DKR-KABUM-04-NGA-009: Difference between revisions

From Khyentse Lineage - A Tsadra Foundation Project
DKR-KABUM-04-NGA-009
No edit summary
m (Text replacement - "Khyentse Metadata" to "Text")
 
Line 1: Line 1:
{{Khyentse Metadata
{{Text
|classification=Tibetan Publications
|classification=Tibetan Publications
|subclass=Tibetan Texts
|subclass=Tibetan Texts

Latest revision as of 08:01, 1 June 2024

Wylie title lo rgyus bsdus pa DKR-KABUM-04-NGA-009.pdf
Location dil mgo mkhyen brtse bka' 'bum
Volume 4, Text 9, Pages 127-130 (Folios 1a1 to 4a5)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Citation Khyentse, Dilgo. Lo rgyus bsdus pa. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 4: 127-130. Delhi: Shechen Publications, 1994.
Genre History Texts - lo rgyus
Colophon

ཅེས་པའང་རྣམ་དཀར་གྱི་ལས་རྩོམ་པ་པོ་དིལ་མགོ་མཁྱེན་སྤྲུལ་བཀྲ་ཤིས་དཔལ་འབྱོར་པས་རབ་བྱུང་བཅུ་བདུན་པའི་མེ་ཡོས་མགོ་ཟླའི་ཚེས། འཕགས་པ་གནས་བརྟན་པའི་ལུགས་ལྟར་ན་སྟོན་པའི་འདས་ལོ ༢༥༣༡ ཕྱི་ལོ་ ༡༩༨༧ ཟླ་ཚེས་ལ་དད་ལྡན་སྤྲོ་བ་བསྐྱེད་ཕྱིར་ལོ་རྒྱུས་མདོར་བསྡུས་སུ་བརྗོད་པ་དགེ་ལེགས་འཕེལ།།

ces pa'ang rnam dkar gyi las rtsom pa po dil mgo mkhyen sprul bkra shis dpal 'byor pas rab byung bcu bdun pa'i me yos mgo zla'i tshes/_'phags pa gnas brtan pa'i lugs ltar na ston pa'i 'das lo_2531_phyi lo _1987_zla tshes la dad ldan spro ba bskyed phyir lo rgyus mdor bsdus su brjod pa dge legs 'phel//

[edit]
༄༅། །གསུང་གི་རྡོ་རྗེས་ཡེ་ཤེས་ཉིན་མོར་བྱེད། །མཁྱེན་བརྩེ་ནུས་པའི་འོད་སྟོང་ཞིང་ཀུན་བྲེས། །ལྷག་པར་གངས་ཅན་པདྨོའི་གཉེན་གྱུར་ལ། །ཡིད་ཆེས་དད་བརྒྱས་འདུ་འབྲལ་མེད་པར་བསྟེན། །གསང་གསུམ་ཡེ་ཤེས་སྒྱུ་མའི་ཆོ་འཕྲུལ་ལས། །འཕགས་བོད་འཛིན་མར་མཛེས་པའི་མཁས་གྲུབ་དབང༌། །སངས་རྒྱས་གཉིས་པ་མཁན་སློབ་རྗེ་འབངས་གྲོགས། །བཤད་སྒྲུབ་ཤིང་རྟའི་ཚོགས་ཀུན་དྭངས་བས་བསྔགས། །ལེགས་བྱས་རྫོགས་ལྡན་སྤྲིན་གྱི་ཕྲེང་བ་བརྒྱ། །ཆོས་དབྱིངས་མཁར་རྒྱུ་སྐུ་གཉིས་ཉི་ཟླའི་འོད། །འཛུམ་ཕྱིར་ཕྲ་མོའི་རྣམ་དཀར་བ་ཐག་གི །རྟོགས་བརྗོད་སྒྲོ་སྐུར་སྐྱོན་བྲལ་ཆ་ཙམ་བརྗོད། །དེ་ཡང་མདོ་སྨད་ཆུ་བོ་གསེར་ལྡན་གྱི་འགྲམ་ལྡན་ལྗོངས་གཡུ་ལོ་བཀོད་ཀློང་ཐང་སྒྲོལ་མའི་གཙུག་ལག་ཁང་གི་དབང་ཕྱོགས་དིལ་མགོའི་ཁྱིམ་དུ་སྐྱེས་ཤིང༌། འཇམ་པའི་དབྱངས་མི་ཕམ་རྣམ་རྒྱལ་དང༌། ཞེ་ཆེན་རྒྱལ་ཚབ་རིན་པོ་ཆེ་སོགས་རིས་མེད་མཁས་གྲུབ་ལྔ་བཅུ་ལྷག་གིས་རྗེས་སུ་བཟུང་སྟེ། བཤད་སྒྲུབ་ཤིང་རྟ་བཅོ་བརྒྱད་ཀྱི་རིང་ལུགས་དྲི་མ་མེད་པ་ལ་ཐོས་བསམ་གྱི་སྐལ་བ་དགེ་བ་མངྒ་ལ་ཤྲཱི་བྷཱུ་ཏིར་གྲགས་པ་གང༌། རྒྱ་གར་འཕགས་པའི་ཡུལ་དུ་རྐང་འཁྱམས་པའི་ཚེ། རིགས་གསུམ་རྒྱལ་བའི་རྣམ་འཕྲུལ་མཁན་སློབ་ཆོས་གསུམ་གྱིས་གངས་ཅན་བོད་ཀྱི་གདུལ་བྱ་ཐུགས་བསྐྱེད་ཀྱིས་བདག་གིར་མཛད་པའི་གནས། མཆོད་རྟེན་བྱ་རུང་ཁ་ཤོར་སོགས་ངོ་མཚར་བའི་གནས་རྟེན་མང་པོ་བཞུགས་ཤིང་སངས་རྒྱས་རབས་བདུན་དང༌། འཇམ་པའི་དབྱངས། ཀླུ་སྒྲུབ་དང་དབྱིག་གཉེན་སོགས་པཎ་གྲུབ་དུ་མས་བྱིན་གྱིས་བརླབས་པའི་བལ་པོའི་ཡུལ་དུ་རང་གཞན་གྱི་ཚོགས་གཉིས་གསོག་པའི་རྟེན། ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་རྟེན་དང་བརྟེན་པར་བཅས་པ་གཉིས་པ་ཞིག་གསར་དུ་བསྐྲུན་པའི་བློ་སྐྱེས་པའི་ཚེ་དཀོན་མཆོག་གི་ཐུགས་རྗེས་དཔྱད་ལེགས་ས་ཡི་དཔལ་ཕུན་སུམ་ཚོགས་པ་དཔལ་ཡུལ་རྫོང་ནོར་མཆོག་སྤྲུལ་འཇམ་དཔལ་བློ་གྲོས་ནས་བསྩལ་ཅིང༌། སྔ་འགྱུར་སྟོན་དང་བསྟན་པ་ལ་དད་ཅིང་གཏོང་བའི་སྒོ་ཡངས་པ་སྦྱིན་བདག་གཉའ་ནང་བསྟན་འཕེལ། འཆི་མེད། རྣམ་རྒྱལ་སྤུན་དང༌། མ་ཧཱ་སནྡྷི་པ་གྲུབ་དབང་བཀའ་འགྱུར་རིན་པོ་ཆེའི་སྲས་མཆོག་པདྨ་དབང་རྒྱལ། གང་གི་ཞལ་སློབ་ཕྱི་རྒྱལ་བ་ཀུན་བཟང་རང་གྲོལ་དང་དགེ་སྦྱོང་དཀོན་མཆོག་བསྟན་འཛིན་མ་བུ། ཁ་བཞི་ལྷོ་ཡི་སྨན་ལྗོངས་འབྲུག་གི་རྒྱལ་པོ་འཇིགས་མེད་སེང་གེ་དབང་ཕྱུག །རྒྱལ་ཡུམ་བགྲེས་གཞོན། མ་ཡུམ་ཆོས་དབྱིངས་བཟང་མོ། བློན་འབངས་ཐམས་ཅད་དང༌། བལ་ཡུལ་གྱི་རྒྱལ་པོ་ཤྲཱི་ལྔ་ལྡན་བྷི་རན་དྷ་མཆོག་གི་མངའ་ཞབས་སྐུ་ཞབས་ཚེས་བཅུ་སོགས་ཀུན་གྱིས་མཐུན་རྐྱེན་ནམ་མཁའ་མཛོད་ཀྱི་སྒོ་འཕར་ཕྱེས་པ་དང༌། ཐབས་གྲོགས་ལྷ་མོས་རིན་ཐང་ཅན་གྱི་རྒྱན་དང་དངོས་རྫས་ཕངས་མེད་བཏང་བ་དང་ཆབས་ཅིག་རབ་བྱུང་བཅུ་དྲུག་པའི་དྲག་པོ་ཅེས་པ་འབྱུང་བ་གསུམ་ལྡན་ལྕགས་ཕོ་སྤྲེལ་ལོའི་ཟླ་ཚེས་ཉིན། འཁྲུལ་ཞིག་རིན་པོ་ཆེ་དང༌། ཟླ་བཟང་མཆོག་སྤྲུལ། གྲུབ་སྲས་སྤྲུལ་སྐུ་ཆོས་ཀྱི་ཉི་མ། ཁྲ་རིག་མཆོག་སྤྲུལ། ཁྲ་འགུ་མཆོག་སྤྲུལ་སོགས་སྟོན་འཁོར་ནས་བཀྲ་ཤིས་པའི་གསོ་སྦྱོང་མཛད་ཅིང༌། རང་གིས་ཀྱང་སྔགས་ལུགས་ས་ཆོག་དང༌། མཆོག་སྲས་ཨོ་རྒྱན་སྟོབས་རྒྱལ་ནས་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཚོགས་སྒྲུབ་མྱོང་གྲོལ་བདུད་རྩིའི་སྒྲུབ་པ་དང་འབྲེལ་བའི་མཐར། རང་ཉིད་ཀྱིས་བཀའ་ནན་རབ་བརྗིད་སོགས་སྔོན་དུ་འགྲོ་བར་བྱས་ཤིང་ལས་སྨོན་བཟང་པོའི་འབྲེལ་བའི་དངོས་གྲུབ་རྒྱ་མཚོ་དང༌། ལས་བྱེད་མཁས་གྲུབ་རྒྱ་མཚོ་སོགས་ནས་ངལ་བ་ཁྱད་བསད་ཀྱིས་ཞབས་ཏོག་ཞུས་པའི་ཚེ། བཟོ་རིག་ཕུལ་ཕྱིན་སློབ་དཔོན་དམ་ཆོས་དང༌། ཨཾ་སྟོང༌། ཨེམ་ཆི་ཀུན་བཟང༌། རང་སློབ་ལྷ་བྲིས་དཀོན་མཆོག་འོད་ཟེར། དགེ་སློང་དབང་འདུས། དཔའ་བོ་རྡོ་རྗེ། ཨོ་རྒྱན་བསྟན་འཛིན་སོགས་ལས་གྲོགས་དང་བཅས་པ་རྣམས་ནས་བསམ་སྦྱོར་གཡོ་ཟོལ་མ་མཆིས་པའི་སྒོ་ནས་ཕྱི་ནང་གི་རྟེན་དང་བརྟེན་པར་བཅས་པ་ལེགས་པར་བསྒྲུབས་ཤིང༌། ནང་གི་རྟེན་གཙོ་དུས་གསུམ་སངས་རྒྱས་དང༌། གཏད་རབས་བདུན། གནས་བརྟན་བཅུ་དྲུག །ལོགས་རིས་ལ་གངས་ཅན་བསྟན་པ་ཡོངས་རྫོགས་ཀྱི་བླ་བརྒྱུད་དང༌། དཔེ་མཛོད་ཁང་དུ་སྐུ་རྟེན་གཙོ་བོ་འཇམ་དཔལ་རྒྱུད་ལུགས། གུ་རུ་རིན་པོ་ཆེ། འཇམ་མགོན་མི་ཕམ་སོགས་དང༌། བཀའ་བསྟན་དང་མཛོད་ཆེན་རྣམ་པ་ལྔ་སོགས་གསུང་རབ་མང་པོ། སྟེང་ཁང་དུ་བླ་མ་སྐུ་གསུམ། གཉྫི་རར་ཐུགས་སྒྲུབ་རྣམ་གཉིས་ཀྱི་གནས་ཆེན་བྱིན་འབེབས་བཅའ་གཞི་རྒྱས་བསྒྲུབས་དང༌། མགོན་ཁང་དུ་སྨིན་ལུགས་དམ་ཅན་སྡེ་དགུ་དང་ཆོས་སྐྱོང་གཙོ་ཆེའི་སྐུ་དུ་མ། གཙུག་ལག་ཁང་གི་ཁྱམས་ལ། མཆོག་སྤྲུལ་པདྨ་དབང་རྒྱལ་དང༌། དད་སྦྱིན་བསྟན་འཕེལ་སྤུན་ཆེད་རྣམས་ནས་ཆེད་བསྐུལ་ལྟར་ཟུར་བཞེངས་གུ་རུ་ལྷ་ཁང་དུ། གུ་རུ་རིན་པོ་ཆེ། བླ་མ་སྐུ་གསུམ། ཐོད་ཕྲེང་སྡེ་ལྔ། གུ་རུ་མཚན་བརྒྱད། རིག་འཛིན་བརྒྱད། རྗེ་འབངས་བྲག་རི་མ་བཅས། སྐུ་རྟེན་རྣམས་ལ་གཟུང་ཞུགས་དགེ་སློང་ཁྲིམས་གཙང་གི་གཟུངས་སྒྲུབ་ཞག་བརྒྱ་ཕྲག་བྱས་པ་དང༌། སངས་རྒྱས་བྱང་སེམས་ཀྱི་ཡུངས་འབྲུ་ལྟ་བུའི་རིང་བསྲེལ་དུ་མ། རྒྱ་དཔེ། ཤོག་སེར། ཕྱག་བྲིས་ཆོས་ཀྱི་རིང་བསྲེལ། སྐུ་གདུང་དང་སྐུ་བལ་རིང་བསྲེལ། རྟེན་འདུས། སྐྱེ་བདུན་སོགས་རྙེད་དཀའ་ཁུངས་བཙུན་སེལ་མེད་རྣམས་དང༌། གདན་དུ་གནོད་སྦྱིན་འཁོར་ལོ། བཀྲ་ཤིས་པའི་གཏེར་བུམ། ཀླུ་དང་ས་བདག་གི་བུམ་གཏེར། ཉེས་སེལ་གཏེར་བུམ་སོགས་སྔ་འགྱུར་མཁས་གྲུབ་གོང་མའི་ཕྱག་བཞེས་ལྟར་ལག་ལེན་མ་འཁྲུག་པར་བསྒྲུབས་