DKR-KABUM-02-KHA-042: Difference between revisions

From Khyentse Lineage - A Tsadra Foundation Project
No edit summary
No edit summary
Line 1: Line 1:
{{WyliePageHeader}}
{{Khyentse Metadata
 
|classification=Tibetan Publications
<div class="wylie-content"
|subclass=Tibetan Texts
 
|collectiontitle=dil mgo mkhyen brtse bka' 'bum
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ།
|totalvolumes=25
|author=Khyentse, Dilgo
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
|language=Tibetan
|pagestatus=Temporary stub only
|volumenumber=KHA
|textnuminvol=042
|pdflink=File:DKR-KABUM-02-KHA-042.pdf
}}
{{Header}}
<h1 style="font-size: 24px !important;">Tibetan Text</h1>
<onlyinclude>
<onlyinclude>
 
{{TibP|༄༅།      །ཟབ་ལམ་སྙིང་ཐིག་གསལ་སྒྲོན་གྱི་དབང་ཆོག་བདུད་རྩིའི་བུམ་བཟང་གི་མཛེས་རྒྱན་ནོར་བུའི་ཆུན་འཕྱང་ཞེས་བྱ་བ་བཞུགས།
@#/______/zab lam snying thig gsal sgron gyi dbang chog bdud rtsi'i bum bzang gi mdzes rgyan nor bu'i chun 'phyang zhes bya ba bzhugs/
༄༅།      །གང་གི་དྲིན་ལས་འོད་གསལ་ལྷན་ཅིག་སྐྱེས།  །ཡེ་ཤེས་ནམ་མཁའི་གཟུགས་ཀྱང་མངོན་སུམ་དུ།  །འཆར་མཛད་འཁོར་ལོའི་དབང་ཕྱུག་བླ་མ་རྗེ།  །མོས་གུས་གཞལ་མེད་ཁང་དུ་ལེགས་མཆོད་ནས།  །རྡོ་རྗེ་བཞི་ཡི་དཀྱིལ་འཁོར་དུ།  །སྨིན་པའི་སྐལ་བཟང་སྒྲུབ་བྱེད་ཐབས།  །ཟབ་མོའི་དབང་གི་ཆོ་ག་ལ།  །མཛེས་རྒྱན་ནོར་བུའི་ཆུན་འཕྱང་སྤེལ།  །དེ་ཡང་སྦྱོར་བ་ཡོ་བྱད་ཀྱི་ཤོམ་ནི་དབང་གཞུང་དུ་གསལ་བ་ལྟར་ལེགས་པར་འདུ་བྱས་ལ་བླ་མའི་རྣལ་འབྱོར་སྙིང་ཐིག་གསལ་སྒྲོན་གྱི་ལས་གཞུང་བསྲངས།  གསོལ་འདེབས་དང་བཟླས་པ་ལ་འབད་བུམ་ཐོད་ཉིད་བདུད་རྩི་གདོད་ནས་བདེ་སྟོང་གཉིས་མེད་ཡེ་ཤེས་ཀྱི་རོལ་པར་ཤེས་པས་དབྱངས་གསལ་རྟེན་སྙིང་བཟླས་པས་བྱིན་གྱིས་བརླབས།  བཀའ་སྲུང་གི་གཏོར་འབུལ།  ཚོགས་མཆོད་བཅས་བཏང་ལ་དབང་ལེན་གྱི་དམིགས་པ་བདག་ཉིད་འཇུག་ཅིང་ནུས་ལྡན་དུ་བྱ།  སྣོད་དུ་གྱུར་པའི་སློབ་མ་བདུན་ལས་མི་མང་བར་སྒོ་དྲུང་དུ་ཁྲུས་བྱ།  ནང་དུ་འཇུག་པ་ན་བགེགས་བསྐྲད།  སྲུང་བའི་འཁོར་ལོ་སྒོམ་པ་སྤྱི་ལྟར་སྔོན་དུ་འགྲོ་བས།  འོ་ན་མཁའ་ཁྱབ་ཀྱི་ཡིད་ཅན་སྲིད་ཞིའི་མཐའ་གཉིས་ལ་མི་གནས་པའི་བྱང་ཆུབ་ཆེན་པོའི་གོ་འཕང་ལ་འགོད་པར་བྱ།  དེའི་ཆེད་དུ་རྡོ་རྗེ་ཐེག་པའི་མྱུར་ལམ་ཟབ་མོའི་སྒོར་ཞུགས་ནས་ཐབས་མཁས་དང་ཐུགས་རྗེའི་རྣམ་འཕྲུལ་བསམ་གྱིས་མི་ཁྱབ་པའི་རྒྱལ་བའི་སྲས་ཀྱི་སྤྱོད་པ་ལ་བསླབ་ཅིང་བྱང་ཆུབ་ཏུ་སེམས་བསྐྱེད་པའི་གཡར་དམ་བཟུང་སྙམ་པས་གསན་འཚལ།  དེ་ལ་འདིར་གང་གསན་བྱའི་ཆོས་ནི་སྤྱིར་བདག་ཅག་རྣམས་ཤིན་ཏུ་རྙེད་དཀའ་བའི་ལྷ་བས་ལྷག་པའི་ཁམས་དྲུག་དང་ལྡན་པའི་རྟེན་ཁྱད་པར་ཅན་ཐོབ།  ཆོས་ཀྱི་མཐུན་རྐྱེན་ཐམས་ཅད་ཚོགས།  འགལ་རྐྱེན་དང་བྲལ་བའི་སྐལ་པ་བཟང་པོ་རྙེད་པའི་སྐབས་འདིར་མྱུར་དུ་ཆོས་ལ་བརྩོན་པར་མ་བྱས་ན།  སྣོད་བཅུད་འཇིག་རྟེན་སྐྱེ་དགུ་མཆོག་དམན།  བདེ་སྡུག་དཔལ་འབྱོར་ཐམས་ཅད་ཡུན་དུ་མི་རྟག་པ་འཕོ་འགྱུར་རྒུད་པའི་ཆོས་ལས་མ་འདས་པར་ཤེས་པས་བློ་སྣ་རྟག་ཏུ་བསྟུང༌།  ནམ་ཞིག་འཆི་བའི་གནོད་པས་སྐབས་བཙལ་བའི་ཚེ་ཡང་མེད་དུ་མི་འགྲོ་བ་འཇིག་རྟེན་ཕྱི་མའི་སྲིད་པ་ལ་འཇུག་པའི་ཚེ་འདིར་སྣང་གི་བྱ་བཞག་གང་གིས་ཀྱང་ཕན་པ་མེད་པ་ཤུལ་དུ་བོར་ནས་སྔོན་བསགས་ལས་ཀྱི་རྗེས་སུ་འབྲང༌།  ལས་ནི་ནམ་ཡང་ཆུད་མི་ཟ་བར་སྲིད་པའི་གནས་ཀྱི་བདེ་སྡུག་ཐམས་ཅད་འདུ་བྱེད།  ད་ལྟ་རང་རེ་སོ་སོའི་སྐྱེ་བོའི་ལས་ཕལ་ཆེར་སྡིག་པ་ལས་མ་འདས་ཅུང་ཟད་སྒྲུབ་པའི་དགེ་བའང་སྡིག་པ་དང་ངང་གིས་འདྲེས་ཤིང་མངོན་མཐོ་ཙམ་གྱི་རྒྱུ་རུ་དམིགས་པ་ཆེས་མང་བས་ན་རྟག་ཏུ་འཁོར་བའི་རྒྱ་མཚོ་ཆེན་པོར་ཚུད་དེ།  སྡུག་བསྔལ་ཆུ་སྲིན་གྱི་མཆེ་བས་གཟིར་བ་འདི་ཡ་རེ་ཆ།  སྲིད་པ་ནི་མཐོ་དམན་གང་དུ་སྐྱེས་ཀྱང་སྡུག་བསྔལ་གསུམ་གྱི་རང་བཞིན་འབའ་ཞིག་ལས་མ་འདས་པས་མྱུར་དུ་དེ་ལས་ཐར་པའི་ཐབས་ལ་བརྩོན་དགོས།  དེ་ཡང་རང་ཅག་ནི་དེ་རུ་གནས་ཤིང་འཆིང་བ་ལྔ་ཡིས་བཅིངས་ཏེ་ལས་དང་ཉོན་མོངས་པའི་གཞན་དབང་དུ་སོང་བས་རང་སྟོབས་ཀྱིས་ཐར་བར་མི་ནུས་པས་རྒྱལ་བའི་སྲས་པོ་ཞི་བ་ལྷས།  དཔའ་ལ་བརྟེན་ནས་འཇིགས་པ་ཆེན་པོ་ལྟར།  །གང་ལ་བརྟེན་ནས་ཡུད་ཀྱིས་སྒྲོལ་འགྱུར་བ།  །དེ་ལ་བག་ཅན་རྣམས་ཀྱིས་ཅིས་མི་བསྟེན།  །ཞེས་གསུངས་པ་ལྟར་དེད་དཔོན་མཚུངས་མེད།  སྐྱབས་གནས་ཀུན་འདུས།  འཁོར་ལོའི་དབང་ཕྱུག་དཔལ་མགོན་བླ་མའི་ཞབས་པད་བསྙེན་ཏེ་ཐུགས་ཀྱི་གསང་མཛོད་བརྟོལ་བ་དང་གསང་གསུམ་ཡེ་ཤེས་རྡོ་རྗེའི་དཀྱིལ་འཁོར་ལ་འཇུག་ཅིང་སྨིན་པའི་ཐབས་ཟབ་མོ་ལ་བརྟེན་པས་གནས་སྐབས་དང་མཐར་ཐུག་གི་དཔལ་ཡོན་མཐའ་ཡས་པ་དག་བསྐྱེད་པས་ན་ཤིན་ཏུ་གཅེས་པའི་ཚུལ་ཐམས་ཅད་མཁྱེན་པ་པྲཛྙཱ་རསྨིས།  རྒྱལ་བའི་བཀའ་དང་རྗེས་སུ་མཐུན་པ་ཡི།  །བླ་མ་བཟང་ལས་རྣམ་དག་དཀྱིལ་འཁོར་དུ།  །ཕྱི་ནང་གསང་བའི་རྟེན་འབྲེལ་ལེགས་བསྒྲིགས་པའི།  །སྨིན་གྲོལ་ལམ་མཆོག་སྩོལ་ཅིག་ཐོད་ཕྲེང་རྩལ།  །ཞེས་གསུངས།  དེར་མ་ཟད་རྒྱལ་བས་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གིས་བསྟན་པའི་ལམ་ཐམས་ཅད་ཀྱི་སྙིང་པོའི་ཐབས་གནད་ཀྱང་བླ་མའི་རྣལ་འབྱོར་གཅིག་ཁོ་ན་ལ་ཚང་ཞིང༌།  མངོན་མཐོ་དང་ངེས་ལེགས་ཀྱི་ཡོན་ཏན་ཐམས་ཅད་ཀྱང་བླ་མའི་བཀའ་དྲིན་གྱིས་བསྐྱེད་པ་མདོ་རྒྱུད་ཀུན་ནས་ལན་གཅིག་མ་ཡིན་པར་ཡང་ཡང་བསྔགས་པས་ན་གཅིག་ཆོག་རྒྱལ་པོ་བླ་མའི་རྣལ་འབྱོར་དུ་གྲགས་པ་དོན་ལ་གནས་པ་སྟེ།  དེ་ལའང་འཕགས་བོད་གསར་རྙིང་ཀུན་ལ་རྣམ་གྲངས་མི་འདྲ་བ་དུ་མ་ཞིག་བཞུགས་པའི་ཀུན་གྱི་ནང་ཟབ་མྱུར་བྱིན་རླབས་ཀྱི་ཚན་ཁ་ཁྱད་པར་དུ་འཕགས་པ་སྙིང་ཐིག་གསལ་བའི་སྒྲོན་མེ་འདི་ནི།  སྒྲུབ་གཞི་ཀུན་བཟང་གདོད་མའི་མགོན་པོ་ཉིད་ཐེག་མཆོག་སེང་གེའི་སྒྲ་དབྱངས་གངས་ཅན་རི་བོའི་སུལ་ན་ཁྱབ་པར་བསྒྲགས་ཕྱིར་འཕགས་ཡུལ་གྱི་རྒྱན་དྲུག་ཤིང་རྟ་ཆེན་པོའི་རྣམ་དཔྱོད་གཅིག་ཏུ་སྤུངས་པ་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་རྒྱལ་བ་ཀློང་ཆེན་རབ་འབྱམས་དང༌།  རིག་འཛིན་འཇིགས་བྲལ་གླིང་པ་ཡབ་སྲས་རྣམས་གཞན་ཕན་འབའ་ཞིག་གི་ཕྱིར་འཕགས་བོད་ཀུན་ཏུ་སྐུའི་སྐྱེ་བ་དུ་མ་བཞེས་པའི་ཡ་གྱལ།  ཕྱི་མའི་དུས་འདིར་འགྲན་ཟླ་ཐམས་ཅད་དང་བྲལ་བའི་མཁས་གྲུབ་ཆེན་པོ་ཉི་ཟླ་ཟུང་གཅིག་སྟེ་འཇིགས་བྲལ་གྱི་སློབ་དཔོན་མཁྱེན་བརྩེའི་ལྷའི་ཞལ་ནས།  འདི་འོག་ཡེ་ཤེས་རྡོ་རྗེའི་རོལ་པ་ཡིས།  །རྡོ་རྗེ་སྙིང་པོའི་རིང་ལུགས་བསླང་ནས་སླར།  །ད་ལྟ་གཤེ་ཞིང་བསྐུར་པ་འདེབས་པའི་དོན།  །སྤྲུལ་པ་སྣ་ཚོགས་བསྒྱུར་བ་གསོལ་བ་འདེབས།  །ཞེས་རྡོ་རྗེའི་ལུང་གིས་གསལ་བར་བསྔགས་པ་ལྟར་ངོ་མཚར་བའི་རྣམ་ཐར་དང་ཕྲིན་ལས་ཀྱི་མུ་ཁྱུད་ཀྱིས་རིས་མེད་བསྟན་འགྲོའི་ཁྱོན་ལ་གཅིག་ཏུ་བརྡལ་བའི་བདག་ཉིད་ཆེན་པོ་གྲུབ་དབང་ཧེ་རུ་ཀ་དཔལ་འཇིགས་མེད་ཡེ་ཤེས་རྡོ་རྗེ་དང༌།  ཐུབ་བསྟན་ཡོངས་རྫོགས་ཀྱི་ཤིང་རྟ་ཆེན་པོ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་དབྱེར་མེད་པའི་སྒྱུ་འཕྲུལ་རྣམ་པ་ལྔ་ཡི་ཡ་གྱལ་དུ་ཡེ་ཤེས་སྤྱན་ལྡན་རྣམ་སྣང་ལོ་ཙཱ་ཆེན་པོ་དངོས་སུ་བྱོན་པ་འཇམ་མགོན་ཆོས་ཀྱི་རྒྱལ་པོ་བློ་གྲོས་མཐའ་ཡས་པའི་སྡེས་དུས་གསུམ་ཤེས་བྱ་ཀུན་ཏུ་གཟིགས་པས་ལུང་བསྟན་ཏེ་བསྔགས་པའི་མེ་ཏོག་གིས་མངའ་གསོལ་བ་བཞིན།  མཁས་གྲུབ་སྐྱེས་ཆེན་བགྲང་ལས་འདས་པའི་ཞབས་པད་མཉེས་པ་གསུམ་གྱིས་བསྟེན་ཏེ་ཐུགས་བཅུད་མཐའ་དག་བཞེས།  མཁས་བཙུན་གྲུབ་པའི་རྣམ་ཐར་མཚུངས་ཟླ་མ་མཆིས་པས་གངས་ཅན་རིས་མེད་བསྟན་པའི་སྲོག་མཐུད་སྟེ་དེང་གི་དུས་འགྲན་ཟླ་དང་བྲལ་བའི་བསྟན་པའི་ཤིང་རྟ་ཆེན་པོར་གྱུར་པས་ན།  མངའ་རིས་པཎ་ཆེན་རིན་པོ་ཆེའི་གཏེར་ལུང་ལས།  ང་ཡི་ཐུགས་རྗེས་སྤྲུལ་པའི་རིག་འཛིན་ནི༔  པདྨ་རྒྱལ་པོ་ཡེ་ཤེས་རོལ་པ་རྩལ༔  ཕྱི་ལྟར་རབ་བྱུང་སྔགས་པའི་ཆ་ལུགས་ཅན༔  ནང་ལྟར་སེམས་བསྐྱེད་བསྟན་པའི་བྱ་བ་བརྩོན༔  གསང་བ་གཉིས་མེད་རྫོགས་ཆེན་དོན་དང་ལྡན༔  ཆོས་རྒྱལ་ཡབ་སྲས་མཚོ་རྒྱལ་སྨོན་ལམ་གྱིས༔  སྤྲུལ་པའི་གཟུགས་ཀྱིས་མ་འགག་སྤྱོད་པ་བསྐྱངས༔  ཞེས་རྡོ་རྗེའི་ལུང་གི་སེང་གེའི་སྒྲ་ཆེན་པོའི་གསལ་བར་བསྟན་པའི་དོན་དང་མཐུན་པར་གྱུར་པའི་སྐྱེས་བུ་ཆེན་པོ་འཇམ་དབྱངས་བླ་མ་ཆོས་ཀྱི་བློ་གྲོས་སམ་གསང་མཚན་པདྨ་ཡེ་ཤེས་རྡོ་རྗེ་གང་སྒྲུབ་བྱེད་ཀྱི་ལམ་དད་ལྡན་ལྷ་ཡི་རིགས་ཀྱི་ཐིག་ལེའི་གསོལ་བ་བཏབ་སྟེ་བསྩལ་བའི་དགོངས་གཏེར་བསྟན་བཅོས་ཀྱི་ཚུལ་དུ་གཏན་ལ་ཕབ་པའི་བླ་མའི་རྣལ་འབྱོར་སྙིང་ཐིག་གསལ་བའི་སྒྲོན་མེ་ཞེས་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཡབ་སྲས་འདི་དག་གི་ཡེ་ཤེས་ཀྱི་སྐུའི་རྗེས་སུ་བཟུང་བའི་ཉེ་བརྒྱུད་བྱིན་རླབས་དོན་གྱི་བརྒྱུད་པ་བར་མ་ཆད་ཅིང༌།  དུས་ཀྱི་ཐ་མའི་རྗེས་འཇུག་རྣམས་ལ་མཁྱེན་བརྩེའི་ཡེ་ཤེས་ཀྱི་འཇུག་པ་ལྷག་པར་མྱུར་བའི་ངོ་མཚར་གྱི་ཚན་ཁ་ཆེ་བ་སོགས་ཁྱད་པར་གྱི་ཆོས་དུ་མ་དང་ལྡན་པའི་སྨིན་བྱེད་སྒྲུབ་པ་ལ་བདག་ཅག་གི་བགྱི་འོས་སོང་ནས་ཁྱེད་རྣམས་ཀྱི་ངོ་སྐལ་དུ་གྱུར་པའི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་ཕུལ།  ཕྱོགས་དུས་རྒྱལ་བའི་ཡེ་ཤེས་ཀྱི་སྤྱི་གཟུགས་དཔལ་ལྡན་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་མཆོག་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད།  རྩ་གསུམ་རྒྱ་མཚོ༴  བླ་མས་ཀྱང་རྡོ་རྗེའི་སྣོད་ལྡན་གྱི་རིགས་སུ་ངེས་པར་བྱུང་བའི་ཕྱིར་མོས་གུས་ཤུག་དྲག་ཏུ་བསྐྱེད་པས་མཁྱེན་བརྩེའི་ཡེ་ཤེས་ཀྱི་རྗེས་སུ་དགོངས་ཏེ་གནང་བ་སྦྱིན་པ་ནི།  ཨེ་མ་སྐལ་ལྡན་རིགས༴  