔ བཞི་པ་ཆེ་མཆོག་ཡོན་ཏན་གྱི་བཟླས་པ་ལ་བཞི་ལས། དང་པོ་ཛཔ་བསྐུལ་ནི། ཧཱུྃ་ཧྲཱིཿ སྙིང་པོ་བྱང་ཆུབ་སེམས་ཀྱི་སོགས་ནས། དངོས་གྲུབ་བསྩལ་དུ་གསོལ༔ ཛཔ་བཟླས་ནི། རྟ་མཆོག་རོལ་པའི་ལྟེ་བ་རུ༔ ཆེ་མཆོག་ལྟེ་བར་རིན་ཆེན་དབུས༔ ཧཱུྃ་དང་སྔགས་ཕྲེང་ལྗང་སེར་གྱིས༔ རྒྱལ་ཀུན་ཡེ་ཤེས་རྡོ་རྗེ་ཡི༔ བྱིན་རླབས་དངོས་གྲུབ་སྒོ་གསུམ་ཐིམ༔ སྣང་སྟོང་སྒྱུ་མ་ལྟ་བུ་ཡི༔ ལྷ་ཚོགས་ཀུན་ལ་རིག་པ་གཏད༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་མ་ཧཱ་ཀྲོ་དྷ་སརྦ་སིདྡྷི་ཧཱུྃ་ཕཊ༔ ཛཔ་བསྟོད་ནི། ཡེ་ཤེས་ལྷ་ཚོགས་སོགས་ནས། མ་ཧཱ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་པཱུ་ཛ་ཁཱ་ཧི༔ གསོལ་འདེབས་ནི། ཆེ་མཆོག་ཧེ་རུ་ཀ་ཡི་དགོངས་པ་ཡིས༔ སྤྲུལ་པའི་མཁའ་འགྲོ་རིག་འཛིན་མང་པོ་དང༔ མི་འགྱུར་ནམ་མཁའི་བར་དུ་བྱིན་བརླབས་ཏེ༔ འདས་དང་མ་བྱོན་ད་ལྟ་དུས་གསུམ་གྱི༔ ཡོན་ཏན་བརྒྱུད་པའི་བླ་མ་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ ཆོས་དོན་རྟགས་ཀྱི་བདུད་རྩི་མངོན་གྱུར་ཤོག༔ །ལྔ་པ་ཕུར་པ་ཕྲིན་ལས་ཀྱི་བཟླས་པ་ལ་བཞི་ལས། དང་པོ་ཛཔ་བསྐུལ་ནི། ཧཱུྃ་ཧྲཱིཿ སྙིང་པོ་བྱང་ཆུབ་སེམས་ཀྱི་སོགས་ནས། དངོས་གྲུབ་བསྩལ་དུ་གསོལ༔ བཟླས་པ་ནི། རྟ་མཆོག་རོལ་པའི་གསང་གནས་སུ༔ ཕུར་པའི་གསང་བར་རྡོ་རྗེའི་དབུས། སྣ་ཚོགས་རྡོ་རྗེ་མཆན། །ཧཱུྃ་དང་སྔགས་ཕྲེང་སྣ་ཚོགས་འོད༔ བྱ་བྱེད་ཕྲིན་ལས་ཆེན་པོ་དང༔ ཕྱོགས་དུས་རྒྱལ་བའི་ཕྲིན་ལས་ཀྱི༔ བྱིན་རླབས་དངོས་གྲུབ་སྒོ་གསུམ་ཐིམ༔ སྣང་སྟོང་སྒྱུ་མ་ལྟ་བུ་ཡི༔ ལྷ་ཚོགས་ཀུན་ལ་རིག་པ་གཏད༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་ཀརྨ་ཀཱི་ལི་ཀཱི་ལ་ཡ་སརྦ་སིདྡྷི་ཧཱུྃ་ཕཊ༔ ཛཔ་བསྟོད་ནི། ཡེ་ཤེས་ལྷ་ཚོགས་སོགས་ནས། མ་ཧཱ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་སརྦ་པཱུ་ཛ་ཁཱ་ཧི༔ གསོལ་འདེབས་ནི། དཔལ་ཆེན་རྡོ་རྗེ་གཞོན་ནུའི་དགོངས་པ་ཡིས༔ ལྷུན་གྲུབ་ཕྱག་རྒྱ་ཆེན་པོའི་རིག་འཛིན་དང༔ རྡོ་རྗེ་ཐོད་ཕྲེང་རྩལ་ལ་བྱིན་བརླབས་ཏེ༔ འདས་དང་མ་བྱོན་ད་ལྟ་དུས་གསུམ་གྱི༔ ཕྲིན་ལས་བརྒྱུད་པའི་བླ་མ་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ ཕུར་པ་རྣམ་བཞིའི་ཕྲིན་ལས་མངོན་གྱུར་ཤོག༔ དྲུག་པ་མངོན་རྫོགས་མ་མོའི་བཟླས་པ་ལ་བཞི་ལས། དང་པོ་ཛཔ་བསྐུལ་ནི། ཧཱུྃ་ཧྲཱིཿ སྙིང་པོ་བྱང་ཆུབ་སེམས་སོགས་ནས། དངོས་གྲུབ་བསྩལ་དུ་གསོལ༔ ཛཔ་བསྐུལ་ནི། རྟ་མཆོག་རོལ་པའི་ལྟེ་འོག་ཨེར༔ ཨེ་ཀ་ཛཱ་ཊིའི་ལྟེ་འོག་ན༔ ཧཱུྃ་དང་སྔགས་ཕྲེང་སྣ་ཚོགས་ཀྱིས༔ རྒྱལ་ཀུན་བདེ་སྟོང་ཡེ་ཤེས་ཀྱི༔ བྱིན་རླབས་དངོས་གྲུབ་བདག་ལ་ཐིམ༔ སྣང་སྟོང་སྒྱུ་མ་ལྟ་བུ་ཡི༔ ལྷ་ཚོགས་ཀུན་ལ་རིག་པ་གཏད༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་མ་མ་ཡོ་གི་ནི་ཀྲོ་དྷཱི་སརྦ་སིདྡྷི་ཧཱུྃ་ཕཊ༔ ཛཔ་བསྟོད་ནི། ཡེ་ཤེས་ལྷ་ཚོགས་སོགས་ནས། མ་ཧཱ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་སརྦ་པཱུ་ཛ་ཁཱ་ཧི༔ གསོལ་འདེབས་ནི། མངོན་རྫོགས་རྒྱལ་པོ་ཆེ་མཆོག་ཧེ་རུ་ཀ༔ མ་བརྒྱུད་ལྷ་མོ་ཡོངས་འཁྱུད་བདེ་མ་དང༔ དྷ་ན་སཾ་སྐྲྀའི་བར་དུ་བྱིན་བརླབས་ཏེ༔ འདས་དང་མ་བྱོན་ད་ལྟ་དུས་གསུམ་གྱི༔ སྲིད་པ་མ་བརྒྱུད་ཀྱི་བླ་མ་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ རྩ་རླུང་ཐིག་ལེའི་དགོངས་པ་མངོན་གྱུར་ཤོག༔ བདུན་པ་འཇིག་རྟེན་མཆོད་བསྟོད་བཟླས་པ་ལ་བཞི་ལས། དང་པོ་ཛཔ་བསྐུལ་ནི། ཧཱུྃ་ཧྲཱིཿ སྙིང་པོ་བྱང་ཆུབ་སེམས་ཀྱི་སོགས་ནས། དངོས་གྲུབ་བསྩལ་དུ་གསོལ༔ ཛཔ་བསྐུལ་ནི། རྟ་མཆོག་རྡོ་རྗེ་ནོར་བུའི་སྦུབས༔ དྲེགས་པ་ཀུན་འདུལ་སྦྱོར་མཚམས་ལས༔ ཧཱུྃ་དང་སྔགས་ཕྲེང་མཚོན་ཟེར་གྱིས༔ རྒྱལ་ཀུན་མཐུ་སྟོབས་ནུས་པ་ཀུན༔ བསྡུས་ནས་བདག་ཐིམ་སྟོབས་ལྡན་གྱུར༔ སྣང་སྟོང་སྒྱུ་མ་ལྟ་བུ་ཡི༔ ལྷ་ཚོགས་ཀུན་ལ་རིག་པ་གཏད༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་བཛྲ་ཙཎྜ་སརྦ་སིདྡྷི་ཧཱུྃ་ཕཊ༔ ཛཔ་བསྟོད་ནི། ཡེ་ཤེས་ལྷ་ཚོགས་སོགས་ནས། མ་ཧཱ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་སརྦ་པཱུ་ཛ་ཁཱ་ཧི། གསོལ་འདེབས་ནི། བཅོམ་ལྡན་དྲེགས་པ་ཀུན་འདུལ་དགོངས་པ་ཡིས༔ རཾ་བུ་གུ་ཧྱ་ཙནྡྲའི་ཐུགས་བརྒྱུད་ནས༔ ཤཱཀྱ་སེང་གེའི་བར་དུ་བྱིན་བརླབས་ཏེ༔ འདས་དང་མ་བྱོན་ད་ལྟ་དུས་གསུམ་གྱི༔ མཆོད་བསྟོད་བརྒྱུད་པའི་བླ་མ་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང༴ འབོད་རྦད་བསད་པའི་ལས་སྦྱོར་མཐར་ཕྱིན་ཤོག༔ བརྒྱད་པ་དམོད་པ་དྲག་སྔགས་ཀྱི་བཟླས་པ་ལ་བཞི་ལས། དང་པོ་ཛཔ་བསྐུལ་ནི། ཧཱུྃ་ཧྲཱིཿ སྙིང་པོ་བྱང་ཆུབ་སེམས་ཀྱི་སོགས་ནས། དངོས་གྲུབ་བསྩལ་དུ་གསོལ༔ བཟླས་པ་ནི། རྟ་མཆོག་རོལ་པའི་སྣམས་ལོགས་སུ༔ སྟོབས་ལྡན་ནག་པོའི་གནས་ལྔ་ནས༔ དྲག་སྔགས་མེ་ཡི་ཚྭ་ཚྭ་འཕྲོས༔ གནོད་བྱེད་སྡེ་བརྒྱད་ཐལ་བར་བརླགས༔ ནུས་མཐུའི་སྟོབས་རྩལ་འགྲན་མེད་གྱུར༔ སྣང་སྟོང་སྒྱུ་མ་ལྟ་བུ་ཡི༔ ལྷ་ཚོགས་ཀུན་ལ་རིག་པ་གཏད༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་ཀྲོ་དྷ་མ་ཧཱ་བཱ་ལ་སརྦ་སིདྡྷི་ཧཱུྃ་ཕཊ༔ ཛཔ་བསྟོད་ནི། ཡེ་ཤེས་ལྷ་ཚོགས་སོགས་ནས། མ་ཧཱ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་པཱུ་ཛ་ཁཱ་ཧི༔ གསོལ་འདེབས་ནི། དཔལ་ཆེན་སྟོབས་ལྡན་ནག་པོའི་དགོངས་པ་ཡིས༔ སློབ་དཔོན་ཤནྟིཾ་གརྦྷའི་ཐུགས་བརྒྱུད་ནས༔ རྡོ་རྗེ་གྲོ་ལོད་རྩལ་ལ་བྱིན་བརླབས་ཏེ༔ འདས་དང་མ་བྱོན་ད་ལྟ་དུས་གསུམ་གྱི༔ དྲག་སྔགས་བརྒྱུད་པའི་བླ་མ་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ རྫོང་འཕྲང་སྲོག་ལ་རང་དབང་ཐོབ་པར་ཤོག༔ ཕྱི་ཆོག་སྐབས་སོགས་སྤྲོས་པས་མི་ལྕོག་ན། སྤྱི་དྲིལ་ཛཔ་བཟླས་ལ། དང་པོ་ཛཔ་བསྐུལ་ནི། ཧཱུྃ་ཧྲཱིཿ དབང་ཆེན་བཀའ་བརྒྱད་ལྷ་ཚོགས་དབྱིངས་ནས་བཞེངས༔ སོགས་ནས། གྲུབ་པར་མཛོད༔ གཉིས་པ་ཛཔ་བཟླ་བ་ནི། །རྟ་མཆོག་རོལ་པའི་སྤྱི་མགྲིན་སྙིང༌། །ལྟེ་བ་གསང་གནས་ལྟེ་འོག་དང༌། །ནོར་བུའི་རྩེ་དང་སྣམས་ལོགས་སུ། །འཁོར་ལོར་རང་མདོག་ཧཱུྃ་གི་མཐར། །སྔགས་ཕྲེང་ལས་བྱུང་འོད་ཟེར་གྱིས། །སྣོད་བཅུད་ལྷ་ཡི་ཞིང་དུ་བསྒྱུར། །ཕྱོགས་དུས་རྒྱལ་བའི་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་བདེ་སྟོང་དང༌། །མཐུ་སྟོབས་དྲག་རྩལ་དངོས་གྲུབ་བསྡུས། །སྣང་སྟོང་སྒྱུ་མ་ལྟ་བུ་ཡི། ལྷ་ཚོགས་ཀུན་ལ་རིག་པ་གཏད། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་ཡ་མཱནྟ་ཀ་སརྦ་སིདྡྷི་ཧཱུྃ་ཕཊ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་ཧ་ཡ་གྲཱྀ་ཝ་སརྦ་སིདྡྷི་ཧཱུྃ་ཕཊ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་སརྦ་སིདྡྷི་ཧཱུྃ་ཕཊ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་མ་ཧཱ་ཀྲོ་དྷ་སརྦ་སིདྡྷི་ཧཱུྃ་ཕཊ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་ཀརྨ་ཀཱི་ལི་ཀཱི་ལ་ཡ་སརྦ་སིདྡྷི་ཧཱུྃ་ཕཊ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་མ་མ་ཡོ་གི་ནི་ཀྲོ་དྷཱི་སརྦ་སིདྡྷི་ཧཱུྃ་ཕཊ༔ ཨོཾཨཱཿཧཱུྃ་བཛྲ་གུ་རུ་བཛྲ་ཙཎྜ་སརྦ་སིདྡྷི་ཧཱུྃ་ཕཊ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་ཀྲོ་དྷ་མ་ཧཱ་བཱ་ལ་སརྦ་སིདྡྷི་ཧཱུྃ་ཕཊ༔ ཛཔ་བསྟོད་ནི། ཡེ་ཤེས་ལྷ་ཚོགས་སོགས་ནས། མ་ཧཱ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་སརྦ་པཱུ་ཛ་ཁཱ་ཧི༔ གསོལ་འདེབས་ནི། །སྤྲུལ་པའི་གུ་རུ་མཚན་བརྒྱད་དང༌། །གྲུབ་པའི་རིག་འཛིན་ཆེན་པོ་བརྒྱད། །བྱང་སེམས་ཉེ་བའི་སྲས་བརྒྱད་དང༌། །སྒྲུབ་ཆེན་བཀའ་བརྒྱད་ལྷ་ཚོགས་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཕྱི་ནང་གསང་བའི་བར་ཆད་སོལ། །བསམ་པ་ཡིད་བཞིན་འགྲུབ་པ་དང༌། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །གསུམ་པ་ཕྲིན་ལས་མཁའ་འགྲོ་ལྟར་སྒྲུབ་པའི་བཟླས་པ་ནི། ཡུམ་མཆོག་ཕག་མོའི་ཐུགས་ཀ་རུ༔ དགའ་འཁྱིལ་གཡོན་འཁོར་བཾ་གྱིས་མཚན༔ ཁུག་པར་ཧ་རི་ནི་ས་གསལ༔ དབང་ཆེན་ཡབ་ཀྱི་ཐུགས་ཀ་རུ༔ ས་བོན་ཧྲཱིཿལས་བྱུང་བའི་འོད༔ སྐུ་ཡི་དབྱིབས་བརྒྱུད་སྦྱོར་མཚམས་ནས༔ ཡུམ་གྱི་ཐུགས་སྲོག་ས་བོན་ལ༔ ཕོག་པས་བཟོད་མེད་བདེ་བ་གཡོས༔ བཾ་ལས་བྱུང་བའི་འོད་ཟེར་ཕྲེང༔ ཡབ་ཡུམ་ཞལ་བརྒྱུད་ཐུགས་ཀར་ཐིམ༔ མགལ་མེ་ལྟ་བུར་འཁོར་བ་ལས༔ འོད་ལྔའི་སྣང་བས་ཀུན་ཏུ་ཁྱབ༔ རིགས་ལྔ་མཁའ་འགྲོ་གྲངས་མེད་པས༔ ཞི་རྒྱས་དབང་དྲག་མཆོག་དངོས་ཀྱི༔ ཕྲིན་ལས་ལྷུན་གྱིས་གྲུབ་པར་གྱུར༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་དྷེ་བ་དྷཱ་ཀི་ནཱི་བཾ་ཧ་རི་ནི་ས་སརྦ་ཀརྨ་སིདྡྷི་ཧཱུྃ་ཨཿ $ཏ ཛབ་བསྟོད་ནི། ཡེ་ཤེས་ལྷ་ཚོགས་སོགས་ནས། དངོས་གྲུབ་སྩོལ༔ མ་ཧཱ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་སརྦ་པཱུ་ཛ་ཁཱ་ཧི༔ བཞི་པ་བཀའ་སྡོད་ཆོས་སྲུང་ལྟར་སྒྲུབ་པ་ནི། དབང་ཆེན་ཐུགས་ལས་དཔལ་གྱི་གིང༔ མ་ནིང་ནག་པོ་ཕོ་ཉར་སྤྲོས༔ ལྟེ་འོག་ཙཎྜ་ལིར་གནས་པའི༔ ཨེ་ཀ་ཛཱ་ཊིར་གཉིས་མེད་སྦྱོར༔ རྡོ་རྗེ་དྲག་ཤུལ་འབར་བའི་རྩལ༔ ཡབ་ཡུམ་སྐུ་ལས་བར་མེད་སྤྲོས༔ རྒྱུད་གསུམ་དྲེགས་པ་ལས་ལ་བཀོལ༔ ཇི་ལྟར་འདོད་པའི་ཕྲིན་ལས་ཀྱིས༔ ཚར་གཅོད་རྗེས་འཛིན་ལས་སྒྲུབ་བསམ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་དྷེ་བ་དྷཱ་ཀི་ནི་ཤྲཱི་མ་ཧཱ་ཀཱ་ལ་ག་ཎ་གུ་ཧྱ་རཾ་མ་མ་ཨེ་ཀ་ཛཱ་ཊི་སརྦ་ཀརྨ་སིདྡྷི་ཧཱུྃ་བྷྱོ་ཛ༔ ཚེ་སྒྲུབ་ནི། རྩ་གསུམ་དཀྱིལ་འཁོར་སོགས་ནས་རྒྱས་གདབ་བར་བཏང་ཛཔ་བསྟོད་ནི། ཡེ་ཤེས་སོགས། པཱུ་ཛ་ཁཱཧི༔ རྩ་བ་གསུམ་དང་སྤྱི་དྲིལ་བཟླས་པ་དངོས་གཞི་ཡིན་པས་མང་དགོས། ཡན་ལག་གི་བཟླས་པ་རྣམས་བརྒྱ་རྩ་རེ་ཆ་མཉམ་དང༌། སྲུང་མའི་བཟླས་པ་ཉེར་གཅིག་ཙམ་གྱིས་ཆོག །འགྲོ་ལུགས་དེ་ལྟར་ལ་གྲངས་མང་ཉུང་ལོངས་སྐབས་དང་བསྟུན་ནོ། །རྣམ་བུམ་དང་ལས་བུམ་སྒྲུབ་པ་བུམ་པ་སྟ་གོན་གྱི་སྐབས་བཞིན་སྦྱར་རོ། །ཐུན་གཉིས་པ་ལ་མཆོད་པ་ཁ་གསོས་ལ་ལས་བྱང་འབྲིང་པོའི་མཆོད་པ་བྱིན་བརླབས་ནས་བསྟོད་པའི་བར་བཏང༌། ལ་ཛཔ་ཁང་དབྱེ་ཞིང་བསྐུལ་བཅས་སོ་སོའི་བསྙེན་པ་བཟླས་མཐར་ཁ་སྐོང་དང་སྟོང་ཚིག་འབུལ། ཐུན་གསུམ་པའང་དེ་དང་འདྲ་བ་ལས་བཟླས་པ་སྟོང་ཚིག་གསོལ་འདེབས་བཅས་གྲུབ་ནས། སྨིན་ལུགས་དམ་ཅན་སྤྱི་གཏོར་དང༌། རྩ་གསུམ་ཆོས་སྐྱོང་རྒྱ་མཚོའི་གཏོར་བསྔོ་དང་སྐོང་བཤགས་ཀྱི་ཆོ་ག་ཉེར་བསྡུས་ཕྲིན་ལས་རོལ་མཚོ་བཅས་སྦྱར། ཕྲིན་ལས་རྒྱས་པའི་ཚོགས་མཆོད་བསྐང་བ་བཅས་དང༌། ཕྱི་རོལ་དུ་ཆ་གསུམ་གཏོར་མ་གཏང༌། ཚོགས་ལ་རོལ་ཞིང་ལྷག་མ་བཏང་ལ་བཙོན་དུ་འཛིན། ཆོས་སྐྱོང་གཏོར་འབུལ་རྗེས་ཆོག་སོགས་མཐར་དབྱུང༌། ལས་བྱང་གི་བསྐུལ་བ་ཆད་བརྟན་རྟ་བྲོ་བརྡུང༌། གཏང་རག་མཆོད་བསྟོད། ནོངས་བཤགས། བརྟན་བཞུགས། བསྔོ་སྨོན། ཤིས་བརྗོད་བཅས་བྱ། གཉིས་པ་དངོས་གྲུབ་ལ་བར་དུ་གཅོད་པ་བསལ་ཞིང་བྱིན་རླབས་ཀྱི་གཟི་བྱིན་དབབ་པ་ནི། སློབ་དཔོན་ནམ་རྒྱལ་ཐེབས་མདུན་དུ་ཧོམ་ཁུང་ཉུལ་ལེའི་ལིང་ག་བཅས་པ་དང༌། ལས་ཕུར། ཐུན་རྫས་རྣམས་དགོད་ལ། རྟེན་བསྐྱེད་པ་ནི། ཨེ་ཡཾ་ཛྭ་ལ་རཾ། བྲུབ་ཁུང་ཡངས་ཤིང་གཏིང་ཟབ་པའི་ནང་དུ་ཏྲི་ལས་དངོས་གྲུབ་ལ་བར་དུ་གཅོད་ཅིང་ལོག་པར་ལྟ་བའི་འབྱུང་པོ་ཉུལ་ལེ་བདུད་ཀྱི་རིགས་སུ་གྱུར་པ་ཐམས་ཅད་རིད་ཅིང་ཉམ་ཐག་པའི་ལུས་ཅན་དུ་གྱུར་པར་བསམ། ན་མོ། རིག་འཛིན་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང༌། སངས་རྒྱས་ཀྱི་བཀའ་བདེན་པ་དང༌། ཆོས་ཀྱི་བཀའ་བདེན་པ་དང༌། དགེ་འདུན་གྱི་བཀའ་བདེན་པ་དང༌། གསང་སྔགས་དང་རིག་སྔགས་དང་གཟུངས་སྔགས་དང་སྙིང་པོ་དང་ཕྱག་རྒྱ་ཏིང་ངེ་འཛིན་གྱི་བདེན་པ་དང༌། ཆོས་ཉིད་གདོད་ནས་སྟོང་ཀྱང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང༌། ཁྱད་པར་དབང་ཆེན་རྩ་གསུམ་ལྷ་ཚོགས་བཀའ་སྡོད་ཕོ་ཉའི་དམག་ཚོགས་འཁོར་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང༌། བདེན་པ་ཆེན་པོའི་མཐུ་ལ་བརྟེན་ནས་དངོས་གྲུབ་ལ་བར་དུ་གཅོད་ཅིང་ལོག་པར་འདྲེན་པའི་འབྱུང་པོ་ཉུལ་ལེ་བདུད་ཀྱི་རིགས་སུ་གྱུར་པ་ཐམས་ཅད་མཚན་མ་རྫས་ཀྱི་རྟེན་འདི་ལ་མཆིས་པར་གྱུར་ཅིག །ཏྲི་ཡཾ་ཛཿཏྲི་བཛྲ་ཨང་ཀུ་ཤ་ཛཿ ཛཿཧཱུྃ་བཾ་ཧོཿ ཞེས་ལན་གསུམ་གྱིས་འགུགས་གཞུག་བྱས་ལ། ཕུར་ཐུན་ཚོམ་བུར་བསྐུལ་བ་ནི། ཧཱུྃ༔ ཆོས་ཀྱི་དབྱིངས་ནས་རང་བྱུང་གྲུབ་པའི་ལྷ༔ ཁྲོ་བོ་རོལ་པའི་དུར་ཁྲོད་ཆེན་པོ་ནས༔ ཤིན་ཏུ་མི་བཟད་ཁྲོ་གཏུམ་སྐུར་སྟོན་པ༔ དཔལ་ཆེན་ཡོངས་རྫོགས་དྲག་པོའི་ཕྲིན་ལས་མཛོད༔ ཧཱུྃ༔ ང་ནི་དཔལ་ཆེན་ཧེ་རུ་ཀ༔ སྲས་འཁོར་སྤྲུལ་པ་བྱེ་བ་འབུམ༔ བཀའ་སྡོད་རབ་འཇིགས་ཕོ་ཉར་བཅས༔ དྲག་པོའི་ལྷ་ཚོགས་དུས་ལ་བབ༔ གཡས་ཀྱི་ཕྱག་ན་ཕུར་པ་འདྲིལ༔ གཡོན་གྱི་ཕྱག་ན་ལྕགས་ཀྱུས་འགུགས༔ ལྕགས་ཀྱུས་ཟུངས་ལ་ཕུར་པས་ཐོབ༔ གནོད་བྱེད་དགྲ་བགེགས་རྡུལ་དུ་རློགས༔ ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་པདྨ་ཀྲོ་དྷཱི་ཤྭ་རི་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཡཀྵ་ཀཱ་ལ་རཱུ་པ་ཀརྨ་རཾ་རཾ་ཛྭ་ལ་རཾ་ཧཱུྃ་ཕཊ༔ གནོད་བྱེད་དགྲ་བགེགས་འབྱུང་པོ་ཐམས་ཅད་མཱ་ར་ཡ་ཧཱུྃ་ཧཱུྃ་ཕཊ༔ ཅེས་དྲག་སྔགས་ཕུར་བསྐོར་བྱས་པས་གདབ་ཅིང་ཐུན་གྱིས་བྲབ། ཁྱད་པར་དཔལ་གྱི་ཕོ་ཉ་ཀུན་ཐུབ་རྒྱལ་མོ་བསྐུལ་བ་ནི། ཧཱུྃ༔ ཤར་ཕྱོགས་དཀར་མོ་དུང་གི་གཞལ་ཡས་ནས༔ ཁྲག་མདོག་དམར་མོ་བསེ་ཡི་ལན་ཕྲན་ཅན༔ སྤྱན་རྩ་དམར་ཟླུམ་ཉི་མའི་ཟེར་ལྟར་འཕྲོ༔ སྨིན་མ་གློག་འཁྱུག་བར་སྣང་གོ་སྐབས་འབྱེད༔ བུ་ཡུག་ཐོག་འབེབས་ཤངས་ནས་རྡོ་རྗེ་འཁྱུག༔ བཞད་པ་ཧེ་དང་དཔལ་གྱི་སྤུ་གྲིས་གཏམས༔ རྔམ་པའི་ལྗགས་འདྲིལ་བསྐལ་པའི་མེ་ཆེན་འབར༔ ཨག་ཚོམ་མེ་འབར་རབ་འབྱམས་སྲིད་པ་སྲེག༔ བསྐལ་པའི་འབྲུག་སྒྲ་སྙན་ནས་འབྲུག་སྟོང་སྒྲོག༔ ལག་པ་དམར་པོ་སྤུ་གྲི་འབུམ་གྱིས་གཏམས༔ སེན་མོ་ལྕགས་ཀྱུའི་རྩེ་ལ་མེ་ཆེན་འབར༔ བ་སྤུ་གནམ་ལྕགས་ཞུན་མའི་རྡོ་རྗེ་འཁྲུགས༔ སྨིན་མཚམས་ལྕགས་ཀྱི་ཁྲོ་ཆུང་ཆར་འབེབས་ཤིང༔ ཞབས་ཀྱི་ཕུར་པས་སྲིན་མོ་ལྔ་བརྒྱ་གཟིར༔ རལ་པའི་གསེབ་ནས་ཁྲག་གི་ཆར་པ་འབེབས༔ ཤིན་ཏུ་མི་བཟད་འབར་བའི་སྐུ་གཅིག་མ༔ དཔག་ཚད་ལྔ་བརྒྱར་རྒྱུག་ཅིང་ཀླུ་སྲིན་སྒྲོལ༔ ཁྲོས་པའི་ཞལ་མདོག་ཁྲག་གི་མཆིན་པ་ཁ༔ ན་བཟའ་དམར་པོ་སྲིན་གྱི་གཡང་གཞི་གསོལ༔ ཕྱོགས་བཅུར་ཁ་བལྟས་ཕྱོགས་སྐྱོང་ཞབས་ཀྱིས་མནན༔ བདུད་ལ་བབ་ན་སྙིང་ཁྲག་དྲོན་མོ་གསོལ༔ སྲིན་ལ་བབ་ན་སྲོག་རྩ་དམར་པོ་གཅོད༔ དགྲ་ལ་བབ་ན་དུག་གི་ཁ་ཆུ་འདེབས༔ བགེགས་ལ་བབ་ན་རཱུ་པ་རྡུལ་དུ་རློག༔ དཔལ་གྱི་ཕོ་ཉ་དཔལ་གྱི་ཐུགས་ལས་སྤྲུལ༔ དམ་ཉམས་དགྲ་དང་འབྱུང་པོ་བགེགས་ལ་སོགས༔ ཕུང་པོ་དུམ་བུར་གཏུབས་ལ་དོན་སྙིང་སྲེགས༔ དམ་ཉམས་ཉུ་ལེའི་བར་ཆད་རྡུལ་དུ་རློག༔ དམ་ཚིག་དུས་ལ་བབ་བོ་ས་མ་ཡ༔ ཧཱུྃ་གྲུམ་བུ་གྲུ་ཨ་པ་ཙེ༔ རུ་པ་ཙེ༔ ན་ར་ཙེ༔ ཙ་མེ་ཐུན་ཐུན༔ ན་ཤ་སྟྭཾ་བྷ་ཡ༔ ཡཀྵ་བྱིན༔ ཕྱེ་མ་ཕྱེ་མ༔ རྡུལ་ཕྲན་རྡུལ་ཕྲན༔ ཙིཏྟ་རྦད་ནན༔ ཨོཾ་སུཾ་བྷ་ནི་སོགས་དང༌། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་པྲ་མ་རཱ་ཛ་ཏྲིག་ནན༔ དྷ་ན་རཀྴ་རྦུད་ལིང༔ ཏྲིའུ་ཏྲིའུ་མ་མ་ན་ཡ་ཤོན་ཛ་མཱ་ར་ཡཿརྦད་རྦད༔ དྲག་སྔགས་སྤོས་རོལ་དང་ཁྱད་པར་གྱི་དབྱུག་པས་སྡིག་ཅིང་ཐུན་བྲབ་བོ། །ཉུལ་ལེ་བསྐྲད་གཟིར་རྒྱས་པ་འདི་བཞིན་མི་ལྕོགས་པའི་ཐུན་སྔ་མ་ཙམ་གྱི་མཇུག་ཏུ་སྟབས་བདེ་བྱེད་ན། ཛཔ་ཀྱི་སྟོང་ཚིག་གི་རྗེས་སུ་རྡོ་རྗེ་མཚམས་པས་གུ་གུལ་དུད་པ་དང་ཐུན་བྲབ་སྟེ་དཀྱིལ་འཁོར་བསྐོར་ལ། དྲག་སྔགས་སོ་ལྔ་པ་དང༌། ཨོཾ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ་སརྦ་དུཥྚཱན་ཧཱུྃ་ཕཊ༔ ཀཱི་ལ་ཡ་ཀཱི་ལ་ཡ་སརྦ་པཱ་པཾ་ཕཊ༔ ཧཱུྃ་ཧཱུྃ་ཧཱུྃ་བཛྲ་ཀཱི་ལ་ཡ་བཛྲ་དྷ་རོད་ཨཱཛྙཱ་པ་ཡ་ཏི་སརྦ་བིགྷྣཱན་ཀཱ་ཡ་ཝཱཀ་ཙིཏྟ་ཀཱི་ལ་ཡ་ཧཱུྃ་ཕཊ༔ ཅེས་སྡེར་མོའི་སྔགས་དྲག་ཏུ་བརྗོད་པས་ཚར་བཅད་ལ་སྲུང་འཁོར་གསལ་གདབ་པས་དོན་འཐུས་སོ། །དེ་མ་ཐག་དངོས་གྲུབ་སྟེར་བའི་ལྷ་འབྱུང་བས་བྱིན་དབབ་དགོས་པར་གསུངས་པས་ཆས་སོགས་སྔོན་བཤད་ལྟར་བྱས། བཀའ་གཏེར་གང་རུང་གི་བྱིན་འབེབས་བརྗོད་ཅིང་རྩ་གསུམ་ཛཔ་དབྱངས་ལན་གསུམ་རེ་གྱེར་རོ། །གསུམ་པ་མཚན་མ་དུས་གྲངས་རྟགས་གསུམ་ལས། དུས་སྨིན་སློབ་ལ་ཟླ་བ་དྲུག །མོས་སློབ་ཀྱི་དབང་དུ་མཛད་ན་ཟླ་བ་གཅིག་གམ། ཞག་བདུན་ནམ། ཉིན་ཞག་གསུམ་གྱིས་མཐའ་བརྟེན་པར་བསྒྲུབས་པས་ཀྱང་དུས་དང་དབང་པོ་དང་མཐུན་པར་དངོས་གྲུབ་ཅི་རིགས་པ་འཐོབ་པར་འགྱུར་བར་གསུངས་སོ། །གྲངས་དང་རྟགས་ནི་གསང་བ་སྤྱི་དང་གཞུང་ལས་འབྱུང་བ་ལྟར་རོ། །རྒྱས་པར་སྤྲོ་ན་སྒྲུབ་པ་འདིའི་ཡན་ལག་ཏུ་ཉམས་ཆག་སྐོང་ཕྱིར་རྡོ་རྗེ་སེམས་དཔའི་ཆོ་ག་དང༌། རྡོ་རྗེ་མཚམས་པས་བར་ཆད་སྲུང་ཕྱིར་རྡོ་རྗེ་ཕུར་པའི་སྒྲུབ་མཆོད་གཞུང་འདིའི་ཆ་ལག་ཏུ་སྦྱར་ན་ལེགས། གལ་ཏེ་རྟགས་ཚད་ངན་པ་བྱུང་ན་ཉུལ་ལེ་བསྐྲད། རྟ་བྲོ་བརྡུང༌། དམ་སེལ་གྱི་ལྟས་ལ་ཡིག་བརྒྱ་བཟླ་ཞིང་བཤགས་རྒྱུད་བཀླག །གྲིབ་དང་མི་གཙང་བ་ལ་རྣམ་འཇོམས་སྨེ་བརྩེགས་སོགས་ཀྱི་བུམ་ཁྲུས་བྱ། རྟགས་ཚད་བཟང་ངན་གང་ལའང་རེ་དོགས་དང་དགག་སྒྲུབ་མེད་པར་དབྱིངས་སུ་སྐྱེལ་བ་གནད་ཡིན། དངོས་གྲུབ་ཀྱི་ལྟས་བཟང་ངེས་པ་ཅན་བྱུང་ན་དེ་ཉིད་དུ་རྒྱུན་གྱི་དངོས་གྲུབ་ལེན་པ་གནད་དུ་ཆེ་བས་ཐོད་པ་མཚན་ལྡན་ཆང་དང་ཆོས་སྨན་སྦྱར་བས་བཀང་བ་མདུན་དུ་བཞག་ལ། ཧཱུྃ༔ བདེ་གཤེགས་རྒྱལ་བ་མ་ལུས་དགོངས་སུ་གསོལ༔ རིག་འཛིན་མཁའ་འགྲོ་དམ་ཅན་སྲུང་མའི་ཚོགས༔ ལྷ་ཡི་དགེ་བསྙེན་དམ་ལྡན་ཐམས་ཅད་ཀྱིས༔ ཚུལ་བཞིན་སྒྲུབ་པའི་རྣལ་འབྱོར་བདག་ཅག་ལ༔ ཚེ་དང་ཆོས་དང་ཕྲིན་ལས་རྣམ་བཞི་དང༔ རྐང་མགྱོགས་མིག་མཐོང་རིལ་བུ་མཁའ་སྤྱོད་དང༔ མཐུ་དང་རྫུ་འཕྲུལ་མངོན་ཤེས་ནུས་མཐུ་དང༔ སྲིད་ནོར་ཟས་དང་འདོད་དགུའི་དངོས་གྲུབ་སྩོལ༔ ཨ་ལ་ལ་ཧོ། ཞེས་བརྗོད་ལ་བདུད་རྩི་མྱང་ངོ༌། བཞི་པ་སྒྲུབ་པ་ཆེན་པོ་ནི། སྒྲུབ་པ་མཐར་ཕྱིན་ནས་དངོས་གྲུབ་ལེན་པ་ལ་གཉིས། དངོས་གྲུབ་ལེན་པ་དངོས། རྗེས་མཐའ་རྒྱས་ཀྱི་ལས་རིམ་མོ། །དང་པོ་ལ་གསུམ། རྫས་བཤམ་པ། ཆོ་གའི་སྔོན་འགྲོ། ཆོ་ག་དངོས་སོ། །དང་པོ་ནི། དཀྱིལ་འཁོར་ཤར་ཕྱོགས་སུ་གཞི་སྟེགས་དཀར་པོའི་སྟེང་དུ་འབྲུ་དཀར་གྱི་གཡུང་དྲུང་གཡས་བསྐོར་དུ་བྲིས་པའི་དབུས་སུ་རིན་པོ་ཆེའི་སྣོད་དུ་ཟས་སྣ་དང་སྤོད་སྣ་ཚོགས་སྦྱར་བ་ལས་དབུས་སུ་རིན་པོ་ཆེ་འབར་བའི་དབྱིབས་དང་ཕྱོགས་བཞིར་ཞི་རྒྱས་དབང་དྲག་གི་འབྲང་རྒྱས་རིགས་ལྔའི་ཕྱག་མཚན་ས་བོན་བཅས་པ་དང་ཉི་ཟླས་སྤྲས་པ་བཀོད། དེའི་སྟེང་རྐང་གསུམ་ཁར་ཐོད་པ་མཚན་ལྡན་ཆང་ལ་ཆོས་སྨན་དང་མངར་གསུམ་སྦྱར་བས་བཀང་ལ་བཞག །མཐའ་སྐོར་དུ་མཱཾ་ས་ཟླ་རྒྱས་ཟླ་ཕྲོམ་ཚེ་གལ་ཁུར་བ་ཤིང་ཏོག་དཀར་གསུམ་མངར་གསུམ་འབྲས་ཆན་སོགས་བཟའ་བཅའ་བཏུང་བའི་རིགས་གྱུར་མཆེད་ལྕམ་རྣམས་ལ་འདང་ངེས་ཀྱིས་བསྐོར་ལ་དར་དམར་མཐིང་གི་ཁེབ་ཀྱིས་བཀབ་བོ། །གཉིས་པ་ནི། ཐོར་ཐུན་སྔ་བ་ནས་ཕྲིན་ལས་ཀྱི་གཞུང་བསྲངས། བཟླས་པ་ཁ་སྐོང་སྟོང་ཚིག་སོགས་གཞུང་ལྟར་གྲུབ་ནས་བསྙེན་རྒྱུན་སྔ་མ་གྲོལ། སྙིང་པོ་ལ་ཀཱ་ཡ་སིདྡྷི་སོགས་དངོས་གྲུབ་བླང་སྔགས་བཏགས་པ་རྒྱུན། སྲུང་མའི་གཏོར་ཆོག་ཚོགས་སྐོང་རྒྱས་པར་བྱ། ཚོགས་ཐ་མའི་སྐབས་ཉུལ་ལེའི་ལིང་ག་མེར་བསྲེགས་ཐལ་བ་ཆོས་སྲུང་གཏོར་མར་བསྟབས། དེ་ནས་དངོས་གྲུབ་འཕྲོག་པའི་བགེགས་བསྐྲད་པ་ནི། སྒྲུབ་པ་པོ་རྣམས་ཞྭ་གོས་སོགས་གཟི་བྱིན་བསྐྱེད་ལ། ཧཱུྃ༔ མི་གནས་ཡེ་ཤེས་དཀྱིལ་འཁོར་འདིར༔ དངོས་གྲུབ་འཕྲོག་པར་བྱེད་པའི་བགེགས༔ ལྷའམ་འོན་ཏེ་བདུད་ཀྱང་རུང༔ ང་ལ་བར་ཆད་བྱེད་པའི་བགེགས༔ གནས་འདིར་མ་འདུག་གཞན་དུ་དེངས༔ རྡོ་རྗེ་གསང་བའི་བཀའ་ལས་ནི༔ སྡིག་ཅན་གང་ཞིག་འདའ་བྱེད་པའི༔ ཀླད་པ་ཚལ་པ་བརྒྱ་རུ་ཁོས༔ དྲག་སྔགས་རོལ་མོ་བཅས་ཡུངས་ཀར་གྱིས་བྲབ། གུ་གུལ་གྱིས་དུད་པས་བདུགས་ལ། མཚམས་བཅད་པ་ནི། ཧཱུྃ༔ ཡེ་ནས་སྣང་བ་ལྷ་ཡི་དཀྱིལ་འཁོར་ལ༔ སྐུ་གསུང་ཐུགས་ཀྱི་རྡོ་རྗེ་རང་བཞིན་རྫོགས༔ རིག་པ་རང་ཤར་ཁྲོ་ཚོགས་མཚོན་ཆའི་གུར༔ མ་བཅོས་དབྱིངས་སུ་གསལ་བས་མཚམས་བཅད་དོ༔ ཧཱུྃ་བཛྲ་རཀྵ་ཧཱུྃ༔ ཞེས་སྲུང་འཁོར་བསྒོམས་ལ་སྤོས་རོལ་གཡབ་དར་བཅས་ལས་གཞུང་ལྟར་བྱིན་དབབ། དེ་ནས་དངོས་གྲུབ་རྫས་ལ་བྱིན་བརླབ་པ་ནི། ཧཱུྃ་ཧྲཱིཿ ཡེ་ཤེས་སྙིང་པོའི་ཐུགས་ཀྱི་ཆོ་འཕྲུལ་ལས༔ མེ་ཆུ་རླུང་གི་དངོས་འཛིན་བསྐལ་པ་བཤིག༔ དག་པའི་སྒྲུབ་རྫས་བྷཉྫ་གཞལ་ཡས་ཁང༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿལས་བདུད་རྩི་ལྔ༔ མཱུྃ་ལཱྃ་མཱྃ་པཱྃ་ཏཱྃ་ལས་ཤ་ལྔར་གྱུར༔ ཁམས་ལྔ་ཡེ་ཤེས་ལྔ་ཡི་བདག་ཉིད་ལས༔ རིག་པའི་ཆོ་འཕྲུལ་མེ་རླུང་སྦྱོར་བ་ཡིས༔ དབྱིངས་རིག་དབྱེར་མེད་བདེ་སྟོང་ངང་དུ་བཞུ༔ ཡེ་ཤེས་ལྔ་ཡི་འོད་ཟེར་བསམ་ཡས་འཕྲོ༔ འཁོར་འདས་དྭངས་མའི་བཅུད་བསྡུས་རིགས་ལྔར་གྱུར༔ ཡབ་ཡུམ་མཉམ་སྦྱོར་བྱང་ཆུབ་སེམས་སུ་ཞུ༔ རྫས་རྣམས་ཡེ་ཤེས་བདུད་རྩིར་འཁྱིལ་བར་གྱུར༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋ༔ ཞེས་བཟླས་ཤིང་བྱིན་གྱིས་བརླབས། འཁོན་བཅུག་བཤགས་པ་ནི། ཧཱུྃ་ཧྲཱིཿ ཡེ་ནས་གཉིས་མེད་ཆོས་སྐུར་དག་པ་ལ༔ མ་རིག་དབང་གིས་སྒྲོ་དང་སྐུར་བཏབ་སྟེ༔ བདེ་དང་སྡུག་བསྔལ་འབྲས་བུ་སོ་སོར་སྨིན༔ དེ་ལྡོག་ཕྱིར་ན་རྒྱལ་བའི་དམ་མནོས་ཀྱང༔ སྙོམས་ལས་དབང་གིས་དམ་ལས་འགལ་གྱུར་རྣམས༔ དམིགས་མེད་ཆོས་ཀྱི་དབྱིངས་སུ་བཟོད་པར་གསོལ༔ བཟོད་པར་བཞེས་ལ་དངོས་གྲུབ་བསྩལ་དུ་གསོལ༔ ཅེས་དང་ཡིག་བརྒྱ་བརྗོད། གསུམ་པ་དངོས་གྲུབ་བསྡུ་བ་ནི། ཧཱུྃ་ཧྲཱིཿ རང་རིག་དབྱིངས་དང་གཉིས་སུ་མེད་པ་ཡི༔ ལྷ་ཚོགས་བདེ་ཆེན་རྒྱས་པའི་སྦྱོར་མཚམས་ནས༔ འོད་ཟེར་མཐའ་ཡས་ནམ་མཁའ་ཁྱབ་པར་འཕྲོས༔ རྒྱལ་བ་མཆོད་ཅིང་འགྲོ་བའི་སྒྲིབ་པ་སྦྱངས༔ མཆོག་དང་ཐུན་མོང་དངོས་གྲུབ་ཀུན་འདུས་ཏེ༔ བདག་ལ་ཐིམ་པས་གང་འདོད་ལྷུན་གྱིས་གྲུབ༔ རྫས་ལ་ཐིམ་པས་བདུད་རྩིའི་རྒྱ་མཚོར་གྱུར༔ ཅེས་བསྐུལ་ཞིང་དམིགས་ལ་ལྷ་རྣམས་ཀྱི་སྙིང་པོའི་མཐར། སརྦ་ཨ་མྲྀ་ཏ་ཀུཎྜ་ལི་སརྦ་སིདྡྷི་ཧཱུྃ་ཧཱུྃ༔ ཞེས་སྟོང་ཕྲག་བཟླ། གནད་ནས་བསྐུལ་བ་ནི། རང་གི་ཐུགས་ཀ་ནས་འོད་ཟེར་དམར་པོ་ལྕགས་ཀྱུའི་དབྱིབས་ཅན་དཔག་ཏུ་མེད་པ་འཕྲོས་པས༔ བླ་མ་རིག་འཛིན་རྒྱལ་བ་སྲས་བཅས་བདེ་གཤེགས་ཞི་ཁྲོ་མཁའ་འགྲོ་ཆོས་སྐྱོང་རྣམས༔ བུ་ཡུག་འཚུབས་པ་ལྟར་བྱོན་ནས་རང་དམ་ཚིག་པ་ཐིམ་པར་བསམ༔ ཧཱུྃ་ཧྲཱིཿ བླ་མ་རིག་འཛིན་རྒྱལ་བ་སྲས་དང་བཅས༔ བདེ་གཤེགས་ཞི་ཁྲོ་མཁའ་འགྲོ་དམ་ཅན་རྣམས༔ འོག་མིན་ཆོས་ཀྱི་དབྱིངས་ནས་སྐུར་བཞེངས་ལ༔ དམ་ཚིག་དཀྱིལ་འཁོར་འདི་ལ་བརྟན་པར་བཞུགས༔ གཉིས་སུ་མེད་པའི་ཕྱག་བགྱི་བཞེས་སུ་གསོལ༔ དམ་རྫས་བདུད་རྩིའི་མཆོད་པ་འདི་བཞེས་ལ༔ མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ༔ གནས་འདིར་བདེ་གཤེགས་དངོས་གྲུབ་མི་སྟེར་ན༔ སྔོན་གྱི་ཐུགས་དམ་གཉན་པོ་མི་འགལ་ལམ༔ དེ་བས་ད་ལྟ་ཉིད་དུ་དངོས་གྲུབ་སྩོལ༔ ཅེས་བསྐུལ་ཞིང་སྙིང་པོའི་མཐར། ས་མ་ཡ་བཛྲ་ས་མ་ཡ༔ ཞེས་བཏགས་པ་སྟོང་ཕྲག་བཟླ། དེ་ནས་དངོས་གྲུབ་བསྐུལ་བ་ནི། ཧཱུྃ༔ རང་བཞིན་ཆོས་ཀྱི་དབྱིངས་ལས་མ་གཡོས་པའི༔ ལོངས་སྤྱོད་རྫོགས་སྐུ་ཞིང་ཁམས་ཆེན་པོ་འདིར༔ རིག་འཛིན་འདུས་པ་བླ་མའི་དཀྱིལ་འཁོར་ཚོགས༔ དང་པོ་མ་རིག་མུན་པའི་སྨག་གཏིབས་ནས༔ རང་དང་དབྱེར་མེད་བཞུགས་ཀྱང་ཞལ་མ་མཇལ༔ དེ་ནས་བཀའ་དྲིན་ཅན་གྱི་བླ་མ་ཡི༔ ཐུགས་རྗེའི་མན་ངག་ཟབ་མོའི་སྒྲོན་མེ་ཡིས༔ རང་རིག་རང་གསལ་ལྷ་དང་དཀྱིལ་འཁོར་མཇལ༔ བར་དུ་ཡི་དམ་སྐྱབས་འོས་མཆོད་པའི་གནས༔ སྒྲུབ་སྒྲུབ་བསྙེན་བསྙེན་གྲུབ་པ་མཐར་ཕྱིན་ནས༔ ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས་སུ་སྨིན༔ ད་ནི་ལྷ་མཆོག་ཁྱོད་དང་གཉིས་སུ་མེད༔ རྡོ་རྗེ་སེམས་དཔའི་ནམ་ཡང་ལང་ལ་ཁད༔ བདེ་གཤེགས་ཀུན་འདུས་མཁའ་ཀློང་ཡངས་པ་རུ༔ མ་རིག་རང་སངས་ཐུགས་རྗེའི་ཉི་མ་ཤར༔ ད་ནི་དངོས་གྲུབ་འབྱུང་བའི་དུས་ལ་བབས༔ འདོད་པའི་འབྲས་བུ་མྱུར་དུ་མཆིས་པར་མཛོད༔ ཅེས་བསྐུལ་ལ་ལས་བྱང་ནས་འབྱུང་བའི་དངོས་གྲུབ་བླང་བའི་ཚིག་བརྗོད་ལ་སྒྲུབ་རྟེན་རྣམས་གནས་གསུམ་དུ་གཏུགས། སྔགས་ཛཔ་དབྱངས་ཀྱི་ཚུལ་དུ་བརྗོད་ལ་དངོས་གྲུབ་ཀྱི་རྫས་རྣམས་སློབ་དཔོན་ནས་བརྩམས་མཆེད་ལྕམ་ཐམས་ཅད་ལ་བཀྱེ། བདུད་རྩིས་གནས་གསུམ་དུ་ཐིག་ལེ་བྱ། རྫས་རྣམས་རོལ་ལ་བདེ་སྟོང་གི་ཉམས་སྐྱོང༌། མཆོག་ཐུན་མོང་གི་དངོས་གྲུབ་ཐམས་ཅད་སྟན་ཐོག་འདི་ཉིད་དུ་བདེ་བླག་གི་ཚུལ་གྱིས་ཐོབ་པར་གྱུར་པར་བསམ། དེ་ནས་གཞན་དོན་དབང་བསྐུར་བྱ་དགོས་ན་རྒྱས་འབྲིང་བསྡུས་པ་འོས་བསྟུན་སྐབས་འདིར་བྱ་བ་ཡིན་ནོ། །གཉིས་པ་རྗེས་མཐའ་རྒྱས་ལས་རིམ་ལ་གསུམ། དཀྱིལ་འཁོར་དང་འབྲེལ་བའི་རྗེས་ཆོག །ཕྱི་མཚམས་བཀྲོལ་བ། སྨོན་ལམ་སོགས་མཐར་དགེའི་བྱ་བ་རྣམས་སོ། །དང་པོ་ནི། ཚོགས་ལ་ལོངས་སྤྱོད་པ་སྔོན་དུ་མ་གྲུབ་ན་འདིར་བྱ། སྔར་བཙོན་དུ་བཟུང་བའི་ལྷག་མ་དང་ལྷན་ཅིག་ལྷག་ཆོག་བཏང་ཞིང་སྒྲུབ་ཁང་གི་ལྷོ་ནུབ་ཏུ་གོམ་པ་བདུན་ཅུའི་སར་བསྐྱེལ། ཆོས་སྲུང་གཏོར་འབུལ་སྐབས་རྒྱུན་བཞག་གཏོར་མ་རྣམས་ཡང་ཐོག་སོགས་སུ་འབུལ། ཆད་བརྟན་རྒྱུན་བཞག་ཀྱང་ཕྱིར་བཏང༌། རྟ་བྲོ་བརྡུངས། མཆོད་ཁ་གསོས་ལ་གཏང་རག་གི་མཆོད་བསྟོད་བྱ་ཞིང་ནོངས་བཤགས་ཡིག་བརྒྱ་ལན་གསུམ་བརྗོད། མདུན་བསྐྱེད་ཚོགས་མགྲོན་གྱི་ཡེ་ཤེས་པ་རྣམས་རྟེན་དང་རས་བྲིས་ཀྱི་དཀྱིལ་འཁོར་ལ་བརྟན་བཞུགས་བྱ། དམ་ཚིག་པ་རང་ལ་བསྡུ། བདག་བསྐྱེད་ཀྱི་དཀྱིལ་འཁོར་ཡང་འོད་གསལ་དུ་བསྡུ་ཞིང་གཉུག་མའི་ལྷ་སྐུར་ལྡངས་ལ་གནས་གསུམ་བསྲུང་བ་སོགས་གོ་ཆ་བགོ །སྤྱོད་ཡུལ་ལམ་ཁྱེར་གྱི་རྣལ་འབྱོར་དང་མ་བྲལ་བར་བྱའོ། །གཉིས་པ་ནི། རྒྱལ་ཆེན་བཞི་ལ་ཟླུམ་གཏོར་རེ་རེ། སྒོ་ལ་དམར་གཏོར་དང་སོ་སོར་ཕྱི་མཆོད་བཅས་བཤམས། ཕྱི་རོལ་དུ་ཕྱིན་ནས་ཤར་གྱི་ཐོ་རྩར་འཁོད་ལ། མཆོད་གཏོར་རྣམས། རྃ་ཡྃ་ཁྃ་གིས་བསངས། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་བརླབས། ཨོཾ་དྷྲིཥྚ་རཱཥྚ་ཡ་སོགས་སྔགས་ལན་གསུམ་གྱིས་གཏོར་མ་ཕུལ། ཨོཾ་བཛྲ་པུཥྤེ་སོགས་ཀྱིས་མཆོད། ཧཱུྃ༔ ཕྱི་ལྟར་རྒྱལ་ཆེན་ཡུལ་འཁོར་སྲུང༔ ནང་ལྟར་བུདྡྷ་ཧེ་རུ་ཀ༔ གསང་བ་རྣམ་པར་སྣང་མཛད་དེ༔ སྔོན་གྱི་ཐུགས་དམ་ཇི་བཞིན་དུ༔ སྒྲུབ་པ་སྲུང་མཛད་སྐུ་དྲིན་དུ༔ གཏང་རག་མཆོད་བཞེས་དབྱིངས་སུ་གཤེགས༔ བཛྲ་མུ༔ ཞེས་གཤེགས་ལ་ཐོ་དང་མཆོད་པ་བསྡུ། དེས་འགྲེས་ཏེ་ལྷོར་ཕྱིན་ལ། བྱིན་བརླབ་དང་གཏོར་མཆོད་སྔགས་ཀྱིས་ཕུལ། ཧཱུྃ༔ ཕྱི་ལྟར་རྒྱལ་ཆེན་འཕགས་སྐྱེས་པོ༔ ནང་ལྟར་ཀརྨ་ཧེ་རུ་ཀ༔ གསང་བ་དོན་ཡོད་གྲུབ་པ་སྟེ༔ སྔོན་གྱི་ཐུགས་དམ་ཇི་བཞིན་དུ༔ སྒྲུབ་པ་སྲུང་མཛད་སྐུ་དྲིན་དུ༔ གཏང་རག་མཆོད་བཞེས་དབྱིངས་སུ་གཤེགས༔ བཛྲ་མུ༔ ནུབ་ཀྱི་ཐོ་རྩར་ཕྱིན་ལ། བྱིན་བརླབ་གཏོར་མཆོད་སྔགས་ཀྱིས་ཕུལ། ཧཱུྃ༔ ཕྱི་ལྟར་རྒྱལ་ཆེན་སྤྱན་མི་བཟང༔ ནང་ལྟར་པདྨ་ཧེ་རུ་ཀ༔ གསང་བ་སྣང་བ་མཐའ་ཡས་ཏེ༔ སྔོན་གྱི་ཐུགས་དམ་ཇི་བཞིན་དུ༔ སྒྲུབ་པ་སྲུང་མཛད་སྐུ་དྲིན་དུ༔ གཏང་རག་མཆོད་བཞེས་དབྱིངས་སུ་གཤེགས༔ བཛྲ་མུ༔ བྱང་གི་ཐོ་རྩར་འཁོད་ལ། བྱིན་བརླབ་དང་གཏོར་མཆོད་སྔགས་ཀྱིས་ཕུལ། ཧཱུྃ༔ ཕྱི་ལྟར་རྒྱལ་ཆེན་རྣམ་ཐོས་སྲས༔ ནང་ལྟར་རཏྣ་ཧེ་རུ་ཀ༔ གསང་བ་རིན་ཆེན་འབྱུང་ལྡན་ཏེ༔ སྔོན་གྱི་ཐུགས་དམ་ཇི་བཞིན་དུ༔ སྒྲུབ་པ་སྲུང་མཛད་སྐུ་དྲིན་དུ༔ གཏང་རག་མཆོད་བཞེས་དབྱིངས་སུ་གཤེགས༔ བཛྲ་མུ༔ ཞེས་གཤེགས། སྒོ་བྱང་བཀྲོལ་བ་ནི། ཕྱི་སྒོར་མཆོད་གཏོར་བཤམས་ལ། སྔར་བཞིན་བྱིན་བརླབས། ཨོཾ་ཀརྨ་ཡ་མ་རཱ་ཛ་ཧཱུྃ་ཕཊ་ས་པ་རི་ཝཱ་ར་སོགས་གཏོར་སྔགས་བཏགས་པ་ལན་གསུམ་གྱིས་ཕུལ། ཨོཾ་བཛྲ་པུཥྤེ་སོགས་ཀྱིས་མཆོད། ཧཱུྃ༔ དཔལ་གྱི་ཕོ་ཉ་སྒོ་སྲུང་ནི༔ མཐུ་སྟོབས་རྫུ་འཕྲུལ་བསམ་མི་ཁྱབ༔ གཏང་རག་མཆོད་པ་འདི་འབུལ་ལོ༔ ཉམས་ཆག་འགལ་འཁྲུལ་ཐམས་ཅད་བཤགས༔ སླར་ཡང་འཁོར་སྲུང་རྐྱེན་རྣམས་བཟློག༔ བཀྲ་ཤིས་བདེ་ལེགས་མཛད་དུ་གསོལ༔ གཙྪས་རང་གནས་སུ་གཤེགས་ལ་སྒོ་བྱང་བསྡུ། ནང་གི་སྒོ་བྱང་བཀྲོལ་བ་ནི། མཆོད་གཏོར་བཤམས་ལ་སྔར་བཞིན་བྱིན་བརླབས། ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལི་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་གཏོར་མ་ཅི་མང་ཕུལ་ཞིང༌། ཨོཾ་བཛྲ་པུཥྤེ་སོགས་ཀྱིས་མཆོད། ཧཱུྃ༔ གསང་བ་བླ་མེད་དཀྱིལ་འཁོར་འདིར༔ བཀའ་གསང་རྨད་བྱུང་སྒྲུབ་ལགས་པས༔ ཁྲོ་བོའི་རྒྱལ་པོ་བདུད་རྩི་འཁྱིལ༔ དངོས་གྲུབ་སྲུང་མར་མངའ་གསོལ་བས༔ སྔོན་གྱི་ཐུགས་དམ་ཇི་བཞིན་དུ༔ མཐུ་སྟོབས་རྫུ་འཕྲུལ་བསམ་མི་ཁྱབ༔ གཏང་རག་མཆོད་པ་འདི་འབུལ་ལོ༔ ཉམས་ཆག་འགལ་འཁྲུལ་ཐམས་ཅད་བཤགས༔ སླར་ཡང་འཁོར་སྲུང་རྐྱེན་རྣམས་བཟློག །བཀྲ་ཤིས་བདེ་ལེགས་མཛད་དུ་གསོལ༔ གཙྪས་རང་གནས་སུ་གཤེགས་ལ་སྒོ་བྱང་བསྡུ། དེ་ནས་ནང་དུ་ཕྱིན་ལ་སློབ་དཔོན་ནམ་རྒྱལ་ཐེབས་དཀྱིལ་འཁོར་ནུབ་ཏུ་འཁོད་ལ། ཨོཾ་བཛྲ་ཀཱི་ལ་ཡ་ཨུཏྐཱི་ལ་ཡ་སརྦ་ཀཱི་ལ་ཡ་བཛྲ་དྷ་རོད་ཨཱ་ཛྙཱ་པ་ཡ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ༔ ཞེས་ལག་གཉིས་སྐམ་པའི་ཕྱག་རྒྱ་དང་བཅས། དང་པོ་གདབ་རིམ་ལས་ལྡོག་ཕྱོགས་སུ་ཕྱུང་སྟེ། ཨོཾ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིདྡྷི་ལོ་ཙ་ནི་སརྦ་ཨརྠ་སཱ་དྷ་ནི་སྭཱ་ཧཱ༔ ཞེས་ཕུར་རྩེ་འོ་མས་བཀྲུ། ཆོས་ཐམས་ཅད་སྐྱེ་བ་མེད་པའི་དོན་ཡིད་ལ་བྱས་ཏེ་དྲིལ་བུ་དཀྲོལ་ཞིང༌། ཨ་ཀཱ་རོའི་སྔགས་བརྗོད་བཞིན་པས་འཇམ་རོལ་དང་བཅས་རས་བྲིས་དཀྱིལ་འཁོར་བསྡུ། རྡུལ་ཚོན་ཡིན་ན་ཤར་ནས་དབུས་སུ་བསྡུ་ཞིང་ཚོམ་བུ་སྤྱི་བོར་བཀོད། ལྷག་མ་ཀླུ་ཆོག་བཅས་ཆུ་ཀླུང་ཆེན་པོར་གཤེགས་སོ། །གསུམ་པ་ནི། གཞུང་ཆེན་པོ་རྣམས་སུ་སྐབས་འདིར་སློབ་དཔོན་ལ་གཟོད་པར་གསོལ་ཞིང་གཏང་རག་འབུལ་བ། མཆེད་ཀྱི་ནོངས་བཤགས་རྣམས་འབྱུང་ཡང་ལུགས་འདིར་མ་བཤད་པས་ས་བཅད་ཙམ་དུ། ཡེ་ཤེས་སྐུ་མཆོག་སོགས་དང་རྗེ་བཙུན་བླ་མ་རྣམས་ཀྱི་སོགས་བརྗོད། ལས་གཞུང་ནས་འབྱུང་བའི་སྨོན་ལམ་སྤྱིར་གདབ། ཁྱད་པར་མར་མེ་སྨོན་ལམ་ནི། ཐམས་ཅད་ཀྱི་ལག་པ་ལུ་གུ་རྒྱུད་དུ་སྦྲེལ་ཞིང་གཡས་སུ་མར་མེ་ཐོགས། སློབ་དཔོན་ནམ་རྒྱལ་ཐེབས་ཀྱིས་བྱང་དྲངས་ལ། ཧོཿ ཡང་གསང་རིག་འཛིན་བླ་མའི་དཀྱིལ་འཁོར་དུ༔ རྡོ་རྗེ་སློབ་དཔོན་མཆོག་གི་བཀའ་དྲིན་གྱིས༔ དུས་གསུམ་འབྲལ་མེད་འགྲོགས་པའི་མཆེད་ལྕམ་རྣམས༔ དཀྱིལ་འཁོར་གསུམ་དུ་བསྙེན་སྒྲུབ་མཐར་ཕྱིན་པའི༔ ཏིང་འཛིན་རྩེ་གཅིག་ཟབ་མོ་འདི་ཡི་མཐུས༔ རིགས་ཀྱི་གཙོ་བོ་རྡོ་རྗེ་སློབ་དཔོན་དང༔ དམ་ཚིག་གཅིག་པའི་མཆེད་དང་ལྕམ་དྲལ་དང༔ ཟབ་མོའི་དབང་གིས་འབྲེལ་བའི་གཟུངས་མ་གསུམ༔ ཚེ་རབས་ཀུན་ཏུ་མི་འབྲལ་ལྷན་ཅིག་པས༔ བདེ་ཆེན་ཚོགས་ཀྱི་འདུ་བར་རྟག་སྤྱོད་ཅིང༔ བླ་མེད་གསང་བའི་མྱུར་ལམ་ལ་བརྟེན་ནས༔ ས་བཅུའི་ཁྱད་པར་རིམ་གྱིས་བགྲོད་པར་ཤོག༔ ནམ་ཞིག་ཚེ་འཕོས་ལུས་བརྗེས་དུས་བྱུང་ཚེ༔ འཁོར་བའི་གཡང་སར་ལན་གཅིག་ལྷུང་སྲིད་ཀྱང༔ སྣང་བའི་སྒོ་འབྱེད་ཡེ་ཤེས་མར་མེ་འདིས༔ གཏི་མུག་མུན་པའི་སྨག་རུམ་དབྱིངས་སུ་བསལ༔ འདོད་ཆགས་གཅོང་རོང་རྣམས་སུ་མི་འཁྱམ་ཞིང༔ ཞེ་སྡང་དམྱལ་བའི་ཟངས་ཁར་མི་འགྲིམ་དང༔ ང་རྒྱལ་གཅན་གཟན་གདུག་པའི་སྐད་མི་ཐོས༔ ཕྲག་དོག་མཚོན་ཆ་རྣོན་པོས་མི་ཕོག་ཤོག༔ རྣམ་སྨིན་ཚེ་དབང་ཕྱག་རྒྱ་ཆེན་པོ་དང༔ ལྷུན་གྱིས་གྲུབ་པའི་གོ་འཕང་ཉེར་བགྲོད་དེ༔ ཀུན་ཏུ་འོད་ཀྱི་ས་ལ་ཕྱིན་པའི་ཚེ༔ རིག་འཛིན་བླ་མ་རྣམས་ཀྱིས་མདུན་བསུས་ཤིག༔ ཡི་དམ་ལྷ་ཚོགས་རྣམས་ཀྱིས་རྒྱབ་བརྟེན་ཅིག༔ མ་ཚོགས་མཁའ་འགྲོ་རྣམས་ཀྱིས་མཐའ་སྐྱོར་ཅིག༔ འཁོར་ལོ་ཚོགས་ཆེན་གནས་སུ་ལམ་སྣ་དྲོངས༔ འོད་གསལ་བླ་མ་ཆོས་སྐུའི་ཞལ་མཐོང་ནས༔ ལོངས་སྤྱོད་རྫོགས་སྐུ་ཆེན་པོར་ལྷུན་གྱིས་གྲུབ༔ མ་འགག་སྤྲུལ་པའི་སྒྱུ་འཕྲུལ་རྩལ་འཆང་བས༔ ཁམས་གསུམ་ཐིག་ལེ་ཆེན་པོར་དོང་སྤྲུགས་ཤོག༔ བླ་མ་རིག་འཛིན་བསྒྲུབས་པའི་ས་ཕྱོགས་འདིར༔ ནད་མུག་འཁྲུགས་རྩོད་སྐལ་ངན་ཀུན་ཞི་ཞིང༔ དགེ་ལེགས་ཡོན་ཏན་ངང་གིས་འདུ་བ་དང༔ གསང་སྔགས་བསྟན་པ་མཐའ་རྒྱས་བཀྲ་ཤིས་ཤོག༔ ཅེས་བརྗོད། གཞན་ཡང་ཐེག་པ་ཆེན་པོ་སྤྱི་དང་གསང་བ་བླ་མེད་ཀྱི་སྨོན་ལམ་ཇི་ལྟར་རིགས་པ་གདབ། ཞལ་ནས་གསུངས་པའི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པས་ཐོག་དྲངས། ལས་གཞུང་ནས་འབྱུང་བའི་བཀྲ་ཤིས་སོགས་ཤིས་བརྗོད་རྒྱས་པར་བརྗོད་ཅིང་མེ་ཏོག་གི་ཆར་དང་རོལ་མོ་སྙན་ལ་རིང་བས་དྭངས་ཤིང་སྤྲོ་བར་བྱ། རྒྱས་པར་སྤྲོ་ན། ཕྱི་མཚམས་རྗེས་སུ་དྲག་པོའི་སྦྱིན་སྲེག །སྐབས་ཇི་ལྟར་རིགས་པར་ཞི་བའི་སྦྱིན་སྲེག །དངོས་གྲུབ་བླང་བའི་སྔ་ཉིན་དབང་གི་སྦྱིན་སྲེག །དངོས་གྲུབ་བླངས་ཟིན་པའི་རྗེས་རྒྱས་པ་དང་མཆོག་གི་སྦྱིན་སྲེག །དེ་ཙམ་མ་གྲུབ་ན་ཁ་སྐོང་རྒྱས་པའི་སྦྱིན་སྲེག་དང་ཞག་གསུམ་སོགས་གནས་སྲུང་ཞིང་ཚོགས་མཆོད་ལ་སོགས་དགའ་སྟོན་རྒྱས་པར་སྤེལ་བས་ལེགས་ཚོགས་མི་འཆད་པར་འཕེལ་བའི་རྟེན་འབྲེལ་དུ་འགྱུར་རོ། །ངོ་བོ་འཁོར་ལོའི་དབང་ཕྱུག་བླ་མ་རྗེ། །རྣམ་པ་རྩ་གསུམ་སྒྱུ་འཕྲུལ་དྲྭ་བ་ཡི། །སྒྲུབ་ཚུལ་ཀུན་འདུས་དངོས་གྲུབ་སྙིང་པོ་ཞེས། །མཚན་དོན་མཐུན་པའི་ལམ་འདི་ལས་ཅན་བཙས། །འཕགས་ལམ་ཡེ་ཤེས་དངོས་སུ་བརྙེས་མིན་ཀྱང༌། །བཅོས་མིན་དད་པའི་ཆུ་སྐྱེས་མ་རྙིང་པས། །ངོ་མཚར་བྱིན་རླབས་སྦྲང་རྩིའི་ཟེགས་མའི་བཅུད། །བཀའ་གཏེར་དགོངས་པ་གཅིག་དྲིལ་བྲིས་འདི་རྨད། །ཟབ་དོན་སྒྲུབ་པའི་ལས་ཅན་ཆེས་དཀོན་མོད། །སྤྲོས་བཅས་ཚོགས་སྒྲུབ་འདྲ་འབག་དྲིན་ཆེ་བས། །གོང་མའི་གསུང་ལ་ཁྱད་ཆོས་མན་ངག་གིས། །སྤྲས་འདིས་རང་གཞན་ཕན་བདེའི་གསོས་གྱུར་ཅིག །རྡོ་རྗེ་སྙིང་པོའི་རིང་ལུགས་བསིལ་ལྡན་རི། །སྨིན་གྲོལ་བཤད་བཀའི་ཀླུང་བཞི་ཕྱོགས་ཀུན་བརྡལ། །མཁས་གྲུབ་མཆེ་བ་དྲུག་པས་རྩེན་བཞིན་དུ། །ཕན་བདེའི་པད་ཚལ་མཚར་སྡུག་དར་བབ་ཤོག །རྒྱལ་བའི་ཕྲིན་ལས་གདུལ་དཀའི་ཡིད་ཅན་ལ། །ལྷག་པར་དཔའ་བས་ནད་མུག་མཚོན་རྒུད་ཞི། །རྣམ་དཀར་རྫོགས་ལྡན་སྤྲིན་གྱི་བླ་བྲེ་ལ། །དགེ་ལེགས་ནོར་བུའི་ཆར་གྱིས་མཛེས་གྱུར་ཅིག །ཅེས་འབྲེལ་ཚད་མ་ཧཱ་གུ་རུའི་ཕྲིན་ལས་ཀྱི་གྲིབ་བསིལ་དུ་ངལ་འཚོ་བའི་རྟེན་འབྱུང་དུ་འབྲི་བར་རྩོམ་པའི་ཚེ། ནུབ་ཕྱོགས་ཨ་རིའི་ཡུལ་དུ་སྔ་འགྱུར་བཀའ་གཏེར་གྱི་བསྟན་པའི་ཉིན་བྱེད་འདྲེན་པའི་ཐུགས་བསྐྱེད་སྨོན་ལམ་རྨད་བྱུང་ལྕགས་མདུད་སྤྲུལ་པའི་སྐུ་པདྨ་གར་གྱི་དབང་ཕྱུག་ནས་རྟེན་དང་བཅས་ཏེ་ལན་དུ་མར་གསུང་གིས་བསྐུལ་བ་བཞིན་རིག་འཛིན་གོང་མའི་ཕྱག་བཞེས་ལྟར་འཇུག་བདེ་བཀླག་ཆོག་ཏུ་པདྨ་གར་དབང་འོད་གསལ་མདོ་སྔགས་གླིང་པས་རང་གནས་བལ་ཡུལ་བསྟན་གཉིས་དར་རྒྱས་གླིང་དུ་འབྲི་བར་བརྩམ་པའི་ཡི་གེའི་མཐུན་སྦྱོར་ཆོས་འདིར་ལས་སྨོན་གྱིས་འབྲེལ་བའི་དད་བློ་བརྩོན་པ་མཆོག་ལྡན་སྤྲུལ་སྐུ་ཀུན་དགའ་བཀྲ་ཤིས་ཀྱིས་བགྱིས་པ་འགྲོ་ཀུན་དངོས་གྲུབ་འདོད་དགུའི་དཔལ་ལ་སྤྱོད་པའི་རྒྱུར་གྱུར་ཅིག། །།}} | ||
</onlyinclude> | </onlyinclude> |
Revision as of 15:25, 7 December 2022
Wylie title | rang byung pad+ma'i snying thig las/ sgrub pa chen po'i khog dbub dngos grub 'dod dgu'i gter mdzod | |
---|---|---|
Location | dil mgo mkhyen brtse bka' 'bum Volume 17, Text 20, Pages 87-123 (Folios 1a to 37b3) | |
Author | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |
Less details More details | ||
Tertön | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ (Khyentse, Dilgo) | |
Citation | Khyentse, Dilgo. Rang byung pad+ma'i snying thig las sgrub pa chen po'i khog dbub dngos grub 'dod dgu'i gter mdzod. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 17: 87-123. Delhi: Shechen Publications, 1994. | |
Genre | Structural Arrangement for Ritual Practice - sgrub khog | |
Cycle | རང་བྱུང་པདྨ་སྙིང་ཐིག་ (rang byung pad+ma snying thig) | |
Colophon |
།ཅེས་འབྲེལ་ཚད་མ་ཧཱ་གུ་རུའི་ཕྲིན་ལས་ཀྱི་གྲིབ་བསིལ་དུ་ངལ་འཚོ་བའི་རྟེན་འབྱུང་དུ་འབྲི་བར་རྩོམ་པའི་ཚེ། ནུབ་ཕྱོགས་ཨ་རིའི་ཡུལ་དུ་སྔ་འགྱུར་བཀའ་གཏེར་གྱི་བསྟན་པའི་ཉིན་བྱེད་འདྲེན་པའི་ཐུགས་བསྐྱེད་སྨོན་ལམ་རྨད་བྱུང་ལྕགས་མདུད་སྤྲུལ་པའི་སྐུ་པདྨ་གར་གྱི་དབང་ཕྱུག་ནས་རྟེན་དང་བཅས་ཏེ་ལན་དུ་མར་གསུང་གིས་བསྐུལ་བ་བཞིན་རིག་འཛིན་གོང་མའི་ཕྱག་བཞེས་ལྟར་འཇུག་བདེ་བཀླག་ཆོག་ཏུ་པདྨ་གར་དབང་འོད་གསལ་མདོ་སྔགས་གླིང་པས་རང་གནས་བལ་ཡུལ་བསྟན་གཉིས་དར་རྒྱས་གླིང་དུ་འབྲི་བར་བརྩམ་པའི་ཡི་གེའི་མཐུན་སྦྱོར་ཆོས་འདིར་ལས་སྨོན་གྱིས་འབྲེལ་བའི་དད་བློ་བརྩོན་པ་མཆོག་ལྡན་སྤྲུལ་སྐུ་ཀུན་དགའ་བཀྲ་ཤིས་ཀྱིས་བགྱིས་པ་འགྲོ་ཀུན་དངོས་གྲུབ་འདོད་དགུའི་དཔལ་ལ་སྤྱོད་པའི་རྒྱུར་གྱུར་ཅིག། | |
/ces 'brel tshad ma hA gu ru'i phrin las kyi grib bsil du ngal 'tsho ba'i rten 'byung du 'bri bar rtsom pa'i tshe/_nub phyogs a ri'i yul du snga 'gyur bka' gter gyi bstan pa'i nyin byed 'dren pa'i thugs bskyed smon lam rmad byung lcags mdud sprul pa'i sku pad+ma gar gyi dbang phyug nas rten dang bcas te lan du mar gsung gis bskul ba bzhin rig 'dzin gong ma'i phyag bzhes ltar 'jug bde bklag chog tu pad+ma gar dbang 'od gsal mdo sngags gling pas rang gnas bal yul bstan gnyis dar rgyas gling du 'bri bar brtsam pa'i yi ge'i mthun sbyor chos 'dir las smon gyis 'brel ba'i dad blo brtson pa mchog ldan sprul sku kun dga' bkra shis kyis bgyis pa 'gro kun dngos grub 'dod dgu'i dpal la spyod pa'i rgyur gyur cig/ |