DKR-KABUM-10-THA-014: Difference between revisions
From Khyentse Lineage - A Tsadra Foundation Project
DKR-KABUM-10-THA-014
WikiBot2015 (talk | contribs) No edit summary |
WikiBot2015 (talk | contribs) No edit summary |
||
Line 1: | Line 1: | ||
{{ | {{Khyentse Metadata | ||
|classification=Tibetan Publications | |||
< | |subclass=Tibetan Texts | ||
|collectiontitle=dil mgo mkhyen brtse bka' 'bum | |||
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | |||
|totalvolumes=25 | |||
|author=Khyentse, Dilgo | |||
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |||
|language=Tibetan | |||
|pagestatus=Temporary stub only | |||
|volumenumber=THA | |||
|textnuminvol=014 | |||
|pdflink=File:DKR-KABUM-10-THA-014.pdf | |||
}} | |||
{{Header}} | |||
<h1 style="font-size: 24px !important;">Tibetan Text</h1> | |||
<onlyinclude> | <onlyinclude> | ||
{{TibP|༄༅། །རྫོགས་ཆེན་གསང་བ་སྙིང་ཐིག་གི་ཚིག་བདུན་བླ་སྒྲུབ་བྱིན་རླབས་ཆར་འབེབས་བླ་མ་མཆོད་པའི་ཚུལ་དུ་སྤྲོས་པ་བྱིན་རླབས་བདུད་རྩིའི་སྒོ་འབྱེད་ཅེས་བྱ་བ་བཞུགས་སོ།། | |||
༄༅། །ཡེ་ཤེས་གཅིག་ཉིད་དུ་མའི་གར། །ཕན་བདེའི་ཆར་གྱིས་སིམ་མཛད་པའི། །བླ་མ་རྩ་གསུམ་ཀུན་འདུས་ལ། །བཏུད་ནས་དེ་མཉེས་ཆོ་ག་སྤེལ། དེ་ཡང་རྗེ་བླ་མ་འོད་གསལ་གདོད་མའི་དབྱིངས་སུ་སྙོམས་པར་ཞུགས་པའི་དུས་ཆེན་དང་དཀར་ཕྱོགས་ཀྱི་ཚེས་བཅུ་ལ་སོགས་པར་བླ་མ་མཆོད་པའི་ཆོ་ག་བྱ་བར་འདོད་པས་མཆོད་ཚོགས་གཞུང་བཞི་ན་རྒྱས་པར་བཀོད་ལ། བདག་ཉིད་སྐད་ཅིག་གིས་གཉུག་མའི་ཧེ་རུ་ཀའི་སྐུར་གྱུར་པར་བསམ་ལ། སྔོན་གཏོར་རཾ་ཡཾ་ཁཾགིས་བསང་སྦྱང༌། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿས་བྱིན་གྱིས་བརླབས་ནས། གཏོར་མགྲོན་འབར་རྒྱ་དང་བཅས་པས་ཕེཾ་ཞེས་བཀུག །ཨ་ཀཱ་རོའི་སྔགས་ཀྱིས་བསྔོས་ཏེ། གང་དག་འདིར་གནས་ལྷ་དང་ཀླུ། །གནོད་སྦྱིན་སྲིན་པོའམ་གཞན་དག་ལ། །གསང་སྤྱོད་དོན་དུ་ས་ཕྱོགས་འདི། །བདག་ཞུ་ཁྱེད་ཀྱིས་བསྩལ་དུ་གསོལ། །ཞེས་དང༌། སུམྦྷའི་དྲག་སྔགས་སྤོས་རོལ་ཐུན་བྲབ་བྱ་ཞིང༌། །ཁྲོ་སྤྲིན་མེ་མཚོན་དང་བཅས་པས་བགེགས་ཐམས་ཅད་བསྡིགས་བསྐྲད་བརླག་པར་བྱས། ཚུར་འདུས་པ་ལ་རྡོ་རྗེ་ཁྲོ་བོ་རོལ་པའི་གུར་ཁང་ཡེ་ཤེས་ཀྱི་མེ་འབར་བས་ཕྱོགས་ཐམས་ཅད་ཁྱབ་ཅིང་གཏིམས་ཏེ་ཅིས་ཀྱང་མི་ཤིགས་པའི་སྲུང་བའི་འཁོར་ལོས་ཁྱབ་པར་གྱུར། དེ་ནས་ཐོག་མར་སྐྱབས་སེམས་ནི། ན་མོཿ བླ་མ་བདེ་གཤེགས་འདུས་པའི་སྐུ༔ དཀོན་མཆོག་གསུམ་གྱི་རང་བཞིན་ལ༔ བདག་དང་འགྲོ་དྲུག་སེམས་ཅན་རྣམས༔ སྒོ་གསུམ་གུས་པས་སྐྱབས་སུ་མཆི༔ ཞེས་སྐྱབས་འགྲོ་དང༌། ཧོཿ སེམས་བསྐྱེད་འགྲོ་བ་ཀུན་དོན་དུ༔ བླ་མ་སངས་རྒྱས་བསྒྲུབས་ནས་ནི༔ གང་ལ་གང་འདུལ་ཕྲིན་ལས་ཀྱིས༔ འགྲོ་དོན་བྱེད་པར་སེམས་བསྐྱེད་དོ༔ ཞེས་སེམས་བསྐྱེད་ལན་གསུམ། མཆོད་རྫས་བརླབ་པ་ནི། བདག་གི་ཐུགས་ལས་རྃ་ཡྃ་ཁྃ་འཕྲོས་པས། །མཆོད་རྫས་དངོས་འཛིན་ཉེས་སྐྱོན་བསྲེག་གཏོར་སྦྱངས། །རྣམ་ཀུན་མཆོག་ལྡན་སྟོང་པའི་སྒྱུ་འཕྲུལ་ལས། །རང་བྱུང་ཕྱི་ནང་མཆོད་པའི་ཕུང་པོ་ནི། །ཟག་མེད་འདོད་ཡོན་ཅིར་ཡང་འཆར་བ་ཡི། །ཀུན་བཟང་མཆོད་སྤྲིན་ནམ་མཁའི་ཁམས་གང་གྱུར། ཨོཾ་མ་ཧཱ་པཱུ་ཛ་སརྦ་ས་མ་ཡེ་ཨཱ་ཧཱུྃ༔ ཞེས་དང༌། ནམ་མཁའ་མཛོད་ཀྱི་སྔགས་རྒྱས་ཀྱང་སྤེལ་ལོ། །དངོས་གཞི་ཚོགས་རྟེན་གསལ་གདབ་པ་ནི། ཨཿ སྣང་སྲིད་གདོད་ནས་ཀ་དག་མདངས༔ རང་སྣང་ཡེ་ཤེས་དག་པའི་ཞིང༔ མཁའ་སྤྱོད་འོག་མིན་གྲོང་ཁྱེར་དབུས༔ རང་རིག་རྡོ་རྗེ་རྣལ་འབྱོར་མ༔ དམར་གསལ་པདྨ་རཱ་གའི་མདངས༔ ཞལ་གཅིག་ཕྱག་གཉིས་གྲི་ཐོད་འཛིན༔ ཞབས་གཉིས་བརྐྱང་བསྐུམ་གར་སྟབས་ཀྱིས༔ པད་ཉི་བྃ་རོའི་སྟེང་དུ་འགྱིང༔ ཞི་ཆགས་གར་གྱི་ཉམས་བརྒྱས་སྒེག༔ དར་དང་རིན་ཆེན་རུས་པས་བརྒྱན༔ གྲུ་མོར་ཐབས་ལྡན་ཁ་ཊྭཱྃ་ག༔ འཇའ་ཟེར་ཐིག་ལེ་འཁྲུགས་པའི་ཀློང༔ གསལ་སྟོང་ཡེ་རྫོགས་ཆེན་པོར་གསལ༔ སྤྱི་བོའི་གཙུག་གམ་མདུན་གྱི་མཁར༔ པདྨ་ཉི་ཟླའི་གདན་སྟེང་དུ༔ རྒྱལ་ཀུན་སྤྱི་དཔལ་འདུས་པའི་གཟུགས༔ མ་ཧཱ་གུ་རུ་བདེ་བ་ཆེ༔ དཀར་དམར་མདངས་ལྡན་ཞི་ཞིང་འཛུམ༔ ཐེག་དགུའི་ཆས་རྫོགས་དབུར་པཎ་ཞྭ༔ ཕྱག་གཉིས་མཉམ་བཞག་བདེ་སྐྱོང་གིས༔ བདུད་རྩིའི་ཐོད་ཞལ་ཨེ་ཝྃ་མཚོན༔ སྐུ་ལས་འོད་ཟེར་སྤྲོ་བསྡུ་ཡིས༔ རྒྱལ་ཀུན་ཞིང་ཁམས་རབ་འབྱམས་དང༔ རྩ་གསུམ་ཆོས་སྐྱོང་འཕྲོ་འདུ་འགྱེད༔ གནས་གསུམ་འབྲུ་གསུམ་འོད་ཟེར་གྱིས༔ རབ་འབྱམས་ཞིང་ཁམས་རྒྱ་མཚོ་དང༔ རྔ་ཡབ་དག་པའི་ཞིང་ཁམས་ནས༔ སྲས་བཅས་རྒྱལ་བའི་ཐུགས་རྗེའི་རྩལ༔ གུ་རུའི་གསང་གསུམ་ཕྱག་རྒྱར་སད༔ ཆར་ལྟར་བབས་ནས་གཉིས་མེད་ཐིམ༔ ཧཱུྃ༔ འོག་མིན་རབ་འབྱམས་དག་པའི་ཞིང༔ རྔ་ཡབ་ཟངས་མདོག་དཔལ་རི་ནས༔ རིག་འཛིན་མ་ཧཱ་གུ་རུ་རྗེ༔ བདེ་བ་ཆེན་པོ་དབྱིངས་ནས་བཞེངས༔ ཕྱི་ནང་སྡུག་བསྔལ་ཀུན་ཞི་ཞིང༔ མཆོག་ཐུན་དངོས་གྲུབ་ཀུན་སྩོལ་བའི༔ གུ་རུ་གཙོ་འཁོར་སྤྲུལ་ཚོགས་བཅས༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སཾ་བྷ་ཝ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ བཛྲ་ས་མ་ཡ་ཛཿ ཡེ་ཤེས་དཀྱིལ་འཁོར་ལྷ་ཚོགས་རྣམས༔ མཁའ་ལ་སྤྲིན་ལྟར་གཤེགས་ནས་ཀྱང༔ མདུན་གྱི་ཚོགས་ཞིང་ལ་ཐིམ་པས། །གཉིས་མེད་དགྱེས་ཤིང་བརྟན་པར་བཞུགས། །ཏིཥྛ་ལྷན༔ རང་གི་ཐུགས་ཀ་ནས་སྤྲོས་པའི་ལྷ་མོ་རྣམས་དང་སེམས་ཅན་ཐམས་ཅད་བྱ་བྱེད་ཐུན་མོང་པར་གྱུར་ནས་ཕྱག་དང་མཆོད་པའི་ལས་རིམ་ལ་འཇུག་པར་མོས་ཏེ། སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །རྡོ་རྗེ་འཛིན་པའི་ངོ་བོ་ཉིད། །དཀོན་མཆོག་གསུམ་གྱི་རྩ་བ་སྟེ། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །ཀུན་གྱི་བྱེད་པོ་བླ་མ་ཡིན། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང༌། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །མཁའ་ལྟར་ཁྱབ་པའི་རྩ་གསུམ་འཁོར་ལོ་ལ། །བདག་དང་མཐའ་ཡས་འགྲོ་བ་མ་ལུས་པས། །ལུས་འདི་ཞིང་རྡུལ་གྲང་སྙེད་རབ་སྤྲུལ་ནས། །སྒོ་གསུམ་གུས་པས་རྟག་ཏུ་སྐྱབས་སུ་མཆི། །ཨ་ཏི་པཱུ་ཧོཿ པྲ་ཏཱི་ཙྪ་ཧོཿ མཆོད་པ་འབུལ་བ་ནི། ཨོཾ། དཔག་མེད་ནམ་མཁའི་ཁམས་ཉིད་ལས། །མཆོད་ཡོན་བསམ་ཡས་ལྷུན་གྲུབ་པ། །རབ་འབྱམས་ནམ་མཁའི་ཁམས་བཀང་སྟེ། །གུས་པའི་བློ་ཡིས་དབུལ་བར་བགྱི། །ཨོཾ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་ཧོཿ དེ་བཞིན་དུ་མཆོད་ཡོན་གནས་སུ། ཞབས་བསིལ། མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་རྣམས་དང༌། ཨརྒྷཾ་གནས་སུ་ པདྱཾ། པུཥྤ་ེ། དྷཱུ་པེ། ཨཱ་ལོ་ཀེ །གནྡྷེ། ནཻ་ཝི་དྱ། ཤབྡ་རྣམས་བཅུག་པས་མཆོད། ཚུལ་ཁྲིམས་ལྟེ་བ་ལ་བསྟེན་པའི། །རྣམ་འབྱེད་ཤེས་རབ་རྩིབས་རྣོ་ཞིང༌། །ཏིང་འཛིན་མུ་ཁྱུད་ཀྱིས་བསྐོར་བའི། །འཁོར་ལོ་རིན་ཆེན་དབུལ་བར་བགྱི། །ཨོཾ་ཙཀྲ་རཏྣ་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ། བསོད་ནམས་རྒྱ་མཚོ་ལས་ཐོན་ཞིང༌། །བློ་ཡི་མུན་སྟུག་རབ་བསལ་ནས། །དགོས་འདོད་ཀུན་