ཆོས་དབྱིངས་ཁྱབ་པར་བརྡལ་བའི་དཀོན་མཆོག་རྩ་གསུམ་གྱི་ལྷ་ཚོགས་ཐམས་ཅད་བླ་མ་སྐུ་གསུམ་གྱི་ཡེ་ཤེས་ལས་གཞན་དུ་མ་གྱུར་པའི་ཡིད་ཆེས་ཀྱི་དད་པ་རྩེ་གཅིག་པས་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོར་བྱང་ཆུབ་སྙིང་པོའི་བར་དུ་སྐྱབས་སུ་འགྲོ་སྙམ་པས་རྗེས་ཟློས།  ཨཿ  རང་རིག་ཀ་དག་ཆོས་ཀྱི་སྐུ།  །རང་གསལ་ལྷུན་གྲུབ་ལོངས་སྤྱོད་རྫོགས།  །རིག་རྩལ་ཐུགས་རྗེ་སྤྲུལ་པའི་སྐུ།  །རང་ངོ་ཤེས་པས་སྐྱབས་སུ་མཆི།  །ལན་གསུམ།  མཁའ་ཁྱབ་ཀྱི་ཡིད་ཅན་རྣམ་གྲོལ་བླ་མེད་ཀྱི་ས་ལ་འགོད་པའི་ཕྱིར་ལམ་ཟབ་ཀུན་འདུས་བླ་མའི་རྣལ་འབྱོར་ལ་བརྩོན་པར་བྱ།  དེའི་ཆེད་དུ་གསང་གསུམ་རྡོ་རྗེའི་དཀྱིལ་འཁོར་དུ་སྨིན་པའི་ཐབས་ཀྱི་སྒོར་འཇུག་སྙམ་པས་རྗེས་ཟློས།  ཨཿ  མ་རིག་འཁྲུལ་པའི་སེམས་ཅན་རྣམས།  །སྐུ་གསུམ་ས་ལ་འགོད་པའི་ཕྱིར།  །སྨོན་འཇུག་བྱང་ཆུབ་སེམས་སྦྱངས་ཤིང༌།  །རང་གྲོལ་ཆེན་པོར་སེམས་བསྐྱེད་དོ།  །ལན་གསུམ།  ཚོགས་ཀྱི་ཞིང་ཁྱད་པར་ཅན་གྱི་སྤྱན་སྔར་བསགས་སྦྱངས་ཀྱི་ཐབས་རྨད་དུ་བྱུང་བ་ཡན་ལག་བདུན་གྱི་དམིགས་རྣམ་དང་མ་བྲལ་པ་འདིའི་རྗེས་ཟློས།  རྡོ་རྗེ་སློབ་དཔོན་སོགས།  ལན་གསུམ།  རྒྱུད་སྡོམ་པ་དང་མ་ལྡན་ན་དབང་གི་སྣོད་དུ་མི་རུང་བས་སོ་བྱང་སྔགས་ཀྱི་དམ་ཚིག་དང་སྡོམས་པ་བཟུང་བའི་གནང་བཀག་མ་ནོར་བས་དམ་བཅའ་རྣམ་པ་གསུམ་ལྡན་དུ་བཟུང་སྙམ་པས་རྗེས་ཟློས།  བདེ་གཤེགས་སྲས་བཅས་བདག་ལ་དགོངས།  །བདག་མིང་འདི་ཞེས་བགྱི་བ་ཡིས།  །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར།  །སོ་སོ་ཐར་དང་བྱང་ཆུབ་སེམས།  །རིག་འཛིན་ནང་གི་སྡོམས་པའི་ཚོགས།  །མ་ལུས་ཡོངས་སུ་བཟུང་བར་བགྱི།  །ལན་གསུམ།  དེ་ནས་དབང་གི་གཞི་འགོད་པ་ཡེ་ཤེས་པ་དབབ་པའི་སྔོན་དུ་རྡོ་རྗེའི་ཆུ་ནན་སྦྱིན་ཞིང་འདའ་དཀའི་ཐ་ཚིག་བསྒྲགས་པས་དམ་ལ་བཞག་པ་ནི།  ཧོ།  འདི་ནི་རྡོ་རྗེའི་དམ༴  དམ་ཆུ་སྦྱིན་ཞིང་རྡོ་རྗེ་སྤྱི་བོར་བཀོད།  ཁྱེད་རྣམས་སྒོ་གསུམ་གྱི་གནད་གཅུན་ལ་དམིགས་པ་འདི་ལྟར་དུ་མཛོད་ཅིག  །བླ་མ་ཧེ་རུ་ཀ༴  ལས་གཞུང་གི་སྤྱན་འདྲེན་མཐར།  ཛྙཱ་ན་ཨ་བེ་ཤ་ཡ་ཨ་ཨ༔  ཞེས་བཏགས་པ་ཡང་ཡང་བརྗོད།  གདུང་ཤུགས་བསྐྱེད་ཅིང་སྤོས་དང་ཌཱ་དྲིལ་བཅས་དྲག་ཏུ་དབབ།  མ་ཕེབས་ན་སྤོག་པའི་ཆོ་ག་ནི།  སླར་ཡང་སྤྱི་བོར་བཞུགས་པའི་བླ་མ་ལ་མོས་གུས་ཀྱི་གསོལ་བ་དྲག་ཏུ་བཏབ་པས་བླ་མའི་སྤྱན་རྗེས་ཆགས་སུ་གཡོ་བ་དང་ཆབས་ཅིག་ཐུགས་ཀ་ནས་བདེ་བའི་རང་བཞིན་ཅན་གྱི་འོད་ཟེར་དམར་པོ་དྲོད་དང་བཅས་པ་ཚ་ལམ་གྱིས་བྱུང་བ་རང་རྡོ་རྗེ་ཕག་མོར་གསལ་བའི་སྙིང་དབུས་ཀྱི་དགའ་འཁྱིལ་ལ་རེག་པས་གཡོན་བསྐོར་དུ་ཤུགས་དྲག་ཏུ་འཁོར་བས་ལུས་ནང་བདེ་བའི་འོད་ཀྱིས་གང་བར་བསམ་ལ་དམིགས་པ་རྩེ་གཅིག་ཏུ་གཏད་སྟེ་དགོངས་པ་བསྐྱངས་ཞིང༌།  སྤོས་རོལ་དྲག་ཏུ་བྱ།  ཕེབས་རྟགས་ལུས་འཕར་གཡོ་གར་སོགས་བྱེད་པ།  ངག་སཾ་ཀྲྀ་ཏའི་སྐད་དང་བརྡ་གླུ་སྒྲོགས་པ།  ཡིད་ལ་བདེ་གསལ་མི་རྟོགས་པའི་ཏིང་འཛིན་སྐྱེ་བ་སོགས་བྱུང་ན་ཉམས་བྱུང་རྒྱལ་བསྐྱང་དུ་གཞུག  །སྤྱི་བོར་རྡོ་རྗེ་རྒྱ་གྲམ་དུ་བཀོད་ལ།  ཛྙཱ་ན་བཛྲ་ཏིཥྛ་ས་མ་ཡ།  ཞེས་བརྗོད་སྟེ་བརྟན་པར་བྱ།  དེ་དག་གིས་སྔོན་འགྲོ་འཇུག་པའི་ཆོས་རྣམས་སོང་ནས་དངོས་གཞིའི་དབང་བསྐུར་བ་ལ་ཐོག་མར་བླ་མ་སྐུ་རྡོ་རྗེ་སྤྲུལ་པའི་སྐུའི་དབང་བསྐུར་བ་ལ་འདི་ནི་གཙོ་བོ་ཏིང་ངེ་འཛིན་གྱི་དབང་ཡིན་པས་འདུན་མོས་འདི་ལྟར་གནང་མཛོད།  བླ་མའི་དཔྲལ་བའི༴  ཞེས་དང༌།  ཨོཾ་གྱི་གླུ་དལ་བུའི་བརྗོད།  བླ་མའི་སྨིན་མཚམས་ནས་སྤྲོས་པའི་གདན་གསུམ་ཚང་བའི་ལྷ་ཚོགས་ཀྱི་རིན་པོ་ཆེའི་བུམ་པ་ཡེ་ཤེས་བདུད་རྩིའི་ཆུ་རྒྱུན་གྱིས་གང་བས་དབང་བསྐུར་བར་མོས་ལ།  ཨོཾ།  སྣོད་བཅུད་ཡོངས་རྫོགས༴  ཞེས་བུམ་ཆུ་བླུད་ཅིང་གནས་བཞིར་འཐོར།  དེ་དག་གིས་མཚན་མ་འི་དཀྱིལ་འཁོར་དུ་བུམ་པའི་དབང་ཐོབ།  རགས་པ་ལུས་དང་ཕྲ་བ་རྩ་ཡི་སྒྲིབ་པ་དག  །ལམ་སྣང་སྲིད་བླ་མར་འཆར་བའི་བསྐྱེད་རིམ་སྒོམ་པ་ལ་དབང༌།  འབྲས་བུ་སྤྲུལ་སྐུ་མངོན་དུ་བྱེད་པའི་སྐལ་བ་དང་ལྡན་པར་མོས་མཛོད།  གཉིས་པ་བླ་མ་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་སྐུས་གསང་བའི་དབང་བསྐུར་བ་ལ་དམིགས་པ་ནི།  བླ་མའི་མགྲིན་པའི༴  ཨཱཿཡི་གླུ་བརྗོད།  བྱིན་རླབས་ཀྱི་རྒྱུན་བརྟན་པའི་ཕྱིར་བླ་མ་ཧེ་རུ་ཀ་སྟངས་དཔྱལ་མཉམ་པར་རོལ་པའི་བྱང་ཆུབ་སེམས་ཀྱི་བདུད་རྩི་ལྕེ་ཐོག་ཏུ་བཞག་པར་མོས།  བྷནྡྷའི་གསས་རྫས་བྱིན་ལ།  ཨཱཿ  རང་བྱུང་བྷཉྫའི༴  དེ་ལྟར་བྱིན་པའི་བདུད་རྩི།  ཨ་ཧོ་མ་ཧཱ་སུ་ཁ་ཧོ་ཞེས་ངོམས་པའི་ཚུལ་གྱིས་རོལ་པས།  ནང་རྡོ་རྗེ་ལུས་ཀྱི་དཀྱིལ་འཁོར་དུ་གསང་བའི་དབང་ཐོབ།  རགས་པ་ངག་དང་ཕྲ་བ་རླུང་གི་སྒྲིབ་པ་དག  །ལམ་རང་ལུས་བདེ་བ་ཆེན་པོ་བླ་མའི་དཀྱིལ་འཁོར་དུ་སྒོམ་པ་ལ་དབང༌།  འབྲས་བུ་ལོངས་སྐུ་མངོན་དུ་བྱེད་པའི་སྐལ་བ་དང་ལྡན་པར་མོས་མཛོད།  གསུམ་པ་བླ་མ་ཐུགས་རྡོ་རྗེ་ཆོས་ཀྱི་སྐུས་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ལ་དམིགས་པ་ནི།  བླ་མའི་ཐུགས་ཀའི༴  ཧཱུྃ་གི་གླུ་ལེན་ཏེ།  དབྱིངས་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་མི་འགྱུར་བ་བདེ་བ་ཆེན་པོའི་ཡེ་ཤེས་ཟུང་འཇུག་མཚོན་པའི་མེ་ལོང་སིནྡྷུ་རའི་རྡུལ་གྱིས་མཚན་པའི་རྫས་ཀྱིས་ངོ་སྤྲད་དེ།  ཨེ་མ་ཧོ་མཆོག་ཏུ༴  ཞེས་བརྗོད་སྟེ་སིནྡྷུ་རའི་ཐིག་ལེ་སྙིང་ཁར་བཀོད།  འདུ་ཤེས་གསུམ་ལྡན་གྱི་རིག་མས་མཉམ་པར་སྦྱོར་བའི་དགའ་བ་བཞིའི་ཡེ་ཤེས་རྒྱུད་ལ་སྐྱེས་པར་མོས།  ས་མ་ཡ་ཧོ༴  འཁྱུད་རྒྱ་བྱ།  དེས་གསང་བ་ཕྱག་རྒྱའི་ཆུ་སྐྱེས་ཀྱི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ།  རགས་པ་ཡིད་དང་ཕྲ་བ་ཐིག་ལེའི་སྒྲིབ་པ་དག  །ལམ་ཕོ་ཉའི་རྣལ་འབྱོར་ལ་བརྟེན་ཏེ་བླ་མ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་ཞལ་བལྟ་བ་ལ་དབང༌།  འབྲས་བུ་སྤྲུལ་སྐུ་མངོན་དུ་བྱེད་པའི་སྐལ་བ་དང་ལྡན་པར་མོས་མཛོད།  བཞི་པ་བླ་མ་ཡེ་ཤེས་རྡོ་རྗེས་ཚིག་དབང་བསྐུར་བའི་དམིགས་པ་ནི།  བླ་མའི་ལྟེ་བའི༴  བརྡ་དོན་རྡོ་རྗེའི་ཚིག་ལ་བརྟེན་ནས་དོན་ངོ་སྤྲད་པའི་ཕྱིར་མན་ཤེལ་བསྟན་ཏེ།  ཧོཿ  ཤིན་ཏུ་རྣམ་པར༴  ཞེས་བརྗོད་དེ་མཉམ་པར་བཞག  །བླ་མའི་ཐུགས་ཀར་ཨ་ཡིག་མཐིང་གསལ་ནམ་མཁའ་དྭངས་པའི་ཁ་དོག་ཅན་ལིང་ངེར་གནས་པ་ལ་སློབ་མ་རྣམས་རྟོག་པའི་འདུ་འཕྲོ་སྤང་སྟེ་རྩེ་གཅིག་ཏུ་རིག་པ་དེ་ལ་གཏད་པ་དང་ཆབས་ཅིག་ཨ་ཞེས་དགོངས་པའི་དྲོད་བསྐྱེད་དེ་ཐུགས་ཡིད་བསྲེས་པས་ལྷོད་ཀྱིས་ཀློད་པ་དང༌།  ཕཊ྄་ཅེས་རིག་རྩལ་སྤར་ནས་སྡིག་འཛུད་སྙིང་གར་གཏད་ལ།  ཨ་ཧོ།  སངས་རྒྱས་ཀུན་གྱི་གསང་བ༴  ཞེས་ངོ་སྤྲད་ལྟ་སྟང་གཟིར།  དེ་ལྟར་དོན་དམ་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་བཞི་པ་ཚིག་གི་དབང་ཐོབ།  རགས་པ་ཀུན་གཞི་དང་ཕྲ་བ་ཤེས་བྱའི་སྒྲིབ་པ་དག  །ལམ་དབྱིངས་རིག་ཟུང་འཇུག་བླ་མ་ཡེ་ཤེས་རྡོ་རྗེའི་རྣལ་འབྱོར་སྒོམ་པ་ལ་དབང༌།  འབྲས་བུ་ངོ་བོ་ཉིད་ཀྱི་སྐུ་མངོན་དུ་བྱེད་པའི་སྐལ་བ་དང་ལྡན་པར་མོས་མཛོད།  དེ་ལྟར་རྡོ་རྗེ་བཞི་ཡི་དཀྱིལ་འཁོར་ཆེན་པོར་སྨིན་པར་བྱས་ནས་དངོས་གྲུབ་ཀྱི་སྒོ་མྱུར་དུ་ཐོབ་པའི་ཕྱིར་གསང་བ་ཟབ་མོའི་དམ་ཚིག་གི་རྒྱ་ཡིས་གདབ་པ་ནི།  ཧོཿ  འདི་ནི་གསང་བ༴  དེ་ལྟར་ཁེ་ཉེན་ཤེས་པས་བླ་མའི་རྡོ་རྗེ་གསུམ་གྱི་དམ་ཚིག་ལས་མི་འདའ་བར་ཁས་བླང་བ་འདི་ཡིས་རྗེས་ཟློས་མཛོད།  གཙོ་བོས་ཇི་ལྟར༴  གཏང་རག་ལུས་འབུལ་དགེ་བསྔོ་བཅས་དང༌།  སློབ་དཔོན་གྱིས་བླ་སྒྲུབ་གཞུང་གི་རྗེས་རིམ་བཅས་གསང་བ་སྤྱི་ལྟར་རྫོགས་པར་མཐར་དབྱུང་ངོ༌།  །སངས་རྒྱས་ཀུན་གྱི་ཡེ་ཤེས་དཀྱིལ་འཁོར་དུ།  །འཇུག་པའི་སྐལ་བཟང་ལམ་འདིའི་མངོན་གྱུར་ཏེ།  །འོད་གསལ་སྙིང་པོ་བླ་མ་རང་རིག་ཏུ།  །རྟོགས་པའི་སྣང་བས་ས་གསུམ་བརྡལ་གྱུར་ཅིག  །ཅེས་པའང་ཟབ་གསང་བདུད་རྩིའི་ཐོག་མའི་འདུས་པ་རུ་དབུགས་དབྱུང་བའི་སྐལ་བཟང་མངོན་དུ་གྱུར་པས་རང་ཉིད་ལ་ཉེར་འཁོར་གྱུར་པ་དང༌།  ཁྱབ་བདག་འཁོར་ལོའི་མགོན་པོ་དགྱེས་པས་བཀའ་ཡི་གནང་བ་བསྩལ་ཞིང༌།  དད་སློབ་སྤར་བརྐོས་ཚེ་དབང་ཆོས་འཕེལ་གྱིས་ཀྱང་རྟེན་བཅས་བསྐུལ་ངོར་དད་སྤྲོའི་ཤུགས་འབྱུང་གི་ཇི་ལྟར་བསྩལ་བའི་ཕྱག་བཞེས་མི་ཉམས་པའི་ཟིན་ཁྱུག་ཏུ་རྒྱལ་ཁམས་པ་མངྒ་ལའི་མིང་གིས་ཟིལ་ཁྲོམ་གངས་ཀྱི་རྭ་བའི་ཤར་ཕྱོགས་བཀྲ་ཤིས་ལྷ་མཚོའི་སྨན་ལྗོངས་ནས་ས་ཟླའི་ཚེས་བཅོ་ལྔ་ལ་བྲིས་པ་འདིས་ཀྱང་དཔལ་ལྡན་བླ་མའི་བྱིན་རླབས་ཀྱི་བདུད་རྩིའི་ཚེ་རབས་ཀུན་ཏུ་སྙིང་གི་པདྨོར་འཐུང་བའི་རྒྱུར་གྱུར་ཅིག  །མངྒ་ལཾ།  ཕུན་ཚོགས་མངོན་མཐོ་ངེས་ལེགས་མཐའ་དག་གི  །ཡོན་ཏན་འདོད་དགུའི་འབྱུང་གནས་བླ་མ་རྗེའི།  །རྡོ་རྗེའི་དཀྱིལ་འཁོར་སྨིན་བྱེད་མཚམས་སྦྱོར་ཡང༌།  །སྤར་གྱི་སྒྲོན་མས་ཡེ་ཤེས་མངོན་གྱུར་ཤོག  །ཅེས་པའང་གོ་འཇོ་རྒྱ་ཆུང་ཕུན་ཚོགས་སྒྲོན་མས་སྤར་གྱི་སྦྱིན་བདག་ཞུས་ཏེ་བསྐུལ་ངོར་རྡོ་རྗེའི་སློབ་གྲལ་མངྒ་ལས་སྨོན་པ་དགེ་ལེགས་འཕེལ།  །དགེའོ།  །མངྒ་ལཾ།།  །།}}