པ་ལ། ༧རྒྱལ་དབང་བཅུ་བཞི་པ་ཆེན་པོ་༧གོང་ས་བསྟན་འཛིན་རྒྱ་མཚོ་མཆོག་དང༌། ༧སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེར་ཡེ་ཤེས་དགོངས་གཏད་ཡང་ཡང་ཞུས་ཤིང༌། རབ་བྱུང་བཅུ་བདུན་པ་མེ་ཡོས་དབོ་ཟླའི་དུས་ཚེས་ཕུན་སུམ་ཚོགས་པར་རྡོ་རྗེ་འཛིན་དབང་༧སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེ་དང་རིག་འཛིན་འདུས་པའི་སྡེས་ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་སྒྲུབ་ཆེན་དང་འབྲེལ་བའི་སྨིན་ལུགས་རབ་གནས་དགེ་ལེགས་འདོད་འཇོ་ཞིབ་རྒྱས་སུ་མཛད་པས་མཚོན། སྐྱེས་ཆེན་དུ་མས་རབ་གནས་རྒྱས་བསྡུས་གྲངས་སུམ་བརྒྱ་ལས་མི་ཉུང་བས། རྟེན་སྙིང་གཟུངས་གྲངས་འབུམ་ཕྲག་ལྷག་འགྲོ་ངེས་དང༌། བསྟན་རྩ་དགེ་འདུན་གྱི་སྡེ་བཙུགས་ཤིང་དེ་རྣམས་ཀྱི་ཉམས་བཞེས་ཀྱང༌། འདུལ་བ་གཞི་གསུམ་གྱི་ཕྱག་ལེན། ཡར་མར་གྱི་ཚེས་བཅུ་དང་སྤྲེལ་ཟླའི་ཚེས་བཅུ་གར་འཆམ་དང་འབྲེལ་བའི་སྤྲོས་བཅས། བཀའ་བརྒྱད་ཁྲོ་རོལ་དང༌། འཇམ་དཔལ་ཁྲོས་པ་གཤིན་རྗེ་དྲེགས་འཇོམས་ཀྱི་སྒྲུབ་མཆོད་དང་འབྲེལ་བའི་ལོ་མཇུག་དུས་རིམ་ཆེ་ཆུང༌། ལུང་ཨ་ནུ་ཡོ་ག་མདོ་ཚོགས་ཆེན་འདུས་པའི་སྒྲུབ་ཆེན། རྒྱུད་གསང་སྙིང་གི་བཤད་པ་ཞག་བཅུ་ལས་མི་ཉུང་བ་དང༌། དབང་ལུང་གལ་ཆེ་ཟླ་བ་རེ་ཉུང་མཐའ་བྱས་པ་སོགས་བཤད་སྒྲུབ་ཀྱི་སྡེའི་རྩ་བ་བཙུགས་པ་འདིས་བསྟན་འགྲོ་སྤྱི་དང་ཁྱད་པར་འཛམ་བུའི་གླིང་དུ་ཞི་བདེ་འབྱུང་བའི་རྒྱུ་རྒྱལ་བསྟན་དྲི་མེད་དར་ཞིང་རྒྱས་ཏེ་ཀུན་ཀྱང་བྱམས་བརྩེས་མཛའ་བའི་དཔལ་ལ་སྤྱོད་པའི་རྫོགས་ལྡན་གྱི་ཉི་མ་སླར་ཡང་འཆར་བར་སྙིང་ནས་སྨོན་པ་ལགས་སོ། །ལེགས་བྱས་རྣམ་དཀར་དག་བྱེད་གཏེར་བསྐྲུན་པར། །སྲས་བཅས་རྒྱལ་བའི་ཡོངས་བསྔོ་ཟླ་ཟེར་གྱིས། །རེག་པས་བྱང་ཆུབ་སྤྱོད་པའི་རླབས་ཕྲེང་གི །འཇམ་དབྱངས་ཀུན་བཟང་རྣམ་ཐར་རྗེས་སྙེགས་ཤོག །བཀའ་དང་བསྟན་བཅོས་རྒྱ་མཚོའི་མཐར་བགྲོད་ཕྱིར། །མཁས་ཚུལ་དགུ་ཡི་བ་དན་མཛེས་གཡོ་བར། །རྒྱལ་ཀུན་དགྱེས་པའི་ལམ་བཟང་ནོར་བུའི་གཏེར། །རྣམ་དཔྱོད་རྒྱལ་མཚན་ཏོག་ཏུ་མཆོད་ནུས་ཤོག །ཟབ་དོན་སྨིན་གྲོལ་བདུད་རྩིའི་ཆར་བཟང་གིས། །རྣམ་བཞིའི་རིག་འཛིན་རིན་ཆེན་སྙེ་མའི་ཚོགས། །མཛེས་ནས་ངེས་གསང་བསྟན་མཆོག་ཀུན་དགའི་ཚལ། །དར་བབ་འབྲེལ་ཚད་རྡོ་རྗེའི་སར་ཕྱིན་ཤོག །ཅེས་པའང་རྣམ་དཀར་གྱི་ལས་རྩོམ་པ་པོ་དིལ་མགོ་མཁྱེན་སྤྲུལ་བཀྲ་ཤིས་དཔལ་འབྱོར་པས་རབ་བྱུང་བཅུ་བདུན་པའི་མེ་ཡོས་མགོ་ཟླའི་ཚེས། འཕགས་པ་གནས་བརྟན་པའི་ལུགས་ལྟར་ན་སྟོན་པའི་འདས་ལོ ༢༥༣༡ ཕྱི་ལོ་ ༡༩༨༧ ཟླ་ཚེས་ལ་དད་ལྡན་སྤྲོ་བ་བསྐྱེད་ཕྱིར་ལོ་རྒྱུས་མདོར་བསྡུས་སུ་བརྗོད་པ་དགེ་ལེགས་འཕེལ།། །།