འབྱུང་དད་པ་ཡི། །ནོར་བུ་རིན་ཆེན་དབུལ་བར་བགྱི། །ཨོཾ་མ་ཎི་རཏྣ་བཛྲ་པཱུ་ཛི་ཏེ་ཨཱ་ཧཱུྃ། རང་བཞིན་གཉུག་མའི་ཡེ་ཤེས་སྐུ། །གཞོམ་མེད་གཟུགས་སྒྲ་རེག་བྱས་འཁྱུད། །མི་འགྱུར་བདེ་ཆེན་སྐྱེད་མཛད་པའི། །བཙུན་མོ་རིན་ཆེན་དབུལ་བར་བགྱི། །ཨོཾ་སྟྲི་རཏྣ་བཛྲ་པཱུ་ཛི་ཏེ་ཨཱ་ཧཱུྃ། བླ་མ་མཆོག་གསུམ་རྗེ་བོར་གུས། །རྣམ་དཀར་དགེ་བཅུའི་ཆབ་སྲིད་སྐྱོང༌། །དྲན་ཤེས་བག་ཡོད་ནོར་གྱིས་ཕྱུག །བློན་པོ་རིན་ཆེན་དབུལ་བར་བགྱི། །ཨོཾ་པུ་རུ་ཥ་རཏྣ་བཛྲ་པཱུ་ཛི་ཏེ་ཨཱ་ཧཱུྃ། མང་ཐོས་པདྨའི་མཚོ་ལ་རོལ། །བདག་མེད་རྟོགས་པའི་ལུས་སྟོབས་རྒྱས། །མཚན་འཛིན་རྟོག་པ་འཇོམས་བྱེད་པའི། །གླང་པོ་རིན་ཆེན་དབུལ་བར་བགྱི། །ཨོཾ་ཧསྟི་རཏྣ་བཛྲ་པཱུ་ཛི་ཏེ་ཨཱ་ཧཱུྃ། དབང་བཞིའི་ལུས་མཛེས་བརྩོན་འགྲུས་ཀྱི། གྲོལ་ལམ་མགྱོགས་པའི་འགྲོས་བཟང་པོས། འདོད་དོན་མྱུར་དུ་སྒྲུབ་བྱེད་པའི། རྟ་མཆོག་རིན་ཆེན་དབུལ་བར་བགྱི། ཨོཾ་ཨ་ཤྭ་རཏྣ་བཛྲ་པཱུ་ཛི་ཏེ་ཨཱ་ཧཱུྃ། གང་ཤར་ངོ་ལ་ཅེར་བལྟ་བའི། །ཤེས་རབ་རིག་པའི་མཚོན་རྣོན་པོས། །རྣམ་རྟོག་དགྲ་ལས་རྒྱལ་བྱེད་པའི། །དམག་དཔོན་རིན་ཆེན་དབུལ་བར་བགྱི། །ཨོཾ་ཁངྒ་རཏྣ་བཛྲ་པཱུ་ཛི་ཏེ་ཨཱ་ཧཱུྃ། དགའ་བཞི་བཅུ་དྲུག་ཉམས་རྒྱས་པའི། །རྡོ་རྗེའི་རིག་མ་བཅུ་དྲུག་དང༌། །གསང་བ་ཕྱག་རྒྱ་བཞིའི་སྦྱོར་བ། །ཟག་མེད་བདེ་བ་བསྐྱེད་ཕྱིར་འབུལ། མ་ཧཱ་སུ་ཁ་པཱུ་ཛ་ཧོཿ གཙང་དམེའི་རྟོག་བྲལ་བདུད་རྩིའི་སྨན། །ཉོན་མོངས་ཆགས་མེད་རཀྟའི་རྒྱུན། བཟའ་བཅའ་བཏུང་བའི་འདོད་ཡོན་རྫས། །འཁོར་གསུམ་དམིགས་མེད་ཉིད་དུ་འབུལ། །ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་པཱུ་ཛ་ཧོཿ དེ་ལ་གཞན་ཡང་མཆོད་པའི་ཚོགས། །དཔག་མེད་ཞིང་ན་གང་མཆིས་པ། །དེ་ཀུན་བློ་ཡིས་བླངས་ནས་འབུལ། །བཞེས་ནས་བདག་ལ་བྱིན་གྱིས་རློབས། །སརྦ་མ་ཧཱ་པཱུ་ཛ་ཧོཿ ཁྱད་པར་ཚོགས་གསོག་གི་གཙོ་བོ་མཎྜལ་འབུལ་བ་ནི། སྤྲོ་ན་ཚོམ་བུ་སོ་བདུན་མ་སོགས་ཇི་ལྟར་རིགས་པ་དང༌། བསྡུ་ན། ཆོས་དབྱིངས་རང་བྱུང་རོལ་པའི་རྩལ། །ཕྱི་ནང་སྣོད་བཅུད་སྣང་སྲིད་ཆོས། །ཁྱབ་བརྡལ་ཞིང་ཁམས་མཆོད་སྤྲིན་བཅས། །འཁོར་གསུམ་ཡོངས་དག་ཉིད་དུ་འབུལ། །སརྦ་པཱུ་ཛ་རཏྣ་མཎྜལ་ཧཱུྃ། ཞེས་བརྒྱ་རྩ་སོགས་ཅི་ནུས་འབུལ། དེ་ནས་ཡན་ལག་བཅུ་པ་འབུལ་ཞིང་གསོལ་བ་གདབ་པ་ནི། བླ་མ་སངས་རྒྱས་རིན་པོ་ཆེ། །ཡི་དམ་མཁའ་འགྲོ་ཚོགས་བཅས་ལ། །གུས་པས་ཕྱག་འཚལ་སྐྱབས་སུ་མཆི། །ཕྱི་ནང་གསང་བའི་མཆོད་པས་མཆོད། །སྡིག་པ་མ་ལུས་སོ་སོར་བཤགས། །དགེ་བ་ཀུན་ལ་ཡི་རང་ཞིང༌། །ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །མྱ་ངན་མི་འདའ་གསོལ་བ་འདེབས། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །བགེགས་དང་ལོག་འདྲེན་བར་ཆད་སོལ། །རྫོགས་པའི་བྱང་ཆུབ་འགྲུབ་པར་ཤོག །ལན་གསུམ། བསྟོད་པ་ནི། ཧྲཱིཿ མ་བཅོས་ཀ་དག་ཆོས་ཀྱི་སྐུ༔ མ་འགག་རང་གདངས་ལོངས་སྤྱོད་རྫོགས༔ མི་འགྱུར་ཐུགས་རྗེ་སྤྲུལ་པའི་སྐུ༔ སྐུ་གསུམ་བདེ་བ་ཆེན་པོར་བསྟོད༔ ཅེས་དང༌། གསོལ་འདེབས་ཀྱི་རིམ་པ་ནི། ཨོཾ། སྐྱེ་འཆི་མེད་པ་གསལ་ལ་དྭངས། །རྡོ་རྗེའི་སྐུ་ལ་གསོལ་བ་འདེབས། །ལུས་ལ་བདེ་བར་བྱིན་གྱིས་རློབས། །སྐུ་ཡི་རྡོ་རྗེར་བདག་བསྒྲུབ་མཛོད། ཨཱཿ འགག་མེད་གསུང་དབྱངས་ཆོས་ཀྱི་སྒྲ། །ཨཱ་ལི་ཀཱ་ལིར་གསོལ་བ་འདེབས། །ངག་ལ་ནུས་པར་བྱིན་གྱིས་རློབས། །གསུང་གི་རྡོ་རྗེར་བདག་བསྒྲུབ་མཛོད། ཧཱུྃ། ཀ་དག་ཆེན་པོ་ཀུན་བཟང་ཀློང༌། །ཅིར་མི་དགོངས་ལ་གསོལ་བ་འདེབས། །ཟད་སར་འཁྱོལ་བར་བྱིན་གྱིས་རློབས། །ཐུགས་ཀྱི་རྡོ་རྗེར་བདག་བསྒྲུབ་མཛོད། །བླ་མ་རྡོ་རྗེ་འཛིན་པ་ནི། །ཁམས་གསུམ་ཀུན་གྱི་གཉེན་གཅིག་བུ། །འགྲོ་བ་སྐྱབས་མེད་རྣམས་ཀྱི་སྐྱབས། །ཐར་པའི་ཐེམ་སྐས་ཆེན་པོ་སྟེ། །མ་རིག་སེལ་བའི་སྒྲོན་མེ་ལ། །མུན་པའི་ཚོགས་བདག་སྐྱབས་སུ་མཆི། །འཁོར་བ་འདམ་གྱི་མཚོ་ནང་དུ། །བྱིང་བ་སྐྱབས་མེད་བདག་ལ་སྐྱོབས། །ཉོན་མོངས་མེ་ཡིས་གདུང་བ་ལ། །ཐུགས་རྗེའི་ཆར་གྱིས་བསིལ་བར་མཛོད། །བླ་མ་སངས་རྒྱས་རིན་པོ་ཆེ། །བདག་ལ་རེ་ས་གཞན་ན་མེད། །དེང་ནས་བྱང་ཆུབ་སྙིང་པོའི་བར། །སྐྱི་སྡུག་རེ་ལྟོས་ཁྱེད་མཁྱེན་པས། །མགོན་མེད་བདག་ལ་ཐུགས་རྗེས་གཟིགས། །ནད་གདོན་བགེགས་དང་བར་ཆད་སོལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཨེ་མ་ཧོཿ ཆོས་སྐུ་ཀུན་བཟང་སོགས་དང༌། གཙོ་བོར། ཧཱུྃ༔ ཨུ་རྒྱན་ཡུལ་སོགས་ནས། གུ་རུ་པདྨ་སིདྡྷི་ཧཱུྃ༔ བརྒྱ་སྟོང་སོགས་ཅི་ནུས་གྲངས་བསགས་ཤིང་གསོལ་བ་གདབ། བླ་མ་རྒྱང་འབོད་སོགས་བྱ། དེ་ནས་བཟླས་པ་ནི། བླ་མའི་སྐུ་ལས་འོད་ཟེར་བདུད་རྩིའི་རྒྱུན། །དཀར་གསལ་འཕྲོས་པས་རང་ལུས་ཡོངས་སུ་གང༌། །ནད་གདོན་སྡིག་སྒྲིབ་ཐམས་ཅད་བྱང་ཞིང་དག །བདེ་ཆེན་ཡེ་ཤེས་ཉམས་རྟོགས་ཆེས་ཆེར་གཡོས། །དེ་ཡི་ངང་ལས་ཁྱད་པར་སྔགས་ཀྱི་སྒྲ། །བུང་བ་ཚང་ཞིག་ལྟར་གྲགས་སྣང་སྲིད་ཀུན། །མེར་ཁྱམ་འུར་འུར་རབ་ཏུ་གཡོ་བར་གྱུར། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱཿ ཞེས་གསོལ་འདེབས་ཀྱི་བསྙེན་པ་སྤྱི་དྲིལ་དང༌། ཡང་སྙིང༌། ཨོཾ་ཨཱཿཧཱུྃ་བཱཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཞེས་པའི་ཕན་ཡོན་ཡང༌། སིདྡྷི་བྱེ་བས་རིག་འཛིན་གནས་སུ་སྐྱེ༔ ཞེས་དང༌། བདུན་འབུམ་ཚེ་འདིར་པདྨ་འབྱུང་གནས་མཇལ༔ ཞེས་དང༌། གསུང་རབ་ཡན་ལག་བཅུ་གཉིས་འདུས་པའི་བཅུད༔ བྲིས་ཀློག་འཆང་དང་སྟོན་སྤེལ་བསོད་ནམས་ནི༔ ཚེ་འདིར་འཇིགས་དང་སྡུག་བསྔལ་བར་ཆད་ཞི༔ ཚེ་འཕོས་རིག་འཛིན་ཚོགས་བཅས་དཔལ་རིར་འཕོས༔ ས་མ་ཡ༔ ཞེས་པ་ལྟར་ལགས་པས་བརྩོན་འཚལ། སྤྲོ་ན་རྒྱུད་ཡོངས་སུ་སྦྱང་བའི་ཕྱིར་ན་རཀ་བསྐང་བཤགས་དང༌། བརྗོད་མེད་དོན་བཤགས་གང་རུང་བྱ། མཐར་ཚོགས་མཆོད་བྱེད་པར་སྤྲོ་ན། ཐབས་ཤེས་ཀྱི་དམ་རྫས་ཚོགས་པར་བསགས་ལ་ནང་མཆོད་ཀྱིས་བྲན་ཏེ། རྃ་ཡྃ་ཁྃ༔ ཨོཾ་ཨཱཿཧཱུྃ༔ ཕྱི་སྣོད་འཇིག་རྟེན་གཏོར་གཞོང་དུ༔ སྲིད་བཅུད་ཡོངས་གྲུབ་ཚོགས་རྫས་བཤམས༔ གཉིས་འཛིན་རེ་དོགས་ཀུན་བསལ་ཏེ༔ ཀ་དག་ཡེ་ཤེས་བདུད་རྩིར་གྱུར༔ དམ་ཚིག་རྣམ་དག་དགྱེས་མཆོད་འདིས༔ རྩ་གསུམ་ཀུན་འདུས་པདྨ་འབྱུང༔ རབ་འབྱམས་དཀྱིལ་འཁོར་ལྷ་ལ་འབུལ༔ མཆོག་ཐུན་དངོས་གྲུབ་བསྩལ་དུ་གསོལ༔ གུ་རུ་དྷེ་ཝ་ཌཱ་ཀི་ནི་སརྦ་ག་ཎ་ཙཀྲ་པཱུ་ཛ་ཁ་ཧི༔ ཞེས་འབུལ་ཞིང་བསྐང་བ་ནི། ཧྲཱིཿ རྒྱལ་ཀུན་སྤྱི་གཟུགས་པདྨ་འབྱུང༔ གུ་རུ་བདེ་བ་ཆེན་པོའི་ཚོགས༔ ཕྱི་ནང་གསང་བའི་མཆོད་སྤྲིན་གྱིས༔ ཐུགས་དམ་ཆོས་ཀྱི་དབྱིངས་སུ་བསྐང༔ བསླབ་གསུམ་ཉེས་ལྟུང་ཕྲ་རགས་རྣམས༔ ཀ་དག་ཆོས་ཉིད་ཀློང་དུ་བཤགས༔ སྒྲིབ་བྲལ་མཆོག་ཐུན་དངོས་གྲུབ་སྩོལ༔ དབང་བཞིའི་བདག་རྒྱུད་བྱིན་གྱིས་རློབས༔ སརྦ་ས་མ་ཡ་ཤུདྡྷེ་ཨཱཿ ཞེས་ཚོགས་དང་པོ་ཕུལ་ཞིང༌། བར་པ་བརྡ་དང་བརྡའི་འབུལ་ལེན་གྱིས་ནང་གི་བསྲེག་བླུག་ཏུ་རོལ། ལྷག་མ་བསྡུས་ཏེ། ཧྲཱིཾཿཕེཾ༔ སྣང་སྲིད་ཀ་དག་སྤྲོས་བྲལ་གདངས༔ ཐབས་ཤེས་རོལ་པའི་གཙོ་དང་འཁོར༔ མ་མདུན་སྲིང་བཞིའི་ལྷ་ཚོགས་རྣམས༔ ལྷག་གཏོར་འདི་བཞེས་ཕྲིན་ལས་སྒྲུབས༔ ཨུཙྪིཥྚ་བྷཀྵ་ཁཱ་ཧི༔ ཆད་ཐོ་ནི། ཧཱུྃ་བྷྱོཿ འཕོ་མེད་ཀ་དག་དུས་ཀྱི་ཚེ༔ རང་རིག་གདོད་མའི་རང་མདངས་ཀྱི༔ འཁོར་ཚོགས་རྒྱ་མཚོའི་ཐ་ཚིག་ལས༔ སྒྲུབ་ཕྱིར་གཏོར་མ་འབུལ་གྱི་བཞེས༔ ས་མ་ཡ་རཀྵནྟུ༔ བརྟན་གཏོར་ནི། བྷྱོཿ སྔོན་ཚེ་པདྨའི་སྤྱན་སྔ་རུ༔ ཞལ་བཞེས་བོད་ཡུལ་བརྟན་སྐྱོང་སྟེ༔ བཤལ་ཆུའི་མཆོད་གཏོར་འདི་བཞེས་ལ༔ ཐ་ཚིག་བཞིན་དུ་ཕྲིན་ལས་སྒྲུབས༔ ས་མ་ཡ་ཧོཿ ཐུན་བསྡུ་དབང་བླངས་ལ་ཐོག་མར་གདུང་ཤུགས་ཀྱིས་གསོལ་བ་འདེབས་པ་ནི༔ ཀྱཻ་ཀྱཻ་རྗེ་བཙུན་བླ་མ༔ སྙིགས་དུས་འགྲོ་བའི་སྐྱབས་གཅིག༔ བདག་སོགས་ཐར་པའི་ལམ་མཁན༔ དྲིན་ཆེན་བླ་མ་མཁྱེན་ནོ༔ ཞེས་པས་ཡང་ཡང་གསོལ་བ་བཏབ་ལ། གུ་རུ་མཁའ་འགྲོའི་ཚོགས་བཅས་ཀྱིས༔ བདག་ཅག་མོས་པའི་བུ་རྣམས་ལ༔ ལུས་ལ་སྐུ་ཡིས་བྱིན་གྱིས་རློབས༔ ངག་ལ་གསུང་གིས་བྱིན་གྱིས་རློབས༔ ཡིད་ལ་ཐུགས་ཀྱིས་བྱིན་གྱིས་རློབས༔ དབང་བཞི་བསྐུར་ལ་བྱིན་གྱིས་རློབས༔ སྒྲིབ་བཞི་དག་པར་བྱིན་གྱིས་རློབས༔ ལམ་བཞི་འབྱོང་བར་བྱིན་གྱིས་རློབས༔ སྐུ་བཞི་ཐོབ་པར་མཛད་དུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་དེ་ཝ་ཌཱ་ཀི་ནི་ཀཱ་ཡ་སིདྡྷི་ཨོཾ༔ ཝཱཀ་྄སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃ༔ སརྦ་སིདྡྷི་ཧྲཱིཿ ཞེས་དབང་བཞི་བླངས་ཏེ། རྩ་གསུམ་ལྷ་ཚོགས་ཨོ་རྒྱན་བླ་མར་ཐིམ༔ ཨོ་རྒྱན་བླ་མ་འོད་ཞུ་རང་དང་འདྲེས༔ རང་རིག་མ་བཅོས་གསལ་སྟོང་ངང་དུ་བཞག༔ བློ་འདས་བརྗོད་མེད་ཆོས་སྐུ་བདེ་བ་ཆེ༔ ཞེས་མ་བཅོས་པའི་ངང་དུ་བཞག་ཅིང༌། སྣང་གྲགས་རྟོག་ཚོགས་རང་སྣང་དག་པའི་ཞིང༔ སྐུ་གསུམ་བླ་མའི་རང་གདངས་ཨེ་མ་ཧོཿ ཞེས་ལམ་དུ་ཁྱེར་ལ། དགེ་བ་འདི་ཡིས་མྱུར་དུ་བདག །ཨོ་རྒྱན་བླ་མ་འགྲུབ་འགྱུར་ནས། འགྲོ་བ་གཅིག་ཀྱང་མ་ལུས་པ། ཁྱེད་ཀྱི་གོ་འཕང་མྱུར་ཐོབ་ཤོག །འདིས་མཚོན་དུས་གསུམ་བསགས་པའི་དགེ་བ་རྣམས། །རང་དོན་ཞི་བདེའི་དྲི་མས་མ་གོས་པར། །མཐའ་ཡས་སེམས་ཅན་ཚོགས་རྣམས་མ་ལུས་པ། །བླ་མེད་བྱང་ཆུབ་ཐོབ་པའི་རྒྱུ་རུ་བསྔོ། །རྒྱལ་བ་ཀུན་དངོས་རྗེ་བཙུན་བླ་མ་ཡིས། །དུས་གསུམ་ཀུན་ཏུ་བརྩེ་བས་རྗེས་བཟུང་སྟེ། །འགྲོ་ཀུན་སྒྲོལ་ཞིང་གསང་ཆེན་རྡོ་རྗེའི་ལམ། །དཀའ་བ་མེད་པར་མྱུར་དུ་བགྲོད་པར་ཤོག །ཅེས་བསྔོ་སྨོན་དང༌། རྟེན་འབྲེལ་སྙིང་པོ་བཟླས་པའི་མེ་ཏོག་འཐོར་བཞིན་པས། ཧྲཱིཿ བརྒྱུད་གསུམ་བླ་མའི་བྱིན་རླབས་མཁའ་དབྱིངས་འཁྱིལ༔ ཡི་དམ་མཁའ་འགྲོ་ཆོས་ཉིད་རང་གདངས་སད༔ ཆོས་སྐྱོང་སྲུང་མས་ཅི་བཅོལ་ལས་བསྒྲུབས་ཏེ༔ ཚེ་གཅིག་རྫོགས་སངས་རྒྱས་པའི་བཀྲ་ཤིས་ཤོག༔ ཨོཾ། བྱིན་རླབས་མཆོག་སྩོལ་རིགས་བརྒྱའི་བདག །བླ་མ་རྣམས་ཀྱི་བཀྲ་ཤིས་ཤོག །དངོས་གྲུབ་ཆར་འབེབས་ཞི་དང་ཁྲོ། །ཡི་དམ་ལྷ་ཚོགས་བཀྲ་ཤིས་ཤོག །ཐོགས་མེད་ཕྲིན་ལས་སྒྲུབ་མཛད་པའི། །དཔའ་བོ་མཁའ་འགྲོའི་བཀྲ་ཤིས་ཤོག །གང་ལ་བསམ་པའི་དོན་ཀུན་འགྲུབ། །དགེ་ལེགས་མཆོག་གི་བཀྲ་ཤིས་ཤོག །ཅེས་མེ་ཏོག་གི་ཆར་དུ་བསྙིལ་བར་བྱའོ། །འཁོར་འདས་ཀུན་ཁྱབ་ཀློངྃ་ཆེྃན་པོར། །མཁྱེན་བརྩེའི་ཡེྃ་ཤེསྃ་རྡོྃ་རྗེྃ་བཞིན། །བྱིན་རླབས་བདུད་རྩིའི་སྒོ་འབྱེད་དུ། །སྤྲོས་འདིས་འགྲོ་ཀུན་སྨིན་གྲོལ་ཤོག །ཅེས་པའང་ས་རྟ་རྒྱལ་ཟླའི་དཀར་ཕྱོགས་ཀྱི་དགའ་བ་གསུམ་པར་རྗེ་བླ་མའི་སྐུ་མཆོད་སྐབས། གང་གི་སྐུ་གསུང་ཐུགས་ཀྱི་སྲས་མཁྱེན་བརྩེའི་མཆོག་སྤྲུལ་འཇིགས་མེད་ནུས་ལྡན་རྡོ་རྗེ། སྤྲུལ་སྐུ་རང་གྲོལ་སྐུ་མཆེད་གཙོས་ཞལ་སློབ་རྣམས་ནས་གསུང་བསྐུལ་བཞིན་རྣམ་འདྲེན་བླ་མ་རིན་པོ་ཆེའི་དགྱེས་པར་བསྐྱངས་བའི་འབངས། འཇིགས་མེད་མཁྱེན་བརྩེ་འོད་ཟེར་གྱིས་སྨིན་གླིང་ལོ་ཆེན་རིན་པོ་ཆེའི་བླ་མཆོད་ཀྱི་ལྷན་ཐབས་སྦྱར་ཏེ་བྲིས་པ་རང་གཞན་ཐམས་ཅད་སྐྱེ་ཀུན་བླ་མ་མཆོག་གི་གསང་བ་གསུམ་དང་གཉིས་སུ་མེད་པར་བྱང་ཆུབ་པའི་རྒྱུར་གྱུར་ཅིག། །།}} | |||
</onlyinclude> | </onlyinclude> | ||
{{TsagliCall}} | |||
</ | <headertabs/> | ||
== Footnotes == | |||
<references/> | |||
==Other Information== | |||
{{Footer}} | |||
[[Category:DKR-KABUM-Volume-10-THA]] | [[Category:DKR-KABUM-Volume-10-THA]] | ||
[[Category:Khyentse Lineage Project]] | [[Category:Khyentse Lineage Project]] | ||
Revision as of 12:40, 4 November 2022
🚧 This website is under continued development. We appreciate your patience!
Previous Text"THA" is not a number. Back to Volume Page"THA" is not a number.Next Text "THA" is not a number.
Wylie title | ||
---|---|---|
Location | dil mgo mkhyen brtse bka' 'bum Volume Expression error: Unrecognized word "tha"., Text 14, Pages (Folios to ) | |
Author | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |
Less details More details | ||
Citation | ||
Genre | "THA" is not a number. |
"THA" is not a number.