@#/______/gang gi drin las 'od gsal lhan cig skyes/__/ye shes nam mkha'i gzugs kyang mngon sum du/__/'char mdzad 'khor lo'i dbang phyug bla ma rje/__/mos gus gzhal med khang du legs mchod nas/__/rdo rje bzhi yi dkyil 'khor du/__/smin pa'i skal bzang sgrub byed thabs/__/zab mo'i dbang gi cho ga la/__/mdzes rgyan nor bu'i chun 'phyang spel/__/de yang sbyor ba yo byad kyi shom ni dbang gzhung du gsal ba ltar legs par 'du byas la bla ma'i rnal 'byor snying thig gsal sgron gyi las gzhung bsrangs/__gsol 'debs dang bzlas pa la 'bad bum thod nyid bdud rtsi gdod nas bde stong gnyis med ye shes kyi rol par shes pas dbyangs gsal rten snying bzlas pas byin gyis brlabs/__bka' srung gi gtor 'bul/__tshogs mchod bcas btang la dbang len gyi dmigs pa bdag nyid 'jug cing nus ldan du bya/__snod du gyur pa'i slob ma bdun las mi mang bar sgo drung du khrus bya/__nang du 'jug pa na bgegs bskrad/__srung ba'i 'khor lo sgom pa spyi ltar sngon du 'gro bas/__'o na mkha' khyab kyi yid can srid zhi'i mtha' gnyis la mi gnas pa'i byang chub chen po'i go 'phang la 'god par bya/__de'i ched du rdo rje theg pa'i myur lam zab mo'i sgor zhugs nas thabs mkhas dang thugs rje'i rnam 'phrul bsam gyis mi khyab pa'i rgyal ba'i sras kyi spyod pa la bslab cing byang chub tu sems bskyed pa'i g.yar dam bzung snyam pas gsan 'tshal/__de la 'dir gang gsan bya'i chos ni spyir bdag cag rnams shin tu rnyed dka' ba'i lha bas lhag pa'i khams drug dang ldan pa'i rten khyad par can thob/__chos kyi mthun rkyen thams cad tshogs/__'gal rkyen dang bral ba'i skal pa bzang po rnyed pa'i skabs 'dir myur du chos la brtson par ma byas na/__snod bcud 'jig rten skye dgu mchog dman/__bde sdug dpal 'byor thams cad yun du mi rtag pa 'pho 'gyur rgud pa'i chos las ma 'das par shes pas blo sna rtag tu bstung*/__nam zhig 'chi ba'i gnod pas skabs btsal ba'i tshe yang med du mi 'gro ba 'jig rten phyi ma'i srid pa la 'jug pa'i tshe 'dir snang gi bya bzhag gang gis kyang phan pa med pa shul du bor nas sngon bsags las kyi rjes su 'brang*/__las ni nam yang chud mi za bar srid pa'i gnas kyi bde sdug thams cad 'du byed/__da lta rang re so so'i skye bo'i las phal cher sdig pa las ma 'das cung zad sgrub pa'i dge ba'ang sdig pa dang ngang gis 'dres shing mngon mtho tsam gyi rgyu ru dmigs pa ches mang bas na rtag tu 'khor ba'i rgya mtsho chen por tshud de/__sdug bsngal chu srin gyi mche bas gzir ba 'di ya re cha/__srid pa ni mtho dman gang du skyes kyang sdug bsngal gsum gyi rang bzhin 'ba' zhig las ma 'das pas myur du de las thar pa'i thabs la brtson dgos/__de yang rang cag ni de ru gnas shing 'ching ba lnga yis bcings te las dang nyon mongs pa'i gzhan dbang du song bas rang stobs kyis thar bar mi nus pas rgyal ba'i sras po zhi ba lhas/__dpa' la brten nas 'jigs pa chen po ltar/__/gang la brten nas yud kyis sgrol 'gyur ba/__/de la bag can rnams kyis cis mi bsten/__/zhes gsungs pa ltar ded dpon mtshungs med/__skyabs gnas kun 'dus/__'khor lo'i dbang phyug dpal mgon bla ma'i zhabs pad bsnyen te thugs kyi gsang mdzod brtol ba dang gsang gsum ye shes rdo rje'i dkyil 'khor la 'jug cing smin pa'i thabs zab mo la brten pas gnas skabs dang mthar thug gi dpal yon mtha' yas pa dag bskyed pas na shin tu gces pa'i tshul thams cad mkhyen pa pradz+nyA rasmis/__rgyal ba'i bka' dang rjes su mthun pa yi/__/bla ma bzang las rnam dag dkyil 'khor du/__/phyi nang gsang ba'i rten 'brel legs bsgrigs pa'i/__/smin grol lam mchog stsol cig thod phreng rtsal/__/zhes gsungs/__der ma zad rgyal bas chos phung brgyad khri bzhi stong gis bstan pa'i lam thams cad kyi snying po'i thabs gnad kyang bla ma'i rnal 'byor gcig kho na la tshang zhing*/__mngon mtho dang nges legs kyi yon tan thams cad kyang bla ma'i bka' drin gyis bskyed pa mdo rgyud kun nas lan gcig ma yin par yang yang bsngags pas na gcig chog rgyal po bla ma'i rnal 'byor du grags pa don la gnas pa ste/__de la'ang 'phags bod gsar rnying kun la rnam grangs mi 'dra ba du ma zhig bzhugs pa'i kun gyi nang zab myur byin rlabs kyi tshan kha khyad par du 'phags pa snying thig gsal ba'i sgron me 'di ni/__sgrub gzhi kun bzang gdod ma'i mgon po nyid theg mchog seng ge'i sgra dbyangs gangs can ri bo'i sul na khyab par bsgrags phyir 'phags yul gyi rgyan drug shing rta chen po'i rnam dpyod gcig tu spungs pa kun mkhyen chos kyi rgyal po rgyal ba klong chen rab 'byams dang*/__rig 'dzin 'jigs bral gling pa yab sras rnams gzhan phan 'ba' zhig gi phyir 'phags bod kun tu sku'i skye ba du ma bzhes pa'i ya gyal/__phyi ma'i dus 'dir 'gran zla thams cad dang bral ba'i mkhas grub chen po nyi zla zung gcig ste 'jigs bral gyi slob dpon mkhyen brtse'i lha'i zhal nas/__'di 'og ye shes rdo rje'i rol pa yis/__/rdo rje snying po'i ring lugs bslang nas slar/__/da lta gshe zhing bskur pa 'debs pa'i don/__/sprul pa sna tshogs bsgyur ba gsol ba 'debs/__/zhes rdo rje'i lung gis gsal bar bsngags pa ltar ngo mtshar ba'i rnam thar dang phrin las kyi mu khyud kyis ris med bstan 'gro'i khyon la gcig tu brdal ba'i bdag nyid chen po grub dbang he ru ka dpal 'jigs med ye shes rdo rje dang*/__thub bstan yongs rdzogs kyi shing rta chen po 'jam dbyangs mkhyen brtse'i dbang po dbyer med pa'i sgyu 'phrul rnam pa lnga yi ya gyal du ye shes spyan ldan rnam snang lo tsA chen po dngos su byon pa 'jam mgon chos kyi rgyal po blo gros mtha' yas pa'i sdes dus gsum shes bya kun tu gzigs pas lung bstan te bsngags pa'i me tog gis mnga' gsol ba bzhin/__mkhas grub skyes chen bgrang las 'das pa'i zhabs pad mnyes pa gsum gyis bsten te thugs bcud mtha' dag bzhes/__mkhas btsun grub pa'i rnam thar mtshungs zla ma mchis pas gangs can ris med bstan pa'i srog mthud ste deng gi dus 'gran zla dang bral ba'i bstan pa'i shing rta chen por gyur pas na/__mnga' ris paN chen rin po che'i gter lung las/__nga yi thugs rjes sprul pa'i rig 'dzin ni:__pad+ma rgyal po ye shes rol pa rtsal:__phyi ltar rab byung sngags pa'i cha lugs can:__nang ltar sems bskyed bstan pa'i bya ba brtson:__gsang ba gnyis med rdzogs chen don dang ldan:__chos rgyal yab sras mtsho rgyal smon lam gyis:__sprul pa'i gzugs kyis ma 'gag spyod pa bskyangs:__zhes rdo rje'i lung gi seng ge'i sgra chen po'i gsal bar bstan pa'i don dang mthun par gyur pa'i skyes bu chen po 'jam dbyangs bla ma chos kyi blo gros sam gsang mtshan pad+ma ye shes rdo rje gang sgrub byed kyi lam dad ldan lha yi rigs kyi thig le'i gsol ba btab ste bstsal ba'i dgongs gter bstan bcos kyi tshul du gtan la phab pa'i bla ma'i rnal 'byor snying thig gsal ba'i sgron me zhes kun mkhyen chos kyi rgyal po yab sras 'di dag gi ye shes kyi sku'i rjes su bzung ba'i nye brgyud byin rlabs don gyi brgyud pa bar ma chad cing*/__dus kyi tha ma'i rjes 'jug rnams la mkhyen brtse'i ye shes kyi 'jug pa lhag par myur ba'i ngo mtshar gyi tshan kha che ba sogs khyad par gyi chos du ma dang ldan pa'i smin byed sgrub pa la bdag cag gi bgyi 'os song nas khyed rnams kyi ngo skal du gyur pa'i dbang bskur zhu ba'i yon du maN+Dal phul/__phyogs dus rgyal ba'i ye shes kyi spyi gzugs dpal ldan dkyil 'khor rgya mtsho'i khyab bdag mchog la gsol ba 'debs pa 'di'i rjes zlos mdzod/__rtsa gsum rgya mtsho=__bla mas kyang rdo rje'i snod ldan gyi rigs su nges par byung ba'i phyir mos gus shug drag tu bskyed pas mkhyen brtse'i ye shes kyi rjes su dgongs te gnang ba sbyin pa ni/__e ma skal ldan rigs=__chos dbyings khyab par brdal ba'i dkon mchog rtsa gsum gyi lha tshogs thams cad bla ma sku gsum gyi ye shes las gzhan du ma gyur pa'i yid ches kyi dad pa rtse gcig pas skyabs gnas kun 'dus kyi ngo bor byang chub snying po'i bar du skyabs su 'gro snyam pas rjes zlos/__aH__rang rig ka dag chos kyi sku/__/rang gsal lhun grub longs spyod rdzogs/__/rig rtsal thugs rje sprul pa'i sku/__/rang ngo shes pas skyabs su mchi/__/lan gsum/__mkha' khyab kyi yid can rnam grol bla med kyi sa la 'god pa'i phyir lam zab kun 'dus bla ma'i rnal 'byor la brtson par bya/__de'i ched du gsang gsum rdo rje'i dkyil 'khor du smin pa'i thabs kyi sgor 'jug snyam pas rjes zlos/__aH__ma rig 'khrul pa'i sems can rnams/__/sku gsum sa la 'god pa'i phyir/__/smon 'jug byang chub sems sbyangs shing*/__/rang grol chen por sems bskyed do/__/lan gsum/__tshogs kyi zhing khyad par can gyi spyan sngar bsags sbyangs kyi thabs rmad