DKR-KABUM-13-PA-007: Difference between revisions
From Khyentse Lineage - A Tsadra Foundation Project
DKR-KABUM-13-PA-007
WikiBot2015 (talk | contribs) No edit summary |
WikiBot2015 (talk | contribs) No edit summary |
||
Line 1: | Line 1: | ||
{{ | {{Khyentse Metadata | ||
|classification=Tibetan Publications | |||
< | |subclass=Tibetan Texts | ||
|collectiontitle=dil mgo mkhyen brtse bka' 'bum | |||
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | |||
|totalvolumes=25 | |||
|author=Khyentse, Dilgo | |||
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |||
|language=Tibetan | |||
|pagestatus=Temporary stub only | |||
|volumenumber=PA | |||
|textnuminvol=007 | |||
|pdflink=File:DKR-KABUM-13-PA-007.pdf | |||
}} | |||
{{Header}} | |||
<h1 style="font-size: 24px !important;">Tibetan Text</h1> | |||
<onlyinclude> | <onlyinclude> | ||
{{TibP|༈ྃ །དབང་མཛད་ཨཱརྻ་ཏཱ་རེའི་དབང་གི་ཆོ་ག་དངོས་གྲུབ་མཆོག་སྦྱིན་བཞུགས༔ | |||
༈ྃ ན་མོ་ཨཱརྻ་ཏཱ་རེ་བྷྱཿ གང་ཞིག་དད་བརྩོན་བློ་ལྡན་པས༔ འཕགས་མའི་རྣལ་འབྱོར་བརྩོན་འདོད་ན༔ ཐོག་མར་དབང་གིས་སྨིན་པ་གཅེས༔ ཚུལ་དེ་བྱ་བའི་རིམ་པ་ནི༔ དབང་གི་ལས་ལ་ཤིས་པ་ཡི༔ བྲག་དམར་མེ་ཏོག་སྐྱེ་བའི་སར༔ གཞུང་མཐུན་དཀྱིལ་འཁོར་བྷནྡྷ་རྫས༔ མེ་ལོང་བུམ་པ་མཆོད་གཏོར་སོགས༔ གཞུང་བཞིན་བཤམས་ལ་ལས་གཞུང་བསྲངས༔ བདག་མདུན་ཛཔ་ཁང་དབྱེ་དང་བཅས༔ རྡོ་རྗེའི་ཡི་གེ་བཅུ་པ་བཟླ༔ ལས་སྦྱོར་ཤམ་བཏགས་བུམ་ཐོད་དུ༔ ལྷ་བསྐྱེད་བཟླས་མཐར་འོད་ཞུ་བྱ༔ བདག་ཉིད་འཇུག་ཅིང་གནང་བ་ཞུ༔ སྣོད་ལྡན་སློབ་མ་ཁྲུས་ནས་དབྱུང༔ བགེགས་བསྐྲད་སྲུང་བའི་འཁོར་ལོས་བཅིངས༔ ལོ་རྒྱུས་བརྗོད་ལ་མཎྜལ་འབུལ༔ རྒྱལ་ཀུན་བསྐྱེད་པའི་ཡུམ་ཆེན་མོ༔ ཕྲིན་ལས་ཕྱག་རྒྱ་ལྷག་པའི་ལྷ༔ མྱུར་མཛད་དབང་གི་སྒྲོལ་མ་ཡི༔ བྱིན་རླབས་དབང་དང་དངོས་གྲུབ་སྩོལ༔ ལན་གསུམ་གསོལ་གདབ་སྐྱབས་སེམས་དང༔ ཡན་ལག་བདུན་པས་རྒྱུད་སྦྱངས་ནས༔ སྡོམ་པ་བཟུང་བ་སྔོན་འགྲོ་ནས༔ སློབ་མ་ལྷར་བསྐྱེད་བྱིན་དབབ་བརྟན༔ རྣམ་རྒྱལ་བུམ་པས་དབང་བསྐུར་ཏེ༔ ཧཱུྃ༔ བཀྲ་ཤིས་རྣམ་པར་རྒྱལ་བའི་བུམ་ནང་ན༔ དབང་མཛད་མྱུར་མ་དཔའ་མོའི་ལྷ་ཚོགས་བཞུགས༔ བྱིན་རླབས་བདུད་རྩིའི་རྒྱུན་གྱིས་དབང་བསྐུར་བས༔ ཟག་མེད་ཡེ་ཤེས་རྒྱས་པའི་དབང་ཐོབ་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱརྻ་ཏཱ་རེ་མཎྜལ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཧཱུྃ༔ བདུད་རྩིའི་ཆུས་གང་སྒྲིབ་པ་དག༔ སྣང་སྟོང་ཡེ་ཤེས་སྐུ་རུ་སྨིན༔ ལྷ་སྐུ་ཕྱག་རྒྱ་བསྒོམ་ལ་དབང༔ འབྲས་བུ་སྤྲུལ་སྐུ་མངོན་དུ་གྱུར༔ ཧྲཱིཿ བདེ་ཆེན་འོད་དམར་དབང་གི་ཕོ་བྲང་ནས༔ དབང་མཛད་མྱུར་མ་དཔལ་མོའི་ཡེ་ཤེས་སྐུས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ སྣང་སྲིད་དབང་གི་ཕྱག་རྒྱ་མངོན་གྱུར་ཤོག༔ ཨོཾ་ཨཱརྻ་ཏཱ་རེ་ཛྙཱ་ན་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ རྡོ་རྗེའི་སྔགས་ཀྱི་བཟླས་ལུང་བྱིན༔ སྔགས་བྱང་གཏད་ལ་གསུང་དབང་བསྐུར༔ ཨཱཿ གྲགས་སྟོང་སྐྱེ་འགག་གནས་བྲལ་ཡེ་ཤེས་གསུང༔ དངོས་གྲུབ་འབྱུང་གནས་རྡོ་རྗེའི་སྔགས་ཀྱི་དབང༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ མི་ཤིགས་རྡོ་རྗེ་གསུང་གི་དབང་ཐོབ་ཤོག༔ ཨོཾ་ཨཱརྻ་ཏཱ་རེ་བཛྲ་མནྟྲ་ཨ་བྷི་ཥིཉྩ་ཨཱཿ ཕྱག་མཚན་ཨུཏྤལ་མདའ་གཞུ་གཏད༔ ཧཱུྃ༔ བདེ་སྟོང་ཡེ་ཤེས་རྣམ་པ་ཐམས་ཅད་པ༔ དབང་བྱེད་ཨུཏྤལ་ཐབས་ཤེས་མདའ་གཞུ་ཡིས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ལྷན་སྐྱེས་ཕྱག་རྒྱའི་དེ་ཉིད་མངོན་གྱུར་ཤོག༔ ཨོཾ་ཨཱརྻ་ཏཱ་རེ་བཛྲ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དར་དང་རིན་ཆེན་རྒྱན་རྣམས་གཏད༔ སྭཱཿ འཕགས་མ་མཆོག་གི་མི་ཟད་རྒྱན་འཁོར་ལོ༔ མཚོན་པའི་རིན་ཆེན་རྒྱན་གྱི་དབང་བསྐུར་བས༔ ཟག་མེད་འཕགས་པའི་སྤང་རྟོགས་ཡོངས་རྫོགས་པའི༔ གསང་བ་བསམ་མི་ཁྱབ་ལ་དབང་ཐོབ་ཤོག༔ ཨོཾ་ཨཱརྻ་ཏཱ་རེ་གུ་ཎ་སརྦ་ཨ་བྷི་ཥིཉྩ་སྭཱ༔ ཕྲིན་ལས་སྣ་ཚོགས་རྡོ་རྗེ་གཏད༔ ཧཱཿ རང་བྱུང་རྟག་ཁྱབ་ལྷུན་གྱིས་གྲུབ་པ་ཡི༔ ཚར་གཅོད་རྗེས་འཛིན་མཐའ་ཡས་ཕྲིན་ལས་ཀྱི༔ མཁའ་ཁྱབ་འགྲོ་བ་སྒྲོལ་བའི་མཐུ་ཐོབ་པས༔ དོན་གཉིས་ཡིད་བཞིན་འགྲུབ་པའི་དབང་ཐོབ་ཤོག༔ ཨོཾ་ཨཱརྻ་ཏཱ་རེ་ཀརྨ་སྥ་ར་ཎ་ཨ་བྷི་ཥིཉྩ་ཧཱཿ འཕགས་མ་རང་འོད་གར་དབང་དང༔ སྦྱོར་ཏེ་ལྷག་པའི་བྱང་ཆུབ་སེམས༔ སངས་རྒྱས་ཐམས་ཅད་འདུས་པའི་བཅུད༔ སྦྱིན་ལ་གསང་བའི་ཟབ་དབང་སྦྱིན༔ ཧྲཱིཿ གདོད་ནས་མི་འགྱུར་ལྷན་སྐྱེས་བདེ་སྟོང་གི༔ རྣམ་རོལ་དཀར་དམར་ལྷག་པའི་བྱང་ཆུབ་སེམས༔ ཡེ་ཤེས་བདུད་རྩི་སྤྱོད་པའི་དབང་བསྐུར་བས༔ རྟོག་བྲལ་ཟག་མེད་དེ་ཉིད་མངོན་གྱུར་ཤོག༔ ཨོཾ་གུ་ཧྱ་ཨ་བྷི་ཥིཉྩ་ཧོ༔ བྱང་སེམས་རོལ་པས་ཞུ་བདེ་རྒྱས༔ མི་རྟོག་ངང་དུ་མཉམ་པར་བཞག༔ རྡོ་རྗེ་གསང་བའི་དབང་བསྐུར་བས༔ བདེ་ཆེན་ཡེ་ཤེས་ཉམས་སུ་མྱོང༔ རང་ལུས་བདེ་ཆེན་སྒོམ་ལ་དབང༔ འབྲས་བུ་ལོངས་སྐུ་མངོན་གྱུར་བསམ༔ སློབ་མ་པདྨ་ཧེ་རུ་ཀར༔ གསལ་བ་ལས་ཀྱི་ཕྱག་རྒྱ་གཏད༔ ཧྲཱིཿ ཟག་མེད་བདེ་ཆེན་ཡེ་ཤེས་ལྷན་སྐྱེས་སྟོན༔ ཡིད་འོང་པདྨ་ཅན་འདི་བུ་ལ་གཏད༔ གཉིས་མེད་རོལ་པ་ཆེན་པོའི་སྒྱུ་རྩལ་གྱིས༔ དོན་གྱི་དེ་ཉིད་མངོན་སུམ་མཐོང་བར་ཤོག༔ པྲཛྙཱ་ཛྙཱ་ན་མུ་དྲ་ཧོ༔ འདུ་ཤེས་གསུམ་གྱིས་རོལ་པ་ཡིས༔ ཡས་བབ་མས་བརྟན་དགའ་བཞིའི་ཉམས༔ ངོས་བཟུང་གསུམ་པའི་དབང་ཡང་ཐོབ༔ ཕོ་ཉའི་མྱུར་ལམ་སྒོམ་ལ་དབང༔ ཆོས་སྐུའི་གོ་འཕང་སྙོགས་པར་བསམ༔ ཧྲཱིཿ དབང་མཛད་ལྷན་སྐྱེས་ཌཱ་ཀི་མྱུར་མ་དཔལ༔ རྟག་ཏུ་འདུ་འབྲལ་མེད་པ་རང་ལ་བཞུགས༔ མ་འཁྲུལ་རང་ངོ་ཤེས་པའི་བརྡ་ཐབས་ཀྱིས༔ རྟོགས་པར་གྱིས་ཤིག་སྐལ་ལྡན་རིགས་ཀྱི་བུ༔ ཛྙཱ་ན་ཌཱཀི་ནི་དྷརྨ་དྷཱ་ཏུ་ཨ་བྷི་ཥིཉྩ་ཨཱཿ གནས་ལུགས་རང་ངོ་རྗེན་པས་བསྐྱངས༔ དོན་དམ་ཡེ་ཤེས་དཀྱིལ་འཁོར་དུ༔ བཞི་པའི་དབང་ཐོབ་ཤེས་སྒྲིབ་དག༔ དོན་གྱི་འཕགས་མ་སྒྲུབ་ལ་དབང༔ ཕྱག་རྒྱ་ཆེན་པོའི་ལམ་སྒོམ་པས༔ ངོ་བོ་ཉིད་སྐུ་མངོན་དུ་གྱུར༔ ཡོངས་རྫོགས་གཏོར་མའི་དབང་བསྐུར་ནི༔ ཧྲཱིཿ ཆོས་དབྱིངས་པདྨ་བྷཉྫའི་གཞལ་ཡས་སུ༔ རིག་སྟོང་ཡེ་ཤེས་དབང་མཛད་མྱུར་མ་དཔལ༔ རབ་འབྱམས་རྩ་གསུམ་རྒྱལ་བས་དབང་བསྐུར་བས༔ བྱིན་རླབས་དངོས་གྲུབ་དབང་ཀུན་ཐོབ་པར་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱརྻ་ཏཱ་རེ་གུ་རུ་དྷེ་ཝ་ཌཱ་ཀི་ནི་དྷརྨ་པཱ་ལ་ཀཱ་ཡ་ཝཱཀ྄་ཙིཏྟ་གུ་ཎ་ཀརྨ་སརྦ་སིདྡྷི་ཨ་བྷི་ཥིཉྩ་ཧཱུྃ་སྭཱ་ཧཱཿ ལྷ་དང་གཉིས་མེད་དབང་ཐོབ་བསམ༔ གཏོར་ཟན་མྱོང་ཞིང་དངོས་གྲུབ་བླང༔ གསང་བ་ཡོངས་རྫོགས་དབང་ཐོབ་བསམ༔ དམ་ཚིག་ཁས་བླང་མཎྜལ་དང༔ ལུས་འབུལ་དགེ་བསྔོ་ཤིས་བརྗོད་བྱ༔ གསང་སྔགས་ལམ་གྱི་རྩ་བ་དབང༔ འདི་ཐོབ་སྐལ་བ་མཆོག་དང་ལྡན༔ བསྐྱེད་རྫོགས་བསྒོམ་དང་ལས་ཀུན་བྱ༔ དངོས་གྲུབ་མཆོག་ཐོབ་གདོན་མི་ཟ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཅེས་མངའ་བདག་ཆོས་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་རྣམ་འཕྲུལ་གཏེར་ཆེན་འོད་གསལ་རྡོ་རྗེའི་ཟབ་གཏེར་དབང་མཛད་ཨཱརྻ་ཏཱ་རེའི་ལས་བྱང་ལ་དབང་དཔེ་དུས་ཀྱི་འཕོ་འགྱུར་གྱིས་མ་འབྱོར་བས་ཁྱོད་ནས་འབྲི་བར་འོས་ཞེས་འབྲི་གུང་སྐྱབས་མགོན་ཆེ་ཚང་དཀོན་མཆོག་བསྟན་འཛིན་ཀུན་བཟང་ཕྲིན་ལས་ལྷུན་གྲུབ་ཀྱིས་བཀའ་ནན་ཏན་དུ་བསྩལ་བས་ལྡོག་ཏུ་མ་བཟོད་པར་དུས་གསུམ་ཀུན་མཁྱེན་པདྨ་ཡེ་ཤེས་རྡོ་རྗེས་རྗེས་སུ་བཟུང་བའི་འབངས་རྙིང་སྔགས་རྒན་པོ་པདྨ་གར་དབང་འོད་གསལ་མདོ་སྔགས་གླིང་པས་ལྷོ་འབྲུག་ཆོས་ཀྱི་རྒྱལ་པོའི་རྒྱལ་ཁབ་སྤ་གྲོ་སྐྱེར་ཆུའི་གཙུག་ལག་ཁང་གི་ཞོལ་དུ་བླ་མ་རྩ་གསུམ་ལ་གསོལ་བ་བཏབ་བཞིན་བྲིས་པ་བསྟན་འགྲོར་ཕན་པའི་དོན་དང་ལྡན་པར་གྱུར་ཅིག །སླད་ནས་གཏེར་སྟོན་དང་འཇམ་མགོན་བླ་མ་ལྷན་རྒྱས་ཀྱི་དབང་དཔེ་ཕྱག་འབྱོར་བྱུང་ན་དེ་ཁོ་ན་ལས་རྨོངས་བློས་བྲིས་པ་དབྱིངས་སུ་བསྟིམ་པར་ཞུའོ། །དགེའོ།། །།}} | |||
</onlyinclude> | </onlyinclude> | ||
{{TsagliCall}} | |||
</ | <headertabs/> | ||
== Footnotes == | |||
<references/> | |||
==Other Information== | |||
{{Footer}} | |||
[[Category:DKR-KABUM-Volume-13-PA]] | [[Category:DKR-KABUM-Volume-13-PA]] | ||
[[Category:Khyentse Lineage Project]] | [[Category:Khyentse Lineage Project]] |
Revision as of 12:13, 7 November 2022
🚧 This website is under continued development. We appreciate your patience!
Previous Text"PA" is not a number. Back to Volume Page"PA" is not a number.Next Text "PA" is not a number.
Wylie title | ||
---|---|---|
Location | dil mgo mkhyen brtse bka' 'bum Volume Expression error: Unrecognized word "pa"., Text 7, Pages (Folios to ) | |
Author | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |
Less details More details | ||
Citation | ||
Genre | "PA" is not a number. |
"PA" is not a number.