[edit]

@#/__/gsung gi rdo rjes ye shes nyin mor byed/_/mkhyen brtse nus pa'i 'od stong zhing kun bres/_/lhag par gangs can pad+mo'i gnyen gyur la/_/yid ches dad brgyas 'du 'bral med par bsten/_/gsang gsum ye shes sgyu ma'i cho 'phrul las/_/'phags bod 'dzin mar mdzes pa'i mkhas grub dbang*/_/sangs rgyas gnyis pa mkhan slob rje 'bangs grogs/_/bshad sgrub shing rta'i tshogs kun dwangs bas bsngags/_/legs byas rdzogs ldan sprin gyi phreng ba brgya/_/chos dbyings mkhar rgyu sku gnyis nyi zla'i 'od/_/'dzum phyir phra mo'i rnam dkar ba thag gi_/rtogs brjod sgro skur skyon bral cha tsam brjod/_/de yang mdo smad chu bo gser ldan gyi 'gram ldan ljongs g.yu lo bkod klong thang sgrol ma'i gtsug lag khang gi dbang phyogs dil mgo'i khyim du skyes shing*/_'jam pa'i dbyangs mi pham rnam rgyal dang*/_zhe chen rgyal tshab rin po che sogs ris med mkhas grub lnga bcu lhag gis rjes su bzung ste/_bshad sgrub shing rta bco brgyad kyi ring lugs dri ma med pa la thos bsam gyi skal ba dge ba mang+ga la shrI b+hU tir grags pa gang*/_rgya gar 'phags pa'i yul du rkang 'khyams pa'i tshe/_rigs gsum rgyal ba'i rnam 'phrul mkhan slob chos gsum gyis gangs can bod kyi gdul bya thugs bskyed kyis bdag gir mdzad pa'i gnas/_mchod rten bya rung kha shor sogs ngo mtshar ba'i gnas rten mang po bzhugs shing sangs rgyas rabs bdun dang*/_'jam pa'i dbyangs/_klu sgrub dang dbyig gnyen sogs paN grub du mas byin gyis brlabs pa'i bal po'i yul du rang gzhan gyi tshogs gnyis gsog pa'i rten/_zhe chen bstan gnyis dar rgyas gling rten dang brten par bcas pa gnyis pa zhig gsar du bskrun pa'i blo skyes pa'i tshe dkon mchog gi thugs rjes dpyad legs sa yi dpal phun sum tshogs