du byung ba yan lag bdun gyi dmigs rnam dang ma bral pa 'di'i rjes zlos/__rdo rje slob dpon sogs/__lan gsum/__rgyud sdom pa dang ma ldan na dbang gi snod du mi rung bas so byang sngags kyi dam tshig dang sdoms pa bzung ba'i gnang bkag ma nor bas dam bca' rnam pa gsum ldan du bzung snyam pas rjes zlos/__bde gshegs sras bcas bdag la dgongs/__/bdag ming 'di zhes bgyi ba yis/__/byang chub snying por mchis kyi bar/__/so so thar dang byang chub sems/__/rig 'dzin nang gi sdoms pa'i tshogs/__/ma lus yongs su bzung bar bgyi/__/lan gsum/__de nas dbang gi gzhi 'god pa ye shes pa dbab pa'i sngon du rdo rje'i chu nan sbyin zhing 'da' dka'i tha tshig bsgrags pas dam la bzhag pa ni/__ho/__'di ni rdo rje'i dam=__dam chu sbyin zhing rdo rje spyi bor bkod/__khyed rnams sgo gsum gyi gnad gcun la dmigs pa 'di ltar du mdzod cig__/bla ma he ru ka=__las gzhung gi spyan 'dren mthar/__dz+nyA na a be sha ya a a:__zhes btags pa yang yang brjod/__gdung shugs bskyed cing spos dang DA dril bcas drag tu dbab/__ma phebs na spog pa'i cho ga ni/__slar yang spyi bor bzhugs pa'i bla ma la mos gus kyi gsol ba drag tu btab pas bla ma'i spyan rjes chags su g.yo ba dang chabs cig thugs ka nas bde ba'i rang bzhin can gyi 'od zer dmar po drod dang bcas pa tsha lam gyis byung ba rang rdo rje phag mor gsal ba'i snying dbus kyi dga' 'khyil la reg pas g.yon bskor du shugs drag tu 'khor bas lus nang bde ba'i 'od kyis gang bar bsam la dmigs pa rtse gcig tu gtad ste dgongs pa bskyangs zhing*/__spos rol drag tu bya/__phebs rtags lus 'phar g.yo gar sogs byed pa/__ngag saM kr-i ta'i skad dang brda glu sgrogs pa/__yid la bde gsal mi rtogs pa'i ting 'dzin skye ba sogs byung na nyams byung rgyal bskyang du gzhug__/spyi bor rdo rje rgya gram du bkod la/__dz+nyA na badz+ra tiSh+Tha sa ma ya/__zhes brjod ste brtan par bya/__de dag gis sngon 'gro 'jug pa'i chos rnams song nas dngos gzhi'i dbang bskur ba la thog mar bla ma sku rdo rje sprul pa'i sku'i dbang bskur ba la 'di ni gtso bo ting nge 'dzin gyi dbang yin pas 'dun mos 'di ltar gnang mdzod/__bla ma'i dpral ba'i=__zhes dang*/__oM gyi glu dal bu'i brjod/__bla ma'i smin mtshams nas spros pa'i gdan gsum tshang ba'i lha tshogs kyi rin po che'i bum pa ye shes bdud rtsi'i chu rgyun gyis gang bas dbang bskur bar mos la/__oM/__snod bcud yongs rdzogs=__zhes bum chu blud cing gnas bzhir 'thor/__de dag gis mtshan ma 'i dkyil 'khor du bum pa'i dbang thob/__rags pa lus dang phra ba rtsa yi sgrib pa dag__/lam snang srid bla mar 'char ba'i bskyed rim sgom pa la dbang*/__'bras bu sprul sku mngon du byed pa'i skal ba dang ldan par mos mdzod/__gnyis pa bla ma gsung rdo rje longs spyod rdzogs skus gsang ba'i dbang bskur ba la dmigs pa ni/__bla ma'i mgrin pa'i=__AHyi glu brjod/__byin rlabs kyi rgyun brtan pa'i phyir bla ma he ru ka stangs dpyal mnyam par rol pa'i byang chub sems kyi bdud rtsi lce thog tu bzhag par mos/__b+han+d+ha'i gsas rdzas byin la/__AH__rang byung b+hany+dza'i=__de ltar byin pa'i bdud rtsi/__a ho ma hA su kha ho zhes ngoms pa'i tshul gyis rol pas/__nang rdo rje lus kyi dkyil 'khor du gsang ba'i dbang thob/__rags pa ngag dang phra ba rlung gi sgrib pa dag__/lam rang lus bde ba chen po bla ma'i dkyil 'khor du sgom pa la dbang*/__'bras bu longs sku mngon du byed pa'i skal ba dang ldan par mos mdzod/__gsum pa bla ma thugs rdo rje chos kyi skus shes rab ye shes kyi dbang bskur ba la dmigs pa ni/__bla ma'i thugs ka'i=__hU~M gi glu len te/__dbyings rnam kun mchog ldan gyi stong nyid mi 'gyur ba bde ba chen po'i ye shes zung 'jug mtshon pa'i me long sin+d+hu ra'i rdul gyis mtshan pa'i rdzas kyis ngo sprad de/__e ma ho mchog tu=__zhes brjod ste sin+d+hu ra'i thig le snying khar bkod/__'du shes gsum ldan gyi rig mas mnyam par sbyor ba'i dga' ba bzhi'i ye shes rgyud la skyes par mos/__sa ma ya ho=__'khyud rgya bya/__des gsang ba phyag rgya'i chu skyes kyi dkyil 'khor du shes rab ye shes kyi dbang thob/__rags pa yid dang phra ba thig le'i sgrib pa dag__/lam pho nya'i rnal 'byor la brten te bla ma lhan cig skyes pa'i ye shes kyi zhal blta ba la dbang*/__'bras bu sprul sku mngon du byed pa'i skal ba dang ldan par mos mdzod/__bzhi pa bla ma ye shes rdo rjes tshig dbang bskur ba'i dmigs pa ni/__bla ma'i lte ba'i=__brda don rdo rje'i tshig la brten nas don ngo sprad pa'i phyir man shel bstan te/__hoH__shin tu rnam par=__zhes brjod de mnyam par bzhag__/bla ma'i thugs kar a yig mthing gsal nam mkha' dwangs pa'i kha dog can ling nger gnas pa la slob ma rnams rtog pa'i 'du 'phro spang ste rtse gcig tu rig pa de la gtad pa dang chabs cig a zhes dgongs pa'i drod bskyed de thugs yid bsres pas lhod kyis klod pa dang*/__phaTa? ces rig rtsal spar nas sdig 'dzud snying gar gtad la/__a ho/__sangs rgyas kun gyi gsang ba=__zhes ngo sprad lta stang gzir/__de ltar don dam ye shes kyi dkyil 'khor du bzhi pa tshig gi dbang thob/__rags pa kun gzhi dang phra ba shes bya'i sgrib pa dag__/lam dbyings rig zung 'jug bla ma ye shes rdo rje'i rnal 'byor sgom pa la dbang*/__'bras bu ngo bo nyid kyi sku mngon du byed pa'i skal ba dang ldan par mos mdzod/__de ltar rdo rje bzhi yi dkyil 'khor chen por smin par byas nas dngos grub kyi sgo myur du thob pa'i phyir gsang ba zab mo'i dam tshig gi rgya yis gdab pa ni/__hoH__'di ni gsang ba=__de ltar khe nyen shes pas bla ma'i rdo rje gsum gyi dam tshig las mi 'da' bar khas blang ba 'di yis rjes zlos mdzod/__gtso bos ji ltar=__gtang rag lus 'bul dge bsngo bcas dang*/__slob dpon gyis bla sgrub gzhung gi rjes rim bcas gsang ba spyi ltar rdzogs par mthar dbyung ngo*/__/sangs rgyas kun gyi ye shes dkyil 'khor du/__/'jug pa'i skal bzang lam 'di'i mngon gyur te/__/'od gsal snying po bla ma rang rig tu/__/rtogs pa'i snang bas sa gsum brdal gyur cig__/ces pa'ang zab gsang bdud rtsi'i thog ma'i 'dus pa ru dbugs dbyung ba'i skal bzang mngon du gyur pas rang nyid la nyer 'khor gyur pa dang*/__khyab bdag 'khor lo'i mgon po dgyes pas bka' yi gnang ba bstsal zhing*/__dad slob spar brkos tshe dbang chos 'phel gyis kyang rten bcas bskul ngor dad spro'i shugs 'byung gi ji ltar bstsal ba'i phyag bzhes mi nyams pa'i zin khyug tu rgyal khams pa mang+ga la'i ming gis zil khrom gangs kyi rwa ba'i shar phyogs bkra shis lha mtsho'i sman ljongs nas sa zla'i tshes bco lnga la bris pa 'dis kyang dpal ldan bla ma'i byin rlabs kyi bdud rtsi'i tshe rabs kun tu snying gi pad+mor 'thung ba'i rgyur gyur cig__/mang+ga laM/__phun tshogs mngon mtho nges legs mtha' dag gi__/yon tan 'dod dgu'i 'byung gnas bla ma rje'i/__/rdo rje'i dkyil 'khor smin byed mtshams sbyor yang*/__/spar gyi sgron mas ye shes mngon gyur shog__/ces pa'ang go 'jo rgya chung phun tshogs sgron mas spar gyi sbyin bdag zhus te bskul ngor rdo rje'i slob gral mang+ga las smon pa dge legs 'phel/___/dge'o/___/mang+ga laM//__//
 
</onlyinclude>
</onlyinclude>
 
{{TsagliCall}}
</div>
<headertabs/>
== Footnotes ==
<references/>
==Other Information==
{{Footer}}
[[Category:DKR-KABUM-Volume-02-KHA]]
[[Category:DKR-KABUM-Volume-02-KHA]]
[[Category:Khyentse Lineage Project]]
[[Category:Khyentse Lineage Project]]
[[Category:Text Pages in Wylie]]

Revision as of 12:38, 4 November 2022

Wylie title DKR-KABUM-02-KHA-042.pdf
Location dil mgo mkhyen brtse bka' 'bum
Volume Expression error: Unrecognized word "kha"., Text 42, Pages (Folios to )
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Citation
Genre "KHA" is not a number.

