DKR-KABUM-10-THA-042: Difference between revisions
From Khyentse Lineage - A Tsadra Foundation Project
DKR-KABUM-10-THA-042
WikiBot2015 (talk | contribs) No edit summary |
WikiBot2015 (talk | contribs) No edit summary |
||
Line 1: | Line 1: | ||
{{ | {{Khyentse Metadata | ||
|classification=Tibetan Publications | |||
< | |subclass=Tibetan Texts | ||
|collectiontitle=dil mgo mkhyen brtse bka' 'bum | |||
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | |||
|totalvolumes=25 | |||
|author=Khyentse, Dilgo | |||
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |||
|language=Tibetan | |||
|pagestatus=Temporary stub only | |||
|volumenumber=THA | |||
|textnuminvol=042 | |||
|pdflink=File:DKR-KABUM-10-THA-042.pdf | |||
}} | |||
{{Header}} | |||
<h1 style="font-size: 24px !important;">Tibetan Text</h1> | |||
<onlyinclude> | <onlyinclude> | ||
{{TibP|༄༅། །དཔལ་ལྡན་ཤངས་པ་བཀའ་བརྒྱུད་ཀྱི་བཀའ་སྲོལ་རྒྱུད་སྡེ་ལྷ་ལྔ་གཙོ་བསྡུས་ཀྱི་རྒྱུན་ཁྱེར་ཟབ་གསང་སྙིང་པོ་ཞེས་བྱ་བ་བཞུགས། ། | |||
རྡོ་རྗེའི་སྐུ་གསུང་ཐུགས་ཡོན་ཏན། །ཕྲིན་ལས་ཁྱབ་བདག་རྒྱུད་སྡེ་ལྔར། །གུས་བཏུད་དེ་ཉིད་སྒྲུབ་པའི་ཐབས། །མཁས་གྲུབ་མན་ངག་ཇི་བཞིན་སྤེལ། །རྒྱུད་སྡེ་ལྷ་ལྔའི་རྣལ་འབྱོར་ཉམས་སུ་ལེན་པ་ལ། །དང་པོ་སྐྱབས་སེམས་ནི། སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་བདག་སྐྱབས་མཆི། །རང་གཞན་དོན་གཉིས་རབ་བསྒྲུབ་ཕྱིར། །རྫོགས་པའི་སངས་རྒྱས་མྱུར་ཐོབ་ཤོག །ལན་གསུམ། གཉིས་པ་བསྐྱེད་བཟླས་དངོས་ནི། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ། གཟུང་བ་རང་བཞིན་མེད་པའི་བདག་ཉིད་དོ། །ཨོཾ་ཤཱུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། འཛིན་པ་མི་དམིགས་ཏེ་སྟོང་པ་ལ་བློ་བཞག་ནས། སྟོང་པའི་ངང་ལས་རྡོ་རྗེའི་སྲུང་འཁོར་དབུས། །རང་ཉིད་འཁོར་ལོ་བདེ་མཆོག་སྐུ་མདོག་མཐིང༌། །རྡོ་རྗེ་དྲིལ་བསྣོལ་ཕྱག་རྒྱ་དྲུག་གིས་བརྒྱན། །ཐོར་ཚུགས་ཟླ་ཕྱེད་སྣ་ཚོགས་རྡོ་རྗེས་མཚན། །མགོ་ཕྲེང་དོ་ཤལ་སྟག