pa dpal yul rdzong nor mchog sprul 'jam dpal blo gros nas bstsal cing*/_snga 'gyur ston dang bstan pa la dad cing gtong ba'i sgo yangs pa sbyin bdag gnya' nang bstan 'phel/_'chi med/_rnam rgyal spun dang*/_ma hA san+d+hi pa grub dbang bka' 'gyur rin po che'i sras mchog pad+ma dbang rgyal/_gang gi zhal slob phyi rgyal ba kun bzang rang grol dang dge sbyong dkon mchog bstan 'dzin ma bu/_kha bzhi lho yi sman ljongs 'brug gi rgyal po 'jigs med seng ge dbang phyug_/rgyal yum bgres gzhon/_ma yum chos dbyings bzang mo/_blon 'bangs thams cad dang*/_bal yul gyi rgyal po shrI lnga ldan b+hi ran d+ha mchog gi mnga' zhabs sku zhabs tshes bcu sogs kun gyis mthun rkyen nam mkha' mdzod kyi sgo 'phar phyes pa dang*/_thabs grogs lha mos rin thang can gyi rgyan dang dngos rdzas phangs med btang ba dang chabs cig rab byung bcu drug pa'i drag po ces pa 'byung ba gsum ldan lcags pho sprel lo'i zla tshes nyin/_'khrul zhig rin po che dang*/_zla bzang mchog sprul/_grub sras sprul sku chos kyi nyi ma/_khra rig mchog sprul/_khra 'gu mchog sprul sogs ston 'khor nas bkra shis pa'i gso sbyong mdzad cing*/_rang gis kyang sngags lugs sa chog dang*/_mchog sras o rgyan stobs rgyal nas thugs sgrub bar chad kun sel gyi tshogs sgrub myong grol bdud rtsi'i sgrub pa dang 'brel ba'i mthar/_rang nyid kyis bka' nan rab brjid sogs sngon du 'gro bar byas shing las smon bzang po'i 'brel ba'i dngos grub rgya mtsho dang*/_las byed mkhas grub rgya mtsho sogs nas ngal ba khyad bsad kyis zhabs tog zhus pa'i tshe/_bzo rig phul phyin slob dpon dam chos dang*/_aM stong*/_em chi kun bzang*/_rang slob lha bris dkon mchog 'od zer/_dge slong dbang 'dus/_dpa' bo rdo rje/_o rgyan bstan 'dzin sogs las grogs dang bcas pa rnams nas bsam sbyor g.yo zol ma mchis pa'i sgo nas phyi nang gi rten dang brten par bcas pa legs par bsgrubs