"KHA" is not a number.

[edit]
༄༅། །ཟབ་ལམ་སྙིང་ཐིག་གསལ་སྒྲོན་གྱི་དབང་ཆོག་བདུད་རྩིའི་བུམ་བཟང་གི་མཛེས་རྒྱན་ནོར་བུའི་ཆུན་འཕྱང་ཞེས་བྱ་བ་བཞུགས། ༄༅། །གང་གི་དྲིན་ལས་འོད་གསལ་ལྷན་ཅིག་སྐྱེས། །ཡེ་ཤེས་ནམ་མཁའི་གཟུགས་ཀྱང་མངོན་སུམ་དུ། །འཆར་མཛད་འཁོར་ལོའི་དབང་ཕྱུག་བླ་མ་རྗེ། །མོས་གུས་གཞལ་མེད་ཁང་དུ་ལེགས་མཆོད་ནས། །རྡོ་རྗེ་བཞི་ཡི་དཀྱིལ་འཁོར་དུ། །སྨིན་པའི་སྐལ་བཟང་སྒྲུབ་བྱེད་ཐབས། །ཟབ་མོའི་དབང་གི་ཆོ་ག་ལ། །མཛེས་རྒྱན་ནོར་བུའི་ཆུན་འཕྱང་སྤེལ། །དེ་ཡང་སྦྱོར་བ་ཡོ་བྱད་ཀྱི་ཤོམ་ནི་དབང་གཞུང་དུ་གསལ་བ་ལྟར་ལེགས་པར་འདུ་བྱས་ལ་བླ་མའི་རྣལ་འབྱོར་སྙིང་ཐིག་གསལ་སྒྲོན་གྱི་ལས་གཞུང་བསྲངས། གསོལ་འདེབས་དང་བཟླས་པ་ལ་འབད་བུམ་ཐོད་ཉིད་བདུད་རྩི་གདོད་ནས་བདེ་སྟོང་གཉིས་མེད་ཡེ་ཤེས་ཀྱི་རོལ་པར་ཤེས་པས་དབྱངས་གསལ་རྟེན་སྙིང་བཟླས་པས་བྱིན་གྱིས་བརླབས། བཀའ་སྲུང་གི་གཏོར་འབུལ། ཚོགས་མཆོད་བཅས་བཏང་ལ་དབང་ལེན་གྱི་དམིགས་པ་བདག་ཉིད་འཇུག་ཅིང་ནུས་ལྡན་དུ་བྱ། སྣོད་དུ་གྱུར་པའི་སློབ་མ་བདུན་ལས་མི་མང་བར་སྒོ་དྲུང་དུ་ཁྲུས་བྱ། ནང་དུ་འཇུག་པ་ན་བགེགས་བསྐྲད། སྲུང་བའི་འཁོར་ལོ་སྒོམ་པ་སྤྱི་ལྟར་སྔོན་དུ་འགྲོ་བས། འོ་ན་མཁའ་ཁྱབ་ཀྱི་ཡིད་ཅན་སྲིད་ཞིའི་མཐའ་གཉིས་ལ་མི་གནས་པའི་བྱང་ཆུབ་ཆེན་པོའི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་རྡོ་རྗེ་ཐེག་པའི་མྱུར་ལམ་ཟབ་མོའི་སྒོར་ཞུགས་ནས་ཐབས་མཁས་དང་ཐུགས་རྗེའི་རྣམ་འཕྲུལ་བསམ་གྱིས་མི་ཁྱབ་པའི་རྒྱལ་བའི་སྲས་ཀྱི་སྤྱོད་པ་ལ་བསླབ་ཅིང་བྱང་ཆུབ་ཏུ་སེམས་བསྐྱེད་པའི་གཡར་དམ་བཟུང་སྙམ་པས་གསན་འཚལ། དེ་ལ་འདིར་གང་གསན་བྱའི་ཆོས་ནི་སྤྱིར་བདག་ཅག་རྣམས་ཤིན་ཏུ་རྙེད་དཀའ་བའི་ལྷ་བས་ལྷག་པའི་ཁམས་དྲུག་དང་ལྡན་པའི་རྟེན་ཁྱད་པར་ཅན་ཐོབ། ཆོས་ཀྱི་མཐུན་རྐྱེན་ཐམས་ཅད་ཚོགས། འགལ་རྐྱེན་དང་བྲལ་བའི་སྐལ་པ་བཟང་པོ་རྙེད་པའི་སྐབས་འདིར་མྱུར་དུ་ཆོས་ལ་བརྩོན་པར་མ་བྱས་ན། སྣོད་བཅུད་འཇིག་རྟེན་སྐྱེ་དགུ་མཆོག་དམན། བདེ་སྡུག་དཔལ་འབྱོར་ཐམས་ཅད་ཡུན་དུ་མི་རྟག་པ་འཕོ་འགྱུར་རྒུད་པའི་ཆོས་ལས་མ་འདས་པར་ཤེས་པས་བློ་སྣ་རྟག་ཏུ་བསྟུང༌། ནམ་ཞིག་འཆི་བའི་གནོད་པས་སྐབས་བཙལ་བའི་ཚེ་ཡང་མེད་དུ་མི་འགྲོ་བ་འཇིག་རྟེན་ཕྱི་མའི་སྲིད་པ་ལ་འཇུག་པའི་ཚེ་འདིར་སྣང་གི་བྱ་བཞག་གང་གིས་ཀྱང་ཕན་པ་མེད་པ་ཤུལ་དུ་བོར་ནས་སྔོན་བསགས་ལས་ཀྱི་རྗེས་སུ་འབྲང༌། ལས་ནི་ནམ་ཡང་ཆུད་མི་ཟ་བར་སྲིད་པའི་གནས་ཀྱི་བདེ་སྡུག་ཐམས་ཅད་འདུ་བྱེད། ད་ལྟ་རང་རེ་སོ་སོའི་སྐྱེ་བོའི་ལས་ཕལ་ཆེར་སྡིག་པ་ལས་མ་འདས་ཅུང་ཟད་སྒྲུབ་པའི་དགེ་བའང་སྡིག་པ་དང་ངང་གིས་འདྲེས་ཤིང་མངོན་མཐོ་ཙམ་གྱི་རྒྱུ་རུ་དམིགས་པ་ཆེས་མང་བས་ན་རྟག་ཏུ་འཁོར་བའི་རྒྱ་མཚོ་ཆེན་པོར་ཚུད་དེ། སྡུག་བསྔལ་ཆུ་སྲིན་གྱི་མཆེ་བས་གཟིར་བ་འདི་ཡ་རེ་ཆ། སྲིད་པ་ནི་མཐོ་དམན་གང་དུ་སྐྱེས་ཀྱང་སྡུག་བསྔལ་གསུམ་གྱི་རང་བཞིན་འབའ་ཞིག་ལས་མ་འདས་པས་མྱུར་དུ་དེ་ལས་ཐར་པའི་ཐབས་ལ་བརྩོན་དགོས། དེ་ཡང་རང་ཅག་ནི་དེ་རུ་གནས་ཤིང་འཆིང་བ་ལྔ་ཡིས་བཅིངས་ཏེ་ལས་དང་ཉོན་མོངས་པའི་གཞན་དབང་དུ་སོང་བས་རང་སྟོབས་ཀྱིས་ཐར་བར་མི་ནུས་པས་རྒྱལ་བའི་སྲས་པོ་ཞི་བ་ལྷས། དཔའ་ལ་བརྟེན་ནས་འཇིགས་པ་ཆེན་པོ་ལྟར། །གང་ལ་བརྟེན་ནས་ཡུད་ཀྱིས་སྒྲོལ་འགྱུར་བ། །དེ་ལ་བག་ཅན་རྣམས་ཀྱིས་ཅིས་མི་བསྟེན། །ཞེས་གསུངས་པ་ལྟར་དེད་དཔོན་མཚུངས་མེད། སྐྱབས་གནས་ཀུན་འདུས། འཁོར་ལོའི་དབང་ཕྱུག་དཔལ་མགོན་བླ་མའི་ཞབས་པད་བསྙེན་ཏེ་ཐུགས་ཀྱི་གསང་མཛོད་བརྟོལ་བ་དང་གསང་གསུམ་ཡེ་ཤེས་རྡོ་རྗེའི་དཀྱིལ་འཁོར་ལ་འཇུག་ཅིང་སྨིན་པའི་ཐབས་ཟབ་མོ་ལ་བརྟེན་པས་གནས་སྐབས་དང་མཐར་ཐུག་གི་དཔལ་ཡོན་མཐའ་ཡས་པ་དག་བསྐྱེད་པས་ན་ཤིན་ཏུ་གཅེས་པའི་ཚུལ་ཐམས་ཅད་མཁྱེན་པ་པྲཛྙཱ་རསྨིས། རྒྱལ་བའི་བཀའ་དང་རྗེས་སུ་མཐུན་པ་ཡི། །བླ་མ་བཟང་ལས་རྣམ་དག་དཀྱིལ་འཁོར་དུ། །ཕྱི་ནང་གསང་བའི་རྟེན་འབྲེལ་ལེགས་བསྒྲིགས་པའི། །སྨིན་གྲོལ་ལམ་མཆོག་སྩོལ་ཅིག་ཐོད་ཕྲེང་རྩལ། །ཞེས་གསུངས། དེར་མ་ཟད་རྒྱལ་བས་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གིས་བསྟན་པའི་ལམ་ཐམས་ཅད་ཀྱི་སྙིང་པོའི་ཐབས་གནད་ཀྱང་བླ་མའི་རྣལ་འབྱོར་གཅིག་ཁོ་ན་ལ་ཚང་ཞིང༌། མངོན་མཐོ་དང་ངེས་ལེགས་ཀྱི་ཡོན་ཏན་ཐམས་ཅད་ཀྱང་བླ་མའི་བཀའ་དྲིན་གྱིས་བསྐྱེད་པ་མདོ་རྒྱུད་ཀུན་ནས་ལན་གཅིག་མ་ཡིན་པར་ཡང་ཡང་བསྔགས་པས་ན་གཅིག་ཆོག་རྒྱལ་པོ་བླ་མའི་རྣལ་འབྱོར་དུ་གྲགས་པ་དོན་ལ་གནས་པ་སྟེ། དེ་ལའང་འཕགས་བོད་གསར་རྙིང་ཀུན་ལ་རྣམ་གྲངས་མི་འདྲ་བ་དུ་མ་ཞིག་བཞུགས་པའི་ཀུན་གྱི་ནང་ཟབ་མྱུར་བྱིན་རླབས་ཀྱི་ཚན་ཁ་ཁྱད་པར་དུ་འཕགས་པ་སྙིང་ཐིག་གསལ་བའི་སྒྲོན་མེ་འདི་ནི། སྒྲུབ་གཞི་ཀུན་བཟང་གདོད་མའི་མགོན་པོ་ཉིད་ཐེག་མཆོག་སེང་གེའི་སྒྲ་དབྱངས་གངས་ཅན་རི་བོའི་སུལ་ན་ཁྱབ་པར་བསྒྲགས་ཕྱིར་འཕགས་ཡུལ་གྱི་རྒྱན་དྲུག་ཤིང་རྟ་ཆེན་པོའི་རྣམ་དཔྱོད་གཅིག་ཏུ་སྤུངས་པ་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་རྒྱལ་བ་ཀློང་ཆེན་རབ་འབྱམས་དང༌། རིག་འཛིན་འཇིགས་བྲལ་གླིང་པ་ཡབ་སྲས་རྣམས་གཞན་ཕན་འབའ་ཞིག་གི་ཕྱིར་འཕགས་བོད་ཀུན་ཏུ་སྐུའི་སྐྱེ་བ་དུ་མ་བཞེས་པའི་ཡ་གྱལ། ཕྱི་མའི་དུས་འདིར་འགྲན་ཟླ་ཐམས་ཅད་དང་བྲལ་བའི་མཁས་གྲུབ་ཆེན་པོ་ཉི་ཟླ་ཟུང་གཅིག་སྟེ་འཇིགས་བྲལ་གྱི་སློབ་དཔོན་མཁྱེན་བརྩེའི་ལྷའི་ཞལ་ནས། འདི་འོག་ཡེ་ཤེས་རྡོ་རྗེའི་རོལ་པ་ཡིས། །རྡོ་རྗེ་སྙིང་པོའི་རིང་ལུགས་བསླང་ནས་སླར། །ད་ལྟ་གཤེ་ཞིང་བསྐུར་པ་འདེབས་པའི་དོན། །སྤྲུལ་པ་སྣ་ཚོགས་བསྒྱུར་བ་གསོལ་བ་འདེབས། །ཞེས་རྡོ་རྗེའི་ལུང་གིས་གསལ་བར་བསྔགས་པ་ལྟར་ངོ་མཚར་བའི་རྣམ་ཐར་དང་ཕྲིན་ལས་ཀྱི་མུ་ཁྱུད་ཀྱིས་རིས་མེད་བསྟན་འགྲོའི་ཁྱོན་ལ་གཅིག་ཏུ་བརྡལ་བའི་བདག་ཉིད་ཆེན་པོ་གྲུབ་དབང་ཧེ་རུ་ཀ་དཔལ་འཇིགས་མེད་ཡེ་ཤེས་རྡོ་རྗེ་དང༌། ཐུབ་བསྟན་ཡོངས་རྫོགས་ཀྱི་ཤིང་རྟ་ཆེན་པོ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་དབྱེར་མེད་པའི་སྒྱུ་འཕྲུལ་རྣམ་པ་ལྔ་ཡི་ཡ་གྱལ་དུ་ཡེ་ཤེས་སྤྱན་ལྡན་རྣམ་སྣང་ལོ་ཙཱ་ཆེན་པོ་དངོས་སུ་བྱོན་པ་འཇམ་མགོན་ཆོས་ཀྱི་རྒྱལ་པོ་བློ་གྲོས་མཐའ་ཡས་པའི་སྡེས་དུས་གསུམ་ཤེས་བྱ་ཀུན་ཏུ་གཟིགས་པས་ལུང་བསྟན་ཏེ་བསྔགས་པའི་མེ་ཏོག་གིས་མངའ་གསོལ་བ་བཞིན། མཁས་གྲུབ་སྐྱེས་ཆེན་བགྲང་ལས་འདས་པའི་ཞབས་པད་མཉེས་པ་གསུམ་གྱིས་བསྟེན་ཏེ་ཐུགས་བཅུད་མཐའ་དག་བཞེས། མཁས་བཙུན་གྲུབ་པའི་རྣམ་ཐར་མཚུངས་ཟླ་མ་མཆིས་པས་གངས་ཅན་རིས་མེད་བསྟན་པའི་སྲོག་མཐུད་སྟེ་དེང་གི་དུས་འགྲན་ཟླ་དང་བྲལ་བའི་བསྟན་པའི་ཤིང་རྟ་ཆེན་པོར་གྱུར་པས་ན། མངའ་རིས་པཎ་ཆེན་རིན་པོ་ཆེའི་གཏེར་ལུང་ལས། ང་ཡི་ཐུགས་རྗེས་སྤྲུལ་པའི་རིག་འཛིན་ནི༔ པདྨ་རྒྱལ་པོ་ཡེ་ཤེས་རོལ་པ་རྩལ༔ ཕྱི་ལྟར་རབ་བྱུང་སྔགས་པའི་ཆ་ལུགས་ཅན༔ ནང་ལྟར་སེམས་བསྐྱེད་བསྟན་པའི་བྱ་བ་བརྩོན༔ གསང་བ་གཉིས་མེད་རྫོགས་ཆེན་དོན་དང་ལྡན༔ ཆོས་རྒྱལ་ཡབ་སྲས་མཚོ་རྒྱལ་སྨོན་ལམ་གྱིས༔ སྤྲུལ་པའི་གཟུགས་ཀྱིས་མ་འགག་སྤྱོད་པ་བསྐྱངས༔ ཞེས་རྡོ་རྗེའི་ལུང་གི་སེང་གེའི་སྒྲ་ཆེན་པོའི་གསལ་བར་བསྟན་པའི་དོན་དང་མཐུན་པར་གྱུར་པའི་སྐྱེས་བུ་ཆེན་པོ་འཇམ་དབྱངས་བླ་མ་ཆོས་ཀྱི་བློ་གྲོས་སམ་གསང་མཚན་པདྨ་ཡེ་ཤེས་རྡོ་རྗེ་གང་སྒྲུབ་བྱེད་ཀྱི་ལམ་དད་ལྡན་ལྷ་ཡི་རིགས་ཀྱི་ཐིག་ལེའི་གསོལ་བ་བཏབ་སྟེ་བསྩལ་བའི་དགོངས་གཏེར་བསྟན་བཅོས་ཀྱི་ཚུལ་དུ་གཏན་ལ་ཕབ་པའི་བླ་མའི་རྣལ་འབྱོར་སྙིང་ཐིག་གསལ་བའི་སྒྲོན་མེ་ཞེས་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཡབ་སྲས་འདི་དག་གི་ཡེ་ཤེས་ཀྱི་སྐུའི་རྗེས་སུ་བཟུང་བའི་ཉེ་བརྒྱུད་བྱིན་རླབས་དོན་གྱི་བརྒྱུད་པ་བར་མ་ཆད་ཅིང༌། དུས་ཀྱི་ཐ་མའི་རྗེས་འཇུག་རྣམས་ལ་མཁྱེན་བརྩེའི་ཡེ་ཤེས་ཀྱི་འཇུག་པ་ལྷག་པར་མྱུར་བའི་ངོ་མཚར་གྱི་ཚན་ཁ་ཆེ་བ་སོགས་ཁྱད་པར་གྱི་ཆོས་དུ་མ་དང་ལྡན་པའི་སྨིན་བྱེད་སྒྲུབ་པ་ལ་བདག་ཅག་གི་བགྱི་འོས་སོང་ནས་ཁྱེད་རྣམས་ཀྱི་ངོ་སྐལ་དུ་གྱུར་པའི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་ཕུལ། ཕྱོགས་དུས་རྒྱལ་བའི་ཡེ་ཤེས་ཀྱི་སྤྱི་གཟུགས་དཔལ་ལྡན་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་མཆོག་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། རྩ་གསུམ་རྒྱ་མཚོ༴ བླ་མས་ཀྱང་རྡོ་རྗེའི་སྣོད་ལྡན་གྱི་རིགས་སུ་ངེས་པར་བྱུང་བའི་ཕྱིར་མོས་གུས་ཤུག་དྲག་ཏུ་བསྐྱེད་པས་མཁྱེན་བརྩེའི་ཡེ་ཤེས་ཀྱི་རྗེས་སུ་དགོངས་ཏེ་གནང་བ་སྦྱིན་པ་ནི། ཨེ་མ་སྐལ་ལྡན་རིགས༴ ཆོས་དབྱིངས་ཁྱབ་པར་བརྡལ་བའི་དཀོན་མཆོག་རྩ་གསུམ་གྱི་ལྷ་ཚོགས་ཐམས་ཅད་བླ་མ་སྐུ་གསུམ་གྱི་ཡེ་ཤེས་ལས་གཞན་དུ་མ་གྱུར་པའི་ཡིད་ཆེས་ཀྱི་དད་པ་རྩེ་གཅིག་པས་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོར་བྱང་ཆུབ་སྙིང་པོའི་བར་དུ་སྐྱབས་སུ་འགྲོ་སྙམ་པས་རྗེས་ཟློས། ཨཿ རང་རིག་ཀ་དག་ཆོས་ཀྱི་སྐུ། །རང་གསལ་ལྷུན་གྲུབ་ལོངས་སྤྱོད་རྫོགས། །རིག་རྩལ་ཐུགས་རྗེ་སྤྲུལ་པའི་སྐུ། །རང་ངོ་ཤེས་པས་སྐྱབས་སུ་མཆི། །ལན་གསུམ། མཁའ་ཁྱབ་ཀྱི་ཡིད་ཅན་རྣམ་གྲོལ་བླ་མེད་ཀྱི་ས་ལ་འགོད་པའི་ཕྱིར་ལམ་ཟབ་ཀུན་འདུས་བླ་མའི་རྣལ་འབྱོར་ལ་བརྩོན་པར་བྱ། དེའི་ཆེད་དུ་གསང་གསུམ་རྡོ་རྗེའི་དཀྱིལ་འཁོར་དུ་སྨིན་པའི་ཐབས་ཀྱི་སྒོར་འཇུག་སྙམ་པས་རྗེས་ཟློས། ཨཿ མ་རིག་འཁྲུལ་པའི་སེམས་ཅན་རྣམས། །སྐུ་གསུམ་ས་ལ་འགོད་པའི་ཕྱིར། །སྨོན་འཇུག་བྱང་ཆུབ་སེམས་སྦྱངས་ཤིང༌། །རང་གྲོལ་ཆེན་པོར་སེམས་བསྐྱེད་དོ། །ལན་གསུམ། ཚོགས་ཀྱི་ཞིང་ཁྱད་པར་ཅན་གྱི་སྤྱན་སྔར་བསགས་སྦྱངས་ཀྱི་ཐབས་རྨད་དུ་བྱུང་བ་ཡན་ལག་བདུན་གྱི་དམིགས་རྣམ་དང་མ་བྲལ་པ་འདིའི་རྗེས་ཟློས། རྡོ་རྗེ་སློབ་དཔོན་སོགས། ལན་གསུམ། རྒྱུད་སྡོམ་པ་དང་མ་ལྡན་ན་དབང་གི་སྣོད་དུ་མི་རུང་བས་སོ་བྱང་སྔགས་ཀྱི་དམ་ཚིག་དང་སྡོམས་པ་བཟུང་བའི་གནང་བཀག་མ་ནོར་བས་དམ་བཅའ་རྣམ་པ་གསུམ་ལྡན་དུ་བཟུང་སྙམ་པས་རྗེས་ཟློས། བདེ་གཤེགས་སྲས་བཅས་བདག་ལ་དགོངས། །བདག་མིང་འདི་ཞེས་བགྱི་བ་ཡིས། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །སོ་སོ་ཐར་དང་བྱང་ཆུབ་སེམས། །རིག་འཛིན་ནང་གི་སྡོམས་པའི་ཚོགས། །མ་ལུས་ཡོངས་སུ་བཟུང་བར་བགྱི། །ལན་གསུམ། དེ་ནས་དབང་གི་གཞི་འགོད་པ་ཡེ་ཤེས་པ་དབབ་པའི་སྔོན་དུ་རྡོ་རྗེའི་ཆུ་ནན་སྦྱིན་ཞིང་འདའ་དཀའི་ཐ་ཚིག་བསྒྲགས་པས་དམ་ལ་བཞག་པ་ནི། ཧོ། འདི་ནི་རྡོ་རྗེའི་དམ༴ དམ་ཆུ་སྦྱིན་ཞིང་རྡོ་རྗེ་སྤྱི་བོར་བཀོད། ཁྱེད་རྣམས་སྒོ་གསུམ་གྱི་གནད་གཅུན་ལ་དམིགས་པ་འདི་ལྟར་དུ་མཛོད་ཅིག །བླ་མ་ཧེ་རུ་ཀ༴ ལས་གཞུང་གི་སྤྱན་འདྲེན་མཐར། ཛྙཱ་ན་ཨ་བེ་ཤ་ཡ་ཨ་ཨ༔ ཞེས་བཏགས་པ་ཡང་ཡང་བརྗོད། གདུང་ཤུགས་བསྐྱེད་ཅིང་སྤོས་དང་ཌཱ་དྲིལ་བཅས་དྲག་ཏུ་དབབ། མ་ཕེབས་ན་སྤོག་པའི་ཆོ་ག་ནི། སླར་ཡང་སྤྱི་བོར་བཞུགས་པའི་བླ་མ་ལ་མོས་གུས་ཀྱི་གསོལ་བ་དྲག་ཏུ་བཏབ་པས་བླ་མའི་སྤྱན་རྗེས་ཆགས་སུ་གཡོ་བ་དང་ཆབས་ཅིག་ཐུགས་ཀ་ནས་བདེ་བའི་རང་བཞིན་ཅན་གྱི་འོད་ཟེར་དམར་པོ་དྲོད་དང་བཅས་པ་ཚ་ལམ་གྱིས་བྱུང་བ་རང་རྡོ་རྗེ་ཕག་མོར་གསལ་བའི་སྙིང་དབུས་ཀྱི་དགའ་འཁྱིལ་ལ་རེག་པས་གཡོན་བསྐོར་དུ་ཤུགས་དྲག་ཏུ་འཁོར་བས་ལུས་ནང་བདེ་བའི་འོད་ཀྱིས་གང་བར་བསམ་ལ་དམིགས་པ་རྩེ་གཅིག་ཏུ་གཏད་སྟེ་དགོངས་པ་བསྐྱངས་ཞིང༌། སྤོས་རོལ་དྲག་ཏུ་བྱ། ཕེབས་རྟགས་ལུས་འཕར་གཡོ་གར་སོགས་བྱེད་པ། ངག་སཾ་ཀྲྀ་ཏའི་སྐད་དང་བརྡ་གླུ་སྒྲོགས་པ། ཡིད་ལ་བདེ་གསལ་མི་རྟོགས་པའི་ཏིང་འཛིན་སྐྱེ་བ་སོགས་བྱུང་ན་ཉམས་བྱུང་རྒྱལ་བསྐྱང་དུ་གཞུག །སྤྱི་བོར་རྡོ་རྗེ་རྒྱ་གྲམ་དུ་བཀོད་ལ། ཛྙཱ་ན་བཛྲ་ཏིཥྛ་ས་མ་ཡ། ཞེས་བརྗོད་སྟེ་བརྟན་པར་བྱ། དེ་དག་གིས་སྔོན་འགྲོ་འཇུག་པའི་ཆོས་རྣམས་སོང་ནས་དངོས་གཞིའི་དབང་བསྐུར་བ་ལ་ཐོག་མར་བླ་མ་སྐུ་རྡོ་རྗེ་སྤྲུལ་པའི་སྐུའི་དབང་བསྐུར་བ་ལ་འདི་ནི་གཙོ་བོ་ཏིང་ངེ་འཛིན་གྱི་དབང་ཡིན་པས་འདུན་མོས་འདི་ལྟར་གནང་མཛོད། བླ་མའི་དཔྲལ་བའི༴ ཞེས་དང༌། ཨོཾ་གྱི་གླུ་དལ་བུའི་བརྗོད། བླ་མའི་སྨིན་མཚམས་ནས་སྤྲོས་པའི་གདན་གསུམ་ཚང་བའི་ལྷ་ཚོགས་ཀྱི་རིན་པོ་ཆེའི་བུམ་པ་ཡེ་ཤེས་བདུད་རྩིའི་ཆུ་རྒྱུན་གྱིས་གང་བས་དབང་བསྐུར་བར་མོས་ལ། ཨོཾ། སྣོད་བཅུད་ཡོངས་རྫོགས༴ ཞེས་བུམ་ཆུ་བླུད་ཅིང་གནས་བཞིར་འཐོར། དེ་དག་གིས་མཚན་མ་འི་དཀྱིལ་འཁོར་དུ་བུམ་པའི་དབང་ཐོབ། རགས་པ་ལུས་དང་ཕྲ་བ་རྩ་ཡི་སྒྲིབ་པ་དག །ལམ་སྣང་སྲིད་བླ་མར་འཆར་བའི་བསྐྱེད་རིམ་སྒོམ་པ་ལ་དབང༌། འབྲས་བུ་སྤྲུལ་སྐུ་མངོན་དུ་བྱེད་པའི་སྐལ་བ་དང་ལྡན་པར་མོས་མཛོད། གཉིས་པ་བླ་མ་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་སྐུས་གསང་བའི་དབང་བསྐུར་བ་ལ་དམིགས་པ་ནི། བླ་མའི་མགྲིན་པའི༴ ཨཱཿཡི་གླུ་བརྗོད། བྱིན་རླབས་ཀྱི་རྒྱུན་བརྟན་པའི་ཕྱིར་བླ་མ་ཧེ་རུ་ཀ་སྟངས་དཔྱལ་མཉམ་པར་རོལ་པའི་བྱང་ཆུབ་སེམས་ཀྱི་བདུད་རྩི་ལྕེ་ཐོག་ཏུ་བཞག་པར་མོས། བྷནྡྷའི་གསས་རྫས་བྱིན་ལ། ཨཱཿ རང་བྱུང་བྷཉྫའི༴ དེ་ལྟར་བྱིན་པའི་བདུད་རྩི། ཨ་ཧོ་མ་ཧཱ་སུ་ཁ་ཧོ་ཞེས་ངོམས་པའི་ཚུལ་གྱིས་རོལ་པས། ནང་རྡོ་རྗེ་ལུས་ཀྱི་དཀྱིལ་འཁོར་དུ་གསང་བའི་དབང་ཐོབ། རགས་པ་ངག་དང་ཕྲ་བ་རླུང་གི་སྒྲིབ་པ་དག །ལམ་རང་ལུས་བདེ་བ་ཆེན་པོ་བླ་མའི་དཀྱིལ་འཁོར་དུ་སྒོམ་པ་ལ་དབང༌། འབྲས་བུ་ལོངས་སྐུ་མངོན་དུ་བྱེད་པའི་སྐལ་བ་དང་ལྡན་པར་མོས་མཛོད། གསུམ་པ་བླ་མ་ཐུགས་རྡོ་རྗེ་ཆོས་ཀྱི་སྐུས་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ལ་དམིགས་པ་ནི། བླ་མའི་ཐུགས་ཀའི༴ ཧཱུྃ་གི་གླུ་ལེན་ཏེ། དབྱིངས་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་མི་འགྱུར་བ་བདེ་བ་ཆེན་པོའི་ཡེ་ཤེས་ཟུང་འཇུག་མཚོན་པའི་མེ་ལོང་སིནྡྷུ་རའི་རྡུལ་གྱིས་མཚན་པའི་རྫས་ཀྱིས་ངོ་སྤྲད་དེ། ཨེ་མ་ཧོ་མཆོག་ཏུ༴ ཞེས་བརྗོད་སྟེ་སིནྡྷུ་རའི་ཐིག་ལེ་སྙིང་ཁར་བཀོད། འདུ་ཤེས་གསུམ་ལྡན་གྱི་རིག་མས་མཉམ་པར་སྦྱོར་བའི་དགའ་བ་བཞིའི་ཡེ་ཤེས་རྒྱུད་ལ་སྐྱེས་པར་མོས། ས་མ་ཡ་ཧོ༴ འཁྱུད་རྒྱ་བྱ། དེས་གསང་བ་ཕྱག་རྒྱའི་ཆུ་སྐྱེས་ཀྱི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། རགས་པ་ཡིད་དང་ཕྲ་བ་ཐིག་ལེའི་སྒྲིབ་པ་དག །ལམ་ཕོ་ཉའི་རྣལ་འབྱོར་ལ་བརྟེན་ཏེ་བླ་མ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་ཞལ་བལྟ་བ་ལ་དབང༌། འབྲས་བུ་སྤྲུལ་སྐུ་མངོན་དུ་བྱེད་པའི་སྐལ་བ་དང་ལྡན་པར་མོས་མཛོད། བཞི་པ་བླ་མ་ཡེ་ཤེས་རྡོ་རྗེས་ཚིག་དབང་བསྐུར་བའི་དམིགས་པ་ནི། བླ་མའི་ལྟེ་བའི༴ བརྡ་དོན་རྡོ་རྗེའི་ཚིག་ལ་བརྟེན་ནས་དོན་ངོ་སྤྲད་པའི་ཕྱིར་མན་ཤེལ་བསྟན་ཏེ། ཧོཿ ཤིན་ཏུ་རྣམ་པར༴ ཞེས་བརྗོད་དེ་མཉམ་པར་བཞག །བླ་མའི་ཐུགས་ཀར་ཨ་ཡིག་མཐིང་གསལ་ནམ་མཁའ་དྭངས་པའི་ཁ་དོག་ཅན་ལིང་ངེར་གནས་པ་ལ་སློབ་མ་རྣམས་རྟོག་པའི་འདུ་འཕྲོ་སྤང་སྟེ་རྩེ་གཅིག་ཏུ་རིག་པ་དེ་ལ་གཏད་པ་དང་ཆབས་ཅིག་ཨ་ཞེས་དགོངས་པའི་དྲོད་བསྐྱེད་དེ་ཐུགས་ཡིད་བསྲེས་པས་ལྷོད་ཀྱིས་ཀློད་པ་དང༌། ཕཊ྄་ཅེས་རིག་རྩལ་སྤར་ནས་སྡིག་འཛུད་སྙིང་གར་གཏད་ལ། ཨ་ཧོ། སངས་རྒྱས་ཀུན་གྱི་གསང་བ༴ ཞེས་ངོ་སྤྲད་ལྟ་སྟང་གཟིར། དེ་ལྟར་དོན་དམ་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་བཞི་པ་ཚིག་གི་དབང་ཐོབ། རགས་པ་ཀུན་གཞི་དང་ཕྲ་བ་ཤེས་བྱའི་སྒྲིབ་པ་དག །ལམ་དབྱིངས་རིག་ཟུང་འཇུག་བླ་མ་ཡེ་ཤེས་རྡོ་རྗེའི་རྣལ་འབྱོར་སྒོམ་པ་ལ་དབང༌། འབྲས་བུ་ངོ་བོ་ཉིད་ཀྱི་སྐུ་མངོན་དུ་བྱེད་པའི་སྐལ་བ་དང་ལྡན་པར་མོས་མཛོད། དེ་ལྟར་རྡོ་རྗེ་བཞི་ཡི་དཀྱིལ་འཁོར་ཆེན་པོར་སྨིན་པར་བྱས་ནས་དངོས་གྲུབ་ཀྱི་སྒོ་མྱུར་དུ་ཐོབ་པའི་ཕྱིར་གསང་བ་ཟབ་མོའི་དམ་ཚིག་གི་རྒྱ་ཡིས་གདབ་པ་ནི། ཧོཿ འདི་ནི་གསང་བ༴ དེ་ལྟར་ཁེ་ཉེན་ཤེས་པས་བླ་མའི་རྡོ་རྗེ་གསུམ་གྱི་དམ་ཚིག་ལས་མི་འདའ་བར་ཁས་བླང་བ་འདི་ཡིས་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར༴ གཏང་རག་ལུས་འབུལ་དགེ་བསྔོ་བཅས་དང༌། སློབ་དཔོན་གྱིས་བླ་སྒྲུབ་གཞུང་གི་རྗེས་རིམ་བཅས་གསང་བ་སྤྱི་ལྟར་རྫོགས་པར་མཐར་དབྱུང་ངོ༌། །སངས་རྒྱས་ཀུན་གྱི་ཡེ་ཤེས་དཀྱིལ་འཁོར་དུ། །འཇུག་པའི་སྐལ་བཟང་ལམ་འདིའི་མངོན་གྱུར་ཏེ། །འོད་གསལ་སྙིང་པོ་བླ་མ་རང་རིག་ཏུ། །རྟོགས་པའི་སྣང་བས་ས་གསུམ་བརྡལ་གྱུར་ཅིག །ཅེས་པའང་ཟབ་གསང་བདུད་རྩིའི་ཐོག་མའི་འདུས་པ་རུ་དབུགས་དབྱུང་བའི་སྐལ་བཟང་མངོན་དུ་གྱུར་པས་རང་ཉིད་ལ་ཉེར་འཁོར་གྱུར་པ་དང༌། ཁྱབ་བདག་འཁོར་ལོའི་མགོན་པོ་དགྱེས་པས་བཀའ་ཡི་གནང་བ་བསྩལ་ཞིང༌། དད་སློབ་སྤར་བརྐོས་ཚེ་དབང་ཆོས་འཕེལ་གྱིས་ཀྱང་རྟེན་བཅས་བསྐུལ་ངོར་དད་སྤྲོའི་ཤུགས་འབྱུང་གི་ཇི་ལྟར་བསྩལ་བའི་ཕྱག་བཞེས་མི་ཉམས་པའི་ཟིན་ཁྱུག་ཏུ་རྒྱལ་ཁམས་པ་མངྒ་ལའི་མིང་གིས་ཟིལ་ཁྲོམ་གངས་ཀྱི་རྭ་བའི་ཤར་ཕྱོགས་བཀྲ་ཤིས་ལྷ་མཚོའི་སྨན་ལྗོངས་ནས་ས་ཟླའི་ཚེས་བཅོ་ལྔ་ལ་བྲིས་པ་འདིས་ཀྱང་དཔལ་ལྡན་བླ་མའི་བྱིན་རླབས་ཀྱི་བདུད་རྩིའི་ཚེ་རབས་ཀུན་ཏུ་སྙིང་གི་པདྨོར་འཐུང་བའི་རྒྱུར་གྱུར་ཅིག །མངྒ་ལཾ། ཕུན་ཚོགས་མངོན་མཐོ་ངེས་ལེགས་མཐའ་དག་གི །ཡོན་ཏན་འདོད་དགུའི་འབྱུང་གནས་བླ་མ་རྗེའི། །རྡོ་རྗེའི་དཀྱིལ་འཁོར་སྨིན་བྱེད་མཚམས་སྦྱོར་ཡང༌། །སྤར་གྱི་སྒྲོན་མས་ཡེ་ཤེས་མངོན་གྱུར་ཤོག །ཅེས་པའང་གོ་འཇོ་རྒྱ་ཆུང་ཕུན་ཚོགས་སྒྲོན་མས་སྤར་གྱི་སྦྱིན་བདག་ཞུས་ཏེ་བསྐུལ་ངོར་རྡོ་རྗེའི་སློབ་གྲལ་མངྒ་ལས་སྨོན་པ་དགེ་ལེགས་འཕེལ། །དགེའོ། །མངྒ་ལཾ།། །།
[edit]

@#/______/zab lam snying thig gsal sgron gyi dbang chog bdud rtsi'i bum bzang gi mdzes rgyan nor bu'i chun 'phyang zhes bya ba bzhugs/ @#/______/gang gi drin las 'od gsal lhan cig skyes/__/ye shes nam mkha'i gzugs kyang mngon sum du/__/'char mdzad 'khor lo'i dbang phyug bla ma rje/__/mos gus gzhal med khang du legs mchod nas/__/rdo rje bzhi yi dkyil 'khor du/__/smin pa'i skal bzang sgrub byed thabs/__/zab mo'i dbang gi cho ga la/__/mdzes rgyan nor bu'i chun 'phyang spel/__/de yang sbyor ba yo byad kyi shom ni dbang gzhung du gsal ba ltar legs par 'du byas la bla ma'i rnal 'byor snying thig gsal sgron gyi las gzhung bsrangs/__gsol 'debs dang bzlas pa la 'bad bum thod nyid bdud rtsi gdod nas bde stong gnyis med ye shes kyi rol par shes pas dbyangs gsal rten snying bzlas pas byin gyis brlabs/__bka' srung gi gtor 'bul/__tshogs mchod bcas btang la dbang len gyi dmigs pa bdag nyid 'jug cing nus ldan du bya/__snod du gyur pa'i slob ma bdun las mi mang bar sgo drung du khrus bya/__nang du 'jug pa na bgegs bskrad/__srung ba'i 'khor lo sgom pa spyi ltar sngon du 'gro bas/__'o