་ལྤགས་ཤམ་ཐབས་ཅན། །གཡོན་བསྐུམ་གཡས་བརྐྱངས་འཇིགས་བྱེད་དུས་མཚན་མནན། །ཕག་མོ་དམར་མོ་གྲི་ཐོད་འཛིན་པས་འཁྱུད། །མེ་དཔུང་དབུས་བཞུགས་པད་ཉིའི་གདན་ལ་གསལ། །ཡབ་ཀྱི་སྐུ་ལ་རྩ་གསུམ་འཁོར་ལོ་ལྔ། །སྐད་ཅིག་གྲུབ་པའི་སྤྲུལ་པའི་འཁོར་༦༤ལོ་ལ། །རྡོ་རྗེ་གསུམ་འདུས་ཡོན་ཏན་ངོ་བོ་ནི། །རང་དང་མཚུངས་བའི་བདེ་མཆོག་ཡབ་ཡུམ་གསལ། །བདེ་ཆེན་འཁོར་ལོར་གསང་འདུས་སྐུ་རྡོ་རྗེ། །སྔོན་པོ་རྡོར་དྲིལ་བསྣོལ་འཛིན་ཡིད་ཙམ་ཁྲོ། །པད་ཉིར་སྐྱིལ་ཀྲུང་དར་དང་རིན་ཆེན་བརྒྱན། །ལོངས་སྤྱོད་འཁོར་ལོར་མཱ་ཡ་གསུང་རྡོ་རྗེ། །མཐིང་ག་མདའ་གཞུ་འཛིན་པ་གཡོན་བརྐྱང་གིས། །སྐྲ་སེར་གྱེན་བརྗེས་པད་ཉི་རོ་སྟེང་བཞེངས། །ཆོས་ཀྱི་འཁོར་ལོར་དགྱེས་མཛད་ཐུགས་རྡོ་རྗེ། །མཐིང་ག་སྐྲ་སེར་གྱེན་བརྫེས་རྡོར་དྲིལ་འཛིན། །གཡས་བརྐྱངས་པད་ཉི་ཚངས་དང་དྲག་པོ་མནན། །བདེ་སྐྱོང་འཁོར་ལོར་རྡོ་རྗེ་འཇིགས་བྱེད་ནི། །མ་ཧེའི་ཞལ་ཅན་གྲི་ཐོད་སྐྲ་སེར་བརྫེས། །གཡོན་བརྐྱང་མ་ཧེ་མནན་ཞིང་ལྷ་ཚོགས་ཀུན། །དུར་ཁྲོད་ཆས་རྫོགས་མེ་དབུས་ཡུམ་དང་སྦྱོར། །གནས་གསུམ་ཡི་གེའི་འོད་ཀྱིས་དབང་ལྷ་དྲངས། །ཨོཾ་བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ། དབང་བསྐུར་སྐུ་གང་མི་བསྐྱོད་དབུར་བརྒྱན་གྱུར། །ཨརྒྷཾ་སོགས་ནས། ཤབྡའི་བར་བརྗོད། ཨོཾ་ཨཱཿཧཱུྃ་གིས་ནང་མཆོད་ཕུལ། གསང་མཆོད་དང་དེ་ཁོ་ན་ཉིད་ཀྱི་མཆོད་པ་དྲན་ཙམ་བྱ། ཆོས་དབྱིངས་རྣམ་དག་དབྱིངས་ལས་མ་གཡོས་ཀྱང༌། །ཐབས་ཀྱིས་ཁྲོ་བོའི་སྐུར་སྟོན་གདུག་པ་འདུལ། །ཆེ་བའི་ཆེ་མཆོག་ལྷ་ཡི་ལྷར་གྱུར་པ། །ཀུན་བཟང་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །ཧེ་རུ་ཀ་དཔལ་དཔའ་བོ་ཆེ། །རྣམ་དག་རྡོ་རྗེ་དབང་ཕྱུག་མ། །རྗེས་ཆགས་ཆགས་པ་ཆེ་རྣམས་ཀྱི། །རྡོ་རྗེ་ཕག་མོ་དེ་ལ་འདུད། །སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་རབ་རྫོགས་པ། །དཀྱིལ་འཁོར་ལྔ་པོ་ཐམས་ཅད་ལ། །ཀུན་ནས་དང་བས་ཕྱག་འཚལ་བསྟོད། །ཅེས་བསྟོད། ཨོཾ་ཧྲཱིཿཧ་ཧ་ཧུཾ་ཧཱུྃ་ཕཊ྄། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུྃ་ཧཱུྃ་ཕཊ྄་སྭཱ་ཧཱ། ཞེས་པ་བདེ་མཆོག་ཡབ་ཡུམ་གྱི་སྔགས་གཙོ་བོར་བཟླ། ཨོཾ་ཨཱཿཧཱུྃ་བཛྲ་དྷྲྀཀ྄་ཧཱུྃ་ཧཱུྃ་ཕཊ྄་སྭཱ་ཧཱ། སྐུ་གསང་འདུས་དང༌། ཨོཾ་ཨཱཿཧྲཱིཿཧཱུྃ་ཕཊ྄་སྭཱ་ཧཱ། གསུང་མཱ་ཡ། ཨོཾ་དེ་བ་པི་ཙུ་བཛྲ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ྄་སྭཱ་ཧཱ། ཐུགས་དགྱེས་རྡོར། ཨོཾ་ཧྲཱིཿཥྚིཿབི་ཀྲྀཏཱ་ན་ན་ཧཱུྃ་ཕཊ྄། ཕྲིན་ལས་རྡོ་རྗེ་འཇིགས་བྱེད་རྣམས་ཅི་རིགས་བཟླ། མཐར། དཀྱིལ་འཁོར་གྱི་འཁོར་ལོ་འོད་གསལ་གྱི་ངང་དུ་ཐིམ་པར་གྱུར། སླར་རང་ཉིད་ཧེ་རུ་ཀ་ཡབ་རྐྱང་དུ་གསལ་བའི་གནས་གསུམ་ཡི་གེས་མཚན་པའོ། །བསྔོ་སྨོན་ནི། དགེ་བ་འདི་ཡིས་མྱུར་དུ་བདག །རྒྱུད་སྡེ་ལྷ་ལྔ་འགྲུབ་གྱུར་སོགས་བྱའོ། །ཅེས་པའང་མེ་སྦྲུལ་གནམ་ལོ་གསར་ཚེས་སྐབས་མདོ་སྔགས་སྨིན་གྲོལ་ཐུབ་བསྟན་ཆོས་གླིང་ནས་གདམས་མཛོད་སྤྲུལ་པའི་གླེགས་བམ་རིན་པོ་ཆེའི་དབང་ཆོས་བགྱིས་སྐབས་གསར་ཕྱོགས་རྒྱུད་སྡེའི་གཙོ་བོ་རྣམས་ཀྱི་དབང་ཆོས་ཐོབ་པའི་ལྷ་སྔགས་རྗེས་དྲན་ཏུ་འདི་ལྟར་དགོས་ཞེས་འཁྲུལ་ཞིག་མཆོག་སྤྲུལ་རིན་པོ་ཆེ་མདོ་སྔགས་བསྟན་འཛིན་ནས་ལྷ་རྫས་ཀྱི་རྟེན་བཅས་ཆེད་དུ་བཀའ་བསྩལ་བཞིན་རིས་མེད་བསྟན་ལ་གུས་པའི་རྣལ་འབྱོར་ཙམ་པོ་བ་མངྒ་ལ་ཤྲཱི་བྷཱུ་ཏིས་གསང་བདག་སྒྲོལ་མགོན་གྱི་གསུང་ལས་བཏུས་པ་དགེ་ལེགས་འཕེལ། །སརྦ་མངྒ་ལཾ། དགེའོ།། །།}} | |||
</onlyinclude> | </onlyinclude> | ||
{{TsagliCall}} | |||
</ | <headertabs/> | ||
== Footnotes == | |||
<references/> | |||
==Other Information== | |||
{{Footer}} | |||
[[Category:DKR-KABUM-Volume-10-THA]] | [[Category:DKR-KABUM-Volume-10-THA]] | ||
[[Category:Khyentse Lineage Project]] | [[Category:Khyentse Lineage Project]] | ||
Revision as of 12:39, 4 November 2022
🚧 This website is under continued development. We appreciate your patience!
Previous Text"THA" is not a number. Back to Volume Page"THA" is not a number.Next Text "THA" is not a number.
Wylie title | ||
---|---|---|
Location | dil mgo mkhyen brtse bka' 'bum Volume Expression error: Unrecognized word "tha"., Text 42, Pages (Folios to ) | |
Author | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |
Less details More details | ||
Citation | ||
Genre | "THA" is not a number. |
"THA" is not a number.