shing*/_nang gi rten gtso dus gsum sangs rgyas dang*/_gtad rabs bdun/_gnas brtan bcu drug_/logs ris la gangs can bstan pa yongs rdzogs kyi bla brgyud dang*/_dpe mdzod khang du sku rten gtso bo 'jam dpal rgyud lugs/_gu ru rin po che/_'jam mgon mi pham sogs dang*/_bka' bstan dang mdzod chen rnam pa lnga sogs gsung rab mang po/_steng khang du bla ma sku gsum/_gany+dzi rar thugs sgrub rnam gnyis kyi gnas chen byin 'bebs bca' gzhi rgyas bsgrubs dang*/_mgon khang du smin lugs dam can sde dgu dang chos skyong gtso che'i sku du ma/_gtsug lag khang gi khyams la/_mchog sprul pad+ma dbang rgyal dang*/_dad sbyin bstan 'phel spun ched rnams nas ched bskul ltar zur bzhengs gu ru lha khang du/_gu ru rin po che/_bla ma sku gsum/_thod phreng sde lnga/_gu ru mtshan brgyad/_rig 'dzin brgyad/_rje 'bangs brag ri ma bcas/_sku rten rnams la gzung zhugs dge slong khrims gtsang gi gzungs sgrub zhag brgya phrag byas pa dang*/_sangs rgyas byang sems kyi yungs 'bru lta bu'i ring bsrel du ma/_rgya dpe/_shog ser/_phyag bris chos kyi ring bsrel/_sku gdung dang sku bal ring bsrel/_rten 'dus/_skye bdun sogs rnyed dka' khungs btsun sel med rnams dang*/_gdan du gnod sbyin 'khor lo/_bkra shis pa'i gter bum/_klu dang sa bdag gi bum gter/_nyes sel gter bum sogs snga 'gyur mkhas grub gong ma'i phyag bzhes ltar lag len ma 'khrug par bsgrubs pa la/_7rgyal dbang bcu bzhi pa chen po 7gong sa bstan 'dzin rgya mtsho mchog dang*/_7skyabs rje bdud 'joms rin po cher ye shes dgongs gtad yang yang zhus shing*/_rab byung bcu bdun pa me yos dbo zla'i dus tshes phun sum tshogs par rdo rje 'dzin dbang 7skyabs rje 'khrul zhig rin po che dang rig 'dzin 'dus pa'i sdes thugs rje chen po bde gshegs kun 'dus kyi sgrub chen dang 'brel ba'i smin lugs rab gnas dge legs 'dod 'jo zhib rgyas su mdzad pas mtshon/_skyes chen du mas rab gnas