na mkha' khyab kyi yid can srid zhi'i mtha' gnyis la mi gnas pa'i byang chub chen po'i go 'phang la 'god par bya/__de'i ched du rdo rje theg pa'i myur lam zab mo'i sgor zhugs nas thabs mkhas dang thugs rje'i rnam 'phrul bsam gyis mi khyab pa'i rgyal ba'i sras kyi spyod pa la bslab cing byang chub tu sems bskyed pa'i g.yar dam bzung snyam pas gsan 'tshal/__de la 'dir gang gsan bya'i chos ni spyir bdag cag rnams shin tu rnyed dka' ba'i lha bas lhag pa'i khams drug dang ldan pa'i rten khyad par can thob/__chos kyi mthun rkyen thams cad tshogs/__'gal rkyen dang bral ba'i skal pa bzang po rnyed pa'i skabs 'dir myur du chos la brtson par ma byas na/__snod bcud 'jig rten skye dgu mchog dman/__bde sdug dpal 'byor thams cad yun du mi rtag pa 'pho 'gyur rgud pa'i chos las ma 'das par shes pas blo sna rtag tu bstung*/__nam zhig 'chi ba'i gnod pas skabs btsal ba'i tshe yang med du mi 'gro ba 'jig rten phyi ma'i srid pa la 'jug pa'i tshe 'dir snang gi bya bzhag gang gis kyang phan pa med pa shul du bor nas sngon bsags las kyi rjes su 'brang*/__las ni nam yang chud mi za bar srid pa'i gnas kyi bde sdug thams cad 'du byed/__da lta rang re so so'i skye bo'i las phal cher sdig pa las ma 'das cung zad sgrub pa'i dge ba'ang sdig pa dang ngang gis 'dres shing mngon mtho tsam gyi rgyu ru dmigs pa ches mang bas na rtag tu 'khor ba'i rgya mtsho chen por tshud de/__sdug bsngal chu srin gyi mche bas gzir ba 'di ya re cha/__srid pa ni mtho dman gang du skyes kyang sdug bsngal gsum gyi rang bzhin 'ba' zhig las ma 'das pas myur du de las thar pa'i thabs la brtson dgos/__de yang rang cag ni de ru gnas shing 'ching ba lnga yis bcings te las dang nyon mongs pa'i gzhan dbang du song bas rang stobs kyis thar bar mi nus pas rgyal ba'i sras po zhi ba lhas/__dpa' la brten nas 'jigs pa chen po ltar/__/gang la brten nas yud kyis sgrol 'gyur ba/__/de la bag can rnams kyis cis mi bsten/__/zhes gsungs pa ltar ded dpon mtshungs med/__skyabs gnas kun 'dus/__'khor lo'i dbang phyug dpal mgon bla ma'i zhabs pad bsnyen te thugs kyi gsang mdzod brtol ba dang gsang gsum ye shes rdo rje'i dkyil 'khor la 'jug cing smin pa'i thabs zab mo la brten pas gnas skabs dang mthar thug gi dpal yon mtha' yas pa dag bskyed pas na shin tu gces pa'i tshul thams cad mkhyen pa pradz+nyA rasmis/__rgyal ba'i bka' dang rjes su mthun pa yi/__/bla ma bzang las rnam dag dkyil 'khor du/__/phyi nang gsang ba'i rten 'brel legs bsgrigs pa'i/__/smin grol lam mchog stsol cig thod phreng rtsal/__/zhes gsungs/__der ma zad rgyal bas chos phung brgyad khri bzhi stong gis bstan pa'i lam thams cad kyi snying po'i thabs gnad kyang bla ma'i rnal 'byor gcig kho na la tshang zhing*/__mngon mtho dang nges legs kyi yon tan thams cad kyang bla ma'i bka' drin gyis bskyed pa mdo rgyud kun nas lan gcig ma yin par yang yang bsngags pas na gcig chog rgyal po bla ma'i rnal 'byor du grags pa don la gnas pa ste/__de la'ang 'phags bod gsar rnying kun la rnam grangs mi 'dra ba du ma zhig bzhugs pa'i kun gyi nang zab myur byin rlabs kyi tshan kha khyad par du 'phags pa snying thig gsal ba'i sgron me 'di ni/__sgrub gzhi kun bzang gdod ma'i mgon po nyid theg mchog seng ge'i sgra dbyangs gangs can ri bo'i sul na khyab par bsgrags phyir 'phags yul gyi rgyan drug shing rta chen po'i rnam dpyod gcig tu spungs pa kun mkhyen chos kyi rgyal po rgyal ba klong chen rab 'byams dang*/__rig 'dzin 'jigs bral gling pa yab sras rnams gzhan phan 'ba' zhig gi phyir 'phags bod kun tu sku'i skye ba du ma bzhes pa'i ya gyal/__phyi ma'i dus 'dir 'gran zla thams cad dang bral ba'i mkhas grub chen po nyi zla zung gcig ste 'jigs bral gyi slob dpon mkhyen brtse'i lha'i zhal nas/__'di 'og ye shes rdo rje'i rol pa yis/__/rdo rje snying po'i ring lugs bslang nas slar/__/da lta gshe zhing bskur pa 'debs pa'i don/__/sprul pa sna tshogs bsgyur ba gsol ba 'debs/__/zhes rdo rje'i lung gis gsal bar bsngags pa ltar ngo mtshar ba'i rnam thar dang phrin las kyi mu khyud kyis ris med bstan 'gro'i khyon la gcig tu brdal ba'i bdag nyid chen po grub dbang he ru ka dpal 'jigs med ye shes rdo rje dang*/__thub bstan yongs rdzogs kyi shing rta chen po 'jam dbyangs mkhyen brtse'i dbang po dbyer med pa'i sgyu 'phrul rnam pa lnga yi ya gyal du ye shes spyan ldan rnam snang lo tsA chen po dngos su byon pa 'jam mgon chos kyi rgyal po blo gros mtha' yas pa'i sdes dus gsum shes bya kun tu gzigs pas lung bstan te bsngags pa'i me tog gis mnga' gsol ba bzhin/__mkhas grub skyes chen bgrang las 'das pa'i zhabs pad mnyes pa gsum gyis bsten te thugs bcud mtha' dag bzhes/__mkhas btsun grub pa'i rnam thar mtshungs zla ma mchis pas gangs can ris med bstan pa'i srog mthud ste deng gi dus 'gran zla dang bral ba'i bstan pa'i shing rta chen por gyur pas na/__mnga' ris paN chen rin po che'i gter lung las/__nga yi thugs rjes sprul pa'i rig 'dzin ni:__pad+ma rgyal po ye shes rol pa rtsal:__phyi ltar rab byung sngags pa'i cha lugs can:__nang ltar sems bskyed bstan pa'i bya ba brtson:__gsang ba gnyis med rdzogs chen don dang ldan:__chos rgyal yab sras mtsho rgyal smon lam gyis:__sprul pa'i gzugs kyis ma 'gag spyod pa bskyangs:__zhes rdo rje'i lung gi seng ge'i sgra chen po'i gsal bar bstan pa'i don dang mthun par gyur pa'i skyes bu chen po 'jam dbyangs bla ma chos kyi blo gros sam gsang mtshan pad+ma ye shes rdo rje gang sgrub byed kyi lam dad ldan lha yi rigs kyi thig le'i gsol ba btab ste bstsal ba'i dgongs gter bstan bcos kyi tshul du gtan la phab pa'i bla ma'i rnal 'byor snying thig gsal ba'i sgron me zhes kun mkhyen chos kyi rgyal po yab sras 'di dag gi ye shes kyi sku'i rjes su bzung ba'i nye brgyud byin rlabs don gyi brgyud pa bar ma chad cing*/__dus kyi tha ma'i rjes 'jug rnams la mkhyen brtse'i ye shes kyi 'jug pa lhag par myur ba'i ngo mtshar gyi tshan kha che ba sogs khyad par gyi chos du ma dang ldan pa'i smin byed sgrub pa la bdag cag gi bgyi 'os song nas khyed rnams kyi ngo skal du gyur pa'i dbang bskur zhu ba'i yon du maN+Dal phul/__phyogs dus rgyal ba'i ye shes kyi spyi gzugs dpal ldan dkyil 'khor rgya mtsho'i khyab bdag mchog la gsol ba 'debs pa 'di'i rjes zlos mdzod/__rtsa gsum rgya mtsho=__bla mas kyang rdo rje'i snod ldan gyi rigs su nges par byung ba'i phyir mos gus shug drag tu bskyed pas mkhyen brtse'i ye shes kyi rjes su dgongs te gnang ba sbyin pa ni/__e ma skal ldan rigs=__chos dbyings khyab par brdal ba'i dkon mchog rtsa gsum gyi lha tshogs thams cad bla ma sku gsum gyi ye shes las gzhan du ma gyur pa'i yid ches kyi dad pa rtse gcig pas skyabs gnas kun 'dus kyi ngo bor byang chub snying po'i bar du skyabs su 'gro snyam pas rjes zlos/__aH__rang rig ka dag chos kyi sku/__/rang gsal lhun grub longs spyod rdzogs/__/rig rtsal thugs rje sprul pa'i sku/__/rang ngo shes pas skyabs su mchi/__/lan gsum/__mkha' khyab kyi yid can rnam grol bla med kyi sa la 'god pa'i phyir lam zab kun 'dus bla ma'i rnal 'byor la brtson par bya/__de'i ched du gsang gsum rdo rje'i dkyil 'khor du smin pa'i thabs kyi sgor 'jug snyam pas rjes zlos/__aH__ma rig 'khrul pa'i