rgyas bsdus grangs sum brgya las mi nyung bas/_rten snying gzungs grangs 'bum phrag lhag 'gro nges dang*/_bstan rtsa dge 'dun gyi sde btsugs shing de rnams kyi nyams bzhes kyang*/_'dul ba gzhi gsum gyi phyag len/_yar mar gyi tshes bcu dang sprel zla'i tshes bcu gar 'cham dang 'brel ba'i spros bcas/_bka' brgyad khro rol dang*/_'jam dpal khros pa gshin rje dregs 'joms kyi sgrub mchod dang 'brel ba'i lo mjug dus rim che chung*/_lung a nu yo ga mdo tshogs chen 'dus pa'i sgrub chen/_rgyud gsang snying gi bshad pa zhag bcu las mi nyung ba dang*/_dbang lung gal che zla ba re nyung mtha' byas pa sogs bshad sgrub kyi sde'i rtsa ba btsugs pa 'dis bstan 'gro spyi dang khyad par 'dzam bu'i gling du zhi bde 'byung ba'i rgyu rgyal bstan dri med dar zhing rgyas te kun kyang byams brtses mdza' ba'i dpal la spyod pa'i rdzogs ldan gyi nyi ma slar yang 'char bar snying nas smon pa lags so/__/legs byas rnam dkar dag byed gter bskrun par/_/sras bcas rgyal ba'i yongs bsngo zla zer gyis/_/reg pas byang chub spyod pa'i rlabs phreng gi_/'jam dbyangs kun bzang rnam thar rjes snyegs shog_/bka' dang bstan bcos rgya mtsho'i mthar bgrod phyir/_/mkhas tshul dgu yi ba dan mdzes g.yo bar/_/rgyal kun dgyes pa'i lam bzang nor bu'i gter/_/rnam dpyod rgyal mtshan tog tu mchod nus shog_/zab don smin grol bdud rtsi'i char bzang gis/_/rnam bzhi'i rig 'dzin rin chen snye ma'i tshogs/_/mdzes nas nges gsang bstan mchog kun dga'i tshal/_/dar bab 'brel tshad rdo rje'i sar phyin shog__/ces pa'ang rnam dkar gyi las rtsom pa po dil mgo mkhyen sprul bkra shis dpal 'byor pas rab byung bcu bdun pa'i me yos mgo zla'i tshes/_'phags pa gnas brtan pa'i lugs ltar na ston pa'i 'das lo_2531_phyi lo _1987_zla tshes la dad ldan spro ba bskyed phyir lo rgyus mdor bsdus su brjod pa dge legs 'phel//_//

Footnotes

Other Information