sems can rnams/__/sku gsum sa la 'god pa'i phyir/__/smon 'jug byang chub sems sbyangs shing*/__/rang grol chen por sems bskyed do/__/lan gsum/__tshogs kyi zhing khyad par can gyi spyan sngar bsags sbyangs kyi thabs rmad du byung ba yan lag bdun gyi dmigs rnam dang ma bral pa 'di'i rjes zlos/__rdo rje slob dpon sogs/__lan gsum/__rgyud sdom pa dang ma ldan na dbang gi snod du mi rung bas so byang sngags kyi dam tshig dang sdoms pa bzung ba'i gnang bkag ma nor bas dam bca' rnam pa gsum ldan du bzung snyam pas rjes zlos/__bde gshegs sras bcas bdag la dgongs/__/bdag ming 'di zhes bgyi ba yis/__/byang chub snying por mchis kyi bar/__/so so thar dang byang chub sems/__/rig 'dzin nang gi sdoms pa'i tshogs/__/ma lus yongs su bzung bar bgyi/__/lan gsum/__de nas dbang gi gzhi 'god pa ye shes pa dbab pa'i sngon du rdo rje'i chu nan sbyin zhing 'da' dka'i tha tshig bsgrags pas dam la bzhag pa ni/__ho/__'di ni rdo rje'i dam=__dam chu sbyin zhing rdo rje spyi bor bkod/__khyed rnams sgo gsum gyi gnad gcun la dmigs pa 'di ltar du mdzod cig__/bla ma he ru ka=__las gzhung gi spyan 'dren mthar/__dz+nyA na a be sha ya a a:__zhes btags pa yang yang brjod/__gdung shugs bskyed cing spos dang DA dril bcas drag tu dbab/__ma phebs na spog pa'i cho ga ni/__slar yang spyi bor bzhugs pa'i bla ma la mos gus kyi gsol ba drag tu btab pas bla ma'i spyan rjes chags su g.yo ba dang chabs cig thugs ka nas bde ba'i rang bzhin can gyi 'od zer dmar po drod dang bcas pa tsha lam gyis byung ba rang rdo rje phag mor gsal ba'i snying dbus kyi dga' 'khyil la reg pas g.yon bskor du shugs drag tu 'khor bas lus nang bde ba'i 'od kyis gang bar bsam la dmigs pa rtse gcig tu gtad ste dgongs pa bskyangs zhing*/__spos rol drag tu bya/__phebs rtags lus 'phar g.yo gar sogs byed pa/__ngag saM kr-i ta'i skad dang brda glu sgrogs pa/__yid la bde gsal mi rtogs pa'i ting 'dzin skye ba sogs byung na nyams byung rgyal bskyang du gzhug__/spyi bor rdo rje rgya gram du bkod la/__dz+nyA na badz+ra tiSh+Tha sa ma ya/__zhes brjod ste brtan par bya/__de dag gis sngon 'gro 'jug pa'i chos rnams song nas dngos gzhi'i dbang bskur ba la thog mar bla ma sku rdo rje sprul pa'i sku'i dbang bskur ba la 'di ni gtso bo ting nge 'dzin gyi dbang yin pas 'dun mos 'di ltar gnang mdzod/__bla ma'i dpral ba'i=__zhes dang*/__oM gyi glu dal bu'i brjod/__bla ma'i smin mtshams nas spros pa'i gdan gsum tshang ba'i lha tshogs kyi rin po che'i bum pa ye shes bdud rtsi'i chu rgyun gyis gang bas dbang bskur bar mos la/__oM/__snod bcud yongs rdzogs=__zhes bum chu blud cing gnas bzhir 'thor/__de dag gis mtshan ma 'i dkyil 'khor du bum pa'i dbang thob/__rags pa lus dang phra ba rtsa yi sgrib pa dag__/lam snang srid bla mar 'char ba'i bskyed rim sgom pa la dbang*/__'bras bu sprul sku mngon du byed pa'i skal ba dang ldan par mos mdzod/__gnyis pa bla ma gsung rdo rje longs spyod rdzogs skus gsang ba'i dbang bskur ba la dmigs pa ni/__bla ma'i mgrin pa'i=__AHyi glu brjod/__byin rlabs kyi rgyun brtan pa'i phyir bla ma he ru ka stangs dpyal mnyam par rol pa'i byang chub sems kyi bdud rtsi lce thog tu bzhag par mos/__b+han+d+ha'i gsas rdzas byin la/__AH__rang byung b+hany+dza'i=__de ltar byin pa'i bdud rtsi/__a ho ma hA su kha ho zhes ngoms pa'i tshul gyis rol pas/__nang rdo rje lus kyi dkyil 'khor du gsang ba'i dbang thob/__rags pa ngag dang phra ba rlung gi sgrib pa dag__/lam rang lus bde ba chen po bla ma'i dkyil 'khor du sgom pa la dbang*/__'bras bu longs sku mngon du byed pa'i skal ba dang ldan par mos mdzod/__gsum pa bla ma thugs rdo rje chos kyi skus shes rab ye shes kyi dbang bskur ba la dmigs pa ni/__bla ma'i thugs ka'i=__hU~M gi glu len te/__dbyings rnam kun mchog ldan gyi stong nyid mi 'gyur ba bde ba chen po'i ye shes zung 'jug mtshon pa'i me long sin+d+hu ra'i rdul gyis mtshan pa'i rdzas kyis ngo sprad de/__e ma ho mchog tu=__zhes brjod ste sin+d+hu ra'i thig le snying khar bkod/__'du shes gsum ldan gyi rig mas mnyam par sbyor ba'i dga' ba bzhi'i ye shes rgyud la skyes par mos/__sa ma ya ho=__'khyud rgya bya/__des gsang ba phyag rgya'i chu skyes kyi dkyil 'khor du shes rab ye shes kyi dbang thob/__rags pa yid dang phra ba thig le'i sgrib pa dag__/lam pho nya'i rnal 'byor la brten te bla ma lhan cig skyes pa'i ye shes kyi zhal blta ba la dbang*/__'bras bu sprul sku mngon du byed pa'i skal ba dang ldan par mos mdzod/__bzhi pa bla ma ye shes rdo rjes tshig dbang bskur ba'i dmigs pa ni/__bla ma'i lte ba'i=__brda don rdo rje'i tshig la brten nas don ngo sprad pa'i phyir man shel bstan te/__hoH__shin tu rnam par=__zhes brjod de mnyam par bzhag__/bla ma'i thugs kar a yig mthing gsal nam mkha' dwangs pa'i kha dog can ling nger gnas pa la slob ma rnams rtog pa'i 'du 'phro spang ste rtse gcig tu rig pa de la gtad pa dang chabs cig a zhes dgongs pa'i drod bskyed de thugs yid bsres pas lhod kyis klod pa dang*/__phaTa? ces rig rtsal spar nas sdig 'dzud snying gar gtad la/__a ho/__sangs rgyas kun gyi gsang ba=__zhes ngo sprad lta stang gzir/__de ltar don dam ye shes kyi dkyil 'khor du bzhi pa tshig gi dbang thob/__rags pa kun gzhi dang phra ba shes bya'i sgrib pa dag__/lam dbyings rig zung 'jug bla ma ye shes rdo rje'i rnal 'byor sgom pa la dbang*/__'bras bu ngo bo nyid kyi sku mngon du byed pa'i skal ba dang ldan par mos mdzod/__de ltar rdo rje bzhi yi dkyil 'khor chen por smin par byas nas dngos grub kyi sgo myur du thob pa'i phyir gsang ba zab mo'i dam tshig gi rgya yis gdab pa ni/__hoH__'di ni gsang ba=__de ltar khe nyen shes pas bla ma'i rdo rje gsum gyi dam tshig las mi 'da' bar khas blang ba 'di yis rjes zlos mdzod/__gtso bos ji ltar=__gtang rag lus 'bul dge bsngo bcas dang*/__slob dpon gyis bla sgrub gzhung gi rjes rim bcas gsang ba spyi ltar rdzogs par mthar dbyung ngo*/__/sangs rgyas kun gyi ye shes dkyil 'khor du/__/'jug pa'i skal bzang lam 'di'i mngon gyur te/__/'od gsal snying po bla ma rang rig tu/__/rtogs pa'i snang bas sa gsum brdal gyur cig__/ces pa'ang zab gsang bdud rtsi'i thog ma'i 'dus pa ru dbugs dbyung ba'i skal bzang mngon du gyur pas rang nyid la nyer 'khor gyur pa dang*/__khyab bdag 'khor lo'i mgon po dgyes pas bka' yi gnang ba bstsal zhing*/__dad slob spar brkos tshe dbang chos 'phel gyis kyang rten bcas bskul ngor dad spro'i shugs 'byung gi ji ltar bstsal ba'i phyag bzhes mi nyams pa'i zin khyug tu rgyal khams pa mang+ga la'i ming gis zil khrom gangs kyi rwa ba'i shar phyogs bkra shis lha mtsho'i sman ljongs nas sa zla'i tshes bco lnga la bris pa 'dis kyang dpal ldan bla ma'i byin rlabs kyi bdud rtsi'i tshe rabs kun tu snying gi pad+mor 'thung ba'i rgyur gyur cig__/mang+ga laM/__phun tshogs mngon mtho nges legs mtha' dag gi__/yon tan 'dod dgu'i 'byung gnas bla ma rje'i/__/rdo rje'i dkyil 'khor smin byed mtshams sbyor yang*/__/spar gyi sgron mas ye shes mngon gyur shog__/ces pa'ang go 'jo rgya chung phun tshogs sgron mas spar gyi sbyin bdag zhus te bskul ngor rdo rje'i slob gral mang+ga las smon pa dge legs 'phel/___/dge'o/___/mang+ga laM//__//

Footnotes

Other Information