DKR-KABUM-10-THA-047: Difference between revisions

From Khyentse Lineage - A Tsadra Foundation Project
DKR-KABUM-10-THA-047
(Created page with "{{Khyentse Metadata |classification=Tibetan Publications |subclass=Tibetan Texts |collectiontitle=dil mgo mkhyen brtse bka' 'bum |collectiontitletib=དིལ་མགོ་...")
 
No edit summary
Line 25: Line 25:
==Other Information==
==Other Information==
{{Footer}}
{{Footer}}
[[Category:DKR-KABUM-Volume-10-THA]]
[[Category:DKR-KABUM-Volume-10-THA]]
[[Category:DKR-KABUM-Volume-10-THA]]
[[Category:Khyentse Lineage Project]]
[[Category:Khyentse Lineage Project]]

Revision as of 14:23, 3 November 2022

Wylie title DKR-KABUM-10-THA-047.pdf
Location dil mgo mkhyen brtse bka' 'bum
Volume Expression error: Unrecognized word "tha"., Text 47, Pages (Folios to )
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Citation
Genre "THA" is not a number.

"THA" is not a number.

[edit]
༄༅། །ཆོས་སྐྱོང་དགོངས་པ་ཀུན་འདུས་རྩ་བ་དང་ཡན་ལག་གི་ཕྲིན་ལས་ཁྲིགས་སུ་བསྡེབས་པ་དམ་ཅན་ཡོངས་འདུའི་དགའ་ཚལ་ཞེས་བྱ་བ་བཞུགས་སོ།། ༄༅། །ཡེ་ཤེས་རྡོ་རྗེའི་མཚོན་གྱིས་གཉིས་འཛིན་བདུད། །མཐར་བྱེད་སྟོབས་བཅུའི་རང་གཟུགས་ནག་པོ་ཆེ། །ཐུབ་བསྟན་ལྷ་དབང་གྲོང་སྲུང་ཧེ་རུ་ཀ །ལྕམ་དྲལ་འབར་བའི་བཀའ་སྡོད་ཚོགས་ཀུན་རྒྱལ། །དེ་ཡི་རྒྱུད་ལུང་མན་ངག་གིས་བསྟན་དོན། །སངས་རྒྱས་གཉིས་པའི་ཞལ་ལུང་མ་འཁྲུལ་བ། །གྲུབ་པའི་སྐྱེས་བུའི་རྗེས་སུ་གདམས་པའི་བཅུད། །བླ་མའི་དྲིན་གྱིས་འཇུག་བདེའི་བཙས་སུ་སྤེལ། །རྡོ་རྗེ་ཐེག་པའི་རྣལ་འབྱོར་པས་འདོད་རྒུའི་ཕྲིན་ལས་རབ་འབྱམས་ཡིད་བཞིན་དུ་སྒྲུབ་པ་ལ་དམ་ཅན་སྲུང་མའི་དབང་པོ་རྣམས་མཆོད་ཅིང་བསྟོད་དགོས་པས་ན། ཐོག་མར་བཀའ་གཏེར་ཆོས་ཀྱི་གཉེར་འཛིན་པའི་དམ་ཅན་འདི་དག་གི་ཐུན་མོང་དང༌། ཐུན་མོང་མ་ཡིན་པའི་དབང་དང་སྲོག་གཏད་རྗེས་གནང་ལེགས་པར་ཐོབ་ཅིང་སྤྱི་དང་བྱེ་བྲག་གི་དམ་ཚིག་ལ་ཡང་དག་པར་གནས་པས་ཚུལ་འདི་ལ་ནན་ཏན་དུ་བྱ་སྟེ། དེའི་རིམ་པ་ལ། རྫས་བཤམས་བདག་བསྐྱེད་བྱིན་གྱིས་རླབས། སྤྱི་གཏོར་རྣམ་བཞི་སྔོན་འགྲོའོ། །སོ་སོའི་ལས་རིམ་གཏོར་མ་འབུལ། །བསྟོད་པ་རྗེས་འབྲང་བཟླས་པ་བྱ། །ཚོགས་མཆོད་བསྐང་བཤགས་དྲག་བསྐུལ་དང༌། །སྟོབ་པ་རྣམ་དགུ་དངོས་གཞིའོ། །མཆོད་བསྟོད་ནོངས་བཤགས་བརྟན་བཞུགས་བྱ། །གཤེགས་གསོལ་བསྔོ་སྨོན་ཤིས་བརྗོད་རྗེས། །ཞེས་པའི་དང་པོ་སྔོན་འགྲོ་ལ་བཞིའི་ཐོག་མར་ཡོ་བྱད་བཤམས་པ་ནི། དུར་ཁྲོད་ལ་སོགས་པ་ལས་དང་མཐུན་པའི་གནས་ཁང་བྱི་དོར་བྱས་ཤིང་རྒྱན་གྱིས་སྤྲས་པའི་གུང་དུ་གཞུང་མཐུན་གྱི་སྐུ་རྟེན་བཀྲམ་པའི་སྤྱན་སྔར་སྟེགས་བུ་རིམ་པ་གསུམ་གྱི་དང་པོར་བདག་བསྐྱེད་རྩ་གསུམ་གང་ལ་བརྟེན་པའི་གཏོར་མ། དེའི་མདུན་དུ་ཆོས་སྐྱོང་དགོངས་འདུས་ཀྱི་གཙོ་བོ་ལེགས་ལྡན་གྱི་གཏོར་མ་གནམ་ལྕགས་ཀྱི་དོ་ཟུར་བརྒྱད་ནག་པོ་འོག་ཏུ་ཁྲག་མཚོ་ཅན་གྱི་སྟེང་གཏོར་མ་དཔུང་རོང་མདུན་དུ་བཤོས་ཕྲན་ཅན་གྱི་མདུན་ནས་བརྩམས་འཁོར་དམར་གཏོར་དཔུང་རོང་རང་འདྲ་བརྒྱད་དང་བར་མཚམས་ཐེབས་ཀྱུས་བསྐོར་བ་དང༌། གཡས་སུ་ཕོ་རྒྱུད་སྤྱི་གཏོར་གཙོ་བོ་གཟའ་བདུད་ལ་དཔུང་རོང་གཡས་ཀྱུས་མིག་གིས་མཚན་པ་དམར་པོ་ལ་འཁོར་དཔུང་རོང་བཅུ་གཅིག་གིས་བསྐོར་བ། དེའི་གཡས་སུ་ནོར་ལྷ་སྤྱི་གཏོར་གཙོ་བོ་རྣམ་སྲས་ལ་ལས་བཞི་ལྷུན་གྲུབ་ཀྱི་གཏོར་མ་ཚོགས་གཏོར་ལྟ་བུ་སྨད་གྲུ་བཞི་ཅན་འཁོར་ནོར་བུའི་འབྲང་རྒྱས་སེར་པོ་བཅུ་གཉིས་ཀྱིས་བསྐོར་བ། ལེགས་ལྡན་གྱི་གཡོན་དུ་མོ་རྒྱུད་སྤྱི་གཏོར་དུད་སོལ་མ་ལ་དམར་གཏོར་གྲུ་གསུམ་གྲི་དྲས་མ་འཁོར་རང་འདྲ་བཅུ་གཉིས་ཀྱིས་བསྐོར་བ། དེའི་གཡོན་དུ་སྲུང་མ་སྤྱི་གཏོར་གཏོར་མ་དཔུང་རོང་ལ་བཤོས་ཕྲན་ལྔ་བཅུ་ལས་མི་ཉུང་བས་བསྐོར་བ། ཀུན་ཀྱང་བར་རྣམས་ཐེབས་ཀྱུས་བསྐོར་ཞིང་དར་གདུགས་རྒྱན་སྤྲོས་ཅན་བཀོད། ཤ་དར། ཁྲག་ཐིག །སྨན་སྣ། འབྲུ། ཤིང་ཐོག་སོགས་རང་རང་ལ་འོས་པའི་མཐུན་རྫས་སྣ་ཚོགས་པ་ཅི་འབྱོར་བསྟར་ལེགས་པར་བཀོད། སྟེགས་གསུམ་པར་ཞི་དྲག་གི་མཆོད་པ་མཇུག་སྤྲོད་དང༌། གཏོར་འབུལ། བསྐང་གཏོར། ཚོགས་མཆོད། གསེར་སྐྱེམས་སོགས་བཤམས་དགོས་གང་ཡོད་དང༌། སྒྲུབ་པ་པོ་རྣམས་ཀྱི་མདུན་དུ་ནང་མཆོད། རྡོར་དྲིལ། གཡབ་དར། ཌཱ་མ་རུ། འཐོར་ནས། རྔ་དང༌། རྐང་གླིང༌། རོལ་མོའི་རིགས་བྱེད་སོགས་འདུ་བྱའོ། །གཉིས་པ་བདག་བསྐྱེད་ནི། ཐུགས་སྒྲུབ་རྒྱུན་གྱི་བཀོལ་བྱང་མདོ་སྒྱུ་དང་བཀའ་བརྒྱད་གང་རུང་ངམ། གསང་ཐིག་ཕུར་པ་སོགས་གང་འོས་ཀྱི་བརྒྱུད་འདེབས་ནས་བརྩམས་སྐྱབས་སེམས་བསྐྱེད་བཟླས་བསྡུ་ལྡང་གི་བར་བྱ་བའམ། ཡང་ན་ཆོས་སྐྱོང་དགོངས་འདུས་སྙིང་པོ་ལྟར་བདག་བསྐྱེད་མགོན་པོ་ཧེ་རུ་ཀ་ཉིད་འབྲེལ་ཆེ་བས་ན། བླ་མ་དཔལ་ཆེན་ཧེ་རུ་ཀ༔ མཆོག་གསུམ་དཔའ་བོ་མཁའ་འགྲོ་དང༔ མ་ཧཱ་ཀཱ་ལའི་ཚོགས་བཅས་ལ༔ རྣམ་པ་ཀུན་ཏུ་སྐྱབས་སུ་མཆི༔ ལན་གསུམ་གྱིས་སྐྱབས་འགྲོ་དང༌། སེམས་ཅན་མ་ལུས་ཀུན་དོན་དུ༔ སངས་རྒྱས་བསྟན་པ་བསྲུང་ནས་ཀྱང༔ བདུད་དགྲ་མ་ལུས་ཀུན་བསྒྲལ་ནས༔ རྗེས་སུ་འཛིན་པར་སེམས་བསྐྱེད་དོ༔ ལན་གསུམ་གྱིས་སེམས་བསྐྱེད། དཀོན་མཆོག་རྩ་གསུམ་ཆོས་སྐྱོང་གཤེགས༔ ཉི་ཟླ་པདྨའི་གདན་ལ་བཞུགས༔ ལུས་ངག་ཡིད་གསུམ་གུས་ཕྱག་འཚལ༔ ཕྱི་ནང་གསང་བའི་མཆོད་པ་འབུལ༔ ཉམས་ཆག་སྡིག་སྒྲིབ་མཐོལ་ཞིང་བཤགས༔ གསང་སྔགས་བསྒྲུབས་ལ་རྗེས་ཡི་རང༔ སྨིན་གྲོལ་གསང་སྔགས་ཆོས་འཁོར་བསྐོར༔ མྱ་ངན་མི་འདའ་བཞུགས་སུ་གསོལ༔ སྙིང་པོ་སེམས་ཅན་དོན་དུ་བསྔོ༔ ཡང་དག་རྡོ་རྗེའི་དོན་རྟོགས་ཤོག༔ ལན་གསུམ་གྱིས་བསགས་སྦྱང་བྱ། སྒྲུབ་པའི་ཉིན་དང་པོ་སོགས་ལ་བགེགས་གཏོར་དངོས་སུ་བཤམས་ལ་ཆབ་ཀྱིས་བྲན། རྃ་ཡྃ་ཁྃ༔ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿས་བྱིན་གྱིས་བརླབས། ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བསྔོས་ལ། བཀའ་བསྒོ་དངོས་ནི། ཧཱུྃ༔ ཡེ་ཤེས་མགོན་པོའི་དཀྱིལ་འཁོར་དུ༔ བསྐལ་པའི་མེ་ཕུང་འབར་བ་ལ༔ འབྱུང་པོ་རྡུལ་གྱིས་མི་ཚུགས་པས༔ ལོག་པར་འདྲེན་པ་ཕྱིར་དེངས་ཤིག༔ དྲག་སྔགས་ཐུན་དང་རོལ་མོས་བསྐྲད། ཧཱུྃ༔ སྟེང་འོག་ཕྱོགས་མཚམས་མཚོན་ཆའི་གུར༔ སྐར་ལྟར་འཁྲུགས་ཤིང་སེར་ལྟར་འཁྲིགས༔ གློག་ལྟར་འཁྱུག་ཅིང་ཐོག་ལྟར་འབེབས༔ གཏུམ་དྲག་རོལ་པས་མཚམས་བཅད་དོ༔ ཧཱུྃ༔ ཡེ་ཤེས་མེ་རླུང་ཆུ་འཕྲོས་པས༔ དངོས་འཛིན་དྲི་མ་ཐམས་ཅད་གཏོར༔ དུར་ཁྲོད་རོལ་པའི་གཞལ་ཡས་དབུས༔ དྲག་པོ་བྷཉྫའི་སྣོད་ཡངས་སུ༔ དགྲ་བགེགས་བཀུག་ཅིང་བསྒྲལ་བ་ཡི༔ ཤ་ལྔ་བདུད་རྩི་ཞུ་བའི་བཅུད༔ ཨོཾ་ཨཱཿཧཱུྃ་གི་འོད་ཟེར་གྱིས༔ ཡེ་ཤེས་བདུད་རྩི་སྤྱན་དྲངས་བསྟིམ༔ ཤ་ཁྲག་རུས་པའི་བཟའ་བཏུང་དང༔ དུར་ཁྲོད་རོལ་པའི་བཀོད་པ་སོགས༔ མཆོད་སྤྲིན་སྤྱན་གཟིགས་བསམ་མི་ཁྱབ༔ ཨོཾ་ཨཱཿཧཱུྃ་སརྦ་པཱུ་ཛ་མེ་གྷ་ཨཱཿཧཱུྃ༔ ཧཱུྃ༔ རྣམ་དག་ཆོས་དབྱིངས་ཁྱབ་བརྡལ་ཆེན་པོ་ལ༔ སྙིང་རྗེའི་རང་མདངས་ཧཱུྃ་ཡིག་འབར་བ་ལས༔ འོད་འཕྲོས་སྣོད་བཅུད་སྦྱངས་ནས་ཚུར་འདུས་པ༔ འབྱུང་བ་རིམ་བརྩེགས་དུར་ཁྲོད་ས་གཞི་ལ༔ མཐིང་ནག་གྲུ་གསུམ་གཞལ་ཡས་ཁང་གི་དབུས༔ པདྨ་ཉི་མ་རོ་ཡི་གདན་སྟེང་དུ༔ ཧཱུྃ་ལས་གྲི་གུག་ཧཱུྃ་མཚན་འཕྲོ་འདུ་ལས༔ བདག་ཉིད་ཡེ་ཤེས་མགོན་པོ་ཧེ་རུ་ཀ༔ མཐིང་ནག་དབུ་དགུ་ཕྱག་ནི་བཅོ་བརྒྱད་ཀྱིས༔ འབར་བའི་མཚོན་ཆ་འཛིན་ནས་ཞབས་བརྒྱད་བགྲད༔ དཔལ་དང་དུར་ཁྲོད་ཆས་ཀྱིས་འཇིགས་པར་བརྒྱན༔ ཀྲོ་དྷཱི་ཤྭ་རི་གྲི་ཐོད་འཛིན་དང་འཁྲིལ༔ ཡེ་ཤེས་མེ་འབར་རྡོ་རྗེའི་ཐོག་སེར་འབེབས༔ ཐུགས་ཀར་ཡེ་ཤེས་སེམས་དཔའ་ཧཱུྃ་ཡིག་ལས༔ འོད་འཕྲོས་སྣང་སྲིད་འཁོར་ལོ་རྩིབས་བཅུ་འབར༔ ཧཱུྃ་བཅུ་འཕྲོས་པས་ཁྲོ་རྒྱལ་གྲི་ཐོད་ཅན༔ ཕུར་པའི་དབལ་ཅན་གདོན་བགེགས་སྙིང་ལ་ཟུག༔ ཡེ་ཤེས་མེ་དང་མཚོན་ཆའི་བུ་ཡུག་འཚུབས༔ ཕྲ་མན་མང་པོས་བསད་པའི་ཕྲིན་ལས་མཛད༔ ཅེས་བདག་ཉིད་ཡེ་ཤེས་ཀྱི་མགོན་པོ་ཆེ་མཆོག་ཧེ་རུ་ཀའི་ང་རྒྱལ་བརྟན་པོས། རང་གི་ཐུགས་ཀར་ཉི་མ་ལ་གནས་པའི་རྡོ་རྗེ་སྔོན་པོ་རྩེ་ལྔ་པའི་ལྟེ་བར་ཧཱུྃ་ཡིག་གི་མཐར་སྔགས་ཕྲེང་བེཌཱུརྻའི་ཕྲེང་བ་ལྟ་བུར་གཡས་སུ་འཁོར་བར་བལྟས་ལ་སྤྲོ་བསྡུའི་དམིགས་པ་སྦྱར་ཏེ། ཨོཾ་མ་ཧཱ་ཀཱ་ལ་ཧཱུྃ་ཧཱུྃ་ཕཊ༔ ཅེས་རྩ་སྔགས་འབྲུ་བརྒྱད་པ་བརྒྱ་རྩ་ཉུང་མཐའ་བྱས་པ་དང༌། འཁོར་གྱི་ཁྲོ་བཅུས་སྲུང་བའི་ལས་མཛད་པར་བསམ་ལ། མ་མ་ཀཱ་ཝཱ་ཙི་རཀྵ་ཧཱུྃ༔ སྲུང་སྔགས་ཤམ་སྦྱར་བ་ཉེར་གཅིག་ཙམ་བཟླས་ལ། ཧཱུྃ་ཧཱུྃ་ཧཱུྃ་གིས་ལྷར་སྣང་འོད་གསལ་གྱི་ངང་དུ་བསྡུ། ཕཊཕཊ་ཕཊ་ཀྱིས་ཐུན་མཚམས་ཧེ་རུ་ཀའི་སྐུར་ལྡང་ངོ༌། །གསུམ་པ་མཆོད་རྫས་བྱིན་གྱིས་རླབས་པ་ནི། རྃ་ཡྃ་ཁྃ། སྟོང་པའི་ངང་ལས་བྷྲཱུྃ་ལས་ཡུམ་གྱི་མཁའ་དབྱིངས་གཞལ་ཡས་ཁང༔ བྷཉྫ་འབར་བའི་སྣོད་དུ་ཧཱུྃ་ལས་བདེ་བ་ཆེན་པོའི་མཆོད་སྤྲིན་བསམ་གྱིས་མི་ཁྱབ་པ་སྤྲོ་བར་གྱུར༔ ཨོཾ་བཛྲ་ཨརྒྷཾ་པདྱཱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷཻ་ནེ་ཝི་དྱ་ཤབྡ་ཨཱཿཧཱུྃ༔གིས་བྱིན་གྱིས་རླབས། བདུད་རྩི། རྃ་ཡྃ་ཁྃ༔གིས་བསང་སྦྱང༌། བདུད་རྩི་སྟོང་གསལ་མེ་རླུང་རྣམ་ཐར་གསུམ་གྱི་ཐོད་སྒྱེད་ཀྱི་སྟེང་དུ་བྷྲཱུྃ་ལས་དབྱིངས་ཀྱི་བྷཉྫ་འབར་བ་ཕྱི་དཀར་ལ་ནང་དམར་བ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་སྲིད་པ་གསུམ་གྱི་ཕུང་ཁམས་སྐྱེ་མཆེད་དག་པའི་ཤ་ལྔ༔ བདུད་རྩི་ལྔའི་བཅུད་ཀྱིས་གང་བ༔ རླུང་མེ་སྦྱོར་བས་བྱང་ཆུབ་སེམས་སུ་ཞུ་ནས་ཡེ་ཤེས་ལྔའི་འོད་ཟེར་གྱིས་འཁོར་འདས་ཀྱི་བཅུད་ཐམས་ཅད་བསྡུས་ནས་མཚོ་ལ་ཆར་བབ་པ་བཞིན༔ དམ་ཚིག་ཡེ་ཤེས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋཱ༔ ཞེས་ལན་གསུམ་བཟླས། རཀྟ། རྃ་ཡྃ་ཁྃ༔གིས་བསང་སྦྱང༌། རཀྟ་བྷཉྫ་འབར་བ་ཡུམ་གྱི་མཁའ་དབྱིངས་སུ་ར་ལས་བདེ་བ་ཆེན་པོའི་འོད་ཟེར་འཕྲོས་པས༔ ཁམས་གསུམ་གྱི་ཆགས་པ་ཐམས་ཅད་རཀྟ་ལ་ཐིམ༔ ཡབ་ཀྱིས་རྡོ་རྗེས་གཟིར་ཞིང་དཀྲུགས་པས་ཉོན་མོངས་བག་ཆགས་དང་བཅས་པ་སྦྱངས༔ དམར་ཆེན་གྱི་རྒྱ་མཚོ་ཆེན་པོར་གྱུར༔ ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མན་དྷ་ལ་ཧཱུྃ་ཧྲཱིཿཋཱ༔ ཞེས་ལན་གསུམ་བཟླས། གཏོར་མ། རྃ་ཡྃ་ཁྃ༔གིས་བསང་སྦྱང༌། གཏོར་མ་ཕྱི་སྣོད་ཀྱི་འཇིག་རྟེན་ཐམས་ཅད་བྷཉྫ་འབར་བའི་གཞལ་ཡས་ཁང༔ ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་ཤ་ལྔ་བདུད་རྩི་ལྔའི་ངོ་བོར་ཞུ་བའི་གཏོར་མ་བདུད་རྩིའི་རྒྱ་མཚོ་ཆེན་པོ༔ ཟེགས་མ་ལས་འདོད་ཡོན་མཆོད་པའི་ལྷ་མོ་དཔག་ཏུ་མེད་པ་འཕྲོ་བར་བསམ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་ཏེ་ཛྭ་བ་ལིཾ་ཏ་བ་ལ་བ་ཏེ་གུ་ཧྱ་ཧྲི་ཤྭ་ས་མ་ཡ་ཧཱུྃ་ཧྲཱིཿཋཱ༔ ཞེས་ལན་གསུམ་གྱིས་བྱིན་གྱིས་བརླབ། བཞི་པ་རྩ་གསུམ་སྤྱིའི་གཏོར་འབུལ་ནི། རང་གི་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་པས༔ བླ་མ་ཡི་དམ་མཁའ་འགྲོ་སྤྱན་དྲངས་གྱུར༔ ཧཱུྃ། དམིགས་མེད་མཁའ་ལྟར་ཁྱབ་ཅིང་དག་པའི་སྐུ། །སྤྱན་འདྲེན་གཤེགས་སུ་གསོལ་བར་མི་དམིགས་ཀྱང༌། །ཐུགས་རྗེའི་ངང་ཉིད་ཆོས་སྐུར་དག་པ་ལས། །ཡེ་ཤེས་སྒྱུ་མར་རོལ་ཅིང་གཤེགས་སུ་གསོལ། །ཨོཾ་ཨེ་ཧྱ་ཧི་བྷ་ག་ཝཱན་མ་ཧཱ་ཀ་རུ་ཎི་ཀ་དྲྀ་ཤྱ་ཧོཿ ས་མ་ཡ་ཧོཿ ས་མ་ཡ་སྟྭཾ༔ ཛཿཧཱུྃ་བྃ་ཧོཿ ཞེས་པས་སྤྱན་དྲངས་ལ་མཆོད་པ་ནི། ཧཱུྃ། བླ་མེད་མཆོག་གི་མཆོད་པ་དམ་པ་ནི། །ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ། །འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཏེ། །དམ་ཚིག་བཞིན་ལས་ཅི་བདེར་བཞེས་སུ་གསོལ། །ཨོཾ་ཨཱཿཧཱུྃ་གུ་རུ་མཎྜ་ལ་དེ་བ་ག་ཎ་ས་པ་རི་ཝཱ་རེ་བྷྱཿ བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ་ནས་ཤབྡའི་བར་གྱིས་ཕྱི་མཆོད་དང༌། བཛྲ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི། ཞེས་སྨན་རཀ་སྟོབ། མདུན་གྱི་ནམ་མཁར་བཞུགས་ནས་གཏོར་མའི་བཅུད༔ ཡེ་ཤེས་ལྗགས་ཀྱི་སྦུ་གུས་གསོལ་བར་བསམ༔ གུ་རུ་དེ་ཝ་ཌཱ་ཀི་ནཱི་མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ ཞེས་ལན་གསུམ་མམ་བདུན་གྱིས་གཏོར་མ་ཕུལ། ཧཱུྃ༔ ཆོས་ཀྱི་དབྱིངས་ལས་ཐུགས་རྗེའི་སྐུར་སྤྲུལ་པ༔ དགོངས་བརྡ་སྙན་བརྒྱུད་སྨོན་ལམ་གཏེར་རྒྱ་དང༔ ཤོག་སེར་ཚིག་བརྒྱུད་རིག་འཛིན་བླ་མའི་ཚོགས༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱི༔ ཡི་དམ་ཞི་བ་ཁྲོ་བོའི་ལྷ་ཚོགས་དང༔ ཕྱི་ཡི་གནས་ཡུལ་ནང་གི་རྩ་རླུང་ལ༔ གནས་པའི་མཁའ་འགྲོ་བསམ་མི་ཁྱབ་པ་རྣམས༔ དམ་རྫས་བདུད་རྩིའི་གཏོར་མ་འདི་བཞེས་ལ༔ ཕྱི་ནང་གསང་བའི་བར་ཆད་ཞི་བ་དང༔ བྱིན་རླབས་དངོས་གྲུབ་མ་ལུས་བསྩལ་དུ་གསོལ༔ ཞེས་གཏོར་མ་འབུལ་ཞིང་འདོད་དོན་གསོལ། སྐབས་འདིར་རྩ་གསུམ་སོ་སོའི་གཏོར་འབུལ་དང༌། མཁའ་འགྲོ་སྤྱི་གཏོར་བཅས་འབུལ་བར་འདོད་ན་གཞུང་བཞིན་སྦྱར། དཀྱུས་ཙམ་དུ། རྃ་ཡྃ་ཁྃ། ཨོཾ་ཨཱཿཧཱུྃ༔ ལན་གསུམ། ཧཱུྃ། བླ་མ་ཡི་དམ་མཁའ་འགྲོ་ཆོས་སྲུང་རྣམས། །འདིར་གཤེགས་དགྱེས་པའི་གདན་ལ་བཞུགས་སུ་གསོལ། །བྱིན་རླབས་ཀློང་ཡངས་རྩ་བརྒྱུད་བླ་མ་དང༌། །དངོས་གྲུབ་སྤྲིན་འཁྲིགས་ཡི་དམ་ཞི་ཁྲོའི་ལྷ། །དགོས་འདོད་ཆར་འབེབས་དཔའ་བོ་མཁའ་འགྲོའི་ཚོགས། །མཆོད་གཏོར་འདི་བཞེས་བཅོལ་བའི་ཕྲིན་ལས་མཛོད། །མཁའ་ལྟར་ཁྱབ་བདག་ལེགས་ལྡན་ཚོགས་ཀྱི་བདག །ཡེ་ཤེས་མགོན་པོ་ཕྱག་བཞི་ཕྱག་དྲུག་པ། །ཞལ་བཞི་མ་ནིང་སྐུ་གསུང་ཐུགས་ཡོན་ཏན། །ཕྲིན་ལས་མགོན་པོ་ཡབ་ཡུམ་འཁོར་དང་བཅས། །མཆོད་གཏོར་འདི་བཞེས་བཅོལ་བའི་ཕྲིན་ལས་མཛོད། །མཐུ་སྟོབས་དུས་མཐའི་རླུང་དང་བསྐལ་པའི་མེ། །རྡོ་རྗེ་བེར་ཆེན་ལྷ་མོ་རང་བྱུང་མ། །འདོད་ཁམས་དབང་ཕྱུག་ལྷ་མོ་དུད་སོལ་མ། །སྔགས་སྲུང་ཨེ་ཛཱ་ཊི་སྲོག་སྒྲུབ་མ། །ཤན་པ་དམར་ནག་ལས་བྱེད་དྲེགས་པའི་ཚོགས། །མཆོད་གཏོར་འདི་བཞེས་བཅོལ་བའི་ཕྲིན་ལས་མཛོད། །སྲིད་པའི་རླུང་ཞགས་དབང་ཕྱུག་ལྷ་ཆེན་ཡབ། །ཨུ་མ་དེ་ཝཱི་ཡུམ་བཅས་མཁའ་འགྲོའི་ཚོགས། །ལྷ་སྲིན་ཀུན་གྱི་དམག་དཔུང་སྤྲིན་ལྟར་སྡུད། །དྲང་སྲོང་ཆེན་པོ་གཟའ་མཆོག་རཱ་ཧུ་ལ། །མཆོད་གཏོར་འདི་བཞེས་བཅོལ་བའི་ཕྲིན་ལས་མཛོད། །གཏུམ་ཆེན་རྔམས་པའི་ང་རོ་འབྲུག་ལྟར་སྒྲོགས། །ཞིང་སྐྱོང་སེང་གེའི་གདོང་ཅན་ཡབ་དང་ཡུམ། །རྒྱལ་ཆེན་རྣམ་མང་ཐོས་སྲས་རྟ་སྔོན་ཅན། །དུར་ཁྲོད་བདག་པོ་བདག་མོ་ངས་ནུས་མ། །ལས་ཀྱི་གཤིན་རྗེ་དམ་ཅན་རྡོ་རྗེ་ལེགས། །མཆོད་གཏོར་འདི་བཞེས་བཅོལ་བའི་ཕྲིན་ལས་མཛོད། །ཕྲིན་ལས་དངོས་གྲུབ་ཐོགས་མེད་གློག་ལྟར་འཁྱུགས། །ཚེ་རིང་མཆེད་ལྔ་ཨ་ཕྱི་གཡུ་སྒྲོན་མ། །ཁ་རག་ཁྱུང་བཙུན་མ་སོགས་བརྟན་མའི་ཚོགས། །གནོད་སྦྱིན་ཞང་བློན་བེག་རྩེ་ཚོགས་ཀྱི་བདག །ཛམ་ལྷ་རིགས་ལྔ་རྟ་བདག་ཀུ་བཻ་ར། །ཀུན་འཁྱིལ་མཆེད་གསུམ་ལ་སོགས་ནོར་བདག་རྣམས། །མཆོད་གཏོར་འདི་བཞེས་བཅོལ་བའི་ཕྲིན་ལས་མཛོད། །དྲག་སྔགས་མཐུ་རྩལ་ཐོག་སེར་བཞིན་དུ་འབེབས། །རྟ་ནག་དྲེགས་པ་ཤ་ཟ་ཁ་མོ་ཆེ། །སྡེ་དཔོན་སུམ་བཅུ་སྔགས་བདག་བཅོ་བརྒྱད་དང༌། །ཤྭ་ན་ས་བདག་བདག་ཉིད་སྐྱེས་བུ་སོགས། །གཟའ་གདོང་གིང་ལྔ་བདུད་ཤན་རྩིས་ཀྱི་བདག །མཆོད་གཏོར་འདི་བཞེས་བཅོལ་བའི་ཕྲིན་ལས་མཛོད། །དགྲ་བོའི་སྟེང་དུ་རླུང་ལྟར་ཇག་པར་རྒྱུགས། །སྤུ་གྲི་མཆེད་གསུམ་སྔགས་བདག་སྨྱོ་ཁ་དང༌། །ཇག་པ་མེ་ལེན་ཀླུ་བཙན་སྤུན་བདུན་དང༌། །དྲེགས་པ་སྡེ་ལྔ་པེ་ཧར་ཙི་མ་ར། །ཟབ་གཏེར་བཀའ་ཡི་སྲུང་མ་ཐམས་ཅད་ཀྱིས། །མཆོད་གཏོར་འདི་བཞེས་བཅོལ་བའི་ཕྲིན་ལས་མཛོད། །སྒྲུབ་པའི་མཐུན་རྐྱེན་དབྱར་གྱི་དཔལ་ལྟར་སྤེལ། །ཐང་ལྷ་སྤྲག་གི་བཙན་རྒོད་སྤོམ་ར་ཆེ། །མགུར་ལྷ་བཅུ་གསུམ་དགེ་བསྙེན་ཉེར་གཅིག་དང༌། །ཆོས་འཁོར་སྒྲུབ་གནས་དབེན་གནས་ཆོས་བཞིན་སྐྱོང༌། །གཉུག་མར་གནས་དང་གློ་བུར་ལྷགས་པ་ཡི། །གཞི་བདག་ཕོ་མོ་འཁོར་དང་བཅས་པ་རྣམས། །མཆོད་གཏོར་འདི་བཞེས་བཅོལ་བའི་ཕྲིན་ལས་མཛོད། །སངས་རྒྱས་བསྟན་སྲུང་དཀོན་མཆོག་དབུ་འཕང་བསྟོད། །དགེ་འདུན་སྡེ་རྒྱས་རྣལ་འབྱོར་ཚེ་དཔལ་སྤེལ། །སྙན་པའི་དར་ཕྱོར་གྲགས་པའི་དུང་བུས་ལ། །འཁོར་དང་ལོངས་སྤྱོད་རྒྱས་པ་ཉིད་དུ་མཛོད། །ཞི་རྒྱས་དབང་དྲག་ལས་རྣམས་མ་ལུས་པ། །འབད་མེད་ལྷུན་གྱིས་འགྲུབ་པར་མཛད་དུ་གསོལ། །རྟེན་ལ་བཞུགས་སམ་རང་གནས་ཅི་བདེར་གཤེགས། །སྲིད་ཞིའི་དགེ་ལེགས་རྒྱས་པའི་བཀྲ་ཤིས་ཤོག །གཉིས་པ་དངོས་གཞི་ལ་བཞིའི་དང་པོ་དམ་ཅན། ཆོས་སྐྱོང་དགོངས་འདུས་རྩ་བའི་ཕྲིན་ལས་ནི། ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པ་ཉིད་ཀྱི་ངང་ལས་མདུན་གྱི་ནམ་མཁར་དུར་ཁྲོད་ཀྱི་ས་གཞི་འཇིགས་སུ་རུང་བ་རོ་གསར་རྙིང་སྣ་ཚོགས་གཅལ་དུ་བཀྲམ་ཞིང་ཕུང་པོར་སྤུངས་པ། །ཁྲག་གིས་སྦག་པའི་རོ་ལངས་རྣམས་རྒོད་ཅིང་གར་རྩེ་བ། ལས་ཀྱི་ཤན་པ་འབུམ་ཀུན་ཏུ་རྒྱུ་ཞིང་ཉམས་པ་རྣམས་འགུགས་འཆིང་སྲོག་གཅོད་ཀྱི་ལས་བྱེད་པ། མ་རུང་པའི་སྲོག་ཆགས་གདུག་པ་ཅན་ངུ་འབོད་ཀྱི་སྒྲ་དང་བཅས་པས་ཤ་ཟ་ཞིང་ལང་ལོང་དུ་འཕྱོ་བ། ཕྱོགས་མཚམས་སྟེང་འོག་ཐམས་ཅད་དུ་མེ་རླུང་དམར་ནག་འབར་ཞིང་འཁྲུགས་པས་མཁའ་ལས་ཐོག་སེར་མཚོན་ཆའི་ཆར་འབེབས་ཤིང་དྲག་པོའི་འབྲུག་སྟོང་གི་སྒྲ་གློག་དང་བཅས་པས་འབེབས་པ། ས་གཞིར་མཚོན་ཆའི་རི་ཀླུང་དུག་ཤིང་གི་ནགས་ཚལ་ལ་ནང་རོལ་གྱི་ལྷུ་དུམ་དང་དབང་པོའི་མེ་ཏོག་གིས་བཀྲ་བ། ཁྲག་ཞག་གི་རྒྱ་མཚོ་རྦ་ཀློང་འཁྲུགས་པ་ལ་ཚིལ་བུའི་འབྲུམ་ཆགས་ཤིང་མི་རྟའི་བམ་རོ་ཁྱེར་བ། །ཁྲག་དང་ཤ་ཆེན་རྐང་དང་ཚིལ་བུ་ཀླད་པ་དང་ལྷ་བ་རྣག་དང་ཆུ་སེར་རྣམས་ཀྱིས་གང་བའི་འོབས་རིམ་གྱིས་ཡོངས་སུ་བསྐོར་བ། སྣང་སྲིད་རབ་འབར་དྲག་པོའི་ཞིང་ཁམས་ཆེན་པོ་ལྷུན་གྱིས་རྫོགས་པའི་དབུས་སུ་ཐུགས་ཀའི་ཧཱུྃ་ལས་བྷྲཱུྃ་འཕྲོས་བྷྲཱུྃ་བི་ཤྭ་བི་ཤུདྡྷེ་བཛྲ་ཛྙཱ་ན་མཎྜ་ལ་བྷྲཱུྃ། དེ་ཡོངས་སུ་གྱུར་པ་ལས་དུར་ཁྲོད་འབར་བའི་གཞལ་ཡས་ཁང་ཆེན་པོ་གྲུ་བཞི་སྒོ་བཞི་པ། རྨང་གཞི་ལྕགས་ལས་བྱས་པའི་སྟེང་དུ་ཤར་དུ་སྟག་གི་ཐོད་པ། །ལྷོར་མིའི་ཐོད་པ། ནུབ་ཏུ་རྟ་ཡི་ཐོད་པ། བྱང་བྱ་ཡི་ཐོད་པས་བརྩིགས་པ། སྲིན་པོའི་ཐོད་པའི་ཁ་བད་ཅན། ཉི་ཟླ་གཟའ་སྐར་གྱི་འོད་འཕྲོ་བ། རྒྱུ་མའི་དྲ་ཕྱེད། ཀེང་རུས་ཀྱི་ཀ་གདུང༌། རྐང་དང་རྩིབ་མའི་དྲལ་ཕྱམ། ཞིང་ལྤགས་ཀྱི་ཐོག་ཕུབ་པའི་རྩེར་རྡོ་རྗེའི་ཏོག་གིས་མཚན་པ། སྒོ་བཞི་ལྕགས་ཀྱི་སྒོ་གླེགས་དང་རུས་པའི་རྟ་བབ་ཀྱིས་བརྒྱན་པ། མི་རོའི་རྒྱལ་མཚན། ཞིང་ཆུང་གི་འཕན་གདུགས། རོ་སྐྲའི་རྔ་ཡབ། གློ་སྙིང་གི་འཕྱང་འཕྲུལ་སོགས་འཇིགས་པའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པའི་དབུས་སུ་གནམ་ལྕགས་འབར་བའི་འཁོར་ལོ་ནག་པོ་རྩིབས་བརྒྱད་པའི་ལྟེ་བར་སྲིན་ཡུལ་ལངྐ་པུ་རི་མ་ལ་ཡ་གནམ་ལྕགས་འབར་བའི་རི་བོའི་སྤོར་པདྨ་དང་ཉི་མའི་སྟེང་དུ་མི་རོ་དང་རྟ་རོ་ལ་གནས་པའི་ཧཱུྃ་ལས་གྲི་གུག་ཧཱུྃ་གིས་མཚན་པར་གྱུར། སྥ་ར་ཎ་ཕཊ། དེ་ལས་འོད་ཟེར་འཕྲོས་པས་དགྲ་བགེགས་གདུག་པ་ཅན་ཐམས་ཅད་ཚར་བཅད། སཾ་ཧ་ར་ཎ་ཧཱུྃ། ཚུར་འདུས་ཡོངས་སུ་གྱུར་པ་ལས། ཨོཾ་བྷུརྐུ་མ་ཧཱ་ཀཱ་ལ་ཡ་ཧཱུྃ་ཕཊ། དཔལ་ཆེ་མཆོག་ཡོན་ཏན་གྱི་མགོན་པོ་ལེགས་ལྡན་ཚོགས་ཀྱི་བདག་པོ་ནག་པོ་ཆེན་པོ་རྡོ་རྗེ་སྲིན་པོའི་གཟུགས་ཅན་སྐུ་མདོག་མཐིང་ནག་ཐུང་ཞིང་སྦོམ་ལ་ཡན་ལག་རགས་པ་ཉི་མ་འབུམ་གྱི་གཟི་བརྗིད་ཅན། ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། ཕྱག་གཡས་འབར་བའི་གྲི་གུག་དང་གཡོན་གདུག་པ་ཅན་གྱི་ཁྲག་གིས་གང་བའི་ཐོད་པ་ཐུགས་ཀར་སྟེང་འོག་ཏུ་འཛིན་པ། མཆན་གཡས་སུ་ཙནྡན་གྱི་བེང་ཆེན་གཟིར་བའི་སྟོད་སྨད་ནས་ལྷ་བདུད་ཀྱི་དམག་དཔུང་འགྱེད་པ། སྐུ་ལ་དར་ནག་གི་འཇོལ་བེར་བརྩེགས་མར་གསོལ་ཞིང༌། གསེར་སྐེད་ནོར་བུའི་མིག་ཚང་ཅན་བཅིང་བ། ཐོད་པ་སྐམ་པོ་རིགས་ལྔའི་རྩེ་ཕྲན་ཅན་གྱི་དབུ་རྒྱན་དང༌། རློན་པ་ཁྲག་འཛག་པ་ལྔ་བཅུའི་དོ་ཤལ་འཕྱང་བ། ཡན་ལག་སྦྲུལ་གྱིས་དཀྲིས་ཤིང་མི་ལྤགས་ཀྱི་སྟོད་གཡོག་སོགས་དུར་ཁྲོད་འཇིགས་པའི་ཆས་ཅན། སྭག་ཏིའི་ལྷྭམ་ཡུ་རིང་གསོལ་ནས་གཡོན་བརྐྱང་པའི་སྟབས་ཀྱིས་འགྱིང་ཞིང་བརྗིད་པས་དགྲ་བགེགས་རྣམས་བརྫིས་པ། གཏུམ་ཞིང་མི་སྲུན་པའི་ཉམས་ཅན། སྤྱི་བོར་བྱ་ཁྱུང་ནག་པོ་འཕུར་ཞིང་ལྡིང་བ། སྟ་ཟུར་གཉིས་ན་སེང་གེ་རལ་པ་སྤྲུགས་པ། རྩིབ་ལོགས་ལ་འཕར་དྲེད་འཁྱུག་པ། ཞབས་ལས་སྟག་འཕྲོ་བ། གཡོན་དུ་ཡུམ་ཀྲོ་དྷཱི་ཤྭ་རི་སྔོན་པོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་རལ་པ་ཐུར་དུ་གཏིབས་པ། སྟག་ལྤགས་དང་རེ་ལྡེའི་སྨད་དཀྲིས་ཅན། སྦྲུལ་ཞགས་དང་ཐོད་སྐྱོགས་རུས་བཅུད་འབྲུ་མར་ཁྲག་ཆང་གིས་གང་བ་སྟོབ་པ་དང་བཅས་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་ཀློང་དུ་བཞུགས་པའི་གཡས་སུ་ལས་མགོན་ནག་པོ། ཤར་དུ་ཀིང་ཀ་ར། ལྷོར་གནོད་སྦྱིན་དམར་པོ། ནུབ་ཏུ་གཟའ་བདུད་སྨུག་ནག །བྱང་དུ་འདོད་ཁམས་དབང་ཕྱུག་ནག་པོ་དང་བཅས་པའི་བཀའ་འཁོར་གཽ་རཱི་མ་སོགས་མ་མོ་བརྒྱད། སིཾ་ཧ་མ་སོགས་ཕྲ་མན་བརྒྱད། འབར་མ་བརྒྱད་སོགས་བདུད་རྩི་ཡོན་ཏན་གྱི་བཀའ་སྲུང་རྣམས་དང༌། དབང་ཕྱུག་ཉི་ཤུ་རྩ་བརྒྱད། གྲུ་འདེགས་མ་བཞི། སྒོ་སྲུང་བཞི། སླས་དང་བྱན་མོ་བྲན་མོ་རུ་འདྲེན། གཞན་ཡང་དྲེགས་པའི་སྡེ་དཔོན་སུམ་ཅུ། སྔགས་བདག་དྲེགས་པ་བཅོ་བརྒྱད་དང་བཅས་ཏེ་ཁམས་གསུམ་དབང་དུ་སྡུད་ཅིང་སྲིད་གསུམ་ཟིལ་གྱིས་གནོན་པའི་བདག་ཉིད་ཅན་དུ་བཞུགས་པའོ། །གཙོ་བོའི་མདུན་ཤར་གྱི་རྩིབས་དྲག་པོ་རང་བྱུང་གི་དུར་ཁྲོད་བསིལ་བ་ཚལ་ཆེན་པོར་ཡང་དག་ཐུགས་ཀྱི་མགོན་པོ་ཕྱག་བཞི་པ་མཐིང་ནག་ཞལ་གཅིག་ཕྱག་བཞིའི་དང་པོ་གཉིས་དགྲ་སྙིང་གིས་མཚན་པའི་གྲི་གུག་དང་ཐོད་ཁྲག་སྟེང་འོག་ཏུ་འཛིན་པས་ཡུམ་ལ་འཁྱུད་པ། འོག་མ་གཉིས་ཀྱིས་རལ་གྲི་མེ་འབར་བ་དང་ཁ་ཊྭཱྃ་ག་འཕྱར་བ། ཞབས་གཉིས་རྒྱལ་པོ་རོལ་པའི་འདུག་སྟངས་ཀྱིས་ཡུམ་ཙཎྜི་ཀ་ནག་མོ་གྲི་ཐོད་ཅན་དང་སྦྱོར་བ་དང་པད་ཉི་དགྲ་བགེགས་ཀྱི་གདན་ལ་རོལ་སྟབས་སུ་བཞུགས་པས་ཁྲག་འཐུང་དཔའ་བོའི་ཆ་བྱད་ཡོངས་སུ་རྫོགས་པ་ལ། ཤར་དུ་ལས་མགོན་བྱ་རོག་གདོང༌། ལྷོར་འབར་མ་ནག་མོ། ནུབ་ཏུ་ཤ་ཟ་སེང་གདོང༌། བྱང་དུ་གཟའ་བདུད་སྨུག་ནག །ཤར་ལྷོར་ཚངས་པ་དཀར་པོ། ལྷོ་ནུབ་ཏུ་གཤིན་རྗེ་དམར་ནག །ནུབ་བྱང་དུ་རྡོ་རྗེ་ལེགས་པ། བྱང་ཤར་དུ་གནོད་སྦྱིན་ནག་པོ་རྣམས་དང༌། ཕྱི་རོལ་གྱི་ཁོར་ཡུག་ལ་ཤར་དུ་ནག་པོ་སྟོང༌། ལྷོར་ཤ་ཟ་འབུམ། ནུབ་ཏུ་མ་མོ་བྱེ་བ། བྱང་དུ་གནོད་སྦྱིན་ཁྲི་སོགས་སྤྲུལ་པའི་ཕོ་ཉ་བསམ་གྱིས་མི་ཁྱབ་པ་འགྱེད་པ། གཞན་ཡང་གནས་ཡུལ་མ་མོ་བརྒྱད་ཚན་གཉིས། དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་སྤྲུལ་པ་ཕྱག་བརྙན་དང་བཅས་པ་སོགས་ཡང་དག་ཐུགས་ཀྱི་བཀའ་སྲུང་མ་ལུས་པའི་ཚོགས་དང་བཅས་པས་བསྐོར་བ། ལྷོའི་རྩིབས་གཏུམ་ཆེན་ཨུ་ཙ་ལ་ཡི་དུར་ཁྲོད་ཆེན་པོའི་དབུས་སུ་འཇམ་དཔལ་སྐུའི་མགོན་པོ་སྟག་ཞོན་ནག་པོ་སྤྲིན་ལྟར་གནག་ཅིང༌། ཁྲོ་བོ་རྔམ་བརྗིད་རོལ་པ། ཕྱག་གཡས་ཙནྡན་གྱི་བེང་ཆེན་ནམ་མཁར་ཕྱར་བ། གཡོན་ལྕགས་པར་ཁྲག་གིས་གང་བ་ཐུགས་ཀར་བཟུང་ནས་གསོལ་བ། དར་ནག་གི་བེར་དགུ་བརྩེགས་དང་གསེར་སྐེད་སྭག་ཏིའི་ལྷྭམ་ཡུ་རིང་གསོལ་བ། དུར་ཁྲོད་ཆས་ཀྱིས་བརྒྱན་པ་དཔའ་གཏུམ་སྟག་ཆེན་རྔམ་པ་ལ་ཆིབས་ཅིང་སེང་གེ་རོལ་དུ་ཁྲིད་པ། ལྕགས་ཀྱི་བྱ་ཁྲ་ལྡིང་ཞིང་ཅེ་སྤྱང་དོམ་དྲེད་ཕྱི་ནས་འབྲང་བ། ཡུམ་ལྷ་མོ་དམར་ནག་སྐུ་གསུང་ཐུགས་ཀྱི་མོན་པ། ཤ་ཟན་ཁྲག་འཐུང་སྲོག་གཅོད་བླ་འགུགས་སྙིང་འབྱིན་གཟེར་འདེབས་ཚེ་འཕྲོག་གི་མོན་པ་དང་མ་མོ་མཁའ་འགྲོ་ཤ་ཟ་གྲངས་མེད་པས་བསྐོར་བ། གཞན་ཡང་ལས་ཀྱི་གཤིན་རྗེ་འཆི་བདག་བཅུ་གཉིས་དྲེགས་པ་བཅུ་དྲུག །གིང་བཞི་བདུད་བཞི་རྩིས་པ་བཞི་ཤན་པ་བཞི་ཕྱོགས་སྐྱོང་བཅུ་གཉིས་མ་གཤིན་སུམ་བརྒྱ་དྲུག་བཅུ་སོགས་འཇམ་དཔལ་གཤིན་རྗེའི་བཀའ་སྲུང་དྲེགས་པའི་ཚོགས་དང་བཅས་པ། ནུབ་ཀྱི་རྩིབས་འབར་བའི་དུར་ཁྲོད་འཇིགས་སུ་རུང་བར་པད་ཉི་ཚོགས་ཀྱི་བདག་པོ་གླང་གདོང་ལ་ཕུག་དང་ནོར་བུ་བསྣམས་པ་ཉལ་སྟབས་སུ་མནན་པའི་སྟེང་དུ་པདྨ་གསུང་གི་མགོན་པོ་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་སྐུ་མདོག་སྨུག་ནག་ཕྱག་དྲུག་པ་དང་པོ་གཉིས་གྲི་ཐོད། བར་པ་གཉིས་པདྨ་དང་ཁ་ཊྭཱྃ་ག །ཐ་མ་གཉིས་ཀྱིས་ཐོད་རྔ་དང་རྒྱུ་ཞགས་བསྣམས་པ། སྟག་ལྤགས་མགོ་ཕྲེང་རུས་པ་སྦྲུལ་དང་ཕྱག་ཞབས་དྲིལ་བུ་གཡེར་ཁའི་ཕྲེང་བས་བརྒྱན་པ་ཞབས་གར་སྟབས་ཀྱིས་བཞེངས་སྟབས་སུ་བཞུགས་པས་ཙནྡན་གྱི་སྡོང་པོ་ལ་རྒྱབ་བསྟེན་པ། གཡོན་དུ་དཔལ་ལྡན་ལྷ་མོ་ནག་མོ། མདུན་དུ་གནོད་སྦྱིན་ཀྵེ་ཏྲ་པཱ་ལ། གཡས་སུ་གཤིན་རྗེ་ཊ་ཀི་རཱ་ཛ། རྒྱབ་ཏུ་དབང་ཕྱུག་ཛི་ན་མི་ཏྲ། གཡོན་དུ་བདུད་པོ་ཏྲཀྴད་ནག་པོ་རྣབ་དང༌། གཙང་རིས་ཀྱི་མགོན་པོ་བདུན་ཅུ་རྩ་ལྔ་སོགས་དམ་ཅན་རྒྱ་མཚོའི་དམག་ཚོགས་དང་བཅས་པ་ལ་ཁམས་བརྒྱ། དམུས་ལོང༌། དཔལ་གྱི་ཁྱི་སྤྱང༌། འདབ་གཤོག་འབྲུག་བཞི་གསེར་གྱི་མ་མོ་སོགས་པདྨ་གསུང་གི་བཀའ་སྲུང་གིས་བསྐོར་བ། བྱང་རྩིབས་མེ་རི་འབར་བའི་དུར་ཁྲོད་ཆེན་པོར་ཕྲིན་ལས་ཕུར་པའི་མགོན་པོ་དཔལ་ལྡན་མ་ནིང་ནག་པོ། སྦྲུལ་ནག་གི་རལ་པ་ཐུར་དུ་འཕྱང་བས་ས་གཞིར་ཁྱབ་པ། ཞལ་གཅིག་ཕྱག་གཉིས། གཡས་འབར་བའི་རུ་མཚོན་རྣོན་པོ་གནམ་དུ་ཕྱར་ཞིང་གཡོན་གདུག་པ་ཅན་གྱི་སྙིང་དང་སྦྲུལ་ཞགས་འཛིན་པ། ཙནྡན་གྱི་བེང་ཆེན་སྐེད་ལ་བཙུགས་པའི་སྒོ་གསུམ་ནས་དམག་དཔུང་འགྱེད་པ། གཡོན་བརྐྱང་གི་པད་ཉི་རོ་གདན་སྟེང་འགྱིང་ཞིང་ཡུམ་དཔལ་འབར་མ་དཀར་མོ་དང་བཅས་པ། གཡས་སུ་ལས་མགོན་སྲོག་བདུད། མདུན་ནས་གཡས་སྐོར་གྱིས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་མགོན་པོ། འདོད་ཁམས་དབང་ཕྱུག་རེ་མ་ཏི་ནག་མོ་དང་བཅས་པ་ལ་རུ་འདྲེན་བཀའ་སྡོད་མྱུར་མགྱོགས་ཕོ་ཉའི་ཚོགས་ཀྱིས་བསྐོར་བ། མཐའ་སྐོར་དུ་ཤྭ་ན་མ་བཞི་བདག་ཉིད་མ་བཞི་ས་བདག་མ་བཞི་བསེ་ལྕགས་དུང་གི་སྐྱེས་བུ་ལ་སོགས་པ་ཕུར་པ་ཕྲིན་ལས་ཀྱི་བཀའ་སྲུང་མ་ལུས་ཡོངས་སུ་རྫོགས་པའི་ཚོགས་དང་བཅས་པ། ཤར་ལྷོའི་རྩིབས་སྣང་སྲིད་ཆོས་དབྱིངས་ཡུམ་གྱི་མཁའ་ཀློང་ཆོས་འབྱུང་ཁྲག་མཚོ་ཀེང་རུས་ཀྱི་རི་རབ་སྟེང་དུ་ཐོད་མཁར་འབར་བའི་ཀློང་དུ་སྣང་སྲིད་མ་མོའི་སྤྱི་དཔལ་དབྱིངས་ཀྱི་རྒྱལ་མོ་ཨེ་ཀ་ཛཱ་ཊི་མ་སྨུག་ནག་སྤྱན་གཅིག་རལ་གཅིག་མཆེ་གཅིག་ནུ་གཅིག་དང་ལྡན་པ། ཕྱག་གཡས་ཞིང་དབྱུག་ཕྱར་ཞིང་གཡོན་དགྲ་སྙིང་དང་ལྕགས་སྤྱང་ཁྲ་ཐབས་སུ་འགྱེད་པ། གཅེར་བུ་དུར་ཁྲོད་ཀྱི་ཆས་དང་བཅས་ཏེ་ཞབས་གཉིས་དོར་སྟབས་ཀྱིས་པད་ཉི་དགྲ་བགེགས་ཀྱི་གདན་ལ་བཞེངས་ཏེ་མེ་རླུང་དམར་ནག་དྲག་ཏུ་འཁྲུགས་པའི་དབུས་ན་རོལ་པ། འཁོར་དུ་རྟག་པའི་རྒྱལ་མོ་ལྔ། ཨེ་ཀ་ཛཱ་ཊི་སྤུན་དྲུག །དེའི་བྲན་མོ་བཅུ་བཞི། སྨན་མོ་ལྔ་བཅུ་རྩ་བརྒྱད། ཡང་གཡོག་འབུམ་སྟོང༌། དབང་ཕྱུག་ཉི་ཤུ་རྩ་བརྒྱད། མཁའ་འགྲོ་སུམ་ཅུ་རྩ་གཉིས། གིང་ཆེན་བཅོ་བརྒྱད། ལང་ཀ་བཅུ་དྲུག །ཕོ་ཉ་དྲུག་ཅུ་རྩ་བཞི། འབར་མ་བརྒྱད། མ་མོ་བདུན། སྲིང་མོ་བཞི། ས་བདག་སོ་གཉིས། ཕྱོགས་སྐྱོང་བའི་བུ་མོ་འབུམ་ཕྲག་བཅུ། སྨན་ཕྲན་ཤ་ཟ་བདུད་མོ་འབུམ་ཕྲག་གསུམ། དཀར་སེར་དམར་སྔོ་ནག་སྨུག་འབུམ་ཕྲག་དྲུག་དང༌། ཤྭ་ན་ས་བདག་བདག་ཉིད་མ་བཞི་ལྕམ་དྲལ་ལ་སོགས་ཡེ་ཤེས་ལས་དང་འཇིག་རྟེན་གྱི་མ་མོ་འབུམ་ཕྲག་ཡངས་པའི་ཚོགས་ཀྱིས་བསྐོར་བ། ལྷོ་ནུབ་ཀྱི་རྩིབས་དུར་ཁྲོད་དྲག་པོའི་བཀོད་པ་ལྷུན་གྱིས་རྫོགས་པར་གྲུ་གསུམ་ཨེ་ཡི་གཞལ་མེད་ཁང་གི་ནང་དུ་པད་ཉི་དྲེགས་པའི་གདན་ལ་རིག་འཛིན་གྱི་མགོན་པོ་དཔལ་མགོན་མཐུ་སྟོབས་དབང་ཕྱུག་ཞལ་བཞི་པ་དབུས་མཐིང་གཡས་དཀར་གཡོན་དམར་སྟེང་ཞལ་ལྗང་གུ་ཕྱག་བཞིས་གཡས་གཉིས་གྲི་གུག་དང་རལ་གྲི། གཡོན་གཉིས་ཐོད་ཁྲག་དང་རྡོ་རྗེའི་དབྱུག་ཐོ། ཡུམ་རེ་ཏི་སྔོ་སྐྱ་ཁ་ཊྭཱྃ་དང་ནད་རྐྱལ་འཛིན་པ་དང་སྦྱོར་ཏེ་ཞབས་དོར་སྟབས་ཀྱིས་བཞེངས་པ་དཔལ་དང་དུར་ཁྲོད་ཀྱི་ཆས་ཅན་ཀླུ་གཤིན་གཟའ་སྲིན་གྱིས་འཁོར་དང་བཅས་པ། ཞིང་སྐྱོང་སུམ་ཅུ་རྩ་གཉིས། རྡོ་རྗེའི་ཕོ་ཉ་དྲུག་ཅུ་རྩ་བཞི། གིང་ཆེན་བཅུ་དྲུག་ལ་སོགས་པ་རྡོ་རྗེ་རིན་ཆེན་པདྨ་ལས་ཀྱི་རིགས་ཀྱི་ཡེ་ཤེས་ལས་དང་འཇིག་རྟེན་གྱི་དཔའ་བོ་གིང་ཆེན་ཌཱ་ཀི་ཤུགས་འགྲོ་སོགས་རིག་འཛིན་བླ་མའི་བཀའ་སྡོད་རྒྱ་མཚོས་བསྐོར་བ། ནུབ་བྱང་དུར་ཁྲོད་ཆེན་པོའི་དབུས་སུ་སྣ་ཚོགས་རྡོ་རྗེའི་ལྟེ་བར་ཆོས་འབྱུང་པད་ཟླ་ཉི་མ་དགྲ་བགེགས་ཀྱི་སྟེང་དུ་འཇིག་རྟེན་མཆོད་བསྟོད་ཀྱི་མགོན་པོ་རྡོ་རྗེ་ནག་པོ་ཆེན་པོ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། དྲི་གུག་དང་ཐོད་ཁྲག་ཐུགས་ཀར་སྟེང་འོག་ཏུ་འཛིན་པ། སྨར་སྨིན་དབུ་སྐྲ་གྱེན་དུ་བརྫེས་ཤིང་རྡོ་རྗེའི་གཤོག་པ་འབར་བ་རྡེབས་པ། དུར་ཁྲོད་འཇིགས་པའི་ཆས་ཅན་ཞབས་ཕུར་བུ་འབར་བའི་རྣམ་པ་དགྲ་བགེགས་ཀྱི་སྙིང་གར་གཟིར་བ་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ། ཡུམ་ཆེན་ཨེ་ཀ་ཛཱ་ཊི། ལྷ་མོ་འདོད་ཁམས་དབང་ཕྱུག །ལས་མགོན་པུ་ཏྲ་མིང་སྲིང༌། མཐུ་སྟོབས་ཀྱི་དབང་ཕྱུག་གིང་བདུད་གཟའ་བཙན་ཀླུ་སྲིན་གནོད་སྦྱིན་མ་མོ་སྟེ་དྲེགས་པ་ཆེན་པོའི་སྡེ་དཔོན་སུམ་ཅུ་ལྕམ་དྲལ་བཀའ་སྡོད་ཕོ་ཉའི་ཚོགས་རྣམ་འགྱུར་མི་བཟད་པའི་ཆོ་འཕྲུལ་དང་བཅས་པས་བསྐོར་བ། བྱང་ཤར་རྡོ་རྗེའི་བྲག་ཆེན་གྱི་སྟེང་དུ་པད་ཉི་བདུད་རྟ་ནག་པོ་རླུང་གཤོག་གི་སྟེང་ན་དམོད་པ་དྲག་སྔགས་ཀྱི་མགོན་པོ་ལས་བྱེད་སྲས་མཆོག་ནག་པོ་མི་སྡུག་སྲིན་པོ་ལྟར་ཁྲོས་པའི་ཞལ་ཅན། གཡས་གྲི་གུག་ཕྱར་ཞིང་གཡོན་ཐོད་ཁྲག་འཛིན་པ་དར་ནག་གི་བེར་སོགས་དྲག་པོའི་རྒྱན་ཆས་རྫོགས་པ། ཞབས་ཕྱེད་སྐྱིལ་དུ་བཞུགས་པའི་པང་དུ་རེ་མ་ཏི་མེ་ལོང་དང་ཕུར་པ་འཛིན་པ་དང་འཁྲིལ་སྦྱོར་དུ་བཞུགས་པའི་མཐའ་སྐོར་དུ་ནག་པོ་ཆེན་པོ་ཡབ་ཡུམ་བཅུ་དྲུག །ཕྱོགས་བཅུའི་མགོན་པོ་ཆེན་པོ་བཅུ། དྲེགས་པ་བདུན་ཅུ་རྩ་གཉིས། མ་མོ་བདུན་ཚན་བཞི། སྲིང་མོ་ཆེན་མོ་བཞི། འབར་མ་བརྒྱད། དུས་བཞིའི་རྒྱལ་མོ་བཞི། དམག་གི་རྒྱལ་མོ་བཞི་སོགས་སྲིད་གསུམ་དྲེགས་པའི་དམག་ཚོགས་རྒྱ་མཚོས་ཡོངས་སུ་བསྐོར་པ། གཞན་ཡང་སྟེང་འོག་བར་གྱི་སྡེ་བརྒྱད་དྲེགས་པ་དྲག་སྔགས་ཀྱི་བདག་པོའི་ཚོགས་བསམ་གྱིས་མི་ཁྱབ་པ་དང་བཅས་པ་སྟེ། དེ་ལྟར་སྲིད་གསུམ་གདུག་པའི་ཚོགས་ཀུན་མཐར་བྱེད་དྲག་པོ་ཆོས་སྐྱོང་དགོངས་པ་འདུས་པའི་གཙོ་འཁོར་བཀའ་སྡོད་སྤྲུལ་པའི་སྡེ་ཐམས་ཅད་གཏུམ་རྔམ་མི་བཟད་པའི་ཉམས་འགྱུར་སྣ་ཚོགས་པའི་ཆོ་འཕྲུལ་གྱིས་ཕྲིན་ལས་འདོད་རྒུར་རང་དབང་བསྒྱུར་ཞིང་སྒྲུབ་པ་པོའི་རེ་བ་སྐོང་བས་ནམ་མཁའ་བར་སྣང་ས་གཞི་ཐམས་ཅད་ཡོངས་སུ་གང་བར་གྱུར། གཙོ་འཁོར་ཐམས་ཅད་ཀྱི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། ཧཱུྃ་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས་རང་བཞིན་ལྷུན་གྱིས་གྲུབ་པའི་གནས་མཆོག་མ་ལ་ཡ་གནམ་ལྕགས་འབར་བའི་རི་བོ་དུར་ཁྲོད་ཆེན་པོ་བརྒྱད་ལ་སོགས་པ་རང་བཞིན་གྱི་གནས་ནས་དྲག་པོ་ཆོས་སྐྱོང་དགོངས་འདུས་ཀྱི་ལྷ་ཚོགས་འཁོར་དང་བཅས་པ་མདུན་གྱི་ནམ་མཁར་སྤྲིན་ཕུང་གཏིབ་པ་བཞིན་བྱོན་པར་བསམ་ལ་ལྕགས་ཀྱུའི་ཕྱག་རྒྱ་བཅིང་སྟེ། ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ༔ ཨོཾ་བྷུརྐུ་མ་ཧཱ་ཀཱ་ལ་ས་མ་ཡ་ཧྲཱིཾ་ཧྲཱིཾ་ཨཾ་ཀུ་ཤ་ཛཿཛཿཞེས་དང༌། ཧཱུྃ༔ ཆོས་དབྱིངས་དུར་ཁྲོད་མེ་རི་འབར༔ གནས་ཡུལ་ཆོས་འཁོར་ཐམས་ཅད་ནས༔ ཡེ་ཤེས་མགོན་པོ་ལྕམ་དྲལ་དང༔ ལས་ཀྱི་མགོན་པོ་འཁོར་དང་བཅས༔ དྲེགས་པའི་མགོན་པོ་མ་མོའི་ཚོགས༔ བསྟན་སྲུང་ཐམས་ཅད་སྤྱན་འདྲེན་ན༔ མྱུར་བ་ཉིད་དུ་གཤེགས་སུ་གསོལ༔ ཧཱུྃ༔ ཆོས་དབྱིངས་རྣམ་དག་ངང་ལས་མ་གཡོས་ཀྱང༔ གདུག་པ་འདུལ་ཕྱིར་ཁྲོ་བོའི་སྐུར་སྟོན་པ༔ སྲིན་པོའི་གཟུགས་ཅན་གདུག་པ་སྤྱན་འདྲེན་ན༔ ཐུགས་རྗེའི་དབང་གིས་གནས་འདིར་གཤེགས་སུ་གསོལ༔ འཇིགས་རུང་ལང་ཀའི་གྲོང་ཁྱེར་ཆེན་པོའི་དབུས། །རྒྱུད་སྡེ་རྒྱ་མཚོའི་འབྱུང་གནས་མ་ལ་ཡ། །དྲག་ཤུལ་ཏན་གན་སྤྱོད་པའི་ཚོགས་ཁང་ནས། །ལེགས་ལྡན་རྡོ་རྗེ་སྲིན་པོ་གཤེགས་སུ་གསོལ། །རྡོ་རྗེ་གདན་དང་ཤྲཱི་ན་ལེནྡྲར། །ཡང་དག་ཐུགས་ཀྱི་མགོན་པོ་ཕྱག་བཞི་པ། །ཡུམ་ཆེན་ཙཎྜི་ལས་མགོན་སྤྲུལ་འཁོར་བརྒྱད། །ཕོ་ཉ་བྱ་གཅན་ཚོགས་བཅས་གཤེགས་སུ་གསོལ། །དོན་ལ་འོག་མིན་རྣམ་པ་ཨུ་ཙ་ལ། །སྣང་མཛད་རྡོ་རྗེའི་རིགས་ཀྱི་ཁྲག་འཐུང་ཆེ། །སྐུ་ཡི་མགོན་པོ་གཏུམ་ཆེན་སྟག་ཞོན་ནག །མ་གཤིན་མོན་པའི་ཚོགས་བཅས་གཤེགས་སུ་གསོལ། །ལྷོ་ཕྱོགས་རབ་འཇིགས་དུར་ཁྲོད་བསིལ་བའི་ཚལ། །པདྨ་གསུང་གི་མགོན་པོ་ཕྱག་དྲུག་པ། །འདོད་ཁམས་དབང་ཕྱུག་གནོད་སྦྱིན་གཤིན་རྗེའི་དབང༌། །ཏྲཀྴད་དཔལ་མགོན་སྡེ་བཅས་གཤེགས་སུ་གསོལ། །འོག་མིན་གནས་དང་ས་གསུམ་འཇིག་རྟེན་ནས། །ཕུར་པ་ཕྲིན་ལས་མགོན་པོ་མ་ནིང་ནག །ཡུམ་ཆེན་སྐུ་གསུང་ཐུགས་ཡོན་ཕྲིན་ལས་མགོན། །རེ་ཏི་ཕོ་ཉ་བཅས་ཀུན་གཤེགས་སུ་གསོལ། །ཆོས་དབྱིངས་རྣམ་ཐར་གསུམ་རྫོགས་མཁའ་དབྱིངས་ནས། །སྣང་སྲིད་མ་མོའི་སྤྱི་དཔལ་ཨེ་ཀ་ཙ། །ཡེ་ཤེས་འཇིག་རྟེན་ལས་ཀྱི་མ་མོ་འབུམ། །ལྕམ་དྲལ་བཀའ་སྡོད་འཁོར་བཅས་གཤེགས་སུ་གསོལ། །ལྷོ་ཕྱོགས་དཔལ་གྱི་རི་དང་ཏི་སེ་ནས། །རིག་འཛིན་མགོན་པོ་ཞིང་སྐྱོང་ཞལ་བཞི་པ། །ཡུམ་ཆེན་རེ་ཏི་ཀླུ་གཤིན་གཟའ་སྲིན་པོ། །འཁོར་གྱི་སྡེ་བརྒྱད་དཔུང་བཅས་གཤེགས་སུ་གསོལ། །འོག་མིན་གནས་དང་རྡོ་རྗེ་གདན་སོགས་ནས། །འཇིག་རྟེན་མཆོད་བསྟོད་མགོན་པོ་རྡོ་རྗེ་གུར། །མ་གཤིན་སྡེ་དཔོན་སུམ་ཅུ་ལ་སོགས་པ། །དྲེགས་པའི་འཁོར་དང་བཅས་ཀུན་གཤེགས་སུ་གསོལ། །གསང་ཆེན་ལྷུན་གྲུབ་གཙུག་ལག་ཁང་ཆེན་ནས། །དམོད་པ་དྲག་སྔགས་སྲས་མཆོག་མགོན་པོ་བེར། །ནག་པོ་བཅུ་དྲུག་ཕྱོགས་སྐྱོང་མ་སྲིང་འབར། །དུས་བཞིའི་དམག་རྒྱལ་ཚོགས་བཅས་གཤེགས་སུ་གསོལ། །སྟོབས་བཅུ་མཐར་ཕྱིན་ཡེ་ཤེས་རྡོ་རྗེའི་མཚོན། །རྣམ་འགྱུར་འབར་བའི་ཞེ་སྡང་སྲིན་པོའི་གཟུགས། །བདེ་ཆེན་ཐབས་མཆོག་མ་ཧཱ་ཀཱ་ལ་ཆེ། །སྲིད་གསུམ་ཟིལ་གནོན་འབར་བའི་གར་གྱིས་གཤེགས། །ངོ་བོ་ཆོས་ཉིད་གཅིག་གི་རོལ་པ་ལས། །རྣམ་པ་གསང་བ་མི་ཟད་རྒྱན་གྱི་འཕྲུལ། །བདེ་གཤེགས་སྒྲུབ་སྡེ་བརྒྱད་ཀྱི་བཀའ་སྡོད་ཚུལ། །འབར་བའི་སྤྲུལ་འཁོར་བཅས་ཏེ་གཤེགས་སུ་གསོལ། །ཨོཾ་ཨེ་ཧྱ་ཧི་ཤྲཱི་མ་ཧཱ་ཀཱ་ལ་ཛྙཱན་ནཱ་ཐ་དྷརྨ་པཱ་ལ་ག་ཎ་མཎྜ་ལ་ས་པ་རི་ཝཱ་ར་མ་ཧཱ་ཀ་རུཎི་ཀ་དྲྀ་ཤྱ་ཧོ་ས་མ་ཡ་སྟྭྃ་ཨཱ་ཀརྵ་ཡ་ཧཱུྃ་ཛཿ ཨེ་ཨཱ་རལླི་ཧྲཱིཾ་ཧྲཱིཾ་ཛཿཛཿས་སྤྱན་དྲངས། ཧཱུྃ། སངས་རྒྱས་བསྟན་པ་སྲུང་བའི་མཐུ་རྩལ་ཅན། །མ་ཧཱ་ཀཱ་ལ་ཡབ་ཡུམ་འཁོར་དང་བཅས། །དྲག་པོའི་གཞལ་ཡས་དཀྱིལ་འཁོར་ཆེན་པོ་འདིར། །གཉིས་མེད་བརྟན་པར་བཞུགས་ལ་ཕྲིན་ལས་མཛོད། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ག་ཎ་མཎྜ་ལ་ས་པ་རི་ཝཱ་ར་ས་མ་ཡ་ཏིཥྛནྟུ། དམ་ལ་བཞག་ནི། ཡི་དམ་གྱི་ང་རྒྱལ་བརྟན་པོའི་རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་མགོན་པོ་འཁོར་བཅས་ཀྱི་སྤྱི་བོར་བཞག་པར་མོས་ཏེ། ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཨོཾ་བཛྲ་ས་མ་ཡ་ཧ་ན་ཧ་ན་ཧཱུྃ་ཕཊ༔ དཔལ་རྡོ་རྗེ་སྲིན་པོ་ཁྲག་འཐུང་ནག་པོ་ཆེན་པོ་དྲག་པོ་ཆོས་སྐྱོང་དགོངས་པ་འདུས་པའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱིས་ཞི་བ་རྡོ་རྗེ་དབྱིངས། ཁྲག་འཐུང་ཁྲོ་བོའི་རྒྱལ་པོ་བདེ་གཤེགས་སྒྲུབ་པ་བཀའ་བརྒྱད། སློབ་དཔོན་སངས་རྒྱས་གཉིས་པ། རྗེ་འབངས་སྙིང་གི་བུ་དགུ། ལྷ་སྲས་ཆོས་ཀྱི་བློ་གྲོས། གཏེར་ཆེན་མཆོག་གྱུར་གླིང་པ། ཀུན་མཁྱེན་རྡོ་རྗེ་གཟི་བརྗིད། འཇམ་མགོན་པདྨ་གར་དབང༌། གཏེར་སྲས་དབང་མཆོག་རྡོ་རྗེ། རིག་འཛིན་ཚེ་དབང་ནོར་བུ། མཁན་ཆེན་རིན་ཆེན་དར་རྒྱས། པདྨ་ཐེག་མཆོག་བསྟན་འཛིན། ཁྱབ་བདག་དཔལ་མགོན་བླ་མ་པདྨ་ཡེ་ཤེས་རྡོ་རྗེའི་བར་དུ་བྱོན་པའི་རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་དམ་པ་རྣམས་ཀྱི་བཀའ་དང་དམ་ལས་མ་འདའ་བར་སངས་རྒྱས་ཀྱི་བསྟན་པ་སྲུངས། དཀོན་མཆོག་གི་དབུ་འཕང་བསྟོད། དགེ་འདུན་དང་ཆོས་ཀྱི་རྒྱལ་སྲིད་སྐྱོངས། འཇིག་རྟེན་གྱི་རྒུད་པ་སོལ། སེམས་ཅན་གྱི་ཕན་བདེ་སྤེལ། རྣལ་འབྱོར་པ་རྣམས་ཀྱི་སྡོང་གྲོགས་མཛོད། སྔགས་འཆང་རྣམས་ཀྱི་ཕྲིན་ལས་སྒྲུབས། སྡང་བའི་དགྲ་ཐུལ། གནོད་པའི་བགེགས་ཆོམས། ཁྱད་པར་དམ་ཚིག་འདིར་འདུས་པ་རྣམས་ཀྱི་ཕྱི་ནང་གསང་བའི་འགལ་རྐྱེན་ཞི་བ་དང༌། མཐུན་རྐྱེན་སྨོན་པའི་ལེགས་ཚོགས་ཐམས་ཅད་འཕེལ་ཞིང་རྒྱས་པ་དང་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་མྱུར་དུ་འགྲུབ་པའི་ཕྲིན་ལས་མཛོད་ཅིག །ཅེས་དམ་ཚིག་གི་གཉེར་གཏད་དོ། ཧཱུྃ། ཆོས་སྐུ་འགྱུར་མེད་དཔལ་ལྡན་ནག་པོ་ཆེ། །ཕྲིན་ལས་ལྷུན་གྲུབ་ཡེ་ཤེས་མགོན་པོའི་ཚོགས། །དགྲ་བགེགས་ཀུན་འདུལ་ཆོས་སྐྱོང་ཡོངས་ཀྱི་རྗེ། །མགོན་པོ་འཁོར་དང་བཅས་ལ་ཕྱག་འཚལ་ལོ། །ཨ་ཏི་པཱུ་ཧོ། པྲ་ཏཱིཙྪ་ཧོཿ ཞེས་པས་ཕྱག་བྱ། ཧཱུྃ། ཧེ་རུ་ཀ་དཔལ་གཏུམ་ཆེན་རྔམས་པའི་གཟུགས། །ཡེ་ཤེས་ཀློང་དགུའི་མགོན་པོ་འཁོར་བཅས་ལ། །དྲི་བཟང་སྦྱར་བའི་ཆབ་ཀྱིས་ཞབས་བསིལ་ཞིང༔ ཡན་ལག་བརྒྱད་ལྡན་བདུད་རྩིས་སྐུ་ཁྲུས་གསོལ༔ མེ་ཏོག་རིན་ཆེན་རྒྱན་ཕྲེང་རྣམ་པར་བཀྲ༔ སྦྱར་སྤོས་བསང་དུད་སྣ་ཚོགས་སྤྲིན་ཕུང་གཡོ༔ གཟུགས་མཛེས་སྣང་གསལ་ཚོགས་ནི་ཉི་ལྟར་གསལ༔ ཐུགས་ལ་བདེ་བ་སྐྱེད་པ་བྱུགས་པའི་བཅུད༔ རོ་བརྒྱའི་ཞལ་ཟས་ཤིང་ཏོག་ལ་དུ་དང༔ འབྲས་ཆན་ཁུར་བ་དཀར་གསུམ་མངར་གསུམ་ཚོགས༔ གདུག་པ་བསྒྲལ་བའི་ཤ་ཁྲག་དོན་སྙིང་རྣམས༔ རྣམ་པ་སོ་སོའི་དགྱེས་བསྐྱེད་མཆོད་པའི་སྤྲིན༔ ངོ་བོ་ཡེ་ཤེས་སྒྱུ་མའི་རྣམ་རོལ་དུ༔ ནམ་མཁའ་གང་བར་མོས་བློས་སྤྲུལ་ནས་སུ༔ སྙན་པའི་དབྱངས་དང་ངོ་མཚར་རོལ་མོའི་ཚོགས༔ སྤྱན་གཟིགས་ཟློས་གར་བསམ་མི་ཁྱབ་པ་བཅས༔ འབུལ་ལོ་དགྱེས་པར་བཞེས་ལ་ཕྲིན་ལས་མཛོད༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་ཨརྒྷྃ་ནས། ཤབྟ་པཉྩ་ཀཱ་མ་གུ་ཎ་པྲ་ཏཱིཙྪ་ཧོཿ ཧཱུྃ༔ དྲག་པོར་གཤེགས་པའི་ཁྲག་གི་མཆོད་ཡོན་འབུལ༔ དུག་ཆུས་ཞབས་བསིལ་དགྲ་བགེགས་གདན་ལ་བཞུགས༔ མགོ་ཕྲེང་དབང་པོའི་མེ་ཏོག་སྐུ་ལ་བརྒྱན༔ འདྲེ་འཇིགས་ཚིལ་ཆེན་བསྲེགས་པའི་དུད་སྤྲིན་གཏིབས༔ ཞུན་ཆེན་རོ་རས་བསྐལ་པའི་མེ་ཆེན་སྦར༔ ཁྲག་ཞག་མཁྲིས་པའི་དྲི་ཆབ་རྒྱ་མཚོར་བསྐྱིལ༔ ཤ་དང་རུས་པའི་ལྷུན་པོ་ཆེར་སྤུངས་ཏེ༔ བདུད་རྩི་རྩ་བརྒྱད་སྟོང་སྦྱར་དཔའ་བོའི་ཕུད༔ འབྲུ་སྣ་ཤིང་ཏོག་བཟའ་དང་བཏུང་བའི་ཚོགས༔ ཕྱི་ནང་གསང་མཆོད་འབུལ་ལོ་བཞེས་སུ་གསོལ༔ སྔོན་གྱི་ཁས་བླངས་དམ་ལས་མ་གཡེལ་བར༔ བསྟན་པ་སྲུང་བའི་ཕྲིན་ལས་མཛད་དུ་གསོལ༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་ཤྨ་ཤཱ་ན་པཱུ་ཛ་ཨརྒྷཾ་ནས། ཤབྡ་པྲ་ཏཱིཙྪ་ཧོཿ ཧཱུྃ༔ ཉོན་མོངས་ཀུན་འཇོམས་བྱང་སེམས་བདུད་རྩིའི་སྤྲིན༔ ཆགས་མེད་རཀྟ་དམར་ཆེན་རྦ་རླབས་གཡོ༔ འདོད་ཡོན་གཏོར་མ་ཀུན་བཟང་མཆོད་སྤྲིན་གཏིབས༔ དགའ་བཞི་སྐྱེད་པའི་ལྷ་མོ་བསམ་མི་ཁྱབ༔ གདུག་པའི་ཚོགས་བསྒྲལ་དཔའ་གཏུམ་རྔམས་བརྗིད་ཤུགས༔ ཕྱོགས་ལས་རྣམ་རྒྱལ་རྒྱལ་མཚན་སྒྲེང་བའི་དཔལ༔ དགྱེས་པ་སྐྱེད་ཕྱིར་ཁྲག་འཐུང་འཁོར་བཅས་ལ༔ ཡེ་ཤེས་ཀློང་དུ་རོ་གཅིག་མཆོད་པ་འབུལ༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་མ་ཧཱ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་མ་ཧཱ་སུ་ཁ་དགྲ་བགེགས་མཱ་ར་ཡ་ཕཊ་པཱུ་ཛ་ཧོཿཞེས་ཕྱི་ནང་གསང་བ་བླ་ན་མེད་པའི་མཆོད་པས་མཉེས་པར་བསམ་མོ། །གཉིས་པ་ཕོ་རྒྱུད་དྲེགས་པ་ཀུན་འདུས་ཀྱི་ཕྲིན་ལས་ནི། ཨོཾ་མ་ཧཱ་ཤཱུ་ནྱ་ཏ་སོགས། སྟོང་པའི་ངང་ལས་དྲག་པོ་ཆོས་སྐྱོང་དགོངས་འདུས་རྩ་བའི་དཀྱིལ་འཁོར་ཆེན་པོའི་གཡས་དུར་ཁྲོད་ཀྱི་ས་གཞི་ལ་ཐོད་པའི་གཞལ་ཡས་ཁང་གི་དབུས་སུ་ཁྲག་མཚོ་འཁྲུགས་པའི་ཀློང་དུ། བདག་གི་ཐུགས་ཀ་ནས་ཧཱུྃ་འཕྲོས་པས༔ དེ་ལས་གཟའ་བདུད་ནག་པོ་མགོ་བོ་དགུ་པ་བྱ་རོག་གི་ཞལ་དང་བཅུ༔ ཞལ་གདངས་ཤིང་ང་རོ་སྒྲོགས་པ༔ སྤྱན་བགྲད་ཅིང་ཕྱག་དང་པོ་གཉིས་ཀྱིས་སྦྲུལ་ཞགས་དང་ཆུ་སྲིན་གྱི་རྒྱལ་མཚན་འཛིན་པ༔ འོག་མ་གཉིས་ཀྱིས་རྭའི་མདའ་གཞུ་འགེངས་པ༔ སྐུ་སྨད་སྦྲུལ་དུ་འཁྱིལ་བ༔ ལུས་ཀུན་མིག་གིས་གང་བ་མེ་རླུང་འཚུབས་པའི་དབུས་སུ་བཞུགས་པ༔ དེའི་འཁོར་དུ་བིཥྞུ་ར་ཙ་ལ་སོགས་རཱ་ཧུ་ལ་བརྒྱད༔ ཉི་མ་ལ་སོགས་པའི་གཟའ་ཆེན་བརྒྱད༔ རྒྱུ་སྐར་ཉི་ཤུ་རྩ་བརྒྱད༔ གདོང་མོ་མཆེད་བཞི་རྣམས་གསལ་བར་གྱུར༔ དེའི་ཕྱི་རོལ་དུ་མདུན་ནས་གཡས་སྐོར་གྱིས་བདུད་མགོན་སེང་གེའི་གདོང་ཅན་རལ་པའི་གསེབ་ནས་སེང་ཆུང་སྤྲོ་བ། གཡས་རྩེ་གསུམ་པའི་དར་ནག་གི་བ་དན་ཕྱར་ཞིང་གཡོན་ཐོད་པར་དམར་གཏོར་ཁྱེར་བ། དར་ནག་གི་བེར་དང་འཁོར་གསུམ་སྐེད་ལ་བསྐོར་ནས་བདུད་རྟ་ནག་པོ་རྟིང་དཀར་ལ་ཞོན་པ། ཡུམ་སེང་གདོང་དམར་མོ་རྟ་དམར་ལ་ཞོན་པ། གཡས་རྩེ་གསུམ་ཕྱར་ཞིང་གཡོན་དགྲ་སྙིང་ཡབ་ལ་སྟོབ་པ། མདུན་དུ་བམ་རོ་ཕོ་མོ་སྤྲེའུ་སྤྱི་ཚུགས་སུ་ལག་གཉིས་ལྕགས་ཀྱི་སྡེར་མོ་བགྲད་པ་ས་ལ་བཙུགས་ནས་རྒྱུག་པ། རྐང་པས་དམར་གཏོར་དགྲ་ལ་འཕེན་པ། ལས་བྱེད་ཤ་ཟ་སྡེ་བརྒྱད་སྣང་སྲིད་ལྷ་མ་སྲིན་དྲེགས་པ་ཅན་ཐམས་ཅད་ཀྱིས་བསྐོར་བ། ལས་མགོན་སྲོག་བདུད་ཏྲཀྴད་ནག་པོ་རུ་མཚོན་དང་མདུང་ཞགས་ཐོགས་ནས་ཁྲམ་ཤིང་སྐེད་ལ་བཙུགས་ཤིང་མདའ་གཞུ་གྲུ་ལ་བཀལ་བ། འཆི་བདག་ལས་ཀྱི་གཤིན་རྗེ་མ་ཧེ་ཁྲོས་པའི་གདོང་ཅན་རྭ་རྩེ་ལས་མེ་འབར་བ། ཐོད་དབྱུག་དང་ཐོད་ཁྲག་ཐོགས་པ། ཆུ་གླང་གི་སྟེང་ན་འགྱིང་པའི་གཅེར་བུ་རྒྱན་མེད་རང་རྟགས་བསྒྲེངས་པ་ལས་མེ་འབར་བ། ཞབས་དོར་སྟབས་ཅན་གཡོན་དུ་ཙ་མུནྟྲི་མ་ཧེའི་གདོང་ཅན་ལྕགས་ཀྱུ་དང་ཐོད་པ་འཛིན་པས་ཡབ་ལ་གདོང་ཕྱོགས་པས་བརྩེ་བ། འཁོར་དུ་ལས་ཀྱི་གཤིན་རྗེ་ཡ་མ་དཎྜི་སོགས་བརྒྱད་དང༌། ལོ་ཟླ་ཞག་གི་གཤིན་རྗེ་སྡེ་བརྒྱད་དྲེགས་པ་མ་གཤིན་བདུན་བརྒྱ་ཉི་ཤུ་ཚོགས་དང་བཅས་པ། གནོད་སྦྱིན་བེཀྩེ་དམར་པོ་བསྭེ་རྨོག་བསྭེ་ཁྲབ་གསོལ་ཞིང་ཟངས་གྲི་མདའ་གཞུ་དང་བཅས་པའི་དགྲ་སྙིང་འཛིན་ཅིང་མཆན་དུ་བསྭེ་མདུང་འཆང་བ། སྐྱེས་མཆོག་བཛྲ་སཱ་དྷུ་དམར་པོ་རྡོ་རྗེ་དང་དགྲ་སྙིང་འཛིན་པ། དབུ་ལ་ཐང་ཞུ་དམར་པོ་རྡོ་རྗེའི་ཏོག་ཅན་གསོལ་ཞིང་སེང་གེ་ལ་ལ་ཆིབས་པ། ཡུམ་རྡོ་རྗེ་གཡུ་སྒྲོན་མ་མདའ་དར་དང་མེ་ལོང་འཛིན་པ་སྨན་བཙུན་གྱི་ཆས་ཅན་ཤ་བ་ཡུ་མོ་ཆིབས་པ། མཆེད་ཟླ་སུམ་བརྒྱ་དྲུག་ཅུ། དགྱེས་སྡེ་བརྟན་མ་བཅུ་གཉིས་ཟ་བྱེད་མཆེ་བ་ཅན་སོགས་ཀྱིས་བསྐོར་བ། ཀླུ་བཙན་འབར་བ་སྤུན་བདུན་བསྭེ་རྨོག་བསྭེ་ཁྲབ་ཅན་མདུང་དང་ནོར་བུའི་མཚན་པའི་ཞགས་པ་བསྣམས་ནས་རྟ་རྒོད་བྲ་བོ་མི་ཟན་ལ་ཆིབས་པ། རྒྱལ་ཆེན་པེ་ཧ་ར་དར་ནག་གི་བེར་དང་དོམ་སློག་དབུ་ལ་ཐིབས་ཞུ་གསོལ་བ། བདུད་ཞགས་དང་པུ་གྲི་ཐོགས་ནས་བ་གླང་སྣ་རིང་ལ་ཆིབས་ནས་རོལ་དུ་གློག་དམར་ཁྲིད་པ། བཙན་རྒྱལ་ཤུ་བ་སྲོག་ཟན་མདུང་དམར་དང་ཞགས་པ་ཅན། ལྷའི་དགེ་བསྙེན་དཔལ་ལྡན་ཤེས་རབ་ལྷའི་ཆས་ཅན་ཤེལ་མདོག་རྒྱལ་མཚན་དཀར་པོ་དང་གླེགས་བམ་ཐོགས་པ། བདུད་རྒྱལ་སྐོས་རྗེ་དྲང་དཀར་ནག་པོ་བདུད་ཀྱི་ཆས་ཅན་མདུང་ཞགས་འཕེན་པ། ཀླུ་བདུད་སོག་མ་མེད་ཀླུའི་ཆས་ཅན་མདུང་དང་སྦྲུལ་ཞགས་ཐོགས་པ། རྡོ་རྗེ་གནོད་སྦྱིན་ནོར་བདག་སེར་པོ་གནོད་སྦྱིན་གྱི་ཆས་ཅན་རྒྱལ་མཚན་དང་ནེའུ་ལེ་འཛིན་པ་རང་མདོག་གི་བེར་གསོལ་ཞིང༌། གཏེར་སྲུང་དྲེགས་པ་སྡེ་ལྔ་རང་མདོག་གི་རྟ་ལ་ཞོན་པ། རང་རང་གི་བཀའ་འཁོར་ལས་བྱེད་སྤྲུལ་པའི་དམག་ཚོགས་བྱེ་བ་འབུམ་གྱིས་བསྐོར་བ། གཞན་ཡང་དེ་དག་གི་ཕྱི་རོལ་དུ་སྟེང་གི་ལྷ་བརྒྱད། འོག་གི་ཀླུ་བརྒྱད། བར་སྣང་གི་གཟའ་བརྒྱད། འཇིགས་བྱེད་ཆེན་པོ་དགུ་དང༌། ཕྱོགས་སྐྱོང་ཆེན་པོ་བཅུ། རྒྱུ་སྐར་ཉི་ཤུ་རྩ་བརྒྱད། རྒྱལ་པོ་ཆེན་པོ་བཞི་ལ་སོགས་པ་གཙང་རིས་ཀྱི་མགོན་བདུན་ཅུ་རྩ་ལྔ་ལ་སོགས་སྲིད་གསུམ་འབྱུང་པོའི་ཚོགས་ཐམས་ཅད་རྣམ་འགྱུར་དང་ཆ་ལུགས་མ་ངེས་པའི་ཚོགས་དུ་མ་ཆར་སྤྲིན་འཁྲིགས་པ་ལྟ་བུས་བསྐོར་ཞིང་བཞུགས་པར་གྱུར། དེ་ལྟར་གསལ་བའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་ཧཱུྃ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུ་ནམ་མཁའི་ཨེ་ཀློང༌། གནས་ཡུལ་དུར་ཁྲོད་རབ་འབྱམས་ནས་ཕོ་རྒྱུད་དྲེགས་པའི་དམག་དཔུང་བཀའ་གཏེར་སྲུང་མ་གཉན་པོ་འཁོར་དང་བཅས་པ་སྐད་ཅིག་གིས་རྫུ་འཕྲུལ་དགྱེས་དགུའི་རོལ་པས་སྤྱན་དྲངས་པར་གྱུར། སྤོས་རོལ་གཡབ་དར་རྐང་གིས་བསྐུལ་ཏེ། ཧཱུྃ༔ ནམ་མཁའ་ཡངས་པའི་དཀྱིལ་འཁོར་ནས༔ གཟའ་བདུད་འཁོར་དང་བཅས་པ་རྣམས༔ དཔལ་གྱི་སྤྱན་སྔར་དམ་བཅས་བཞིན༔ བསྟན་པ་སྲུང་ཕྱིར་གཤེགས་སུ་གསོལ༔ ཧཱུྃ༔ འོག་མིན་ཆོས་དབྱིངས་ཕོ་བྲང་དང༔ རྡོ་རྗེ་གདན་དང་ན་ལེནྡྲ༔ གནས་ཡུལ་དུར་ཁྲོད་བརྒྱད་ལ་སོགས༔ རང་བཞིན་གར་བཞུགས་གནས་མཆོག་ནས། །སྣང་སྲིད་དྲེགས་པའི་ཚོགས་རྗེ་རྣམས། །གར་དགུའི་གཟི་བརྗིད་དཔལ་དུ་འབར། །དགྱེས་བཞད་རྔམས་སྒྲ་དི་རི་རི། །སྒྲུབ་མཆོག་རྣལ་འབྱོར་བདག་ཅག་ལ། །དམ་ཚིག་གདུང་ཤུགས་རྗེས་དགོངས་ཏེ། །ད་ལྟ་ཉིད་དུ་གཤེགས་སུ་གསོལ། །དར་ནག་ཞིང་གི་གཡབ་མོ་དང༌། །རྐང་གླིང་ཐོད་པའི་རྔས་བསྐུལ་ཞིང༌། །དུད་པའི་སྤོས་སྤྲིན་ཐིབས་སེ་ཐིབ། །སྤྱན་འདྲེན་གནས་འདིར་ད་ཚུར་བྱོན། །ཨོཾ་ཤྲཱི་ཧེ་རུ་ཀ་སརྦ་ནཱ་ཐ་བཛྲ་ཙཎྜ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛཿཛཿ ཞེས་པས་སྤྱན་དྲངས། ཛཿཧཱུྃ་བྃ་ཧོཿ ཨོཾ་བཛྲ་ས་མ་ཡ༔ ས་མ་ཡ་སྨ་ར༔ ས་མ་ཡ་མ་ཏི་ཀྲ་མ༔ ས་མ་ཡ་ཤྲཱི་བཛྲ་དྷརྨ་པཱ་ལ་ཀིང་ཀ་ར་ཨཿཡཿམཿདུཿརུཿཙཿཤཿནཿབཛྲ་ས་མ་ཡ་རཀྵནྟུ་པཉྩ་ཨ་མྲྀ་ཏོ་ད་ཀ་ཋ་ཋ་ཋ་ཧཱུྃ༔ ཞེས་བདུད་རྩི་འཐོར་ལ། ཧཱུྃ༔ ལྷ་རྫས་ལས་གྲུབ་མཆོད་ཡོན་ཞབས་བསིལ་དང༔ མེ་ཏོག་བདུག་སྤོས་མར་མེ་དྲི་བཟང་ཆབ༔ ཞལ་ཟས་རོལ་མོ་གཟུགས་སྒྲ་དྲི་རོ་རེག༔ རྒྱལ་སྲིད་བཀྲ་ཤིས་རྫས་རྟགས་ཕྱི་མཆོད་འབུལ༔ དབང་པོའི་ཕྲེང་བ་ཚིལ་ཆེན་དུད་པའི་སྤྲིན༔ ཞུན་ཆེན་མར་མེ་མྱོས་བྱེད་ཁྲག་མཁྲིས་དུག༔ ཤ་རུས་ཞལ་ཟས་རྐང་གླིང་ཐོད་རྔའི་སྒྲ༔ ཤ་ལྔ་བདུད་རྩི་ལྔ་ཡི་ཨ་མྲྀ་ཏ༔ པདྨ་རཀྟ་བསད་པའི་དམར་ཆེན་པོ༔ འབྲུ་བཅུད་དཀར་མངར་ཤིང་ཐོག་ལ་དུའི་ཟས༔ དམ་རྫས་གཏོར་ཆེན་ནང་གི་མཆོད་པ་འབུལ༔ ཐབས་ཤེས་དགའ་བཞི་བྱང་སེམས་སྦྱོར་མཆོད་དང༔ ཞིང་བཅུ་དགྲ་བགེགས་མ་ལུས་བསྒྲལ་བས་མཆོད༔ མཆོད་བྱ་མཆོད་བྱེད་གཉིས་མེད་དེ་ཁོ་ན༔ གསང་བའི་མཆོད་སྤྲིན་ཆེན་པོ་འབུལ་གྱིས་བཞེས༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤབྡ་པཉྩ་ཀཱ་མ་གུ་ཎ་པཱུ་ཛ་ཧོཿ པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་ཏ་ན་ག་ཎ་དྷརྨ་དྷཱ་ཏུ་པཱུ་ཛ་ཧོཿས་དགྱེས་པ་བསྐྱེད་དོ། གསུམ་པ་སྣང་སྲིད་མོ་རྒྱུད་ཀུན་འདུས་ཀྱི་ཕྲིན་ལས་ནི། ཨོཾ་མ་ཧཱ་ཤཱུ་ནྱ་ཏ་སོགས། སྟོང་པའི་ངང་ལས་དྲག་པོ་ཆོས་སྐྱོང་དགོངས་འདུས་ཀྱི་གཡོན་དུ། སྣང་སྲིད་མ་མོ་མཁའ་འགྲོ་ཡོངས་སུ་འདུ་བའི་ས་གཞི་གདུག་པ་ཅན་བསྒྲལ་བའི་ལོངས་སྤྱོད་ཀྱིས་བརྒྱན་པས་འཇིགས་ཤིང་སྐྱི་གཡའ་བ། མི་བཟད་པའི་ཤ་ཟ་དང་གཅན་སྤྱང་ཀེང་རུས་ཀྱིས་ཡོངས་སུ་བསྐོར་བའི་དབུས་སུ་ཁྲག་གི་རྦ་ཀློང་དྲག་ཏུ་འཁྲུགས་པའི་ཀློང་ན་དཔལ་ལྡན་དུད་སོལ་མ་སྐུ་མདོག་ཆར་སྤྲིན་ལྟར་གནག་པ། སྐུ་ཤིན་ཏུ་རིད་ཅིང་ཀེང་རུས་འཇིགས་པའི་ལུས་ཅན། ཞལ་གཅིག་ཕྱག་བཞི་ཞབས་གཉིས་མ་ཞལ་དུ་མི་རོ་རངས་པ་བཅུག་ནས་མཆེ་བ་བཞི་གཙིགས་པ་སྤྱན་གསུམ་དམར་ཟླུམ་བགྲད་པ། རལ་པ་དམར་སེར་གྱེན་དུ་བརྫེས་ཤིང་དབུ་ལ་སྦྲུལ་དང་ཐོད་པ་ཟླ་ཚེས་ཀྱིས་བརྒྱན་པ། ཕྱག་གཡས་ཀྱི་དང་པོ་ན་རལ་གྲི་འཕྱར་བའི་ཚུལ་གྱིས་འཛིན་ཅིང༌། གཉིས་པ་བྷཉྫ་དམར་སྐྱིལ་ཐུགས་ཀར་འཛིན་པ། གཡོན་དང་པོས་ཤཀྟི་བརྐྱངས་པའི་ཚུལ་གྱིས་འཛིན་ཅིང༌། གཉིས་པས་ཏྲི་ཤུ་ལའི་མགུལ་ནས་དར་དཔྱངས་འཕྱང་བ་ཅུང་ཟད་འགྱིངས་བའི་ཚུལ་གྱིས་འཛིན་པ། སྙན་གཡས་པ་ལ་དུག་སྦྲུལ་གྱིས་བརྒྱན་པའི་མགུལ་ནས་དྲིལ་བུ་བསིལ་བ། གཡོན་དུ་སེང་གེ་རལ་པ་དམར་པོས་བརྒྱན་པ། སྙན་གོང་གཉིས་ན་མེ་ཏོག་དང་དར་ནག་གི་ཅོད་པན་འཕུར་བ། ལྷ་མ་ཡིན་གྱི་མགོ་བོ་རློན་པའི་དོ་ཤལ་བྱས་པ། གླང་པོ་ཆེའི་པགས་པའི་སྟོད་གཡོགས་དང༌། བ་གླང་གི་ཀོ་བས་སྨད་གཡོགས་ཤིང་རེ་ལྡེ་སེར་པོས་སྐུ་སྨད་དྲིལ་བ། ཐལ་ཆེན་གྱི་རྒྱ་དང་ཁྲག་ཞག་གི་ཐིག་ལེས་ཚོམ་བུར་བྲིས་པ་ཀླུའི་དབང་པོ་སྐ་རགས་བྱས་པ། ཞབས་གཉིས་ལྕགས་སྒྲོག་གིས་བརྒྱན་པ། བོང་བུ་གྭ་དམར་གྱི་སྟེང་ན་བཙན་སྐྱིལ་དུ་བཞུགས་ཤིང་ཞལ་གཡོན་ཕྱོགས་སུ་གཟིགས་པ་དུར་ཁྲོད་ཀྱི་དབུས་ན་སྐད་འབྲུག་གི་སྒྲ་ལྟར་སྒྲོགས་ཤིང༌། མ་མོ་མཁའ་འགྲོ་ཤ་ཟ་འབུམ་སྡེའི་དབུས་ན་བཞུགས་པ། ཞིང་སྐྱོང་དུར་ཁྲོད་ཀྱི་མ་མོ་མི་སྡུག་སྲིན་མོའི་ཆས་ཅན་རལ་གྲི་དང་ཐོད་ཁྲག་བསྣམས་ནས་བོང་བུ་ལ་ཞོན་པ་འཁོར་གྱི་ཌཱ་ཀི་བཞི། ལྕམ་དྲལ་མིང་སྲིང་བརྒྱད་སྤྲུལ་པའི་ཤྭ་ན་ཝ་སྤྱང་དྲེད་དང་བཅས་པ། ཤན་པ་སྲོག་སྒྲུབ་ནག་མོ་རྔམས་ཤིང་ཁྲོས་པ་གཡས་ཆུ་གྲི། གཡོན་གློ་སྙིང་ཟ་བ། མི་ལྤགས་ཀྱི་གོས་དང་ཐོད་རུས་སྦྲུལ་གྱིས་བརྒྱན་ཅིང་རླུང་ནག་ལ་ཞོན་པ། ཕོ་ཉ་གདོང་ཅན་གསུམ་སོགས་ཤ་ཟ་མ་མོ་འབུམ་གྱིས་བསྐོར་བ། མཐའ་སྐོར་ཕྱོགས་མཚམས་རྣམས་སུ་གངས་རི་མཐོན་མཐིང་རྒྱལ་མོའི་མགུལ། ཆོས་བཟང་ལྷའི་འདུན་ས་ལྟ་བུའི་སྐྱེད་མོའི་ཚལ་བལྟ་ན་སྡུག་པའི་དབུས་སུ་ལྷའི་གོས་བཟང་དར་དཀར་གྱི་གུར་ཁྱིམ་རྒྱན་བཀོད་ཕུན་སུམ་ཚོགས་པའི་དབུས་སུ་པད་ཟླ་སེང་གེ་དཀར་མོའི་སྟེང་དུ་སྨན་བཙུན་བཀྲ་ཤིས་ཚེ་ཡི་དབང་ཕྱུག་མ་ཆུ་ཤེལ་གྱི་ལྷུན་པོ་ལ་ཉིན་བྱེད་འོད་ཀྱིས་འཁྱུད་པ་ལྟ་བུའི་ལང་ཚོའི་མེ་ཏོག་བལྟ་ན་སྡུག་པ་འཆི་མེད་རྣམ་སད་ཀྱི་བུ་མོའི་ཆ་བྱད་ཅན། སྒེག་འཛུམ་ལང་ཚོ་རྒྱས་པའི་ཕྱག་གཡས་གསེར་གྱི་རྡོ་རྗེ་རྩེ་ལྔ་དང་བཅས་ཏེ་མདའ་དར་གཡབ་པ། གཡོན་འཆི་མེད་ཚེ་ཡི་བུམ་པ་འཛིན་པ། ཞབས་རོལ་སྟབས་ཀྱིས་འཇའ་སྤྲིན་ཟེར་ཕྲེང་འཁྲུགས་པའི་དབུས་ན་བཞུགས་པའི་འཁོར་དུ། མཐིང་གི་ཞལ་བཟང༌། མི་གཡོ་གླང་བཟང༌། ཅོད་པན་མགྲིན་བཟང༌། ཏལ་དཀར་འགྲོ་བཟང་དང༌། སྦས་པའི་ཡབ་ཚོགས་བདག་གླང་གདོང༌། བརྟན་སྐྱོང་ཡ་མ་ལྷ་ཀླུ་གནོད་སྦྱིན་དྲང་སྲོང་རིག་འཛིན་མིའམ་ཅི་དང་དྲི་ཟ་སྨན་གྱི་བུ་མོ་དུ་མས་བསྐོར་བ། ཞིང་སྐྱོང་ལྷན་སྐྱེས་ཌཱ་ཀིའི་རྒྱལ་མོ་སྨན་བཙུན་རྡོ་རྗེ་གཡུ་ཡི་སྒྲོན་མ་དཀར་གསལ་ཟླ་བའི་ཕུང་པོ་ལྟ་བུ་ཞལ་གཅིག་མཛེས་འཛུམ་ཆགས་པའི་ཉམས་ཅན། ཕྱག་གཡས་མདའ་དར་དང་གཡོན་སྣང་སྲིད་གསལ་བའི་མེ་ལོང་འཛིན་པ། ཞབས་རོལ་སྟབས་ཀྱིས་རིན་པོ་ཆེའི་ཁྲི་ལ་བཞུགས་པའི་འཁོར་རིགས་བཞིའི་ཌཱ་ཀི །བརྟན་སྐྱོང་སྨན་བཙུན་གནས་ཡུལ་ཌཱ་ཀི་འབུམ་གྱིས་བསྐོར་བ། ཟབ་ཆོས་རྫོགས་ཆེན་སྡེ་གསུམ་གྱི་བཀའ་སྲུང་གཏུམ་ཆེན་ཁྲོས་མ་མེ་གདོང་དྷཱ་ཀི་དྲག་མོ་གྲི་ཐོད་བསྣམས་པ། འཁོར་ཆུ་སྲིན་དང་སེང་གེའི་གདོང་པ་ཅན། དབྱིངས་ཀྱི་མ་མོ་གྲི་ཐོད་དང་གཤོག་པ་ཅན་རིགས་བཞིའི་ཕོ་ཉས་སྐོར་བ། དམ་ཅན་རྡོ་རྗེ་ལེགས་པ་མཆེད་ཟླ་སུམ་བརྒྱ་དྲུག་ཅུ་དགྱེས་སྡེ་བརྟན་མའི་ཚོགས་དང་བཅས་པ། ལྷ་རྒྱལ་གསལ་བའི་འོད་ལྡན་དཀར་པོ་འཁོར་ལོ་དང་དང་ནོར་བུ། བཙན་རྒྱལ་བསྐལ་པའི་མེ་འབར་དམར་ནག་མདུང་དང་ཞགས་པ། ཀླུ་རྒྱལ་ནོར་འཛིན་གཞོན་ནུ་དམར་སྔོན་ནོར་བུ་དང་གཏེར་བུམ་བསྣམས་ཤིང་རང་མདོག་གི་རྟ་ལ་ཞོན་པ། དབྱིངས་ཕྱུག་ཆོས་ཀྱི་སྒྲོན་མ་དཀར་གསལ་ལྷའི་ཆས་ཅན་ཌཱ་རུ་དང་ཐོད་པ་ནོར་བུའི་གང་བ་བསྣམས་ནས་རྟ་སྔོན་ལ་ཆིབས། ཟིན་གྱི་རྡོ་རྗེ་ཀུན་བཟང་རྡོ་རྗེ་དང་ཚེ་བུམ་འཛིན་པ་སེང་གེ་ལ་ཆིབས་པ་གནམ་མཚོ་རྡོ་རྗེ་ཀུན་གྲགས་ཆུ་སྲིན་རྒྱལ་མཚན་དང་མེ་ལོང་འཛིན་པ་གཡུ་འབྲུག་ལ་ཆིབས་པ། མགོ་ཡུལ་ཧ་རི་རྡོ་རྗེ་ཡ་མ་ཤ་ལང་དང་ཞགས་པ་བསྣམས་ནས་རྐྱང་བུ་ཁ་དཀར་ལ་ཆིབས་པ། ཡར་འབྲོག་རྡོ་རྗེ་བགེགས་གཙོ་རུ་མཚོན་རྩེ་ལྔ་དང་ཞགས་པ་བསྣམས་ནས་དྲེལ་སྔོན་ལ་ཆབས་པ་སྟེ་ནག་མོ་བཞིན་མི་སྡུག་པའི་བདུད་ཀྱི་བུ་མོ་བཞི། ལྷ་བུ་ཤ་མེད་རྡོ་རྗེ་གཡུ་བུན་གསེར་ཟོར་གཏེར་བུམ་བསྣམས་ནས་ཤ་བ་ཡུ་མོ་ལ་ཆིབས་པ། ཁ་རག་རྡོ་རྗེ་ཁྱུང་བཙུན་ཌཱ་རུ་མེ་ལོང་བསྣམས་ནས་ཁྱུང་ལ་ཆིབས་པ། བྱང་སྟོད་མཁའ་ལྡིང་ཀླུ་མོ་སྦྲུལ་ཞགས་ཕུར་པ་བསྣམས་ནས་རྟ་སེར་ལ་ཆིབས་པ། རྨ་རི་རབ་འབྱམས་བེ་ཅོན་ཟས་གཞོང་བསྣམས་ནས་འཕར་བ་ལ་ཆིབས་པ་སྟེ་དམར་མོ་གནོད་སྦྱིན་གྱི་བུ་མོ་བཞི། ཀོང་བཙུན་རྡོ་རྗེ་དེ་མོ་མདའ་དར་དང་སྒྲོམ་བུ་བསྣམས་ནས་རྟ་སྔོན་གཡུ་རྔོག་ལ་ཆིབས་པ། ཨེ་གཉལ་རྡོ་རྗེ་སྨན་གཅིག་དར་དཀར་འབྲང་རྒྱས་བསྣམས་ནས་མཛོ་མོ་ལ་ཆིབས་པ། གཙང་གི་རྡོ་རྗེ་གཡར་མོ་ཕྱག་གཉིས་ཏིང་ཤག་བསྣམས་ནས་རུས་སྦལ་མགོ་དགུ་ལ་ཆིབས་པ། ཕུད་ཀྱི་གཡུ་དྲིལ་གཟུགས་ལེགས་པདྨ་དང་དྲིལ་བུ་བསྣམས་ནས་སྟག་མོ་ལ་ཆིབས་པ་དཀར་ཤམ་བཞིན་བཟང་སྨན་གྱི་བུ་མོ་བཞི་སྟེ་བོད་ཁམས་སྐྱོང་བའི་བརྟན་མ་ཆེན་མོ་བཅུ་གཉིས་ལ་སྤྲུལ་པ་སྐྱོང་མ་ཡ་མ་འབུམ་ཕྲག་ཡངས་པའི་ཌཱ་ཀིའི་ཚོགས་ཀྱིས་བསྐོར་པ། གཏེར་སྲུང་རྡོ་རྗེ་ཁྱུང་བཙུན་མ་དམར་གསལ་ཌཱ་རུ་དང་མེ་ལོང་ཐོགས་ཤིང་ལྷའི་བུ་མོའི་ཆས་ཅན་ཁྱུང་ལ་ཆིབས་པ། ཤྭ་ན་མུ་ཁ་མཐིང་ནག་ལྕགས་སྤྱང་མགོ་དགུ་ལ་ཞོན་པ་ཡབ་སྲིན་པོའི་སྐྱེས་བུ། ཤི་ཀ་མུ་ཁ་ལྗང་ནག་གཡུ་ཡི་ཁྱི་མོ་ལ་ཞོན་པ་ཡབ་གཤིན་རྗེའི་སྐྱེས་བུ། ཏྲི་ཏ་མུ་ཁ་སེར་ནག་གསེར་འཕར་ལྕེ་བརྒྱད་ལ་ཞོན་པ་ཡབ་བདུད་ཀྱི་སྐྱེས་བུ། སྲི་ལ་མུ་ཁ་དམར་ནག་ཟངས་ཀྱི་ཝ་མོ་རྐང་གསུམ་ལ་ཞོན་པ་ཡབ་གནོད་སྦྱིན་གྱི་སྐྱེས་བུ་དང་བཅས་རང་མདོག་གི་ཕུར་པ་འདྲིལ་བ་སྟེ་ཤྭ་ན་མ་བཞི། རེ་མ་ཏི་ནག་མོ་དྲེལ་རྟ་རྐང་གསུམ་ལ་ཆིབས་པ་ཤར་བདུད་དཀར་པོ་ཅན། རེ་མ་ཏྲི་སེར་ནག་ཤ་བ་ཡུ་མོ་ལ་ཆིབས་པ་ལྷོ་བདུད་སྔོན་པོ་ཅན། རེ་མ་ཛ་དམར་ནག་ཆུ་གླང་སྔོན་པོ་ལ་ཆིབས་པ་ནུབ་བདུད་དམར་པོ་ཅན། རེ་མ་ཛུ་ལྗང་ནག་རྔ་མོང་ལ་ཆིབས་པ་བྱང་བདུད་ལྗང་ནག་ཅན་བཞི་ཀའང་མཆོག་ཕུར་འདྲིལ་བ་སྟེ་བདག་ཉིད་མ་བཞི། ཡ་བྱིན་མཐིང་ནག་བདུད་རྟ་ཆིབས་ཤིང་སྲིན་པོའི་གིང་དཀར་པོ་དང་བཅས་པ། དེ་བྱིན་སེར་ནག་གཟའ་རྟ་ཆིབས་ཤིང་གཤིན་རྗེའི་གིང་སྔོན་པོ་དང་བཅས་པ། བསེ་བྱིན་དམར་ནག་བཙན་རྟ་ཆིབས་ཤིང་བདུད་གིང་དམར་པོ་དང་བཅས་པ། ཕག་བྱིན་ལྗང་ནག་ཀླུ་རྟ་ཆིབས་ཤིང་གནོད་སྦྱིན་གིང་སེར་པོ་དང་བཅས་པ་ཀུན་ཀྱང་རང་མདོག་གི་ཕུར་པ་ཐོགས་པའི་ས་བདག་མ་བཞི། གཞན་ཡང་བསྭེ་ལྕགས་དུང་གི་སྐྱེས་བུ་ཏཱ་ཀི་ནག་པོ་སྟེ་གིང་ཆེན་བཞི། འབྱུང་པོ་སེར་པོ། དཀར་མོ་ཉི་ཟླ་ཐོད་ཕྲེང༌། སྲིན་པོ་ཤ་ཟ་རོ་ལངས་ཁྱུང་ཆེན་ཝ་སྤྱང་སོགས་སྤྲུལ་པའི་ཕོ་ཉ་དང༌། བཀའ་སྡོད་ལྷ་བཙན་བདུད་ཀྱི་དགེ་བསྙེན་ཉེར་གཅིག །ཚ་བའི་བརྟན་མ་བཅུ་གཉིས་རྣམས་དང༌། ཞི་རྒྱས་དབང་དྲག་སྒྲུབ་པའི་ཕོ་ཉ་དབང་ཕྱུག་ཉི་ཤུ་རྩ་བརྒྱད་སོགས་སྣང་སྲིད་མོ་རྒྱུད་ཀྱི་ཚོགས་འབུམ་ཕྲག་ཡངས་པ་ཆེན་པོའི་ཚོགས་དང་བཅས་པ་མ་ལུས་པའི་རྣམ་འགྱུར་ཆ་བྱད་རྫོགས་པའི་གཟུགས་འཆང་ཞིང་ཕྲིན་ལས་འདོད་རྒུའི་རྩལ་འཆང་བས་སྒྲུབ་པ་པོའི་རེ་འདོད་ཡིད་བཞིན་སྐོང་བའི་ཚུལ་གྱིས་གནས་པའོ། །དེ་རྣམས་ཀྱི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཧཱུྃ་ལས་འོད་ཟེར་འཕྲོས་པས་ཆོས་དབྱིངས་ཡུམ་གྱི་མཁའ། གནས་ཡུལ་དུར་ཁྲོད་ཆོས་འཁོར་གཙུག་ལག་གཉན་པོ་གར་བཞུགས་ནས་སྤྱན་དྲངས་པར་གྱུར་པར་བསམ་ལ། བཤུགས་གླུ་རྐང་གླིང་ཧསྟིའི་གཡབ་མོ་སྤོས་རོལ་དང་བཅས་ཏེ། ཧཱུྃ་བྷྱོཿ དད་པ་དང་ནི་དམ་ཚིག་གིས༔ ཚུར་གཤེགས་ཚུར་གཤེགས་འདོད་ཁམས་དབང༔ གཤིན་རྗེའི་ལྕམ་མོ་བདུད་ཀྱི་ཡུམ༔ ཧེ་རུ་ཀ་དཔལ་དགྱེས་སྡེ་མོ༔ བདེ་ཆེན་དུད་པའི་སོལ་བ་ཅན༔ གཙོ་འཁོར་བྲན་དང་ཡང་གཡོག་བཅས༔ སྣང་སྲིད་མ་གཤིན་བྱེ་བའི་ཚོགས༔ སངས་རྒྱས་བསྟན་པ་བསྲུང་བ་དང༔ ཉམས་པའི་དགྲ་བགེགས་བསྒྲལ་བའི་ཕྱིར༔ གནས་འདིར་གདུང་བས་སྤྱན་འདྲེན་ན༔ ལས་ལ་མ་གཡེལ་ད་ཚུར་བྱོན༔ བྷྱོཿ ཆོས་དབྱིངས་ཡུམ་གྱི་མཁའ་ཀློང་ནས། །ཨེ་ཀ་ཙཱ་ཏི་གཤེགས་སུ་གསོལ། །གཤིན་རྗེའི་ལྕམ་མོ་བདུད་ཀྱི་ཡུམ། །དུད་པའི་སོལ་མ་གཤེགས་སུ་གསོལ། །གནས་ཡུལ་དུར་ཁྲོད་དཀོར་གྱི་བདག །ཞིང་སྐྱོང་མ་མོ་གཤེགས་སུ་གསོལ། །དུར་ཁྲོད་གནས་ནས་མཁའ་འགྲོའི་གཙོ། །མི་སྲུན་ཤན་པ་གཤེགས་སུ་གསོལ། །ལྷན་ཅིག་སྐྱེས་མ་ཞིང་སྐྱོང་རྒྱལ། །ཚེ་རིང་མཆེད་ལྔ་གཤེགས་སུ་གསོལ། །རིག་འཛིན་ཡོངས་ཀྱི་བཀའ་ཉན་གཙོ། །རྡོ་རྗེ་གཡུ་སྒྲོན་གཤེགས་སུ་གསོལ། །དབྱིངས་ཕྱུག་བདེ་ཆེན་ཌཱ་ཀིའི་གཙོ། །ཆོས་ཀྱི་སྒྲོན་མ་གཤེགས་སུ་གསོལ། །བོད་ཡུལ་མཐའ་དབུས་གནས་གཏེར་བདག །བརྟན་མ་བཅུ་གཉིས་གཤེགས་སུ་གསོལ། །ཟབ་གསང་སྡེ་གསུམ་བཀའ་གཏེར་སྲུང༌། །མ་མོ་ལྕམ་དྲལ་གཤེགས་སུ་གསོལ། །རྡོ་རྗེ་ཕུར་པའི་བཀའ་སྲུང་ཆེ། །ཤྭ་ན་ལྕམ་དྲལ་གཤེགས་སུ་གསོལ། །ཆོས་ཀུན་བདེ་ཆེན་མཁའ་ཀློང་དུ། །ཐབས་ཤེས་སྡོམ་པའི་ཕོ་ཉ་བ། །དངོས་གྲུབ་རྒྱ་མཚོ་ཕྲིན་ལས་གཏེར། །མ་མོ་འཁོར་བཅས་གཤེགས་སུ་གསོལ། །ཨོཾ་ཤྲཱི་དི་ཝཱི་ཀཱ་ལི་ཀཱ་ལི་མ་ཧཱ་ཀཱ་ལི་ཧཱུྃ་བྷྱོཿམ་མ་ཡ་མ་ས་པ་རི་ཝཱ་ར་ཨེ་ཨཱ་རལླི་ཧྲཱིཾ་ཧྲཱིཾ་ཛཿཛཿ ཛཿཧཱུྃ་བྃ་ཧོཿ ས་མ་ཡ་ཧོཿ ས་མ་ཡ་སྟྭྃ༔ ཧཱུྃ༔ དུར་ཁྲོད་གནས་མཆོག་ཕོ་བྲང་འདིར༔ དགྲ་བགེགས་བསྣོལ་བའི་གདན་སྟེང་དུ༔ མ་སྲིང་མཁའ་འགྲོ་དམ་ཅན་རྣམས༔ ཕྲིན་ལས་སྒྲུབ་ཕྱིར་བཞུགས་སུ་གསོལ༔ ཛཿཧཱུྃ་བྃ་ཧོཿ ས་མ་ཡ་ཏིཥྛ་ལྷན༔ ཞེས་བཞུགས་སུ་གསོལ། ཧཱུྃ་བྷྱོཿ རྡོ་རྗེ་འཆང་དབང་སྤྱི་དཔལ་ཆེ༔ རྩ་བརྒྱུད་བླ་མས་གཉེར་གཏད་ལྟར༔ ཁྲག་འཐུང་ཆེན་མོ་འཁོར་བཅས་ཀྱིས༔ དམ་ཚིག་བདུད་རྩི་འདི་གསོལ་ལ༔ དགྱེས་པའི་ཞལ་སྟོན་གཟི་བྱིན་སྐྱེད༔ གསལ་བའི་ལུང་སྩོལ་ནུས་པ་སྤོར༔ ཐུགས་ཀྱིས་དགོངས་ལ་བདེ་ཆེན་སྒྲུབས༔ བཅོལ་བའི་ལས་ཀུན་མྱུར་དུ་མཛོད༔ བཛྲ་ཨ་མྲྀ་ཏ་ས་མ་ཡ་རཀྵནྟུས་དམ་ལ་བཞག་ཅིང་བཀའ་བསྒོ། ཧཱུྃ༔ ཧེ་རུ་ཀ་ཡི་དབྱིངས་ཉིད་ལས༔ ཡེ་ཤེས་རོལ་པའི་དམ་ཅན་ཚོགས༔ ཐབས་ཀྱི་སྐུར་བསྟན་རྫུ་འཕྲུལ་ཅན༔ སྲུང་མ་རྣམས་ལ་ཕྱག་འཚལ་ལོ༔ ན་མོ་ན་མ་ཡེ་ཞེས་ཕྱག་གིས་བཏུད། ཧཱུྃ་བྷྱོཿ སྟོང་ཉིད་དབྱིངས་ལས་བདེ་བའི་རྩལ༔ རྣམ་པ་དུ་མར་འཆར་བ་ཡི༔ ཕྱི་ནང་ཉེར་སྤྱོད་འདོད་ཡོན་དང༔ སྨན་རཀ་གཏོར་ཚོགས་རྒྱ་མཚོས་མཆོད༔ མཐུན་རྫས་རྟེན་རྫས་སྒྲུབ་རྫས་ཀྱིས༔ ཐུགས་དམ་བསྐང་ཞིང་ཉམས་ཆགས་བཤགས༔ གནས་སྐབས་མཐར་ཐུག་དངོས་གྲུབ་ཀྱི༔ འདོད་པའི་འབྲས་བུ་མཆིས་པར་མཛོད༔ ཨོཾ་བཛྲ་ཨརྒྷཾ་ནས། ཤབྡ་སརྦ་པཱུ་ཛ་ཧོ༔ མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི༔ མ་ཧཱ་རཀྟ་ཁཱ་ཧི༔ མ་ཧཱ་མཱྃ་ས་རཀྟ་གོ་རོ་ཙ་ན་བ་སུ་ཏ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་མཆོད་པ་འབུལ། བཞི་པ་ནོར་ལྷ་གཏེར་བདག་ཀུན་འདུས་ཀྱི་ཕྲིན་ལས་ནི། ཨོཾ་མ་ཧཱ་ཤཱུ་ནྱ་ཏ་སོགས། སྟོང་པ་ཉིད་ཀྱི་ངང་ལས་རྩ་བའི་དཀྱིལ་འཁོར་ཆེན་པོའི་མདུན་དུ་འདོད་རྒུ་ལྷུན་གྲུབ་གཏེར་གྱི་དགའ་ཚལ་རིན་ཆེན་གཏེར་འཆང་རྒྱ་མཚོ་ཡོངས་སུ་འདུ་བའི་གཞལ་མེད་ཁང་ལྕང་ལོ་ཅན་དགའ་བའི་ཚལ་ཆེན་པོ་རིན་པོ་ཆེའི་ཕོ་བྲང་དབྱིབས་ལེགས་ཤིང་བལྟ་ན་སྡུག་པ་རྒྱན་གྱིས་སྤྲས་པ་སུམ་བརྩེགས་ས་འོག་ཏུ་གཏེར་གྱི་ཁང་པ་བཅོ་ལྔ་དང་བཅས་ཤིང༌། ཁོར་ས་རིམ་པ་གསུམ་གྱིས་བསྐོར་བའི་འོག་ཁང་གི་ལྟེ་བར་པད་ཉི་དགྲ་བགེགས་ཀྱི་སྟེང་དུ་ཧཱུྃ་ལས་གསང་བའི་བདག་པོ་གོས་སྔོན་ཅན་མཐིང་ནག་རྡོ་རྗེ་དང་དྲིལ་བུ་འཛིན་པ་དར་དང་རིན་ཆེན་དུར་ཁྲོད་ཀྱི་ཆས་གོས་ཡོངས་སུ་རྫོགས་པའི་མདུན་བཀའ་སྡོད་ཀྱི་ཚུལ་དུ་སྐུའི་གནོད་སྦྱིན་དབང་པོ་རྣམ་ཐོས་སྲས་སྐུ་མདོག་སེར་གསལ་བརྗིད་ཅིང་དཔའ་བ། གསེར་གྱི་གོ་ཁྲབ་དང་ལྷ་རྫས་ཀྱི་ན་བཟས་བཀླུབས་པ། ཕྱག་གཉིས་རྒྱལ་མཚན་དང་ནེའུ་ལེ་འཛིན་པས་སེང་གེའི་གདན་ལ་འགྱིང་སྟབས་སུ་བཞུགས་པ་ལ་ཡུམ་དཔལ་ལྷ་མོ་དང༌། འཁོར་དུ་ཚངས་པ་སེར་པོ། བརྒྱ་བྱིན་དཀར་པོ། ཛམ་ལྷ་དམར་པོ། ཚོགས་བདག་དམར་པོ་དང༌། སྒོ་མ་མཁའ་འགྲོ་བཞིས་བསྐོར་བ། བར་ཁང་དུ་གསུང་གི་རྣམ་སྲས་མདུང་དམར་ཅན་བརྗིད་ཆགས་སྒེག་པའི་ཚུལ་ལ་བསྭེ་ཡི་རྨོག་དར་དམར་གྱི་འཕྲུ་དང་ན་བཟའ་ནོར་བུ་ཨུཏྤལ་དམར་པོའི་བརྒྱན་ཅིང༌། གཡས་མདུང་དམར་དང་ནོར་རྐྱལ། གཡོན་ལྕགས་ཀྱུ་དང་རྒྱལ་མཚན་འཛིན་པས་འགྱིང་སྟབས་སུ་བཞུགས་པའི་འཁོར་དུ་གཟའ་བདུད་འབར་བ་གནམ་ཐེལ་སྒྲོལ་གིང༌། དྷཱ་ན་ཀ་ལ་ཤན་པ་ཀླུ་བདུད་སྒོ་བ་བཞིས་བསྐོར་བ། སྟེང་ཁང་དུ་པད་ཉི་དགྲ་བགེགས་ཀྱི་གདན་ལ་ཐུགས་ཀྱི་རྣམ་སྲས་དྲག་པོ་རྟ་སྔོན་ཅན་མཐིང་ནག་ལྕགས་ཀྱི་བྱ་ཁྲ་དང་སེང་གེ་གཡུ་འབྲུག་སྟག་གཟིག་ཁྱི་སྤྱང་རྣམས་རོལ་དུ་ཁྲིད་པ། འཁོར་དུ་བདུད་མོ་མཆེད་བཞི་དང༌། སྒོ་སྲུང་རྒྱལ་ཆེན་སྡེ་བཞི་གཞོན་པ་དང་བཅས་པ་སོགས་སྤྲུལ་པ་དམག་དཔུང་བསམ་གྱིས་མི་ཁྱབ་པས་བསྐོར་བའི་གཞལ་མེད་ཁང་གི་ཕྱི་རོལ་ཁོར་ས་དང་པོ་ལ་ཁང་བརྩེགས་བརྒྱད་ཀྱི་ནང་དུ་རྟ་བདག་ཆེན་པོ་བརྒྱད། ཁོར་ས་བར་མར་ཀླུ་ཆེན་བརྒྱད། ཁོར་ས་ཐ་མ་ན་གནོད་སྦྱིན་གྱི་དམག་དཔུང་དང་བཅས་ཏེ་བཞུགས་པའི་ཕྱོགས་བཞིར་པད་ཟླའི་སྟེང་དུ་རྡོ་རྗེ་རིན་ཆེན་པདྨ་ལས་ཀྱི་ཛམ་བྷ་ལ་རིགས་བཞི་དཀར་སེར་དམར་ལྗང་གཡས་རྡོ་རྗེའི་བེ་ཅོན་རིན་པོ་ཆེ་པདྨའི་ལྕགས་ཀྱུ་ཐོད་ཁྲག་དང་གཡོན་ནེའུ་ལེ་འཛིན་པ་དར་དང་ནོར་བུ་པདྨའི་ཕྲེང་བས་བརྒྱན་པ་གནོད་གནས་དབང་པོའི་ངང་ཚུལ་ཅན། ཤར་ལྷོར་ལྷའི་ནོར་བདག་ཚོགས་བདག་གླང་གདོང་དཀར་པོ་ལ་ཕུག་དང་ནོར་བུ་བསྣམས་པ། ལྷོ་ནུབ་ཏུ་མིའི་ནེར་བདག་ནོར་གྱི་རྒྱུན་མ་གསེར་མདོག་མཆོག་སྦྱིན་དང་འབྲས་ཀྱི་སྙེ་མ་ཅན། ནུབ་བྱང་དུ་ཀླུའི་ནོར་བདག་རིག་བྱེད་མ་དམར་གསལ་པདྨའི་ལྕགས་ཀྱུ་དང་ཞགས་པ་ཅན། བྱང་ཤར་དུ་གནོད་སྦྱིན་ནོར་བདག་རྣམ་ཐོས་སྲས་རིན་པོ་ཆེའི་རྒྱལ་མཚན་དང་ནེའུ་ལེ་བསྣམས་པ། དེའི་ཕྱི་རོལ་གྱི་གྲ་བཞིར་རིན་པོ་ཆེ་དབྱིག་གི་ནོར་བདག་ནོར་བུ་བཟང་པོ་དཀར་སེར་ནོར་བུ་དང་ནེའུ་ལེ་བསྣམས་པ། ཅང་ཤེས་རྟའི་ནོར་བདག་རེ་མནྟ་གསེར་མདོག་ཤེལ་གྲི་དང་ནེའུ་ལེ་འཛིན་པ། འདོད་རྒུ་ཟས་ནོར་གྱི་ནོར་བདག་གནོད་སྦྱིན་དམར་པོ་དབང་མདོག་མདུང་དར་དང་རིན་ཆེན་བསྣམས་པ། རྐང་བཞི་ཕྱུགས་ཀྱི་ནོར་བདག་ཀུ་བེ་ར་མཐིང་ནག་རལ་གྲི་དང་ནེའུ་ལེ་འཛིན་པ་གོ་ཁྲབ་ཅན་རང་མདོག་གི་རྟ་ལ་ཆིབས་པ་རྣམས་དང༌། དེ་དག་གི་གཡས་སུ་ཉམས་དགའ་བའི་སྐྱེད་ཚལ་གྱི་དབུས་སུ་རིན་པོ་ཆེའི་ལྗོན་ཤིང་མེ་འབྲས་དམར་པོ་བཀྲ་བའི་རྩེར་ཨུཏྤལ་དང་ཉི་མའི་གདན་ལ། ནོར་གྱི་ལྷ་མོ་མཐིང་ག །གོས་ཀྱི་ལྷ་མོ་ལྗང་གུ། ཟས་ཀྱི་ལྷ་མོ་དམར་པོ་སྟེ་དྷཱ་ཀི་ཀུན་འཁྱིལ་མཆེད་གསུམ་གནོད་སྦྱིན་གྱི་བུ་མོ་སྒེག་ཚུལ་ཅན་དར་དང་རིན་ཆེན་རུས་པས་བརྒྱན་པ་ཐམས་ཅད་གཡས་གསེར་གྱི་དགྲ་སྟྭ་དང་གཡོན་ཐོད་པ་ནོར་བུའི་གང་བ་བསྣམས་ཏེ་བཞེངས་སྟབས་སུ་བཞུགས་པ། གཡོན་ཕྱོགས་སུ་དུར་ཁྲོད་ཀྱི་ས་གཞིར་པད་ཉི་དུང་དང་མགྲོན་བུའི་སྟེང་དུ་དཔལ་དུར་ཁྲོད་ཀྱི་བདག་པོ་ཡབ་ཡུམ་ཀེང་རུས་ཀྱི་གཟུགས་ཅན་ཁྲོ་ལ་སྒེག་པ་བཤུགས་གླུའི་གནས་ཡུལ་གྱི་དཔའ་བོ་མཁའ་འགྲོ་དབང་དུ་སྡུད་པ། ཐོད་སྐམ་གྱི་དཔུང་རྒྱན་སྣ་ཚོགས་དར་གྱི་སྟོད་གཡོགས་དང་ཅོད་པན་རིན་པོ་ཆེའི་དོ་ཤལ་ཅན། སྟག་གཟིག་གི་ཤམ་ཐབས་གསོལ་བ། ཞབས་གར་སྟབས་ཀྱིས་སྦྲེལ་ཏེ་མེ་དཔུང་གི་དབུས་ན་བཞུགས་པ་རང་འདྲའི་སྤྲུལ་པས་ཀུན་ཏུ་ཁྱབ་པར་སྤྲོ་བའོ། །རྒྱབ་ཏུ་པདྨ་རཱ་ག་ལས་གྲུབ་པའི་གཞལ་ཡས་ཁང་དམར་པོ་ཟླ་གམ་སྒོ་གཅིག་པའི་དབུས་སུ་པད་ཉི་ལ་ལྷ་ཆེན་དབང་ཕྱུག་ཆེན་པོ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་ཆགས་པ་དང་སྒེག་པའི་ཉམས་ཅན་སྤྱན་གསུམ་དང་ལྡན་པ། གཡས་ལྕགས་ཀྱུ་དང་གཡོན་ཞགས་པ་འཛིན་པ། དབུ་སྐྲ་རལ་པའི་ཐོར་ཚུགས་ཟུར་ཕུད་ཟླ་ཚེས་ཀྱིས་བརྒྱན་པ། ཡུམ་ཨུ་མ་དེ་ཝི་དམར་གསལ་གཞོན་ནུ་ལང་ཚོ་རྒྱས་པ་གཡས་མེ་ལོང་དང་གཡོན་བུམ་པ་འཛིན་པ་བདེ་བའི་ཉམས་ཀྱི་ཡབ་དང་འཁྲིལ་པ། དབང་མདོག་གི་དར་དང་རིན་པོ་ཨུཏྤལ་དམར་པོའི་ཕྲེང་བས་བརྒྱན་པ། ཕྱོགས་བཞིར་གསང་བའི་ཌཱ་ཀི་རིགས་བཞི་སོགས་ཁམས་གསུམ་གྱི་དྲེགས་པ་ཅན་གྱིས་བསྐོར་བ། མདུན་ཕྱོགས་སུ་རིགས་གསུམ་ཀུན་འདུས་པདྨའི་ཟློས་གར་སྐྱེས་བུ་ཆེན་པོ་འཁོར་ལོའི་བསྒྱུར་བའི་ཆས་ཅན། གསེར་འཁོར་དང་ནོར་བུ་འཛིན་པ་ལ་ཞབས་རྒྱལ་པོ་རོལ་སྟབས་ཀྱིས་སེང་གེའི་ཁྲི་ལ་བཞུགས་པ། འཁོར་དུ་དཀར་ཕྱོགས་ཀྱི་ཆོས་སྐྱོང་གཙང་རིས་ཀྱི་དཔལ་མགོན། དགྲ་ལྷ་ཝེར་མ། ཐུགས་ཀར་ཅང་སེའི་དམག་ཚོགས། རྫུ་འཕྲུལ་རླུང་རྟ་ལྷ་བཞི། འབྲོག་གཡག་དར་མ་བཅུ་གསུམ། དགྲ་བླའི་དྲ་མ་མཆེད་དགུ། མགོན་པོ་དགྲ་བླ་བཅུ་གསུམ་སོགས་མ་ཚང་བ་མེད་པས་བསྐོར་ཏེ་གནམ་ས་བར་སྣང་གི་ཁྱོན་དུ་རྒྱུ་བ། གཞན་ཡང་སྤར་སྨེ་གཟའ་སྐར་ལོ་ཟླ་ཞག་དུས་རྟེན་འབྲེལ་ཚེས་ལྷ་གནས་གཞི་ཡུལ་གྱི་བདག་པོ་འཇིག་རྟེན་སྐྱོང་བའི་ལྷ་ཆེན་པོ་གཉན་ཆེན་སྡེ་བཞི། སྒང་དྲུག་གཞི་བདག་བཅུ་གཉིས། ཆུ་བཞིའི་དགེ་བསྙེན་ཆེན་པོ་བཞི་ལ་སོགས་པ་མདོ་ཁམས་གནས་ཆེན་ཉེར་ལྔའི་ཡུལ་སྐྱོང་ཟོ་དོར་སྡེ་དཔུང་དང་བཅས་པ་རང་རང་གི་ལས་དང་རྣམ་འགྱུར་གྱི་བཀོད་པ་མ་འདྲེས་པས་བཞུགས་པའོ། །དེ་རྣམས་ཀྱི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཧཱུྃ་ལས་འོད་ཟེར་འཕྲོས་པས་ལྕང་ལོ་ཅན་དགའ་བའི་ཚལ། ཚངས་པའི་གནས་སོ་ས་གླིང་དང་ཧ་ཧར་དགོད་པའི་དུར་ཁྲོད། མཁའ་སྤྱོད་མཐོང་བ་ཀུན་སྨོན་སོགས་གནས་ཡུལ་སྤྲུལ་པའི་ཕོ་བྲང་རྣམས་ནས་སྤྱན་དྲངས་པར་གྱུར། སྦྱར་སྤོས་དང་དར་སྣའི་གཡབ་མོ་སྙན་འགྱུར་གྱི་རོལ་མོ་དང་བཅས་ཏེ། བཻ༔ ཆོས་སྐུའི་དབྱིངས་ལས་ལོངས་སྤྱོད་རྫོགས་པའི་ངང༔ མ་གཡོས་བཞིན་དུ་སྤྲུལ་པའི་ཞིང་ཁམས་སྣང༔ དེ་ལས་མི་མཇེད་འཇིག་རྟེན་བྱང་གི་ཕྱོགས༔ ལྕང་ལོ་ཅན་ནས་བཅོམ་ལྡན་གསང་བའི་བདག༔ འཁོར་དང་བཅས་པ་གནས་འདིར་སྤྱན་འདྲེན་གྱི༔ ད་ལྟ་ཉིད་དུ་དགྱེས་པས་གཤེགས་སུ་གསོལ༔ བསོད་ནམས་ཡེ་ཤེས་ཚོགས་གཉིས་རྫོགས་པ་ལས༔ བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་དངོས༔ ས་བརྒྱད་སེམས་དཔའ་དཔལ་ལྡན་ངལ་བསོས་པོ༔ ངོ་བོ་གཅིག་ལ་སྐུ་གསུམ་རྣམ་འཕྲུལ་ཚུལ༔ རབ་འབྱམས་ནོར་ལྷ་གཏེར་བདག་དཀར་ཕྱོགས་སྐྱོང༔ བཙུན་མོ་སྲས་བློན་འཁོར་དང་བཅས་པ་རྣམས༔ དམ་ཚིག་དབང་གིས་གནས་འདིར་སྤྱན་འདྲེན་ན༔ ཐུགས་དམ་དབང་གིས་མྱུར་དུ་གཤེགས་སུ་གསོལ༔ བཛྲ་ས་མ་ཛཿས་སྤྱན་དྲངས། ས་མ་ཡ་ཏིཥྛ་ལྷན་གྱིས་བཞུགས་སུ་གསོལ། བཛྲ་ས་མ་ཡ་ཧཱུྃ་གིས་དམ་ལ་བཞག །ཨ་ཏི་པཱུ་ཧོཿ པྲ་ཏིཙྪ་ཧོཿས་ཕྱག་བྱ། ཧཱུྃ༔ བཅོམ་ལྡན་གསང་བདག་གོས་སྔོན་རྡོ་རྗེ་འཛིན༔ རྒྱལ་ཆེན་སྲས་བློན་འཁོར་ཚོགས་བཅས་རྣམས་ལ༔ ཕྱི་ནང་གསང་མཆོད་སྲིད་ཞིའི་དཔལ་འབྱོར་སོགས༔ མི་ཟད་ནམ་མཁའ་མཛོད་ཀྱི་འཁོར་ལོས་མཆོད༔ ཨོཾ་བ་སུ་དེ་ཝ་ག་ཎ་མཎྜ་ལ་བཛྲ་ཨརྒྷཾ་སོགས། ཤབྡ་པཉྩ་ཀཱ་མ་གུ་ཎ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་དགྲ་བགེགས་མཱ་ར་ཡ་ཕཊ་པཱུ་ཛ་ཧོཿ གཉིས་པ་གཏོར་མ་འབུལ་བ་ནི། ལྷ་རྣམས་ཀྱི་ལྗགས་ཧཱུྃ་ལས་བྱུང་བའི་རྡོ་རྗེའི་སྦུ་གུ་ཅན་གྱི་འོད་ཟེར་གྱིས་གཏོར་མའི་བཅུད་དྲངས་ཏེ་གསོལ་བས་བདེ་བ་ཆེན་པོའི་རང་བཞིན་དུ་ཚིམ་པར་བསམ་ཞིང༌། རྡོ་རྗེའི་ཐལ་མོ་གྱེན་དུ་ཕྱེ་བ་བསྟན་ལ། ཨོཾ་བྷུ་རུ་ཀུ་རུ་ཨི་ཙ་ཀི་བྱི་ཨུ་ཙུཥྨ་མ་ཧཱ་ཀྲོ་དྷ་ཧཱུྃ་ཕཊ༔ ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་མ་ཧཱ་ཀཱ་ལ་ཨེ་ཀ་ཛ་ཊི་གུ་ཎ་ཧྲཱི་ད་ཧཱུྃ་ཕཊ༔ ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཏྲི་ཡྃ་ཛཿཛཿ དགྲ་བོ་མཱ་ར་ཡ་ཧཱུྃ་ཕཊ༔ ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཀྵེཾ་ཀྵེ་ཏྲ་བིགྷྣཱན་བི་ན་ཡ་ཀ་ཧཱུྃ་ཧཱུྃ་ཕཊ༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་གུ་ཧྱ་པ་ཏི་དུ་བྷྱོ་པཉྩ་ནཱ་ཐ་ཧཱུྃ་ཕཊ༔ ཨོཾ་རོ་རུ་ཨེ་ཀ་ཛ་ཊི་སྙིང་ཁ་རཀྨོ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཛཿ ཨོཾ་མ་ཧཱ་ཀཱ་ལ་བི་ཀཱ་ལ་ཏྲི་ཡྃ་ཛཿ ཨོཾ་མ་ཧཱ་ཀཱ་ལ་ཧཱུྃ་ཕཊ༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཡཀྵ་བཻ་ཏཱ་ལི་ཧཱུྃ༔ ཞེས་ཆོས་སྐྱོང་དགོངས་འདུས་རྩ་བའི་ལྷ་ཚོགས་རྣམས་དང༌། ཧྲི་ཤག་རུ་རག་རཾ་ན་གེ་ཙིཏྟ་ཏྲཱྃ་མ་མ་ཡོ་ཟ་འགྲམ་ཧ་ཧ་ག་ཤ་ལ་ཛཿ ཨོཾ་མ་ཧཱ་ཀཱ་ལ་སིཾ་ཧ་མུ་ཁ་ཧཱུྃ་ཕཊ༔ ཏྲི་ཧྲིཾ་ཛཿ ཌཱ་ཀི་ནི་སི་ན་ར་མ་ཏྲི་ཧྲིཾ་ཛཿ ཨ་ཡ་མ་དུ་རུ་ཙ་ཤ་ན་ཙིཏྟ་ཧྲིཾ་ཧྲིཾ་ཛཿ ཨོཾ་མ་ཧཱ་ཀཱ་ལ་ཏྲཀྴད་དུཿཛཿ ཨོཾ་ཀཱ་ལ་རཱུ་པ་ཡ་མ་རཱ་ཛ་ཧཱུྃ་ཕཊ༔ ཨོཾ་རཀྨོ་པྲཱ་ཎ་ཨཱརྨ་ཀྵེ་རུ་སུ་རུ་ཥ་ལོ་ཧི་ཏ་སརྦ་ཤ་ཏྲཱུན་མཱ་ར་ཡ་ཧཱུྃ་ཕཊ༔ ཨོཾ་བཛྲ་སཱ་དྷུ་ས་མ་ཡ་བཱཀ་ཏྲཾ་ཏྲཾ་ཤི་ནི་ཀྲ་མ་ནི་ས་མ་ཡ་སཱ་དྷུ་ཏྲི་ཛཿཛཿཧཱུྃ་བྃ་ཧོཿ བཛྲ་ཌཱཀི་ནི་མ་ནུ་རཀྟོ་ཧཱུྃ༔ ཨོཾ་ནཱ་ག་ཙཎྜ་ཙ་ར་ར་ཏྲི་གིངྐ་ར་ཡཀྵ་ཡཀྵ་ས་མ་ཡ་ཙིཏྟ་ཧྲི་ཧྲིཾ་ཛཿཛཿ ཨོཾ་རཱ་ཛ་སིདྡྷི་ས་མ་ཡ་ཐིམ་ཛཿ ཨོཾ་ཤུ་ལ་ཏྲི་དེ་ཝ་ཨ་དྷ་ཤ་གྷྲྀ་ཝ་དུཿནཱ་ག་རཱ་ཛ་ནཾ་དྷྭ་ཏི་ཀུ་མ་ར་བཻ་ཛཿ དྲེགས་པ་ཕོ་རྒྱུད་ཀུན་འདུས་དང༌། ཨོཾ་རོ་རུ་རོ་རུ་བི་དྷིཥྛི་བ་དྷོཏྶི་ཀ་མ་ལ་རཀྵ་སཱི་ཧཱུྃ་བྷྱོ་ཧཱུྃ༔ ཨོཾ་མ་མ་ར་ལི་པྲ་མ་ཡ་ཀཱ་ལི་ཡེ་ཛཿཛཿ ཨོཾ་ཁྱི་ཁ་ལེ་ནག་མོ་ཧཱུྃ་ཕཊ༔ ཨོཾ་བཛྲ་དྷཱ་ཀི་ནི་ཨ་ཡུ་ཥེ་ཤཱ་རི་མཱྃ་ལཱྃ་ཨཱྃ་ཏཱྃ་ཙིཏྟ་ཧྲིཾ་ཧྲིཾ་ཛཿཛཿ ཨོཾ་བཛྲ་པྲ་མོ་ཧ་བྃ་ཧ་རི་ནི་ས་ཧྲིཾ་ཧྲིཾ་སརྦ་སིདྡྷི་སྭཱ་ཧཱ༔ ཨོཾ་གྷཱ་མུ་ཊ་ཛི་ཏེ་དྷརྨ་དཱི་པེ་སརྦ་སིདྡྷི་ཧཱུྃ༔ ཨོཾ་མ་མོ་ཛྭ་ལི་ཛྭ་ལ་ནི་ཙཎྜི་ཧཱུྃ་ཕཊ༔ མ་མ་ཏྲཀ་རཀྴ་ག་རུ་ཊ་ཧཱུྃ་ཕཊ༔ ཨོཾ་ཏྲི་ཤུ་ལ་བཛྲ་སཱ་དྷུ་སིདྡྷི་ཧཱུྃ༔ ཨ་ཙ་ནཾ་ཛཿ ཨོཾ་ལ་ལ༔ ལེ་ལེ༔ ཏྃ་ཏྃ༔ ཏེ་ཏེ་ཁ་རཀྨ༔ མ་མ་སྲིང་འགྲོ་མ་ཧཱུྃ་བྷྱོ་ཧཱུྃ་ཧཱུྃ༔ ཨོཾ་བཛྲ་མ་ཏི་ཧཱུྃ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མོ་ཧ་གྷ་ཏ་ཡ་མ་མ་ཤྲཱི་གྷྲཾ་ཀརྨ་ཀཱ་ར་ཡེ༔ མོ་རྒྱུད་མ་མོ་ཀུན་འདུས་དང༌། ཨོཾ་ནི་ལཾ་བ་ར་དྷ་ར་བཛྲ་པཱ་ཎི་ཧཱུྃ་ཧཱུྃ་ཕཊ༔ ཨོཾ་བཻ་ཤྲ་བ་ཎཱ་ཡ་སྭཱ་ཧཱ༔ ཨོཾ་མ་ཧཱ་རཱ་ཛ་ཡཀྵ་ས་མ་ཡ་བཻ་ཤྲ་མ་ཎ་ཙིཏྟ་ཧྲིཾ་ཧྲིཾ་ཛཿཛཿ ཨོཾ་བཻ་ཏྲཀ་རཀྵ་བྷྱོ་ཧཱུྃ་ཕཊ༔ ཨོཾ་བུདྡྷ་བཛྲ་རཏྣ་པདྨ་ཀརྨ་ཛམ་བྷ་ལ་ཧཱུྃ་ཛཿ ཨོཾ་ག་ཎ་པ་ཏི་བ་སུ་དྷཱ་རི་ཎི་ཀུ་རུ་ཀུལླེ་བཻ་ཤྲ་བ་ཎ་ཧཱུྃ་ཛཿ ཨོཾ་མ་ཎི་བྷ་དྲ་རེ་མནྟ་མ་ཧཱ་རཱ་ཛ་ཡཀྵ་ཀུ་བེ་ར་ཧཱུྃ་ཛཿ ཨོཾ་ཨི་ལིང་ཀི༔ སི་ལིང་ཀི༔ ཀི་ལིང་ཀི་སྭཱ་ཧཱ༔ ཨོཾ་ན་མོ་ཤུ་ཏྲ་མུ་ཏྲི་མ་ཧཱ་པི་ཤཱ་ཙི་ན་ཡེ་སྭཱ་ཧཱ༔ ཨོཾ་ཨ་ན་ལེ༔ ཀུནྡྷ་ལེ༔ གྷྲྀ་ཧྣ༔ པི་ཎ་དྷ༔ པི་ཤཱ་ཙི་ན་ཡེ་སྭཱ་ཧཱ༔ ཨོཾ་ཀུ་མ་ཀུ་མ་ཁུས་ཐིས་སྭཱ་ཧཱ༔ ཨོཾ་མ་མ་ར་ལི་པྲ་མ་ཡ་ཛཿཛཿ ཨོཾ་མ་ཧཱ་དེ་ཝ་ཛཿ་ཨུ་མ་དེ་ཝཱི་ཧྲིཾ་ཧ་རི་ནི་ས་པཱ་ཤཾ་ཀུ་རུ་ཧོཿ ཨོཾ་མ་ཧཱ་སིང་ཧ་མ་ཎི་རཱ་ཛ་ཧཱུྃ་ཕཊ༔ ཨོཾ་ལོ་ཀ་པཱ་ལ་ནི་དྷི་པ་ཏི་བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ནོར་ལྷ་གཏེར་བདག་འཇིག་རྟེན་སྐྱོང་བའི་ལྷ་ཐམས་ཅད་ཀྱི་སྙིང་པོའི་མཐར་ས་པ་རི་ཝཱ་ར་བཏགས་པ་ལན་གསུམ་མམ་བདུན་གྱིས་གཏོར་མ་ཕུལ་ལ། དཔལ་མ་ཧཱ་ཀཱ་ལ་ཁྲག་འཐུང་གི་རྒྱལ་པོ། གཙུག་ལག་ཁང་དང་དཀྱིལ་འཁོར་གྱི་སྲུང་མ། དུག་གསུམ་ནད་ཀྱི་སྨན་པ། རྣལ་འབྱོར་ཡོངས་ཀྱི་དགྲ་བླ། བདུད་དཔུང་སྒྲོལ་བའི་དཔའ་བོ། བསྟན་པའི་བཀའ་སྲུང་ཆེན་པོ། ཆེ་མཆོག་ཡོན་ཏན་གྱི་མགོན་པོ་ལེགས་ལྡན་རྡོ་རྗེ་སྲིན་པོ་ཚོགས་ཀྱི་བདག་པོ། ཡང་དག་ཐུགས་ཀྱི་མགོན་པོ་ཕྱག་བཞི་པ། འཇམ་དཔལ་སྐུའི་མགོན་པོ་སྟག་ཞོན། པདྨགསུང་གི་མགོན་པོ་མྱུར་མཛད་ཕྱག་དྲུག་པ། ཕུར་པ་ཕྲིན་ལས་ཀྱི་མགོན་པོ་མ་ནིང༌། མ་མོ་རྦོད་གཏོང་གི་རྗེ་བཙན་ཨེ་ཀ་ཙཱ་ཏི། རིག་འཛིན་སློབ་དཔོན་གྱི་མགོན་པོ་ཞལ་བཞི། འཇིག་རྟེན་མཆོད་བསྟོད་ཀྱི་མགོན་པོ་རྡོ་རྗེ་གུར། དམོད་པ་དྲག་སྔགས་ཀྱི་མགོན་པོ་སྲས་མཆོག་བེར་ནག་པོ་སོགས་དྲག་པོ་ཆོས་སྐྱོང་དགོངས་འདུས། ཁྱབ་འཇུག་དུག་གི་སྤུ་གྲི། བདུད་མགོན་སེང་གེའི་གདོང་ཅན། སྲོག་བདུད་ཏྲཀྴད་ནག་པོ། ལས་གཤིན་འཆི་བདག་ནག་པོ། གནོད་སྦྱིན་བེཀྩེ་ལྕམ་སྲིང༌། དམ་ཅན་སྐྱེས་བུ་ཆེན་པོ། ཀླུ་བཙན་འབར་བ་སྤུན་བདུན། ཆོས་སྐྱོང་རྒྱལ་ཆེན་པེ་ཧ་ར། གཏེར་སྲུང་དྲེགས་པ་སྡེ་ལྔ་སོགས་མགོན་པོ་ཕོ་རྒྱུད་དཔའ་བོའི་སྡེ་ཚོགས། ལྷ་མོ་དུད་སོལ་མ། ཞིང་སྐྱོང་དུར་ཁྲོད་མ་མོ། ཤན་པ་སྲོག་སྒྲུབ་ནག་མོ། བཀྲ་ཤིས་ཚེ་རིང་མཆེད་ལྔ། སྨན་བཙུན་རྡོ་རྗེ་གཡུ་སྒྲོན། ཨ་ཕྱི་ཆོས་ཀྱི་སྒྲོན་མ། བོད་སྐྱོང་བརྟན་མ་བཅུ་གཉིས་སོགས་སྣང་སྲིད་མ་མོ་མཁའ་འགྲོའི་ལྷ་ཚོགས། རྒྱལ་ཆེན་རྣམ་སྲས་རིགས་གསུམ། ནོར་བདག་ཛམ་ལྷ་རིགས་བཞི། ས་གསུམ་ནོར་གྱི་བདག་པོ། ཟས་གོས་ནོར་ཕྱུགས་གཏེར་བདག །ཀུན་འཁྱིལ་ལྷ་མོ་མཆེད་གསུམ། མགོན་དཀར་དུར་ཁྲོད་བདག་པོ། དབང་མཛད་ལྷ་ཆེན་ལྕམ་དྲལ། སེང་ཆེན་དགྲ་བླའི་རྒྱལ་པོ་སོགས་ནོར་བདག་འཇིག་རྟེན་སྐྱོང་བ་སྡེ་དཔུང་དང་བཅས་པས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ། སངས་རྒྱས་ཀྱི་བསྟན་པ་སྲུངས་ཞེས་པ་ནས། ཕྲིན་ལས་མཛོད་ཅིག །ཅེས་པའི་བར་གྱིས་འདོད་པའི་ཕྲིན་ལས་གསོལ། གསུམ་པ་བསྟོད་པ་ལ་བཞི་ལས། དང་པོ་ནི། ཧཱུྃ། བདེ་ཆེན་བདུད་རྩིས་སྲིད་ཞིའི་ཆོས་མ་ལུས། །ཡེ་ཤེས་རྡོ་རྗེའི་སྲོག་གི་བཅུད་ཆེན་པོར། །ཟག་མེད་ཡོན་ཏན་ལང་ཚོ་རྫོགས་པའི་དཔལ། །ཆེ་བའི་ཆེ་མཆོག་ལེགས་ལྡན་ནག་པོར་བསྟོད། །རྣམ་བཅས་ཆོས་ཀུན་གདོད་ནས་བདེ་བ་ཆེར། རྣམ་རོལ་འབར་བའི་ཧེ་རུ་ཀ་དགྱེས་པས། །རྣམ་མེད་སྟོང་དྲུག་དབྱིངས་སྦྱོར་རྡོ་རྗེ་སེམས། །དཔལ་ལྡན་ནག་པོ་ཆེན་པོར་བཞེངས་ལ་བསྟོད། །མཁའ་ཁྱབ་རྒྱལ་བ་རྟག་པའི་ཡེ་ཤེས་སྐུ། །སྣང་སྲིད་ཆོས་ཀུན་རྣམ་དག་ཕྱག་རྒྱའི་ཀློང༌། །ཟིལ་གནོན་བདེ་གཤེགས་རིགས་ཀྱི་དཔའ་བོའི་རྗེ། གཏུམ་ཆེན་སྟག་ལ་ཞོན་པའི་མགོན་པོར་བསྟོད། །སྲོག་རྩོལ་འདུ་བྱེད་ནཱ་དའི་དབྱིངས་དག་པས། །གཞོམ་མེད་རྡོ་རྗེ་གསང་བའི་གསུང་གི་དབྱངས། །རྡོ་རྗེ་རྟ་གདོང་རྔམས་བཞད་བསྟན་སྲུང་ཚུལ། །མྱུར་མཛད་ཡེ་ཤེས་མགོན་པོ་མཆོག་ལ་བསྟོད། །ཁྱབ་བརྡལ་ཡེ་ཤེས་སྲོག་ཏུ་སྙིང་རྗེའི་མཚོན། །རབ་འབར་ཆིག་ཤུར་ལས་ཀྱི་སྤུ་གྲིའི་དབལ། །ཉམས་པའི་བདུད་དགྲའི་སྲོག་གཟན་ཁྲོ་བོ་འཆོལ། །དཔལ་མགོན་མ་ནིང་ནག་པོ་མཆེད་གསུམ་བསྟོད། །རྡོ་རྗེ་དྷཱུ་ཏིའི་སྲོག་ཏུ་དགའ་བཞིའི་འགྲོས། །ཡེ་ཤེས་རླུང་གི་ཕོ་ཉས་དྲངས་པ་ལས། །བདེ་ཆེན་རྡོ་རྗེ་བཙུན་མོ་བསྟན་སྲུང་ཚུལ། །དབྱིངས་ཀྱི་རྒྱལ་མོ་ཨེ་ཀ་ཙཱ་ཊིར་བསྟོད། །ཕྱི་ཡི་གནས་ཡུལ་ནང་དུ་ས་བཅུའི་ལམ། །དོན་གྱི་སྤང་རྟོགས་རྫོགས་པའི་ལས་མཁན་ཆེ། །ཚད་མེད་ཞལ་གྱིས་མཛེས་པའི་བསྟན་སྲུང་གཙོ། །ཞིང་སྐྱོང་གཟི་ལྡན་སྟོབས་འཕྲོག་དབང་པོར་བསྟོད། །འཁོར་འདས་སྲོག་འཕྲོག་བདག་འཛིན་རུ་ཏྲ་བསྒྲལ། །འཕགས་ལམ་རྫོང་ཟིན་བསྟན་སྐྱོང་བདུད་སྡེ་འདུལ། །ཆགས་སྡང་འཕྲང་སྒྲོལ་ཏན་གཎ་སྤྱོད་ལ་དགྱེས། །ཁྲག་འཐུང་དཔའ་བོ་མ་ཧཱ་ཀཱ་ལར་བསྟོད། །ཤུགས་སྒྲོལ་ཐུགས་རྗེའི་ཐོག་ཆར་དྲག་ཤུལ་འབེབས། །མཐུ་སྟོབས་དྲག་པོ་སྔགས་ཀྱི་དམོད་པ་བཙན། །རྒྱུད་གསུམ་དྲེགས་པ་ཡོངས་ཀྱི་སྡེ་དཔོན་ཆེ། །སྲས་མཆོག་མ་ཧཱ་ཀཱ་ལ་ལྕམ་དྲལ་བསྟོད། །དོན་དམ་བདེ་གཤེགས་ཡོངས་རྫོགས་སྒྲུབ་སྡེ་བརྒྱད། །རྣམ་རོལ་ཡེ་ཤེས་མགོན་པོ་སྡེ་དགུའི་དལ། །རྒྱལ་བའི་བསྟན་སྲུང་སྲིད་གསུམ་དྲེགས་པ་འདུལ། །མགོན་པོ་འཁོར་དང་བཅས་ལ་གུས་པས་བསྟོད། །ཅེས་དྲག་པོ་ཆོས་སྐྱོང་དགོངས་འདུས་ཀྱི་མགོན་ཆེན་སྡེ་དགུ་ལ་སྤྱིར་བསྟོད་པའོ། །སྒྲུབ་པ་དང་ལས་སྦྱོར་གྱི་སྐབས་སུ་སྤྲོས་པ་དང་འབྲེལ་ན་མགོན་ཆེན་སོ་སོའི་རྟགས་ཀྱི་བསྟོད་པ་དང་རྐང་བརྒྱད་ཀྱི་བསྟོད་པ་སོགས་སྐབས་སུ་གང་བབ་བཀའ་གཏེར་གྱི་གཞུང་བསྟོད་འབུམ་ནས་འབྱུང་བ་བཞིན་སྦྱར་ཀྱང་ལེགས་པའི་ཡན་ལག་ཏུ་འགྱུར་རོ། །གཉིས་པ་ནི། ཧཱུྃ་བྷྱོཿ བདེ་སྟོང་ཟུང་འཇུག་རྣམ་ཀུན་མཆོག་ལྡན་ལས། །གང་འདུལ་སྒྱུ་འཕྲུལ་དྲ་བའི་རོལ་མོ་ཅན། །རྒྱུད་གསུམ་དྲེགས་པའི་སྡེ་དཔོན་རྒྱ་མཚོའི་ཚོགས། །ལོངས་སྤྱོད་ཡོངས་རྫོགས་འཁོར་ལོར་འཆར་ལ་བསྟོད། །ཤིན་ཏུ་ཕྲ་བ་གཉུག་མའི་མཚན་དཔེ་ནི། །དྲག་ཤུལ་རྡོ་རྗེ་སྲིན་པོའི་སྣང་ཚུལ་གྱིས། །སྡེར་བཅས་བདུད་སྡེའི་དཔུང་ཚོགས་ཕམ་བགྱིད་པའི། །ཁ་སྦྱོར་རྡོ་རྗེའི་སྐུ་རུ་བཞེངས་ལ་བསྟོད། །འཇུག་དང་ལྡང་བའི་སྲོག་རྩོལ་རྒྱུ་བ་ཀུན། །འོད་གསལ་དབུ་མའི་དབྱིངས་སུ་བསད་བྱས་པས། །འཕོ་མེད་རྡོ་རྗེའི་སྔགས་རིགས་སྒྲུབ་པ་པོ། །བདེ་ཆེན་ནཱ་དའི་གསུང་དུ་འཆར་ལ་བསྟོད། །སྣང་སྟོང་ཟུང་འཇུག་ཡེ་ཤེས་ཆེན་པོ་དང༌། །མི་ཕྱེད་མཉམ་པར་སྦྱོར་བའི་ཆོས་ཉིད་ནི། །འཕོ་ཆགས་སྤྲོས་པའི་ཕ་རོལ་ལས་བརྒལ་བ། །རང་བཞིན་མེད་པའི་ཐུགས་ཀྱི་དབྱིངས་ལ་བསྟོད། །རྩེ་གཅིག་སྒྲུབ་པའི་ཚོགས་ལ་ཐུགས་བརྩེ་བས། །སྒྲུབ་གཉིས་འདོད་པ་ལྷུག་པར་འཇོ་བའི་དཔྱིད། །ཡོན་ཏན་ཡིད་བཞིན་ནོར་བུས་མཚོན་མིན་ཕྱིར། །སྙིང་རྗེས་ཡོངས་གང་ཆེན་པོའི་བདག་ཉིད་བསྟོད། །རྨད་བྱུང་ཐབས་ལ་མཁས་པའི་འཇུག་པ་ནི། །ཞི་ཆགས་ཁྲོ་བོའི་རྣམ་འགྱུར་མཐའ་ཀླས་ཀྱིས། །ཐེག་མཆོག་སྙིང་པོའི་བསྟན་པ་བསྲུང་བ་ལ། །ཕྲིན་ལས་རྒྱུན་མི་ཆད་པར་སྣང་ལ་བསྟོད། །མདོར་ན་དུས་གསུམ་ཀུན་ཏུ་ཁྱེད་བསྟེན་ཅིང༌། །དུས་མེད་རིག་པའི་ངང་དུ་རོ་གཅིག་ན། །ཐུགས་རྗེའི་སྒྱུ་འཕྲུལ་འགོག་པ་མེད་པ་ཡིས། །བདག་གཞན་ཕན་བདེའི་དཔལ་གྱིས་སྐྱོང་བར་མཛོད། །ཅེས་དྲེགས་པ་ཕོ་རྒྱུད་ཀུན་འདུས་ཀྱི་བསྟོད་པའོ། །གསུམ་པ་ནི། བྷྱོཿ སྲིད་ཞི་དབྱིངས་སུ་དག་པའི་ཆོས་དབྱིངས་མཁར། །སྐུ་ལྔའི་ཡོན་ཏན་རྫོགས་པའི་ཀློང་ཆེན་པོ། །སྒྱུ་འཕྲུལ་དྲ་བར་བརྩོན་ཀྱང་འཕོ་མེད་གཞིར། །འདུ་འབྲལ་མེད་པའི་འཁོར་ལོར་འཆར་ལ་འདུད། །དུས་མཐའི་སྤྲིན་མཚུངས་མི་སྡུག་རྔམས་པའི་གཟུགས། །སྙིང་རྗེའི་གློག་གི་སྡང་མིག་ཙམ་གྱིས་ཀྱང༌། །སྲིད་གསུམ་འཇིག་རྟེན་བརླག་པའི་རྡོ་རྗེའི་སྐུ། །གཏུམ་དྲག་ཉམས་བརྒྱས་སྒེག་ཅིང་དཔལ་ལ་བསྟོད། །ཁྲག་འཁྲུགས་ཞལ་གྱི་རྦ་ཀློང་ལས་བྱུང་བའི། །རྡོ་རྗེའི་འཐོར་རླུང་ནད་མཚོན་དུག་ཟེར་ཅན། །འབར་བའི་གད་རྒྱང་བདུད་སྡེ་གཤེ་བས་རྒོད། །ཉམས་པ་རྩད་ནས་གཅོད་པའི་གསུང་ལ་བསྟོད། །ཀུན་ཏུ་རབ་ཞིའི་དབྱིངས་ལས་མི་གཡོ་བཞིན། །གསང་ཆེན་བསྟན་དང་དེ་འཛིན་རྗེས་བརྩེ་བས། །རྔམས་བརྗིད་འབར་བ་གཏུམ་ཆེན་སྲིན་མོའི་ཚུལ། །བདེ་ཆེན་བྱང་ཆུབ་སེམས་ཀྱི་ཐུགས་ལ་བསྟོད། །ཡེ་ཤེས་ལས་དང་འཇིག་རྟེན་སྣ་ཚོགས་པའི། །སྒྱུ་འཕྲུལ་དྲ་བའི་གར་གྱིས་རྟག་རོལ་ཀྱང༌། །ངེས་པའི་གསང་བ་འཕགས་བཞིའི་ཡུམ་ཆེན་མོའི། །ཟག་མེད་འབྲས་བུའི་ཡོན་ཏན་རྫོགས་ལ་བསྟོད། །ཚར་གཅོད་རྗེས་འཛིན་ཕྲིན་ལས་རྒྱ་མཚོ་ལས། །ཕན་བདེའི་ནོར་བུ་དགའ་སྟོན་མི་ཟད་པས། །སྒྲུབ་མཆོག་རྗེས་སྐྱོང་ཉམས་པའི་གཤེད་མ་ཆེ། །ཁྲག་འཐུང་ལས་ཀྱི་དབང་མོར་ཕྱག་འཚལ་བསྟོད། །ཡེ་ཤེས་མ་མོས་འཁོར་འདས་བདེ་ཆེན་བརྡལ། །འཇིག་རྟེན་མ་མོས་ལེགས་ཉེས་སྟངས་ཀུན་འཛིན། །ལས་ཀྱི་མ་མོས་ཕྲིན་ལས་རབ་འབྱམས་སྒོ། །སྒྲུབ་པའི་དཀྱིལ་འཁོར་ལྷ་ཚོགས་ཀུན་ལ་བསྟོད། །ཅེས་མོ་རྒྱུད་མ་མོ་ཀུན་འདུས་ལ་བསྟོད་པའོ། །བཞི་པ་ནི། ཧཱུྃ༔ རྒྱལ་བ་ཀུན་གྱི་ཐུགས་ཀྱི་ཡེ་ཤེས་ལས༔ གསང་བའི་བདག་པོ་ལག་ན་རྡོ་རྗེ་འཆང༔ སྣང་སྲིད་ཟིལ་གནོན་གདུག་པ་ཐབས་ཀྱིས་འདུལ༔ རྡོ་རྗེ་བེ་ཅོན་ཅན་ལ་ཕྱག་འཚལ་བསྟོད༔ རྒྱལ་ཀུན་མི་འགྱུར་སྐུ་ཡི་རྣམ་འཕྲུལ་ལས༔ བསོད་ནམས་ཡོངས་རྫོགས་རྒྱལ་ཆེན་རྣམ་ཐོས་སྲས༔ སྣོད་བཅུད་སྣང་སྲིད་ནོར་རྣམས་ཀུན་གྱི་བདག༔ དབུལ་བའི་གདུང་སེལ་ཁྱོད་ལ་ཕྱག་འཚལ་བསྟོད༔ རྒྱལ་ཀུན་ལོངས་སྤྱོད་གསུང་གི་རྣམ་འཕྲུལ་ལས༔ ཁམས་གསུམ་དབང་སྡུད་རྒྱལ་ཆེན་མདུང་དམར་ཅན༔ མ་དད་བསྡུ་བ་རྣམ་བཞིས་སྡུད་མཛད་པའི༔ སྲིད་གསུམ་འགུགས་བྱེད་ལྕགས་ཀྱུ་ཁྱོད་ལ་བསྟོད༔ རྒྱལ་ཀུན་བདེ་ཆེན་ཐུགས་ཀྱི་རོལ་པ་ལས༔ དྲག་གཏུམ་ཁྲོས་རྔམས་གནོད་སྦྱིན་དམག་གི་དཔུང༔ སྲིད་གསུམ་དགྲ་བགེགས་སྐད་ཅིག་ཉིད་ལ་སྒྲོལ༔ བསྟན་དགྲ་འདུལ་བའི་དམག་དཔོན་ཁྱོད་ལ་བསྟོད༔ རིགས་བཞིའི་ནོར་བདག་ཨཱརྻ་ཛམ་བྷ་ལ༔ ལྷ་མི་ཀླུ་དང་གནོད་སྦྱིན་དབང་སྡུད་པའི༔ ཚོགས་བདག་ནོར་སྦྱིན་ཀུ་རུ་ཀུལླེ་དང༔ རྒྱལ་ཆེན་རྣམ་ཐོས་སྲས་ལ་ཕྱག་འཚལ་བསྟོད༔ རིན་ཆེན་ཅང་ཤེས་ཟས་ནོར་ཕྱུགས་ཀྱི་བདག༔ ཀུན་འཁྱིལ་མཆེད་གསུམ་མགོན་དཀར་དུར་ཁྲོད་བདག༔ དབང་ཕྱུག་ལྷ་ཆེན་སེང་ཆེན་དགྲ་ལྷའི་རྒྱལ༔ དཀར་ཕྱོགས་གཏེར་གཞིའི་བདག་པོ་ཀུན་ལ་བསྟོད༔ དེ་ལྟར་མཆོད་ཅིང་གསོལ་བ་བཏབ་པའི་མཐུས༔ བདག་སོགས་འགྲོ་ཀུན་སེར་སྣའི་སྒྲིབ་པ་ཞི༔ ལོངས་སྤྱོད་རྒྱས་ཤིང་ཁམས་གསུམ་དབང་དུ་སྡུས༔ བར་ཆད་ཀུན་སོལ་མཆོག་ཐུན་དངོས་གྲུབ་སྩོལ༔ གནོད་སྦྱིན་ནོར་ལྷ་གཏེར་བདག་འཇིག་རྟེན་སྐྱོང་བ་རྣམས་ཀྱི་བསྟོད་པའོ། །བཞི་པ་རྗེས་འབྲང་ནི། དམ་ཅན་གཏེར་སྲུང་གཞན་དག་གི་ཕྲིན་ལས་བྱེ་བྲག་པ་རྣམས་སྐབས་འདིར་སྦྱར་ཞིང༌། དེ་དག་གི་མཐར་གཏེར་གཞི་སྤྱིའི་གཏོར་འབུལ་ནི། ཏྲཱྃ་ལས་གཏོར་མ་ཡེ་ཤེས་འདོད་རྒུའི་སྤྲིན༔ རྡུལ་ཕྲན་རེ་རེ་བཞིན་དུ་ཡུལ་དང་མཁར༔ སོ་སོའི་འདོད་པའི་ཡོན་ཏན་བསམ་མི་ཁྱབ༔ འཛད་མེད་ནམ་མཁའ་མཛོད་ཀྱི་རང་བཞིན་གྱུར༔ ཨོཾ་ཨཱཿཧཱུྃ་ཧོཿ ལན་གསུམ། ནི་དྷཱི་པ་ཏི་བྷཱུ་མི་པ་ཏི་ས་པཱ་རི་ཝ་ར་བཛྲ་ས་མ་ཛཿས་སྤྱན་དྲངས། ནི་དྷཱི་པ་ཏི་བྷཱུ་མི་པ་ཏི་ས་པཱ་རི་ཝ་ར་ཨོཾ་ཨ་ཀ་རོ་སོགས་ལན་གསུམ་གྱིས་དབུལ། ཨོཾ་བཛྲ་ཨརྒྷཾ་ནས།ཤབྡ་པྲ་ཏཱིཙྪ་སྭཱ་ཧཱའི་བར་དང༌། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། སྨན་རཀ་གཏོར་མ་རྣམས་ཕུལ། ཟབ་གཏེར་སྲུང་མའི་དབང་པོ་དང་གཞི་བདག་གཉུག་མར་གནས་པ་འཁོར་དང་བཅས་པ་རྣམས་ཀྱིས་མཆོད་པ་དམ་པ་འདི་བཞེས་ལ། སངས་རྒྱས་ཀྱི་བསྟན་པ་སྲུངས་སོགས་དཀྱུས་བཞིན་བྱ། ཧཱུྃ། ཀུན་བཟང་པད་འབྱུང་ཐུགས་ཀྱི་ཐིག་ལེ་ཡི། །བླ་རྫོགས་ཐུགས་གསུམ་ཟབ་བདུན་སྒྲུབ་སྡེ་བརྒྱད། །རྒྱུད་ལུང་མན་ངག་རྩ་བ་ཡན་ལག་གི །ཟབ་གཏེར་སྲུང་མ་འཁོར་དང་བཅས་ལ་བསྟོད། །དཀར་ཕྱོགས་སྐྱོང་བ་ལྷ་ཡི་དགེ་བསྙེན་ཚོགས༔ ནག་ཕྱོགས་སྐྱོང་བ་བདུད་དང་བཙན་གྱི་རིགས༔ ཀླུ་རིགས་ཕོ་མོ་བསམ་གྱིས་མི་ཁྱབ་པ༔ སྡེ་བརྒྱད་ཕོ་མོ་གཞི་བདག་འཇིག་རྟེན་སྐྱོང༔ གཉུག་མར་གནས་དང་གློ་བུར་ལྷགས་པ་རྣམས༔ འདོད་ཡོན་གཏོར་མའི་མཆོད་པ་འདི་བཞེས་ལ༔ ཆོས་དང་མཐུན་པའི་འདོད་དོན་བསྒྲུབ་ཏུ་གསོལ༔ གཞི་བདག་ཆེན་པོ་ཁྱེད་རྣམས་ཀྱིས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང༌། །དཔལ་དང་གྲགས་དང་སྐལ་པ་བཟང༌། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང༌། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱིས་བདག་ལ་སྲུངས། །དངོས་གྲུབ་ཀུན་གྱི་སྡོང་གྲོགས་མཛོད། །དུས་མིན་འཆི་བའི་ནད་རྣམས་དང༌། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང༌། །འབྲུ་རྣམས་འཕེལ་ཞིང་ཕྱུགས་འཕེལ་བ། །དགེ་ལེགས་ཐམས་ཅད་འབྱུང་བའི་གནས། །ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །ཅེས་འདོད་པའི་ཕྲིན་ལས་གསོལ། ལྔ་པ་བཟླས་པ་ཆོས་སྐྱོང་དགོངས་འདུས་སྙིང་པོ་ལྟར་བྱ་བ་བཞི་ལས། དང་པོ་རིགས་བདག་བླ་མ་ལ་བསྟེན་ནས་ཉམས་ཆགས་འཁོན་གྲིབ་ཞི་བའི་བཟླས་པ་ནི། ཡེ་ཤེས་མགོན་པོའི་རིགས་ཀྱི་བདག༔ བླ་མའི་སྐུ་ཡི་འོད་ཟེར་གྱིས༔ བདག་གི་དམ་ཚིག་ཉམས་ཆགས་སྦྱངས༔ དམ་ཅན་ཁྲོས་པ་ཞི་བར་མཛོད༔ ཨོཾ་མ་ཧཱ་གུ་རུ་ཨོཾ་ཤཱིནྟཾ་ཀུ་རུ་སྭཱ་ཧཱ༔ བརྒྱ་རྩ་བཟླས། གཉིས་པ་ཡི་དམ་ཞི་བས་དམ་ཅན་མཐུ་རྩལ་དཔུང་བསྐྱེད་པའི་བཟླས་པ་ནི། ཡེ་ཤེས་མགོན་པོའི་དབུ་རྒྱན་གྱི༔ བདེ་གཤེགས་སྐུ་ལ་འོད་འཕྲོས་པས༔ དམ་ཅན་རྣམས་ཀྱི་མཐུ་རྩལ་སྐྱེད༔ གཟི་བརྗིད་འོད་དུ་འབར་བར་བསམ༔ ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཿབྷཱུྃ་པུཥྚིཾ་ཀུ་རུ་སྭཱ་ཧཱ༔ བརྒྱ་རྩ་བཟླ། གསུམ་པ་ཁྲོ་མོ་ཟིལ་གྱི་གནོན་བཟླས་པས་དམ་ཅན་དབང་དུ་བྱ་བ་ནི། ཡེ་ཤེས་མགོན་པོའི་སྐུ་ཡི་དབྱིངས༔ ཡི་དམ་རྣམས་ཀྱི་སྐུ་ལས་འོད༔ འཕྲོས་པས་དམ་ཅན་དབང་དུ་བྱས༔ ཅི་བཅོལ་བཀའ་བཞིན་ལས་སྒྲུབ་བསམ༔ ཨོཾ་ཤྲཱི་ཧེ་རུ་ཀ་ཧྲི་ཝཱ་ཤཾ་ཀུ་རུ་ཧོཿ བརྒྱ་རྩ་བཟླ། བཞི་པ་ཆོས་སྐྱོང་དྲག་པོའི་ཕྲིན་ལས་བསྐུལ་བའི་དམིགས་བཟླས་ནི། མདུན་བསྐྱེད་དམ་ཅན་ཐུགས་ཀ་རུ༔ ཉི་སྟེང་སྲོག་སྔགས་ཀྱིས་བསྐོར་བར༔ བདག་ཐུགས་འོད་ཀྱིས་བསྐུལ་བ་ལས༔ ཡེ་ཤེས་ལས་བྱེད་མ་མགོན་གྱི༔ སྐུ་ལས་འོད་འཕྲོས་ཕྲིན་ལས་སྒྲུབ༔ ཨོཾ་བཛྲ་ཧེ་རུ་ཀ་ས་མ་ཡ། མ་ནུ་པཱ་ཡ། བཛྲ་ཧེ་རུ་ཀ་ཏྭེ་ནོ་པ་ཏིཥྛ་དྲྀ་ཌྷོ་མེ་བྷ་ཝ། སུ་ཏོཥྱོ་མེ་བྷ་ཝ། སུ་པོཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲཱི་ཡཿཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝཱན་སརྦ་ཏ་ཐཱ་ག་ཏ། ཧེ་རུ་ཀ་མཱ་མེ་མ⁽12df⁾ཉྩ་ཧེ་རུ་ཀོ་བྷ་ཝ་མ་ཧཱ་ས་མ་ཡ་སཏྭ་ཨཱཿཧཱུྃ་ཕཊ། ཅེས་ཧེ་རུ་ཀའི་ཡིག་བརྒྱ་དང༌། གོང་གནོན་གྱི་བཟླས་པ་སྔོན་དུ་འགྲོ་བས་བཟླ་བྱའི་སྔགས་ནི། ཨོཾ་བྷུ་རུ་ཀུ་རུ་ཨི་ཙི་ཀི་བྱི་ཨུ་ཙུཥྨ་མ་ཧཱ་ཀྲོ་དྷ་ཧཱུྃ་ཕཊ༔ ཆེ་མཆོག་ཡོན་ཏན་གྱི་མགོན་པོ་ལེགས་ལྡན་ཚོགས་བདག་གོ །ཨོཾ་མ་ཧཱ་ཀཱ་ལ་གུ་ཎ་ཧྲྀ་དཱ་ཧཱུྃ་ཕཊ༔ ཡང་དག་ཐུགས་ཀྱི་མགོན་པོ་ཕྱག་བཞི་པ་ཡབ་དང༌། ཨོཾ་ཨེ་ཀ་ཛཱ་ཊི་བྷྱོ་ཛཿ ཡུམ་སྔགས་སོ། །ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཏྲི་ཡཾ་ཛཿཛཿ དགྲ་བོ་མཱ་ར་ཡ་ཧཱུྃ་ཕཊ༔ འཇམ་དཔལ་སྐུའི་མགོན་པོ་སྟག་ཞོན་གྱི་སྔགས་སོ། །ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཀྵེཾ་ཀྵེ་ཏྲ་བིགྷྣཱན་བི་ན་ཡ་ཀ་ཧཱུྃ་ཧཱུྃ་ཕཊ༔ པདྨ་གསུང་གི་མགོན་པོ་མྱུར་མཛད་ཕྱག་དྲུག་པའི་སྔགས་སོ། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་གུ་ཧྱ་པ་ཏི་དུ་བྷྱོ་པཉྩ་ནཱ་ཐ་ཧཱུྃ་ཕཊ༔ ཕུར་པ་ཕྲིན་ལས་ཀྱི་མགོན་པོ་མ་ནིང་གི་སྔགས་སོ། །ཨོཾ་རོ་རུ་ཨེ་ཀ་ཛ་ཊི་སྙིང་ཁ་རཀྨོ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཛཿ མ་མོ་རྦོད་གཏོང་གི་རྗེ་བཙན་ཨེ་ཀ་ཙ་ཏིའི་སྔགས་སོ། །ཨོཾ་མ་ཧཱ་ཀཱ་ལ་བི་ཀ་ལ་ཏྲི་ཡཾ་ཛཿ རིག་འཛིན་སློབ་དཔོན་གྱི་མགོན་པོ་ཞལ་བཞི་པའི་སྔགས་སོ། །ཨོཾ་མ་ཧཱ་ཀཱ་ལ་ཧཱུྃ་ཕཊ༔ འཇིག་རྟེན་མཆོད་བསྟོད་ཀྱི་མགོན་པོ་རྡོ་རྗེ་གུར་གྱི་སྔགས་སོ། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཡཀྵ་བཻ་ཏ་ལི་ཧཱུྃ༔ དམོད་པ་དྲག་སྔགས་ཀྱི་མགོན་པོ་སྲས་མཆོག་གི་སྔགས་ཏེ་དྲག་པོ་ཆོས་སྐྱོང་དགོངས་འདུས་མགོན་ཆེན་སྡེ་དགུའི་བསྙེན་པའོ། །ཧྲི་ཤག་རུ་རག་རཾ་ནཱ་གེ་ཙིཏྟ་ཏྲྃ་མ་མ་ཡོ་ཟ་འགྲམ་ཧ་ཧ་ག་ཤ་ལ་ཛཿ ཕོ་རྒྱུད་ཀྱི་གཙོ་བོ་ཟབ་བདུན་གཤིན་རྗེའི་བཀའ་སྲུང་ཁྱབ་འཇུག་དུག་གི་སྤུ་གྲིའི་སྔགས་སོ། །ཨོཾ་མ་ཧཱ་ཀཱ་ལ་སིཾ་ཧ་མུ་ཁ་ཧཱུྃ་ཕཊ༔ ཏྲི་ཧྲིཾ་ཛཿ ཌཱ་ཀི་ནི་སི་ན་ར་མ་ཏྲི་ཧྲིཾ་ཛཿ ཨ་ཡ་མ་དུ་རུ་ཙ་ཤ་ན་ཙིཏྟ་ཧྲིཾ་ཧྲིཾ་ཛཿ བསྟན་སྲུང་ཆོས་བཞིའི་མགོན་པོ་ཞིང་སྐྱོང་ཡབ་ཡུམ་གྱི་སྔགས་སོ། །ཨོཾ་མ་ཧཱ་ཀཱ་ལ་ཏྲཀྴད་དུཿཛཿ དངོས་གྲུབ་རྒྱ་མཚོ་ལས་དམིགས་གསལ་དུ་གསུང་པའི་སྲོག་བདུད་ཏྲཀྴད་ནག་པོའི་སྔགས་སོ། །ཨོཾ་ཀཱ་ལ་རཱུ་པ་ཡ་མ་རཱ་ཛ་ཧཱུྃ་ཕཊ༔ ཟབ་བདུན་གཤིན་རྗེའི་བཀའ་སྲུང་ལས་གཤིན་འཆི་བདག་ནག་པོའི་སྔགས་སོ། །ཨོཾ་རཀྨོ་པྲཱ་ན་ཨཱཏྨ་ཀྵེ་རུ་སུ་རུ་ཥ་ལོ་ཧ་ཏ་སརྦ་ཤ་ཏྲཱུྃ་མཱ་ར་ཡ་ཧཱུྃ་ཕཊ༔ ཆོས་སྐྱོང་དགོངས་འདུས་བཀའ་རྒྱ་ཅན་ལས་གསུང་གི་མགོན་པོའི་སྐོར་ལས་འབྱུང་བའི་གནོད་སྦྱིན་བེཀྩེའི་སྔགས་སོ། །ཨོཾ་བཛྲ་ས་མ་ཡ་བྷཀ་ཏྲཾ་ཏྲྃ་ཤི་ནི་ཀྲ་མ་ནི་ས་མ་ཡ་སཱ་དྷུ་ཏྲི་ཛཿཛཿཧཱུྃ་བྃ་ཧོཿ ཨོཾ་བཛྲ་ཌཱ་ཀི་ནི་མ་ནུ་རཀྟོ་ས་མ་ཡ་ཛཿཧཱུྃ་བྃ་ཧོཿ ཐུགས་རྗེ་ཆེན་པོ་པདྨ་སྒྱུ་འཕྲུལ་དྲ་བའི་བཀའ་སྲུང་དམ་ཅན་ལྕམ་དྲལ་གྱི་སྔགས་སོ། །ཨོཾ་ནཱ་ག་ཙཎྜ་ཙ་ར་ར་ཏྲི་གིངྐ་ར་ཡཀྴ་ཡཀྴ་ས་མ་ཡ་ཙིཏྟ་རཏྣ་ཧྲིཾ་ཧྲིཾ་ཛཿཛཿ ཐུགས་སྒྲུབ་ཡིད་བཞིན་ནོར་བུའི་གཏེར་སྲུང་ཀླུ་བཙན་འབར་བ་སྤུན་བདུན་གྱི་སྔགས་སོ། །ཨོཾ་རཱ་ཛ་སིདྡྷི་ས་མ་ཡ་ཐིམ་ཛཿ ཐུགས་སྒྲུབ་ཡིད་བཞིན་ནོར་བུའི་བཀའ་སྲུང་རྒྱལ་ཆེན་པེ་ཧ་རའི་སྔགས་སོ། །ཨོཾ་ཤུ་ལ་ཏྲི་དེ་ཝ་ཨ་དྷ་ཤ་གྷྲྀ་ཝ་དུཿནཱ་ག་རཱ་ཛ་ནཾ་དྷྭ་ཏི་ཀུ་མ་ར་བཻ་ཛཿ ཟབ་བདུན་སྤྱིའི་གཏེར་སྲུང་དྲེགས་པ་སྡེ་ལྔའི་སྔགས་སོ། །ཨོཾ་རོ་རུ་རོ་རུ་བི་དྷིཥྛ་བདྷོཏྶི་ཀ་མ་ལ་རཀྵ་སཱི་ཧཱུྃ་བྷྱོ་ཧཱུྃ༔ མོ་རྒྱུད་ཀྱི་གཙོ་མོ་རིགས་གསུམ་སྙིང་ཐིག་གི་བཀའ་སྲུང་ལྷ་མོ་དུད་སོལ་མའི་སྔགས་སོ། །ཨོཾ་མ་མ་ར་ལི་པྲ་མ་ཡ་ཀཱ་ལི་ཡེ་ཛཿཛཿ ལས་ཀྱི་མཁའ་འགྲོ་རྡོ་རྗེ་སྡེར་མོའི་བཀའ་སྲུང་ཞིང་སྐྱོང་དུར་ཁྲོད་མ་མོའི་སྔགས་སོ། །ཨོཾ་ཁྱི་ཁ་ལེ་ནག་མོ་ཧཱུྃ་ཕཊ༔ སྤྱི་འགྲོའི་དབང་གིས་ལྷ་མོ་སྲོག་སྒྲུབ་མའི་སྔགས་སོ། །ཨོཾ་བཛྲ་དྷཱ་ཀི་ནི་ཨཱ་ཡུ་ཥེ་ཤྭ་རི་ས་མ་ཡ་ཛཿཨ་ཡུར་པུཎྱེ་པུཥྚིཾ་ཀུ་རུ་སྭཱ་ཧཱ༔ ཨོཾ་ཛྙཱ་ན་དྷཱ་ཀི་ནི་མཱྃ་ལཱྃ་ཨཱྃ་ཏཱྃ་སརྦ་སིདྡྷི་ཧཱུྃ་ཧཱུྃ༔ ཐུགས་སྒྲུབ་བར་ཆད་ཀུན་སེལ་བཀའ་སྲུང་བཀྲ་ཤིས་ཚེ་རིང་མཆེད་ལྔའི་སྔགས་སོ། །ཨོཾ་བཛྲ་པྲ་མོ་ཧ་བྃ་ཧ་རི་ནི་ས་ཧྲིཾ་ཧྲིཾ་སརྦ་སིདྡྷི་སྭཱ་ཧཱ༔ དགོངས་གཏེར་སྒྲོལ་མའི་ཟབ་ཏིག་གི་བཀའ་སྲུང་སྨན་བཙུན་རྡོ་རྗེ་གཡུ་སྒྲོན་མའི་སྔགས་སོ། །ཨོཾ་གྷཱ་མུ་ཨཱ་ཛི་ཏེ་དྷརྨ་དཱི་པེ་སརྦ་སིདྡྷི་ཧཱུྃ༔ ཞེས་གཏེར་ཆེན་རིན་པོ་ཆེའི་དམིགས་གསལ་བཀའ་སྲུང་དབྱིངས་ཕྱུག་ཨ་ཕྱི་མའི་སྔགས་སོ། །ཨོཾ་མ་མོ་ཛྭ་ལི་ཛྭ་ལ་ནི་ཙཎྜི་ཧཱུྃ་ཕཊ༔ མ་མ་ཏྲག་རཀྵ་ག་རུ་ཊ་ཧཱུྃ་ཕཊ༔ ཨོཾ་ཏྲི་ཤུ་ལ་བཛྲ་སཱ་དྷུ་སིདྡྷི་ཧཱུྃ༔ ཨ་ཙ་ནཾ་ཛཿ ཟབ་ཆོས་རྫོགས་ཆེན་སྡེ་གསུམ་གྱི་བཀའ་གཏེར་སྲུང་མའི་སྔགས་སོ། །ཨོཾ་ལ་ལཿ ལེ་ལེ༔ ཏྃ་ཏྃ༔ ཏེ་ཏེ་ཁ་རཀྨ༔ མ་མ་སྲིང་འགྲོ་མ་ཧཱུྃ་བྷྱོ་ཧཱུྃ་ཧཱུྃ༔ ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་བཀའ་སྲུང་བོད་སྐྱོང་བརྟན་མ་བཅུ་གཉིས་ཀྱི་སྔགས་སོ། །ཨོཾ་བཛྲ་མ་ཏི་ཧཱུྃ༔ ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་གཏེར་སྲུང་ཁ་རག་ཁྱུང་བཙུན་མའི་སྔགས་སོ། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མོ་གྷ་ཏ་ཡ་མ་མ་ཤྲཱི་གྷྲཾ་ཀརྨ་ཀཱ་ར་ཡེ་ཧཱུྃ་ཕཊ༔ ཟབ་བདུན་ཕུར་པའི་བཀའ་སྲུང་ཕུར་སྲུང་དམ་ཅན་གྱི་སྔགས་སོ། །ཨོཾ་ནི་ལཾ་བ་ར་དྷཱ་ར་བཛྲ་པ་ཎི་ཧཱུྃ་ཧཱུྃ་ཕཊ༔ ཐུགས་སྒྲུབ་ཡིད་བཞིན་ནོར་བུའི་བཀའ་སྲུང་རྣམ་སྲས་ལྟར་ནོར་ལྷ་གཏེར་བདག་གཙོ་བོ་གོང་གནོན་གསང་བདག་གི་སྔགས་སོ། །ཨོཾ་བཻ་ཤྲ་མ་ཎ་ཡ་སྭཱ་ཧཱ༔ བཀའ་སྡོད་རྣམ་སྲས་སེར་ཆེན་གྱི་སྔགས་སོ། །ཨོཾ་མ་ཧཱ་རཱ་ཛ་ཡཀྵ་ས་མ་ཡ་བཻ་ཤྲ་མ་ཎ་ཙིཏྟ་ཧྲིཾ་ཧྲིཾ་ཛཿཛཿ དབང་གི་གནོད་སྦྱིན་མདུང་དམར་ཅན་གྱི་སྔགས་སོ། །ཨོཾ་བཻ་ཏྲཀ་ཏྲཀྵ་བྷྱོ་ཧཱུྃ་ཕཊ༔ དྲག་པོ་རྟ་སྔོན་ཅན་གྱི་སྔགས་སོ། །ཨོཾ་བུདྡྷ་བཛྲ་རཏྣ་པདྨ་ཀརྨ་ཛམ་བྷ་ལ་ཧཱུྃ་ཛཿ ཐུགས་སྒྲུབ་བར་ཆད་ཀུན་སེལ་གུ་རུ་སྐྱེས་མཆོག་ཚུལ་བཟང་གི་སྒྲུབ་ཐབས་ལས་འབྱུང་བ་ལྟར་ཛམ་ལྷ་རིགས་བཞི་སྤྱི་དྲིལ་གྱི་སྔགས་སོ། །ཨོཾ་ག་ཎ་པ་ཏི་བ་སུ་དྷཱ་རི་ཎི་ཀུ་རུ་ཀུལླེ་བཻ་ཤྲཱ་བ་ཎ་ཧཱུྃ་ཛཿ ལྷ་ཀླུ་མི་དང་གནོད་སྦྱིན་ནོར་བདག་གི་སྔགས་སོ། །ཨོཾ་མཱ་ཎི་བྷ་དྲ་རེ་མནྟ་མ་ཧཱ་རཱ་ཛ་ཡཀྵ་ཀུ་བཻ་ར་ཧཱུྃ་ཛཿ ཟས་ནོར་རྟ་ཕྱུགས་ནོར་བདག་གི་སྔགས་སོ། །ཨོཾ་ཨི་ལིང་ཀི༔ པི་ལིང་ཀི༔ ཀི་ལིང་ཀི་སྭཱ་ཧཱ༔ ནོར་དང༌། ཨོཾ་ན་མོ་ཤུ་ཏྲ་མུ་ཏྲི་མ་ཧཱ་པི་ཤཱ་ཙི་ན་ཡེ་སྭཱ་ཧཱ༔ གོས་དང༌། ཨོཾ་ཨ་ན་ལེ༔ ཀུན་དྷ་ལེ༔ གྷྲྀ་ཧྣ༔ པི་ཎ་དྷ༔ པི་ཤཱ་ཙི་ན་ཡེ་སྭཱ་ཧཱ༔ ཟས་ཀྱི་ལྷ་མོ་སྟེ་ཟབ་བདུན་དང་བར་ཆད་ཀུན་སེལ་གཉིས་ཀ་ལས་འབྱུང་བའི་ཀུན་འཁྱིལ་མཆེད་གསུམ་གྱི་སྔགས་སོ། །ཨོཾ་ཀུ་མ་ཀུ་མ་ཁུས་ཐིས་སྭཱ་ཧཱ༔ ཨོཾ་མ་མ་ར་ལི་པྲ་མ་ཡ་ཛཿཛཿ བར་ཆད་ཀུན་སེལ་མི་གཡོ་བའི་བཀའ་སྲུང་དུར་བདག་ཡབ་ཡུམ་གྱི་སྔགས་སོ། །ཨོཾ་མ་ཧཱ་དེ་བ་ཛཿཨུ་མ་དེ་བཱི་ཧྲིཾ་ཧ་རི་ནི་ས་པཱ་ཤཾ་ཀུ་རུ་ཧོཿ ཐུགས་ཆེན་པདྨ་སྒྱུ་འཕྲུལ་དྲ་བ་དང་ཟབ་བདུན་པདྨ་མཁའ་འགྲོའི་བཀའ་སྲུང་ལྷ་ཆེན་ལྕམ་དྲལ་གྱི་སྔགས་སོ། །ཨོཾ་མ་ཧཱ་སིཾ་ཧ་མ་ཎི་རཱ་ཛ་ཧཱུྃ་ཕཊ༔ སེང་ཆེན་དགྲ་བླའི་རྒྱལ་པོའི་སྔགས་སོ། །བཟླས་པ་འདི་དག་བསྡུ་ན་སྤྱིར་བཏང་བྱེད་ན་རྩ་བ་ཆོས་སྐྱོང་དགོངས་འདུས་མགོན་ཆེན་ལྕམ་དྲལ་སྡེ་དགུ་སོ་སོ་དང༌། །དྲེགས་པ་ཕོ་རྒྱུད་མོ་རྒྱུད་ནོར་ལྷ་རྣམས་སྤྱི་དྲིལ་གྱི་སྔགས། ཨོཾ་བཛྲ་སརྦ་དུཥྚན་མ་མ་རུ་ལུ་བ་སུ་དྷཱ་རི་ཨེ་ཛཿབྷྱོཿ ཞེས་ཆོས་སྐྱོང་དགོངས་འདུས་སྙིང་པོ་ལས་འབྱུང་བ་ཙམ་བཟླས་ཀྱང་རྒྱས་བསྡུས་མཚམས་པར་འགྱུར་ཞིང་དམིགས་གསལ་སོ་སོའི་ལས་སྦྱོར་གྱི་སྐབས་བསྙེན་བཟླས་བྱེ་བྲག་ཏུ་སྦྱར་བ་སྐབས་ཕྱེད་པར་བྱ་དགོས་ལ། ཨོཾ་མ་ཧཱ་ཀཱ་ལ་ཡ། ཤཱ་ས་ན་ཨུ་པ་ཧ་རི་ནི། ཨེ་ཥ་ཨ་པཉྩི་མ་ཀཱ་ལོ་ཨ་ཡི་དཾ་རཏྣ་ཏྲ་ཡཱ་ཡ། ཨ་པ་ཀཱ་རི་ཎཱཾ་ཡ་དི་པྲ་ཏི་ཛྙཱ་སྨ་ར་སི་ཏ་དཱ། ཨི་དཾ་དུཥྚན་ཁ་ཁ་ཁཱ་ཧི་ཁཱ་ཧི། མཱ་ར་མཱར། གྲྀཧྞ་གྲྀཧྞ། བནྡྷ་བནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ་དི་ན་མཻ་ཀི་ན་ཧཱུྃ་ཕཊ་ཧཱུྃ། ཞེས་གཙོ་འཁོར་ཐུན་མོང་སྟེ། འདི་རྣམས་ཇི་ཙམ་ནུས་པ་བཟླས་པའི་མཐར། ཐུན་མཚམས་སུ་བ་ལིཾ་ཟས་སྣ་ཕུད་སྐྱེམས་སོགས་གསོ་བྲན་གྱིས། རྃ་ཡྃ་ཁྃ། ཨོཾ་ཨཱ༔ཧཱུྃ། ལན་གསུམ་གྱིས་བྱིན་རླབས་ཏེ། ཨོཾ་བཛྲ་ཙཎྜ་སརྦ་དུཥྚན་མ་མ་རུ་ལུ་ཨེ་ཛཿབྷྱོཿ ས་པཱ་རི་ཝ་ར་ཨི་དཾ་བ་ལིཾ་ཏ་ཁཱ་ཧི། ལན་གསུམ་གྱིས་གཏོར་མ་ཕུལ་ལ། ཧཱུྃ༔ བླ་མ་མགོན་པོ་དབྱེར་མེད་པ༔ ཐུགས་རྗེ་བརྩེ་བས་དགོངས་སུ་གསོལ༔ ཉམས་ཆགས་འགལ་འཁྲུལ་ཅི་མཆིས་པ༔ འགྱོད་པས་བཤགས་སོ་དག་པར་མཛོད༔ ཅེས་ཡིག་བརྒྱ་བཟླ། དྲུག་པ་ཚོགས་ཀྱི་མཆོད་པ་ལ་བཞི་ལས་དང་པོ་ཐབས་ཤེས་ཀྱི་རྫས་རྣམས་བསང་ཆུས་བྲན་ལ་བྱིན་གྱིས་བརླབ་པ་ནི། རྃ་ཡྃ་ཁྃ། ཡེ་ཤེས་མེ་རླུང་ཆུ་ཡིས་དངོས་འཛིན་སྦྱངས༔ བྷྲཱུྃ་ལས་བྷཉྫ་འབར་བའི་སྣོད་རྣམས་སུ༔ ཨོཾ་ཧཱུྃ་ཏྲཱྃ་ཧྲིཿཨཱཿལས་བདུད་རྩི་ལྔ༔ མཱུྃ་ལཱྃ་མཱྃ་པཱྃ་ཏཱྃ་ལས་ཤ་ལྔ་གསལ༔ རླུང་མེ་སྦྱོར་བས་འོད་ཞུ་བདུད་རྩིར་འཁྱིལ༔ རླངས་པ་ཡེ་ཤེས་བཅུད་བསྡུས་དེ་ལ་ཐིམ༔ དམ་ཡེ་གཉིས་མེད་ཁ་དོག་དྲི་རོར་ལྡན༔ འདོད་ཡོན་ལྔ་ཡི་མཆོད་སྤྲིན་སྤྲོ་བར་གྱུར༔ གཉིས་པ་ནི། ཧཱུྃ། འོག་མིན་ཆོས་དབྱིངས་ཕོ་བྲང་ནས༔ རྩ་བརྒྱུད་བླ་མ་གཤེགས་སུ་གསོལ༔ རང་བཞིན་གནས་མཆོག་དམ་པ་ནས༔ ཡི་དམ་ལྷ་ཚོགས་གཤེགས་སུ་གསོལ༔ དུར་ཁྲོད་བརྒྱད་དང་ཉེར་བཞིའི་གནས༔ དཔའ་བོ་མཁའ་འགྲོ་གཤེགས་སུ་གསོལ༔ རང་རང་གར་བཞུགས་གནས་མཆོག་ནས༔ མ་མགོན་ལྕམ་དྲལ་དམ་ཅན་རྣམས༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ བཛྲ་ས་མ་ཛཿ གསུམ་པ་ནི། ཧཱུྃ༔ འདོད་ཡོན་ལྔ་ཡི་མཆོད་སྤྲིན་ནི༔ བླ་མ་ཡི་དམ་མཁའ་འགྲོ་དང༔ མ་མགོན་ལྕམ་དྲལ་ལ་སོགས་པའི༔ དམ་ཅན་རྒྱ་མཚོ་རྣམས་ལ་འབུལ༔ ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི༔ བཞི་པ་ནི། ཧཱུྃ༔ ཐོག་མེད་དུས་ནས་བསགས་པ་ཡི༔ མ་རིག་ཉམས་ཆགས་འགལ་འཁྲུལ་རྣམས༔ ཚོགས་ཀྱི་མཆོད་པས་བསྐང་ཞིང་བཤགས༔ ཐམས་ཅད་བྱང་ཞིང་དག་གྱུར་ཅིག༔ ཡིག་བརྒྱ་བརྗོད། བདུན་པ་ཐུགས་དམ་སྐོང་བའི་རིམ་པ་ལ། དམ་ཅན་སོ་སོའི་སྐོང་བ། བཤགས་པ། ཕྲིན་བཅོལ་དང་གསུམ་ལས། དང་པོ་ནི། སྐོང་རྫས་རྣམས་ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་བྷྲཱུྃ་ལས་གནས་ཁང་དུར་ཁྲོད་དྲག་པོའི་ཞིང་ཁམས། བསམ་གྱིས་མི་ཁྱབ་པར་ཕྱི་ནང་གསང་བའི་མཆོད་པ་སྤྱན་གཟིགས་མཐུན་རྫས་རྟེན་རྫས་སྐོང་རྫས་ལ་སོགས་པ་ཐམས་ཅད་སྲིད་ཞིའི་འདོད་ཡོན་གྱི་རྣམ་པ་མཁོ་རྒུ་ཚང་བ། བཟང་རྒུས་འབྱོར་བ། མཛེས་རྒུས་བརྒྱན་པ། ངོ་བོ་ཡེ་ཤེས་སྒྱུ་མའི་རང་བཞིན་བདེ་བའི་རྣམ་པ་ཐམས་ཅད་པར་འཆར་བས་ནམ་མཁའི་ཁམས་གང་བར་གྱུར། ན་མཿསརྦ་ཏ་ཐཱ་ག་ཏ་སོགས་ལན་གསུམ། བཛྲ་སྥ་ར་ཎ་ཁྃ་ཞེས་པས་བྱིན་གྱིས་བརླབ་ཅིང་ཟད་མི་ཤེས་པར་སྤེལ་ལ། དང་པོ་དྲག་པོ་ཆོས་སྐྱོང་དགོངས་འདུས་མགོན་ཆེན་སྡེ་དགུ་སྤྱི་དྲིལ་གྱི་བསྐང་བ་ནི། ཧཱུྃ། ཆོས་དབྱིངས་རང་བྱུང་རྡོ་རྗེའི་མཚོན་ཆེན་པོའི། །བདག་རྟོག་རུ་ཏྲ་བསྒྲལ་བའི་དྲག་པོའི་ཞིང༌། །ཁྲག་འཐུང་དགྱེས་དགུའི་ལོངས་སྤྱོད་མི་ཟད་གཏེར། །འདོད་རྒུ་ཡིད་བཞིན་འཆར་བས་ཐུགས་དམ་བསྐང༌། །ཁྲག་མཁྲིས་དུག་ཆུའི་རྒྱ་མཚོ་རྦ་ཀློང་འཁྲུགས། །དོན་སྙིང་དབང་པོའི་མེ་ཏོག་འདར་ཞིང་འཕྲིགས། །ཚིལ་གསུར་དུད་སྤྲིན་མེ་རླུང་ཕྱོགས་ཀུན་འཚུབས། །རྐང་གླིང་ཤ་ཟའི་བཤུགས་ལུའི་ཐུགས་དམ་བསྐང༌། །བཅུད་ལྡན་བདུད་རྩིའི་རྫིང་བུ་རཀྟའི་མཚོ། །འདོད་འབྱུང་གཏོར་མའི་ལྷུན་པོ་རྒྱན་གྱིས་བཀྲ། །ཉེར་སྤྱོད་ཀུན་བཟང་མཆོད་སྤྲིན་འདོད་རྒུའི་གཏེར། །བདེ་སྟོང་ཡེ་ཤེས་རོལ་པས་ཐུགས་དམ་བསྐང༌། །བཅུ་དྲུག་རིག་མས་འདོད་པའི་སྒྱུ་རྩལ་རྩེ། །མངོན་སྤྱོད་ལས་ཀྱིས་དུག་གསུམ་རུ་དྲ་བསྒྲལ། །གཉིས་མེད་ཡེ་ཤེས་སྒྱུ་འཕྲུལ་དྲ་བའི་གར། །ཆོས་ཀྱི་དབྱིངས་དང་མཉམ་པས་ཐུགས༴ མཐུན་པའི་དམ་རྫས་བཞེད་རྒུ་མི་ཟད་གཏེར། །རྟེན་པའི་དམ་རྫས་བླ་རྟེན་སྲོག་འཁོར་འཛུག །སྐོང་བའི་དམ་རྫས་སྲིད་ཞིའི་དཔལ་འབྱོར་ཀུན། །ཡིད་བཞིན་ལྷུན་གྱིས་གྲུབ་པའི་མཆོད་པ་འདིས། །ཆེ་མཆོག་ཡོན་ཏན་མགོན་པོ་སྤྱི་དཔལ་ཆེ། །ལེགས་ལྡན་རྡོ་རྗེ་སྲིན་པོའི་ཐུགས༴ ཐུགས་ཀྱི་མགོན་པོ་ཕྱག་བཞིའི་ཐུགས༴ སྐུ་ཡི་མགོན་པོ་སྟག་ཞོན་ཐུགས༴ གསུང་གི་མགོན་པོ་ཕྱག་དྲུག་ཐུགས༴ ཕྲིན་ལས་མགོན་པོ་མ་ནིང་ཐུགས༴ མངོན་རྫོགས་མ་མོ་སྔགས་སྲུང་ཐུགས༴ རིག་འཛིན་མགོན་པོ་ཞལ་བཞིའི་ཐུགས༴ དྲག་སྔགས་མགོན་པོ་གུར་གྱི་ཐུགས༴ མཆོད་བསྟོད་མགོན་པོ་སྲས་མཆོག་ཐུགས༴ ཚོགས་ཀྱི་བདག་པོ་བེང་དབང་ཨ་གྷོ་ར། །ཞིང་སྐྱོང་སེང་གདོང་བདུད་མགོན་ཏྲཀྴད་ནག །དཔལ་མགོན་བདུན་ཅུ་དགྱེས་སྡེ་བཀའ་འཁོར་བཅས། །དྲག་པོ་ཆོས་སྐྱོང་དགོངས་འདུས་ཐུགས་དམ་བསྐང༌། །ཐུགས་དམ་དགྱེས་བསྐང་ཉམས་པ་སོར་ཆུད་ནས། །སྐུ་གསུང་ཐུགས་ཀྱི་ཕྲིན་ལས་རྨད་པོ་ཆེའི། །དགྱེས་རྒུའི་གར་གྱིས་བསྟན་དང་དེར་འཛིན་སྤེལ། །འདོད་རྒུའི་ཕྲིན་ལས་ཡིད་བཞིན་འགྲུབ་པར་མཛོད། །ཅེས་དཀྱུས་སུ་འཇུག་བདེའི་དབང་དུ་བྱས་ལ་རྒྱས་པར་སྤྲོ་ན་མགོན་ཆེན་སྡེ་དགུ་སོ་སོའི་བསྐང་བ་སྐབས་དང་གང་འབྲེལ་སྦྱར་ན་ལེགས་པའི་ཡན་ལག་ཏུ་འགྱུར་རོ། །གཉིས་པ་ཕོ་རྒྱུད་དྲེགས་པ་ཀུན་འདུས་ཀྱི་སྤྱི་བསྐང་ནི། ཧཱུྃ། འགྱུར་མེད་ཆོས་སྐུའི་ཀློང་ལས་མ་གཡོས་ཀྱང༌། །གསང་ཆེན་བསྟན་པ་གཉན་པོ་མེལ་ཚེའི་ཕྱིར། །འབར་བའི་ལང་ཚོ་བསྐལ་པའི་མེ་རླུང་ཤུགས། །བདུད་སྡེའི་གཡུལ་ངོར་བཞེངས་ཀུན་གནས་འདིར་བྱོན། །ཆོས་ཉིད་བདེ་ཆེན་གཅིག་གི་ཆོ་འཕྲུལ་ལས། །ཆོས་ཅན་མ་འགག་རྟེན་འབྱུང་གྲུབ་པའི་རྫས། །རྒྱུད་གསུམ་དྲེགས་པ་ཡོངས་ལ་མཉེས་པའི་རྫས། །ངོ་མཚར་དགྱེས་རྒུའི་རོལ་པས་ཐུགས་དམ་བསྐང༌། །ཕྱི་ཡི་མཆོད་སྤྲིན་ཉེར་སྤྱོད་འདོད་ཡོན་ལྔ། །ནང་གི་དམ་རྫས་སྨན་གཏོར་རཀྟའི་བཅུད། །གསང་རྟེན་བླ་རྡོ་སྲོག་འཁོར་མཐུན་པའི་རྫས། །ཡིད་བཞིན་ལྷུན་གྱིས་གྲུབ་པས་ཐུགས༴ བསྐྱེད་རྫོགས་བསྒོམས་པས་སྲིད་ཞིའི་སྟོང་སྲོག་འཕྲོག །བསྙེན་སྒྲུབ་ལས་ཀྱིས་དྲེགས་པ་གནད་ལ་གཅུན། །འབོད་རྦད་བསད་པས་བསྟན་འགྲོའི་ཕན་བདེའི་དཔལ། །ཡར་ཟླའི་དཔལ་བཞིན་སྤེལ་བས་ཐུགས༴ སྡེ་བརྒྱད་དྲེགས་པའི་གཙོ་བོ་གཟའ་བདུད་ཆེ། །བདུད་མགོན་སེང་གདོང་ཏྲཀྴད་ཡ་མ་རཱ། །གནོད་སྦྱིན་བེཀྩེ་དམ་ཅན་ཀླུ་བཙན་རྒྱལ། །ཕོ་རྒྱུད་ཆོས་སྲུང་རྒྱ་མཚོའི་ཐུགས་དམ་བསྐང༌། །དགྱེས་རྒུའི་དམ་ཚིག་གཉན་པོ་མ་བྲལ་བར། །ལུང་རྟོགས་བསྟན་པའི་ཆབ་སྲིད་རྟག་ཏུ་སྤེལ། །སྐྱེ་རྒུའི་ཡིད་སྣང་དཀར་པོའི་ལམ་བསྒྱུར་ཞིང༌། །འཇིག་རྟེན་ཕན་བདེའི་འཚོ་བའི་ཕྲིན་ལས་མཛོད། །རིག་འཛིན་གྲུབ་པས་ཕྱོགས་དུས་ཀུན་ཁྱབ་ཅིང༌། །འཆད་རྩོད་རྩོམ་ལས་བཤད་སྒྲུབ་ལས་གསུམ་རྒྱས། །ནད་མུག་མཚོན་འཁྲུགས་སྙིགས་མའི་བསྐལ་ངན་བཟློག །དཀོན་མཆོག་དབུ་རྨོག་བཙན་ཞིང་དར་བར་མཛོད། །ཉམས་ཆགས་ཉེས་པའི་དྲི་མ་དབྱིངས་སུ་ཞི། །བསྟན་སྲུང་དབང་པོ་དགྱེས་པའི་འཛུམ་དཀར་བཞད། །སྲིད་ཞིའི་ལེགས་ཚོགས་དབང་སྡུད་བདུད་དགྲའི་དཔུང༌། །ཚར་གཅོད་ཕྱོགས་ལས་རྣམ་རྒྱལ་ཕྲིན་ལས་མཛོད། །གསུམ་པ་མོ་རྒྱུད་མ་མོ་ཀུན་འདུས་ཀྱི་སྤྱི་བསྐང་ནི། བྷྱོཿ བདེ་ཆེན་ཀུན་ཏུ་བཟང་མོའི་མཁའ། །ཀློང་ཡངས་བརྡལ་བ་ཆེན་པོའི་སྤྲིན། །སྣང་སྲིད་མ་ལུས་མཆོག་བདེའི་དཔྱིད། །དགྱེས་དགུའི་སྤྲིན་གྱིས་ཐུགས་དམ་བསྐང༌། །འགག་མེད་སྲིད་ཞིའི་ཆོས་རྣམས་ཀུན། །སྐྱེ་མེད་རྡོ་རྗེའི་ཨེ་དབྱིངས་སུ། །འཕོ་མེད་བདེ་ཆེན་སྡོམ་པའི་གར། །འདུ་འབྲལ་མེད་པས་ཐུགས་དམ་བསྐང༌། །སྒྱུ་མ་རྡོ་རྗེ་བཙན་པོའི་གཟུགས། །གཞོམ་མེད་གསང་བ་དགྱེས་པའི་སྒྲ། །ཞུ་བདེའི་དྲི་དང་དགའ་བཞིའི་རོ། །རེག་འཇམ་གཏུམ་མོའི་ཐུགས་དམ་བསྐང༌། །ཟླ་བའི་བདུད་རྩི་ཞུ་བའི་སྐུ། །རྡོ་རྗེ་ཉི་མའི་བདེ་ཆེན་གསུང༌། །མི་རྟོག་མཉམ་པའི་བ་ལིཾ་ཏ། །རང་བྱུང་རྫས་ཀྱིས་ཐུགས་དམ་བསྐང༌། །རྒྱུད་དྲུག་དགའ་བའི་རོལ་རྩེད་ཀྱིས། །ཡེ་ཤེས་མཚོན་ཆེན་འབར་བ་ཡིས། །ཀ་དག་ཆེན་པོར་ཐུགས་དམ་བསྐང༌། །ངོ་བོ་ཞི་བ་རྡོ་རྗེའི་དབྱིངས། །རྣམ་པ་སྣང་སྲིད་ཡུམ་གྱི་གར། །བདེ་ཆེན་དགྱེས་མ་ཁྲག་འཐུང་གཙོ། །ཨེ་ཀ་ཙ་ཏིའི་ཐུགས་དམ༴ དུད་སོལ་ལྷ་མོའི་ཐུགས་དམ༴ དུར་ཁྲོད་ལྷ་མོའི་ཐུགས་དམ༴ སྲོག་སྒྲུབ་ནག་མོའི་ཐུགས༴ ཚེ་རིང་མཆེད་ལྔའི་ཐུགས༴ རྡོ་རྗེ་གཡུ་སྒྲོན་ཐུགས༴ དབྱིངས་ཕྱུག་ཆོས་སྒྲོན་ཐུགས༴ བརྟན་མ་བཅུ་གཉིས་ཐུགས་དམ་བསྐང༌། །ཐུགས་དམ་གཉན་པོ་དགྱེས་བསྐང་བས། །ཕྱི་རུ་མ་མོའི་གཡོ་འཁྲུགས་ཞི། །སྣོད་བཅུད་བདེ་ལེགས་དཔལ་གྱིས་འབྱོར། །ནང་དུ་རྩ་རླུང་ཐིག་ཉམས་གསོས། །ཚེ་བསོད་དབང་ཐང་ཉམས་རྟོགས་སྤེལ། །གཞན་དུ་གཟུང་འཛིན་འཁྲུལ་རྟོག་བཅོམ། །རླུང་སེམས་དྷཱུ་ཏིར་དབང་དུ་འདུས། །དེ་ཉིད་རྣམ་ཐར་གསུམ་གྱི་ཀློང༌། །འཕྲུལ་རྟོག་བདུད་དགྲ་ཚར་བཅད་ནས། །དོན་གཉིས་ལྷུན་གྲབ་ཕྲིན་ལས་སྒོ། །རྩོལ་མེད་སྒྱུ་འཕྲུལ་དྲ་བ་ཡིས། །འགྲོ་ཀུན་རྗེས་སུ་འཛིན་ནུས་ཤིང༌། །ཟབ་ཅིང་གསང་བ་རྡོ་རྗེའི་ལམ། །ཀུན་ཏུ་རྒྱས་ཤིང་འཕེལ་བར་མཛོད། །བཞི་པ་ནོར་ལྷ་གཏེར་བདག་ཀུན་འདུས་ཀྱི་སྐོང་བ་ནི། ཧྲཱིཿ ཆོས་དབྱིངས་ཀུན་ཏུ་ཁྱབ་པ་ཡི། །བསོད་ནམས་ཡེ་ཤེས་སྒྱུ་འཕྲུལ་གར། །ཀུན་བཟང་དགྱེས་རྒུའི་མཆོད་པའི་སྤྲིན། །དངོས་ཡིད་ཏིང་འཛིན་ནུས་པའི་སྒོ། །རང་ཤར་ཕུན་ཚོགས་སྲིད་ཞིའི་དཔལ། །ལྷུན་གྲུབ་རིན་ཆེན་དབྱིག་གི་གཞིར། །ནོར་བུ་གཞལ་མེད་རྒྱན་ཕྲེང་བརྒྱན། །གཟི་བརྗིད་འོད་འབར་རྒྱ་ཕིབས་བརྩེགས། །བཀྲ་ཤིས་རྟགས་རྫས་རྒྱལ་སྲིད་བདུན། །ཉེ་བའི་རིན་ཆེན་འདོད་ཡོན་ལྔ། །གྲུབ་པའི་རྫས་ཀྱི་གཏེར་བརྡོལ་ཞིང༌། །འདོད་འབྱུང་བུམ་བཟང་མ་རྨོས་སྙེ། །དཔག་བསམ་ཤིང་དང་རྟ་མཆོག་བ། །རིན་ཆེན་རི་གླིང་ནགས་ཚལ་མཛེས། །བདུད་རྩིའི་ཆུ་ཀླུང་ཀླུ་དབང་རྩེན། །རི་དྭགས་གནག་ཕྱུགས་གཅན་གཟན་ཁྱུ། །བག་ཕེབས་རྩེ་དགའི་ཟློས་གར་ཅན། །ལྷ་མིའི་དབང་པོའི་སྟོབས་དཔལ་དང༌། །གཟི་བྱིན་འགྲན་ལ་ཆེས་དཔའ་ཞིང༌། །མཛེས་སྡུག་མིག་ཡངས་ཀུན་དགའ་བརྩེ། །ནོར་བུའི་སྤྲིན་ལས་བདུད་རྩིའི་ཆར། །འབེབས་དང་སྙན་བརྗིད་ལྷའི་རོལ་མོ། །ཕུན་ཕྱོགས་འདོད་དགུའི་ལོངས་སྤྱོད་ཀྱིས། །གསང་བའི་བདག་པོས་ཐུགས་དམ་བསྐང༌། །བགེགས་ཞི་གནོད་སྦྱིན་བྲན་དུ་བཀོལ། །རིན་ཆེན་གཏེར་འཆང་རྒྱ་མཚོའི་གཙོ། །ངལ་གསོས་བུ་ཡི་ཐུགས་དམ་བསྐང༌། །ཚོགས་གཉིས་རིན་ཆེན་དཔལ་འབྱོར་སྤེལ། །མདུང་དམར་ཅན་གྱི་ཐུགས་དམ་བསྐང༌། །ཁམས་གསུམ་དབང་སྡུད་དངོས་གྲུབ་སྩོལ། །རྟ་སྔོན་ཅན་གྱི་ཐུགས་དམ་བསྐང༌། །གདུག་པ་ཀུན་འདུལ་མཐུ་སྟོབས་སྩོལ། །འཁོར་གྱི་གནོད་སྦྱིན་ཐུགས་དམ་བསྐང༌། །འདོད་དགུའི་ཕྲིན་ལས་ཡིད་བཞིན་སྩོལ། །གཞན་ཡང་རིགས་བཞིའི་ནོར་བདག་དང༌། །ཟས་གོས་རྟ་ནོར་དབྱིག་གི་བདག །ལྷ་ཆེན་དུར་བདག་ཡབ་ཡུམ་སོགས། །ནོར་ལྷ་རྒྱ་མཚོའི་ཐུགས་དམ་བསྐང༌། །རིགས་གསུམ་སྒྱུ་འཕྲུལ་སེང་ཆེན་རྗེ། །འཇིག་རྟེན་སྐྱོང་བའི་ལྷ་ཆེན་གསུམ། །གནས་ཡུལ་གཏེར་གཞིའི་བདག་པོ་སོགས། །དཀར་ཕྱོགས་སྐྱོང་ཀུན་ཐུགས་དམ་བསྐང༌། །གྲིབ་མཐོལ་མི་གཙང་དབྱིངས་སུ་དག །དགྱེས་པའི་ལྷ་ཞལ་ཟླ་ལྟར་དཀར། །བསོད་ནམས་དབང་ཐང་སྙན་གྲགས་དར། །ཕྱོགས་ལས་རྣམ་པར་རྒྱལ་བ་ཡི། །བསྟན་དང་དེར་འཛིན་སྦྱིན་བདག་གི །ཚེ་བསོད་དབང་ཐང་རླུང་རྟ་བཙན། །མི་མཐུན་རྒུད་པ་ཀུན་ཞི་བའི། །ལེགས་ཚོགས་འཕེལ་རྒྱས་བརྟན་པར་མཛོད། །ཅེས་སྐོང་བའི་ཕྲིན་ལས་རྣམས་སོ་སོ་དང༌། བསྡུ་ན། ཧཱུྃ་ཧྲཱིཿ སངས་རྒྱས་བསྟན་པ་སྲུང་བའི་མཐུ་རྩལ་ཅན༔ སོགས་བླ་མ་དགོངས་འདུས་ཀྱི་བསྐང་བཤགས་རིན་ཆེན་ཕྲེང་བ་ལས་འབྱུང་བ་ལྟར་སྦྱར་ཀྱང་རུང་ལ་སྐབས་དེ་ཉིད་དུ་དབྱངས་ཀྱི་འགྱུར་བ་རོལ་མོའི་སྦྱོར་བ་ལྷན་ཅིག་པས་གྱེར་ཞིང་སྦྱར་བའི་སྤོས་ཀྱི་རྒྱུན་བཏུལ་བ་སོགས་བྱའོ། །གཉིས་པ་བཤགས་པ་ལ་སྤྱི་དང༌། བྱེ་བྲག་གཉིས་ལས། །དང་པོ་ནི། ཧོཿ རང་བཞིན་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང༌། །ཐུགས་རྗེའི་དབང་གིས་འབར་བའི་སྐུར་བཞེངས་པ། །རྒྱལ་བའི་བསྟན་སྲུང་དམ་ཅན་རྒྱ་མཚོའི་ཚོགས། །འཁོར་བཅས་བདག་ལ་གསན་ཅིང་དགོངས་སུ་གསོལ། །བདག་ཅག་བླུན་རྨོངས་མ་རིག་འཁྲུལ་པའི་ཡིད། །ལས་དང་ཉོན་མོངས་བག་ཆགས་ཀྱིས་དཀྲུགས་པས། །ལྷ་ཁྱོད་བསྙེན་ཅིང་བསྒྲུབ་པར་དམ་བཅས་ཀྱང༌། །སྐུ་ཡི་ཕྱག་རྒྱ་མ་གསལ་དོན་མ་རྟོགས། །སྔགས་ཀྱི་བཟླས་བརྗོད་མ་དག་ལྷག་ཆད་འཁྲུགས། །ཡིད་ཀྱི་ཏིང་འཛིན་བྱིང་རྒོད་རྟོག་པས་བསླད། །དམ་རྫས་མ་ཚང་རྟེན་རྫས་མ་ཚོགས་དང༌། །རྒྱུ་ཆུང་ཕུད་ཉམས་འབགས་བཙོག་དྲི་མས་གོས། །དུས་ཀྱི་མཆོད་གཏོར་འགྱངས་ཤིང་ཆག་པ་དང༌། །བསྙེན་སྒྲུབ་གཡེལ་ཞིང་ལས་སྦྱོར་ལོག་པ་སོགས། །རྩ་བ་ཡན་ལག་དམ་ཚིག་ཉམས་པ་ཀུན། །རབ་གནོང་འགྱོད་པའི་སེམས་ཀྱི་མཐོལ་ལོ་བཤགས། །མཐོལ་བཤགས་བཟོད་པ་དང་དུ་བཞེས་ནས་ཀྱང༌། །ཉམས་ཆག་སྒྲིབ་པའི་ཚོགས་རྣམས་ཀུན་བྱང་སྟེ། །འགྱུར་མེད་ཚངས་པ་མཆོག་གི་དངོས་གྲུབ་སྩོལ། ཞེས་དང༌། ཡི་གེ་བརྒྱ་པ་བཞི་གསུམ་སོགས་ཀྱིས་ཐུགས་དམ་མ་བསྐང་པ་རྣམས་བཤགས་པར་བྱའོ། །གཉིས་པ་བྱེ་བྲག་མ་མོའི་འཁྲུགས་སྐོང་ནི། རྒྱས་པར་སྤྲོ་ན་ཚེ་རིང་མའི་གཞུང་ནས་འབྱུང་བ་ལྟར་ཁྱད་པར་གྱི་རྫས་དང་ལྡན་པའི་བྷཉྫ་ལ་བརྟེན་ནས་བྱ། སྤྱིར་བཏང་ཙམ་དུ། བྷྱོཿ སྣང་སྲིད་གདོད་ནས་ཡུམ་ལྔའི་ཀློང༔ མ་མོ་མཁའ་འགྲོའི་དཀྱིལ་འཁོར་ལ༔ འཕོ་འགྱུར་མཚན་མ་ལས་འདས་ཤིང༔ ཞི་བ་ཆེན་པོར་རྟག་གནས་ཀྱང༔ ལྷན་སྐྱེས་ཀུན་བརྟག་མ་རིག་གི༔ རྒྱུ་འབྲས་རྟེན་འབྲེལ་ལ་བརྟེན་ནས༔ རང་རྒྱུད་དུག་ལྔ་འཁྲུགས་པ་ལས༔ མ་མོ་འཁྲུགས་པའི་ཆོ་འཕྲུལ་སྟོན༔ སྣོད་ཀྱི་འབྱུང་བ་རྒུད་པར་བྱེད༔ བཅུད་ཀྱི་སེམས་ཅན་རྣམ་རྟོག་སྒུལ༔ མི་ཕྱུགས་ནད་ཡམས་སྤྲིན་ལྟར་འཁྲིགས༔ ལོ་ཉེས་སད་སེར་འཐབ་རྩོད་ལྡང༔ དེ་དག་ཐམས་ཅད་འབྱུང་བའི་རྒྱུ༔ བཅས་དང་རང་བཞིན་སྡིག་པའི་ལས༔ བག་མེད་འཆོལ་བར་སྤྱོད་པ་ཡི༔ དམ་གྲིབ་མི་གཙང་ཕོག་ལས་བྱུང༔ སྡིག་པའི་ལས་རྣམས་འགྱོད་པས་བཤགས༔ དམ་ཚིག་ཉམས་ན་ཚོགས་ཀྱིས་བསྐང༔ ཉམས་གྲིབ་བདུད་རྩིས་ནུས་པས་སྦྱངས༔ ཐུགས་དང་འགལ་བ་དབྱིངས་སུ་མཐོལ༔ འཁོར་འདས་གདོད་ནས་བདུད་རྩི་ལྔ༔ མ་བཅོས་མ་བསླད་དེ་བཞིན་གཤེགས༔ ཡེ་ཤེས་རིགས་ལྔ་རྣམ་དག་པའི༔ དག་མཉམ་ཆེན་པོའི་ཕུད་ཀྱིས་མཆོད༔ བདུད་རྩིའི་ཟེར་ལས་བྱུང་བ་ཡི༔ སྣོད་བཅུད་གཞིར་བཞེངས་འདོད་ཡོན་སྤྲིན༔ ནམ་མཁའ་མཛོད་ཀྱི་ལོངས་སྤྱོད་ཀྱིས༔ རྟག་པ་རྒྱུན་ཏུ་ཐུགས་དམ་བསྐང༔ ཡེ་ཤེས་དབྱིངས་ཀྱི་མ་མོ་ལ༔ ཁྲོ་དང་འཁྲུགས་པ་མི་མངའ་ཡང༔ རྣམ་འགྱུར་འཇིག་རྟེན་མ་མོའི་ཚོགས༔ ཁྲོས་ཤིང་འཁྲུགས་པ་ཞི་བ་དང༔ དགྱེས་པ་ཆེན་པོའི་ཕྲིན་ལས་ཀྱི༔ ནད་དང་གནོད་པ་དབྱིངས་སུ་སྦྱོངས༔ ཚེ་དང་བསོད་ནམས་སྙན་གྲགས་སྤེལ༔ བཀྲ་ཤིས་བདེ་ལེགས་ཕུན་ཚོགས་མཛོད༔ ཡི་གེ་བརྒྱ་པ་བཟླས་པས་དག་ཚངས་དུ་གྱུར་པར་བསམ་མོ། །གསུམ་པ་ལ། བསྒྲལ་བསྟབ། ཕྲིན་བཅོལ་དངོས། ལྷག་མ་གཏོང་བའོ། །དང་པོ་ནི། ན་མོཿ དཀོན་མཆོག་རྩ་གསུམ་བདེན་པ་དང༔ ཆོས་སྐྱོང་སྲུང་མའི་དྲག་རྩལ་གྱིས༔ དྲེགས་པའི་མགོན་པོ་ཇག་པར་ཆོས༔ ཡིད་ལ་བརྣག་པའི་དགྲ་བགེགས་རྣམས༔ ལྕགས་ཀྱུས་ཟུངས་ལ་ཞགས་པས་ཆིངས༔ གཟུགས་བྱང་འདི་ལ་དབྱེར་མེད་ཁུག༔ ཨོཾ་མ་ཧཱ་ཀཱ་ལ་ཡ་ཧཱུྃ་ཕཊ༔ གནོད་བྱེད་དགྲ་བགེགས་དམ་སྲི་ཕོ་མོ་ཛཿཧཱུྃ་བྃ་ཧོཿས་དགུག་ཅིང་བསྟིམ། ཧཱུྃ་བྷྱོཿ ཆོས་ཀྱི་དབྱིངས་ནས་རང་བྱུང་གྲུབ་པའི་ལྷ། །བཀའ་སྡོད་རོལ་པའི་དུར་ཁྲོད་ཆེན་པོ་ནས། །ཤིན་ཏུ་མི་བཟད་རབ་འཇིགས་སྐུར་སྟོན་པ། །ལྕམ་དྲལ་ཡོངས་རྫོགས་དྲག་པོའི་ཕྲིན་ལས་མཛོད། །ཅེས་བསྐུལ། ཧཱུྃ༔ དུག་གསུམ་གདུག་པའི་དགྲ་དང་བགེགས༔ ཡེ་ཤེས་མཚོན་གྱིས་བསྒྲལ་ནས་སུ༔ ཤ་ཁྲག་རུས་པ་ནང་ཁྲོལ་བཅས༔ དམ་ཅན་སྲུང་མའི་ཞལ་དུ་བསྟབ༔ མཱྃ་ས་རཀྟ་ཀིཾ་ནི་རི་ཏི་ཁཱ་ཧི༔ ཞེས་ཞལ་དུ་བསྟབ་ནས་བཟློག་པའི་ཕྲིན་ལས་བཅོལ་བ་ནི། ཧཱུྃ། བདེ་ཆེན་ཐབས་མཆོག་མགོན་པོ་ཧེ་རུ་ཀ །ཤེས་རབ་དབྱིངས་ཀྱི་ཐིག་ལེ་རལ་གཅིག་མ། །ཟུང་འཇུག་དབུ་མར་ཤར་བའི་མ་ནིང་ནག །རྒྱུད་གསུམ་དམ་ཅན་དྲེགས་པའི་སྡེ་ཚོགས་ཀུན། །དགྲ་བགེགས་ཤ་ཁྲག་གཏོར་མ་འདི་རོལ་ལ༔ རྣལ་འབྱོར་བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི༔ སེམས་དང་སེམས་བྱུང་རྒྱུ་འབྲས་འཆོལ་བ་ལས༔ བྱུང་བའི་ནད་གདོན་ཆག་ཆེ་ཉམ་ང་དང༔ ཕྱི་ནང་འབྱུང་བ་དགྲ་གཤེད་འཁྲུགས་པའི་རྐྱེན༔ འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་དང༔ བྱད་ཕུར་རྦོད་གཏོང་ཐན་ལྟས་ངན་པ་ཀུན༔ བཟློག་ཅིང་བསྒྱུར་བའི་ཕྲིན་ལས་མཛད་དུ་གསོལ༔ ཁྱད་པར་གསང་ཆེན་སྔ་འགྱུར་བསྟན་པ་ལ༔ བསམ་པ་ངན་པ་སྦྱོར་བ་རྩུབ་པ་ཡི། །སྨོན་ལམ་ལོག་པའི་མི་དང་མི་མིན་ཚོགས། །ཡེ་ཤེས་དབྱིངས་སུ་སྒྲོལ་བའི་ཕྲིན་ལས་མཛོད། །འདིར་དགོས་པ་དང་འབྲེལ་ན་མགོན་པོའི་བཟློག་བྱང་དང༌། དགྲ་ཆིངས་དགྲ་བཟློག་སོགས་སྦྱོར་རུང་ངོ༌། །གཉིས་པ་འདོད་པའི་ཕྲིན་ལས་ཀྱི་གཉེར་གཏད་པ་ལ། རྣམ་སྲས་ནོར་ལྷའི་དཀྱིལ་འཁོར་ལ་བསྟེན་པའི་འདོད་དགུའི་ཕྱ་གཡང་སྤེལ་བ་དང༌། ལྷ་ཆེན་ལྕམ་དྲལ་ལ་བསྟེན་པའི་དབང་གི་ཕྲིན་ལས་བྱེ་བྲག་ཏུ་གསོལ་བ་སོགས་དགོས་ན་གཏེར་གཞུང་སོ་སོ་ལས་འབྱུང་བ་ལྟར་སྐབས་འདིར་སྦྱར། སྤྱི་ལ་ཕྲིན་ལས་བཅོལ་བ་ནི། ཧཱུྃ། རབ་འབྱམས་རྒྱལ་བའི་མཁྱེན་བརྩེ་ནུས་པའི་མཛོད། །རིགས་གསུམ་དཔའ་བོ་མཁན་སློབ་ཆོས་གསུམ་གྱི། །ཞལ་སྐྱིན་རིག་འཛིན་རྩལ་འཆང་རྣམ་གསུམ་གྱི། །ཐ་ཚིག་ཕོག་པའི་དམ་ཅན་རྒྱ་མཚོ་དགོངས། །རྡོ་རྗེའི་གདུང་འཛིན་རྣལ་འབྱོར་བདག་ཅག་གིས། །བསྙེན་པས་གཞུང་བསྲང་སྒྲུབ་ཅིང་རྩེ་གཅིག་བསྐུལ། །ཕྱི་ནང་གསང་བའི་མཆོད་པས་དགྱེས་བསྐྱེད་དེ། །འདོད་པའི་ཕྲིན་ལས་གཉན་པོ་གསོལ་འདི་དགོངས། །བདེན་གསུང་བཀའ་ཡི་སྙིང་པོ་རྒྱུད་སྡེའི་སྲོག །ཤིང་རྟ་བརྒྱད་དང་ཟབ་བདུན་ཆོས་གཏེར་སྙིང༌། །བླ་རྫོགས་ཐུགས་གསུམ་སྒྲུབ་སྡེ་བརྒྱད་ལ་སོགས། །བཀའ་བབ་རིན་ཆེན་བདུན་གྱི་བསྟན་མཆོག་སྤེལ། །རིས་སུ་མ་ཆད་ཐུབ་བསྟན་ཡོངས་ཀྱི་སྙིང༌། །ཕྱོགས་སུ་མ་ལྷུང་བཤད་སྒྲུབ་ལས་གསུམ་རྫོགས། །མིང་ཙམ་མ་ཡིན་དོན་གྱི་ལུང་རྟོགས་ཅན། །ཆ་ཙམ་མ་ཡིན་ཀུན་ནས་རྒྱས་པར་མཛོད། །དེ་འཛིན་བཀའ་བབ་འཇམ་མགོན་རྣམ་གསུམ་གྱི། །བསྟན་པ་སྐྱོང་དང་འཛིན་པའི་སྐྱེས་ཆེན་སྤེལ། །ངོ་མཚར་ཐུགས་བསྐྱེད་རྣམ་ཐར་ཕྲིན་ལས་ཀྱི། །སྣང་བ་རྫོགས་ལྡན་གསར་བའི་སྒོ་འཕར་ཕྱེས། །ཁྲིམས་གཙང་སྡོམ་གསུམ་དག་པས་རང་རྒྱུད་གྲོལ། །མང་ཐོས་ཆོས་རབ་རྣམ་འགྱེད་སྤོབས་པ་མཐོ། །བསམ་དང་སྒོམ་པའི་གོམས་སྟབས་ཆེས་བརླིང་བཞིན། །འཆད་རྩོད་རྩོམ་ནུས་དགེ་འདུན་འདུ་བ་སྤེལ། །དབང་གིས་རྒྱུད་སྨིན་དམ་ཚིག་ལང་ཚོ་དར། །བསྐྱེད་རྫོགས་རིན་ཆེན་རྒྱན་གྱིས་བལྟ་ན་སྡུག །རྣམ་བཞིའི་རིག་འཛིན་ལས་རྫོགས་སྐྱེས་བུ་ཆེའི། །དོན་གཉིས་འབད་མེད་ལྷུན་གྱིས་གྲུབ་པར་མཛོད། །མཐའ་དག་ཡིད་ཅན་རྣམ་དཀར་ལམ་བཟང་འཇུག །སྐྱེས་བུ་གསུམ་གྱི་ལམ་ནས་མངོན་མཐོ་དང༌། །ངེས་ལེགས་དཔལ་ལ་སྦྱོར་བས་འཇིག་རྟེན་ཀུན། །བདེ་སྐྱིད་དགའ་བ་བརྒྱ་ཕྲག་མི་ཉམས་འཕེལ། །སྒྲུབ་པའི་རྣལ་འབྱོར་བདག་ཅག་ཡོན་མཆོད་ཀུན། །རང་དོན་བསྙེན་སྒྲུབ་ལས་ཀྱི་སྦྱོར་བ་དང༌། །གཞན་ཕན་བསྟན་འགྲོའི་ཕན་བདེ་སྤེལ་བ་ལ། །དུས་ཀུན་གཡེལ་མེད་སྲུང་སྐྱོབས་དབུགས་འབྱིན་མཛོད། །ཞི་བྱེད་ཟླ་བ་བདུད་རྩིས་ཡིད་རབ་སིམ། །ཚེ་དཔལ་ལུང་རྟོགས་དར་རྒྱས་ཐུབ་བསྟན་དར། །ཁམས་གསུམ་རླུང་སེམས་དབང་བྱེད་འདོད་དགུའི་འབྱོར། །མི་སྲུན་བདུད་བགེགས་ཉམས་པའི་དགྲ་སྡེ་སྒྲོལ། །མདོར་ན་ཇི་ལྟར་འདོད་པའི་ཕྲིན་ལས་སྒོ། །རྩེ་གཅིག་བློ་ཡིས་གཉེར་དུ་གཏད་ལགས་ན། །བུམ་བཟང་གཏེར་དང་དཔག་བསམ་ཤིང་བཞིན་དུ། །འབད་མེད་ལྷུན་གྱིས་གྲུབ་པས་དབུགས་འབྱིན་མཛོད། །ཅེས་མངོན་པར་འདོད་པའི་ཕྲིན་ལས་ཐོགས་མེད་དུ་སྒྲུབ་པར་རྩེ་གཅིག་ཏུ་གསོལ་བ་གདབ་པར་བྱའོ། །དེ་ནས་བརྡ་དང་བརྡའི་ལན་བཅས་ཚོགས་ལ་རོལ། གསུམ་པ་ནི། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ལྷག་མའི་དམ་རྫས་འདོད་ཡོན་གྱི་ཕུང་པོ་ཟད་མི་ཤེས་པས་ནམ་མཁའ་གང་བར་གྱུར། ཨེ་ཨཱ་རལླི་ཧྲཱིཾ་ཧྲཱིཾ་ཛཿས་རྐང་གླིང་བཤུགས་པ་རོལ་མོའི་སྒྲ་དང་བཅས། བྷྱོཿ ལྷག་ལ་དབང་བའི་དྲེགས་པ་ནི༔ མ་མོ་ལས་བྱེད་ཚོགས་དང་བཅས༔ མཐུ་དང་རྫུ་འཕྲུལ་བསམ་མི་ཁྱབ༔ དུར་ཁྲོད་ཀུན་ཉུལ་ཤ་ཆེན་ཟ༔ ཞིང་ལྤགས་གྱོན་ནས་བྷཉྫ་ཐོགས༔ རལ་པ་གཏིབས་ཤིང་བཤུགས་གླུ་ལེན༔ ལེགས་ཉེས་སྟངས་འཛིན་ཕྲིན་ལས་ནི༔ ཐོགས་མེད་སྒྲུབ་པའི་དམ་ཅན་རྣམས༔ ཚོགས་ལྷག་བདུད་རྩི་འདི་གསོལ་ལ༔ ཕྱི་ནང་གསང་བའི་བར་ཆད་སོལ༔ སྒྲུབ་པའི་སྡོང་གྲོགས་མཛད་པ་དང༔ ཕྲིན་ལས་རྣམ་བཞི་མྱུར་དུ་སྒྲུབ༔ ཨུཙྪིཥྚ་བ་ལིཾ་ཁཱ་ཧི༔ ཅེས་བསྔོ། བརྒྱད་པ་ཁྱད་པར་མངོན་སྤྱོད་ཀྱི་གཡུལ་ལ་རྦད་ཅིང་བསྐུལ་བ་ནི་མན་ངག་གི་ཡི་གེ་གུད་དུ་བཀོད་པ་ལས་ཤེས་པར་བྱའོ། །དགུ་པ་གཏོར་མ་སྟོབ་པ་ལ་བཞི། ཆོས་སྲུང་སྤྱིའི་གཏོར་མ་འབུལ་བ། ཆད་ཐོ། བརྟན་མ། རྟ་བྲོའོ། དང་པོ་ནི། འབུལ་གཏོར་རྣམས་ལ་དབལ་འབར་བཙུགས། སྤོས་དང་རོལ་མོ་གསེར་སྐྱེམས་ཀྱིས་མཚོན་པར་སྒྲུབ་ཁང་གི་ཡང་ཐོག་སོགས་གང་དུ་གཏོང་བའི་སར་ཁྱེར་ལ་དམིགས་བྱ་དགུག་པ་ནི། ན་མོ། རིག་འཛིན་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང༌། སངས་རྒྱས་ཀྱི་བཀའ་བདེན་པ་དང༌། ཆོས་ཀྱི་བཀའ་བདེན་པ་དང༌། དགེ་འདུན་གྱི་བཀའ་བདེན་པ་དང༌། གསང་སྔགས་དང་རིག་སྔགས་དང༌། གཟུངས་སྔགས་དང་སྙིང་པོ་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་གྱི་བདེན་པ་དང༌། ཆོས་ཉིད་གདོད་ནས་སྟོང་ཀྱང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང༌། ཁྱད་པར་རྡོ་རྗེའི་ཆོས་སྐྱོང་བའི་སྲུང་མ་བཀའ་སྡོད་ཕོ་ཉའི་དམག་ཚོགས་འཁོར་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང༌། བདེན་པ་ཆེན་པོའི་མཐུ་ལ་བརྟེན་ནས་བསྟན་དང་འགྲོ་བའི་སྤྱི་དགྲ །ཁྱད་པར་རིག་པ་འཛིན་པ་བདག་ཅག་ཡོན་མཆོད་འཁོར་དང་བཅས་པ་རྣམས་ལ་སྔ་དགྲ་ལག་གིས་བརྡར་བ། ཕྱི་དགྲ་ཡིད་ལ་སེམས་པ། ད་དགྲ་ཐད་དུ་འཛུག་པའི་གཟུགས་ཅན་སྡང་བའི་དགྲ་དང༌། གཟུགས་མེད་གནོད་བྱེད་བགེགས་ཀྱི་ཚོགས་དང་བཅས་པ་ཐམས་ཅད་སྲིད་པ་གསུམ་གྱི་ཁོངས་གར་གནས་གར་བྲོས་ཀྱང་སྐད་ཅིག་ཡུད་ཙམ་ལ་དམིགས་པའི་རྟེན་འདི་ལ་ཁུག་ཅིག །རྩ་སྔགས་ཤཱ་ས་ནའི་མཐར། ནྲྀ་ཏྲི་བཛྲ་ཨཾ་ཀུ་ཤ་ཛཿཛཿཧཱུྃ་བྃ་ཧོཿ ཞེས་བསྟིམ། བདག་གི་ཐུགས་ཀ་ནས་ཡི་གེ་ཛཿདམར་ནག་གཉིས་འཕྲོས་པ་མདུན་གྱི་དགྲ་བགེགས་རྣམས་ཀྱི་སྣ་བུག་དང༌། གཤང་ལས་ལས་ཞུགས་པ་སྙིང་གར་ཕྱིན་པས་ཟངས་ལྕགས་ཀྱི་འཁོར་ལོ་གཉིས་སུ་གྱུར་ཏེ་གཡས་གཡོན་དུ་ཤུགས་དྲག་པོར་འཁོར་བས་ཤ་ཁྲག་རུས་གསུམ་དུམ་བུར་གཏུབས་ཏེ་ཕུང་པོར་སྤུངས། དགྲ་བོའི་རྣམ་ཤེས་ཡི་གེ་ཨ་ཡིག་དཀར་གསལ་གྱི་རྣམ་པར་འོག་མིན་རྡོ་རྗེ་སེམས་དཔའི་ཐུགས་ཀར་སྤར། ཚེ་བསོད་དབང་ཐང་གི་དཔལ་ཡོན་ཐམས་ཅད་ནྲྀ་དམར་ལྗང་གི་རྣམ་པར་བདག་ལ་ཐིམ་པས་གཟི་བྱིན་བཀྲག་མདངས་རྒྱས། མདུན་གྱི་ཤ་ཁྲག་རུས་པའི་ཕུང་པོར། ཨོཾ་ཨཱཿཧཱུྃ་ཧོཿ ལན་གསུམ་གྱིས་འདོད་ཡོན་མི་ཟད་པའི་རྣམ་པ་ཅན་གྱི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོར་གྱུར་པ་ཆོས་སྲུང་རྣམས་ཀྱི་ཞལ་དུ་བསྟབ་པས་མཆོག་ཏུ་དགྱེས་པ་ཕྲིན་ལས་གང་བཅོལ་ཐོགས་མེད་དུ་སྒྲུབ་པར་བསམ། ཨོཾ་མ་ཧཱ་ཀཱ་ལ་ཡ། ཤཱ་ས་ན་ཨུ་པ་ཧ་རི་ཎི། ཨེ་ཥ་ཨ་པཉྩི་མ་ཀ་ལོ་ཨ་ཡྃ། ཨི་དཾ་རཏྣ་ཏྲ་ཡཱ་ཡ། ཨ་པ་ཀཱ་རི་ཎཾ་ཡ་དི་པྲ་ཏི་ཛྙཱ་སྨ་ར་སི་ཏ་དཱ་ཨི་དཾ་དུཥྚན་ཁ་ཁ་ཁཱ་ཧི་ཁཱ་ཧི། མ་ར་མ་ར། གྲྀཧྞ་གྲྀཧྞ། བྷནྡྷ་བྷནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། དི་ན་མེ་ཀེ་ཎ་ཧཱུྃ་ཕཊ་ཧཱུྃ། ས་པཱ་རི་ཝ་ར་སོགས་ལན་གསུམ་གྱིས་ཕུལ་ལ། ཧཱུྃ། གཞི་གྲོལ་གདོད་མའི་ཧེ་རུ་ཀ་ཆེན་པོས། །རིག་རྩལ་རྒྱུད་གསུམ་དྲེགས་ཚོགས་དབང་བསྡུས་ཏེ། །ཁྱད་ཆོས་དྲུག་གི་རྡོ་རྗེའི་རྒྱུད་གསུང་ཚེ། །ཁས་བླངས་དམ་ཅན་རྒྱ་མཚོ་སྐུར་བཞེངས་ཤིག །བོད་ཁམས་གདུལ་བྱའི་ལྷག་མ་རྗེས་སྐྱོང་ཕྱིར། །སངས་རྒྱས་གཉིས་པ་པདྨའི་རྒྱལ་ཚབ་ཆེ། །སྤྲུལ་པའི་གཏེར་འབྱིན་རྒྱ་མཚོའི་འཁོར་ལོའི་བསྒྱུར། །ཨོ་རྒྱན་མཆོག་གྱུར་བདེ་ཆེན་གླིང་པ་ཆེར། །རབ་འབྱམས་དཀྱིལ་འཁོར་རྒྱ་མཚོའི་དབང་བསྐུར་ཞིང༌། །མདོ་སྒྱུ་སེམས་དང་རྩ་གསུམ་སྒྲུབ་སྡེ་བརྒྱད། །ཟབ་མོའི་རྒྱུད་དང་མན་ངག་བསམ་ཡས་ཀྱི། །དབང་གི་ཆུ་བོ་བཞི་ཡི་བཀའ་བབ་ཚེ། །བཀའ་གཏེར་སྲུང་མ་རྒྱ་མཚོའི་གཟུགས་བསྟན་ཅིང༌། །དྲེགས་ཚོགས་དབང་བསྡུས་བཀའ་རྟགས་ཕྱག་རྒྱས་གཟིར། །སྨོན་ལམ་གཏད་རྒྱས་ཟབ་གསང་གཏེར་སྒོ་ཕྱེས། །ཕྲིན་ལས་མཐའ་དག་སྒྲུབ་པར་ཁས་བླངས་བའི། །སྔོན་གྱི་གཡར་དམ་གཉན་པོ་རྗེས་བསྐུལ་ཕྱིར། །རྨད་བྱུང་གཏོར་མའི་ལྷུན་པོ་འདོད་ཡོན་གཏེར། །སྨན་རཀ་བདེ་ཆེན་བདུད་རྩིའི་ཟེགས་མ་འཕྲོ། །ཐུགས་ལ་བཞེད་དགུ་དེར་འཆར་མཆོད་པའི་སྤྲིན། །མི་ཟད་ཀུན་བཟང་སྒྱུ་འཕྲུལ་དྲྭ་བ་འདི། །སྔར་མཛད་ལེགས་པའི་ལས་ཀྱི་གཏང་རག་དང༌། །སླད་ནས་མི་གཡེལ་ཇི་ལྟར་འདོད་པ་ཡི། །ཕྲིན་ལས་ལྷུན་གྱིས་གྲུབ་ཕྱིར་གུས་འབུལ་ན། །དགྱེས་དགུའི་གར་གྱི་རོལ་པས་བཞེས་ནས་ཀྱང༌། །བསྟན་འགྲོའི་དགེ་མཚན་ཡིད་བཞིན་ལྷུན་གྱིས་གྲུབ། །སྒྲུབ་པའི་རྣལ་འབྱོར་བདག་ཅག་སྡེ་དང་བཅས། །སྲུང་སྐྱོབ་མེལ་ཚེ་ལུས་དང་གྲིབ་བཞིན་འགྲོགས། །ནད་གདོན་མི་མཐུན་རྒུད་པ་མཐའ་དག་ཞི། །བཤད་སྒྲུབ་ཕྲིན་ལས་ཉམས་རྟོག་ཡོན་ཏན་རྒྱས། །ས་གསུམ་དབང་བྱེད་མི་སྲུན་ལོག་པར་འདྲེན། །བདུད་བགེགས་བར་ཆད་བསྒྲལ་ཞིང་བརླག་པར་མཛོད། །ལེགས་ཉེས་སྟངས་འཛིན་འཁོར་འདས་སྣ་ཚོགས་པའི། །དམ་ཅན་རྒྱ་མཚོ་རིག་སྟོང་གདོད་མའི་ཀློང༌། །གཉིས་མེད་འཇུག་པར་ཕྲིན་ལས་དཔག་ཡས་ཀྱིས། །རྟག་སྐྱོང་ཕྱོགས་ལས་རྣམ་པར་རྒྱལ་བར་མཛོད། གཏོར་མ་སྟོབ་ཅིང་འདོད་དོན་གསོལ། གཉིས་པ་ཆད་ཐོ་བསྒྲག་པ་ནི། ཧཱུྃ༔ འོག་མིན་ཆོས་དབྱིངས་ཕོ་བྲང་དུ༔ དཔལ་ཆེན་ཡང་དག་ཧེ་རུ་ཀས༔ མགོན་པོ་ནག་པོ་འཁོར་བཅས་ལ༔ དབང་བསྐུར་གསང་བའི་མཚན་བཏགས་ཚེ༔ ཇི་ལྟར་ཞལ་བཞེས་མ་གཡེལ་བར༔ དམ་རྫས་གཏོར་མ་འདི་བཞེས་ལ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ལེགས་ལྡན་ནག་པོའི་གྲོང་ཁྱེར་དུ༔ བཅོམ་ལྡན་ཤཱཀྱ་ཐུབ་པ་དང༔ རྡོ་རྗེ་གཙུག་ཏོར་རིགས་ལྔ་ཡིས༔ དབང་བསྐུར་དམ་ལ་བཞག་པ་བཞིན༔ ཇི་ལྟར་ཞལ་བཞེས་མ་གཡེལ་བར༔ དམ་རྫས་གཏོར་མ་འདི་བཞེས་ལ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ རྒྱ་གར་རྡོ་རྗེ་གདན་དྲུང་དུ༔ རིག་འཛིན་སློབ་དཔོན་རྣམ་བརྒྱད་ཀྱིས༔ བསྟན་པ་སྲུང་བར་བཀའ་བསྒོས་བཞིན༔ ཇི་ལྟར་ཞལ་བཞེས་མ་གཡེལ་བར༔ དམ་རྫས་གཏོར་མ་འདི་བཞེས་ལ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ དཔལ་གྱི་བསམ་ཡས་གཙུག་ལག་ཏུ༔ སློབ་དཔོན་པདྨ་ཐོད་ཕྲེང་དང༔ དགེ་སློང་ནམ་མཁའི་སྙིང་པོ་ཡིས༔ བཀའ་ཡི་སྲུང་མར་བསྐོས་པ་བཞིན༔ ཇི་ལྟར་ཞལ་བཞེས་མ་གཡེལ་བར༔ དམ་རྫས་གཏོར་མ་འདི་བཞེས་ལ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ད་ལྟ་སྒྲུབ་པའི་གནས་མཆོག་འདིར༔ མ་མགོན་ལྕམ་དྲལ་ཁྱེད་རྣམས་ལ༔ བསྙེན་སྒྲུབ་མཆོད་ཅིང་བསྟོད་དུས་སུ༔ སྔོན་གྱི་དམ་བཅའ་མ་གཡེལ་བར༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ གསུམ་པ་བརྟན་མ་ནི། བྷྱོཿ བོད་ཁམས་སྐྱོང་བ་བརྟན་མའི་ཚོགས༔ ཨ་སུ་ར་ཡི་བྲག་ཕུག་ཏུ༔ སློབ་དཔོན་པདྨའི་སྤྱན་སྔ་རུ༔ ཁས་བླངས་བཞིན་དུ་མཆོད་གཏོར་བཞེས༔ བོད་ཁམས་ཆོས་བཞིན་སྐྱོང་བ་དང༔ རྣལ་འབྱོར་གྲོགས་མཛོད་བསྟན་པ་སྤེལ༔ མ་མ་ཧྲཱིཾ་ཧྲཱིཾ་བ་ལིཾ་ཏ་ཁཱ་ཧི༔ ཅེས་གཏོར་མ་འབུལ་ལོ། །བཞི་པ་རྟ་བྲོ་ནི། ཧཱུྃ༔ དུར་ཁྲོད་ཆེན་པོའི་དཀྱིལ་འཁོར་འདིར༔ མ་ཧཱ་ཀཱ་ལས་བྲོ་བརྡུང་བས༔ ལྷ་མོའི་ཚོགས་ཀྱང་དབྱིངས་སུ་རོལ༔ དྲེགས་པ་སྡེ་བརྒྱད་ལས་ལ་འགྱེད༔ བྱ་ནག་ཁྱི་ནག་སྤྲིན་ལྟར་གཏིབས༔ དུག་ལྔས་གཟིར་བའི་དགྲ་དང་བགེགས༔ ཡེ་ཤེས་ལྔ་ཡི་རྨང་དུ་མནན༔ སྐུ་ནི་གར་དགུའི་བྲོ་ཆེན་བརྡུང༔ གསུང་ནི་ཧཱུྃ་ཕཊ་ང་རོའི་གླུ༔ ཐུགས་ནི་སྒྲོལ་མཛད་ཡེ་ཤེས་ཐུགས༔ སྐུ་གསུང་ཐུགས་ཀྱི་བྲོ་བརྡུང་བས༔ དུག་གསུམ་དགྲ་བགེགས་རྡུལ་དུ་བརླག༔ ཨོཾ་ལྃ་ཧཱུྃ་ལྃ་སྟྭྃ་བྷ་ཡ་ནན༔ གསུམ་པ་རྗེས་ཀྱི་ཆོ་ག་ལ་དྲུག་ལས། དང་པོ་གཏང་རག་གི་མཆོད་པ་ནི། ཨོཾ་ཤྲཱི་བཛྲ་དྷརྨ་པཱ་ལ་ས་པཱ་རི་ཝ་ར་ཨརྒྷཾ་སོགས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། བསྟོད་པ་ནི། ཧཱུྃ༔ དབྱིངས་ལས་རོལ་པ་ཡེ་ཤེས་མགོན་པོའི་ཚོགས༔ ཐུགས་རྗེའི་སྐུ་སྤྲུལ་ལས་མགོན་ལྕམ་དྲལ་དང༔ བསྟན་སྲུང་དྲེགས་པའི་མགོན་པོ་མཐུ་སྟོབས་ཅན༔ དམ་ཅན་རྒྱ་མཚོའི་ཚོགས་ལ་ཕྱག་འཚལ་བསྟོད༔ ཅེས་དང༌། གཉིས་པ་ནོངས་པ་བཤགས་པ་ནི། ཧཱུྃ༔ བླ་མ་མགོན་པོ་དབྱེར་མེད་པ༔ དམ་ཅན་རྒྱ་མཚོ་དགོངས་སུ་གསོལ༔ ཉམས་ཆག་འགལ་འཁྲུལ་ཅི་མཆིས་པ༔ འགྱོད་པས་བཤགས་སོ་དག་པར་མཛོད༔ གང་ཡང་བདག་ཅག་ལས་དང་པོ་པའི་རྟེན་གྱི་གང་ཟག་བྱིང་བ་དང་རྒོད་པའི་དབང་དུ་གྱུར་པས་ཏིང་ངེ་འཛིན་མ་གསལ་བ་དང༌། ཚོགས་མ་དག་པ་དང་ཛཔ྄་བཟླས་ཉུང་ཞིང་ཆོ་ག་ལྷག་ཆད་དུ་གྱུར་པ་མཆོད་པའི་ཡོ་བྱད་དམན་པ་ལ་སོགས་པ་སྲུང་མའི་དབང་པོ་ཁྱེད་རྣམས་ཀྱི་ཐུགས་དང་འགལ་བའི་རྐྱེན་དུ་གྱུར་པ་གང་ལགས་པ་དེ་དག་ཐམས་ཅད་བཟོད་པར་མཛད་དེ་ཆོས་དབྱིངས་ཀ་དག་ཆེན་པོའི་ཀློང་དུ་ལྷག་ཆད་ཁ་བསྐང་བར་མཛད་དུ་གསོལ། ཞེས་དང༌། ཡི་གེ་བརྒྱ་པས་ནོངས་པ་བཤགས། གསུམ་པ་བརྟན་བཞུགས་ནི། རྟེན་ཡོད་པ་རྣམས་ལ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། ཇི་སྲིད་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་མི་གནས་པའི་མྱ་ངན་ལས་འདས་པའི་ས་ལ་མ་བཞག་གི་བར་དུ་རྒྱལ་བ་རྣམས་མྱ་ངན་ལས་མི་འདའ་བར་བརྟན་པར་བཞུགས་སུ་གསོལ། ཁྱད་པར་དུ་ཡང་སྐུ་གཟུགས་ཀྱི་རྟེན་འདི་རྣམས་ལ་བསྐྱེད་ཅིང་སྤྱན་དྲངས་པའི་ལྷ་ཚོགས་རྣམས་ཇི་སྲིད་འབྱུང་བ་བཞིའི་གནོད་པས་མ་ཞིག་གི་བར་དུ་བརྟན་པར་བཞུགས་སུ་གསོལ། བརྟན་པར་བཞུགས་ནས་ཀྱང་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་བསྩལ་དུ་གསོལ། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཞེས་བརྗོད་ཅིང་མེ་ཏོག་འཐོར། བཞི་པ་གཤེགས་གསོལ་ནི། ཨོཾ། ཁྱེད་ཀྱི་སེམས་ཅན་སོགས་ནས། བཛྲ་མུཿས་སེ་གོལ་གྱི་སྒྲ་དང་བཅས་པས། ཡེ་ཤེས་པ་རྣམས་ཆོས་ཀྱི་དབྱིངས་སུ་གཤེགས། དམ་ཚིག་པ་བདག་ཉིད་དང་གཉིས་སུ་མེད་པར་གྱུར། འཇིག་རྟེན་པའི་འཁོར་རྣམས། གཙྪ་གཙྪ་སྭ་བྷཱ་ཝ་ནཾ་གྱིས་རང་གནས་སུ་བཏང༌། ལྔ་པ་སྨོན་ལམ་ནི། དགེ་བ་འདི་ཡིས་མྱུར་དུ་བདག །ཧེ་རུ་ཀ་དཔལ་འགྲུབ་གྱུར་ནས། འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །ཅེས་དགེ་བའི་རྩ་བ་བྱང་ཆུབ་མཆོག་གི་རྒྱུར་བསྔོ། །དྲུག་པ་ཤིས་བརྗོད་ནི། ཧཱུྃ། ཀུན་ཀྱང་འགྱུར་མེད་དོན་དམ་བདེ་བ་ཆེ། །མཐའ་ཀླས་སྒྱུ་འཕྲུལ་དྲྭ་བའི་རོལ་མོ་ལས། །དོན་གཉིས་འདོད་རྒུ་ཡིད་བཞིན་སྩོལ་མཛད་པ། །རྩ་གསུམ་དམ་ཅན་རྒྱ་མཚོའི་བཀྲ་ཤིས་ཤོག །གཏུམ་དྲག་རྡོ་རྗེའི་ལང་ཚོའི་སྤྲིན་རུམ་དུ། །མི་བཟད་འབར་བའི་སྙིང་རྗེའི་རྔམས་པའི་ཆར། །ལོག་འདྲེན་མགོ་བོ་འགེམས་པའི་གནམ་ལྕགས་ལྕེ། །དཔལ་ལྡན་ནག་པོ་ཆེན་པོའི་བཀྲ་ཤིས་ཤོག །བདེ་ཆེན་ཟླ་བ་བདུད་རྩིའི་འཇོ་སྒེག་གི །རྣམ་ཐར་སྒོ་གསུམ་པདྨའི་འཐུང་བ་ལས། །ལེགས་འཁྲུངས་སྲིད་ཞི་མི་ཕྱེད་སྒྱུ་འཕྲུལ་གར། །དབྱིངས་ཕྱུག་མ་སྲིང་རྒྱ་མཚོའི་བཀྲ་ཤིས་ཤོག །ཡེ་ཤེས་དབྱིངས་ཁྱབ་བསོད་ནམས་ནོར་བུའི་རྒྱལ། །དྲན་པས་འདོད་དགུའི་ཆར་འབེབས་གནོད་གནས་དབང༌། །གནས་གཞི་གཏེར་སྐྱོང་དཀར་པོའི་ཚོགས་ཀུན་གྱིས། །ཕྱོགས་ལས་རྣམ་པར་རྒྱལ་བའི་བཀྲ་ཤིས་ཤོག །མཁས་གྲུབ་རིག་འཛིན་འདུས་པས་ས་སྟེང་ཁྱབ། །བཤད་སྒྲུབ་ལས་ཀྱི་འཁོར་ལོས་རྒྱལ་བསྟན་སྤེལ། །ངེས་གསང་རྡོ་རྗེ་སྙིང་པོའི་ཤིང་རྟའི་སྲོལ། །རྟག་ཁྱབ་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་ཤོག །ཅེས་བརྗོད་པས་ཕྱོགས་དུས་ཀུན་ཏུ་དགེ་ལེགས་ཀྱི་སྣང་བས་རྟག་ཁྱབ་ལྷུན་གྱིས་གྲུབ་པར་བྱའོ། །དེ་ལྟར་དཀྱུས་གཅིག་ཏུ་བཀོད་པའི་ཕྲིན་ལས་འདི་དག་མཐའ་གཅིག་ཏུ་ཚང་བར་བཏང་དགོས་པའི་ངེས་པ་མེད་པས་སྐབས་སུ་གང་བབ་དེའི་ཕྲིན་ལས་ནས་བརྩམས་བསྐང་བཤགས་རྣམས་སྦྱར་བས་དོན་གྲུབ་པའང་ཤེས་པར་བྱ་དགོས་སོ། །བཀའ་གཏེར་སྲུང་མ་རྒྱ་མཚོ་སྒྲུབ་པའི་ཐབས། །རྡོ་རྗེའི་གསུང་གི་ཕྲེང་བ་དཔག་ཡས་ན། །ཅོལ་ཆུང་བྱིས་པའི་ངག་གི་ཚིག་ཕྲེང་ཚོགས། །ངལ་ནས་དང་དུ་ལེན་ལ་དགོས་པ་ཅི། །འོན་ཀྱང་གྲུབ་པ་ཆེན་པོའི་ཟབ་གཏེར་གྱི། །ཆ་ཤས་རེ་ཡང་ངོ་མཚར་རྨད་བྱུང་ཞིང༌། །སྙིགས་དུས་བསྟན་འགྲོའི་བཙས་སུ་ཆེ་སྙམ་ནས། །རྡོ་རྗེའི་རིག་འཛིན་མཆེད་ཀྱི་བཀའ་བཞིན་སྒྲུབ། །དེ་ལས་བྱུང་བའི་རྣམ་དཀར་ལེགས་བྱས་སྤྲིན། །ཡོངས་བསྔོས་མཁའ་ལ་བྲིས་པས་དུས་མཐར་ཡང༌། །རིག་འཛིན་རྩལ་འཆང་གསུམ་གྱི་རིང་ལུགས་ཀྱིས། །བསྟན་དང་འགྲོ་ཕན་དབུགས་འབྱིན་རྒྱུར་གྱུར་ཅིག །ཅེས་ཟབ་གསང་འདི་ཉིད་ཀྱི་བདག་པོར་གདོད་ནས་གྲུབ་པ་ཨོ་རྒྱན་སངས་རྒྱས་གཉིས་པའི་རྡོ་རྗེའི་ལུང་གིས་ཆེ་ཐང་དུ་བསྔགས་པ་ངེས་གསང་བསྟན་པའི་ཤིང་རྟ་རྒྱལ་དབང་ཀརྨ་པ་ཆེན་པོ་རང་བྱུང་ཁྱབ་བདག་རིག་པའི་རྡོ་རྗེའི་ཆོས་སྐྱོང་དགོངས་འདུས་བཀའ་རྒྱ་ཅན་གྱི་དཔེ་ལུང་གི་རྒྱུན་མི་ཉམས་པའི་རྟེན་འབྲེལ་དང་དགོས་པ་ཡོད་པས་འདི་ལྟ་བུ་ཞིག་ཁྱོད་ཀྱི་བྲི་བར་འོས་ཞེས་ཆེད་དུ་རྡོ་རྗེའི་བཀའི་བསྐུལ་མ་གནང་བ་བཞིན་ཆོས་སྐྱོང་དགོངས་འདུས་རྩ་བའི་ཕྲིན་ལས་ཙམ་བྲིས་ཟིན་སྐབས། གཏེར་ཆེན་མཆོག་སྤྲུལ་འཇམ་དབྱངས་སྨྲ་བའི་ཟླ་བས་བཀྲ་ཤིས་པའི་རྫས་རྟེན་དང་བཅས་པས་མཆོག་གཏེར་སྲུང་མའི་གསོལ་མཆོད་དངོས་གྲུབ་རྒྱ་མཚོ་ཉིད་ཧ་ཅང་རྒྱས་ཆེ་བས་དུས་དང་རྒྱུན་པར་ལྕོགས་དཀའ་བར་འདུག་པས་མཆོག་གཏེར་སྲུང་མའི་གསོལ་བསྐང་དོན་བསྡུས་གནད་ཚང་ཞིག་བྲིས་ཞེས་བཀའ་ནན་ཡང་ཡང་བསྩལ་བ་རྗེས་སུ་སྒྲུབ་སླད་ཕོ་རྒྱུད། མོ་རྒྱུད། ནོར་ལྷ་གཏེར་བདག་གི་གསོལ་ཕྲིན་གསུམ་བསྣན་ཏེ། འཕགས་ཡུལ་དབུས་འགྱུར་བཛྲ་ཨཱ་ས་ནའི་ཀེའུ་ཚང་ནས་དབུ་བརྩམས་ཏེ། རྡོ་རྗེ་གླིང་གསང་སྔགས་འབྱུང་བའི་གནས་ཀྱི་མཚན་ཉིད་ཡོངས་སུ་རྫོགས་པའི་གནམ་ལྕགས་རི་བོའི་རྩེར་དཀྱུས་གཅིག་ཏུ་སྤེལ་བ་པོ་ཟབ་གསང་ཤིང་རྟའི་སྲོལ་འབྱེད་རྣམས་ཀྱིས་རྗེས་སུ་བཟུང་ཞིང་བྱིན་གྱིས་བརླབས་པས་ཚུལ་འདི་སྨྲ་བའི་སྐལ་བཟང་གི་སྤོབས་པ་ཅུང་ཟད་དགེ་བ་པདྨ་གར་དབང་བདེ་ཆེན་འོད་གསལ་མདོ་སྔགས་གླིང་པའམ་འཇིགས་མེད་མཁྱེན་བརྩེའི་འོད་ཟེར་ཕྲིན་ལས་དྲག་པོ་རོལ་པ་རྩལ་དུ་འབོད་པའི་རྒྱལ་ཁམས་པས་བྲིས་པའི་ཡི་གེ་གཉིས་པར་སྤེལ་བ་པོ་རེབ་ཀོང་ཕུར་ཐོགས་སྟོང་དང་དགུ་བརྒྱའི་སྔགས་གྲལ་དད་མོས་རྣལ་འབྱོར་སྤྱོད་པ་སྐལ་བཟང་ནུས་ལྡན་རྡོ་རྗེ་རྩལ་གྱིས་བགྱིས་པ་འདིས་ཀྱང་ངེས་གསང་བསྟན་པའི་སྙིང་པོ་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་རྣམ་གསུམ་གྱི་རིང་ལུགས་དྲི་མ་མེད་པ་ཕྱོགས་དུས་གནས་སྐབས་ཀུན་ཏུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པའི་རྒྱུར་གྱུར་ཅིག །ཤྲཱི་བི་ཛ་ཡནྟུ།། །།
[edit]

@#/__/chos skyong dgongs pa kun 'dus rtsa ba dang yan lag gi phrin las khrigs su bsdebs pa dam can yongs 'du'i dga' tshal zhes bya ba bzhugs so// @#/_/ye shes rdo rje'i mtshon gyis gnyis 'dzin bdud/_/mthar byed stobs bcu'i rang gzugs nag po che/_/thub bstan lha dbang grong srung he ru ka_/lcam dral 'bar ba'i bka' sdod tshogs kun rgyal/_/de yi rgyud lung man ngag gis bstan don/_/sangs rgyas gnyis pa'i zhal lung ma 'khrul ba/_/grub pa'i skyes bu'i rjes su gdams pa'i bcud/_/bla ma'i drin gyis 'jug bde'i btsas su spel/_/rdo rje theg pa'i rnal 'byor pas 'dod rgu'i phrin las rab 'byams yid bzhin du sgrub pa la dam can srung ma'i dbang po rnams mchod cing bstod dgos pas na/_thog mar bka' gter chos kyi gnyer 'dzin pa'i dam can 'di dag gi thun mong dang*/_thun mong ma yin pa'i dbang dang srog gtad rjes gnang legs par thob cing spyi dang bye brag gi dam tshig la yang dag par gnas pas tshul 'di la nan tan du bya ste/_de'i rim pa la/_rdzas bshams bdag bskyed byin gyis rlabs/_spyi gtor rnam bzhi sngon 'gro'o/__/so so'i las rim gtor ma 'bul/_/bstod pa rjes 'brang bzlas pa bya/_/tshogs mchod bskang bshags drag bskul dang*/_/stob pa rnam dgu dngos gzhi'o/__/mchod bstod nongs bshags brtan bzhugs bya/_/gshegs gsol bsngo smon shis brjod rjes/_/zhes pa'i dang po sngon 'gro la bzhi'i thog mar yo byad bshams pa ni/_dur khrod la sogs pa las dang mthun pa'i gnas khang byi dor byas shing rgyan gyis spras pa'i gung du gzhung mthun gyi sku rten bkram pa'i spyan sngar stegs bu rim pa gsum gyi dang por bdag bskyed rtsa gsum gang la brten pa'i gtor ma/_de'i mdun du chos skyong dgongs 'dus kyi gtso bo legs ldan gyi gtor ma gnam lcags kyi do zur brgyad nag po 'og tu khrag mtsho can gyi steng gtor ma dpung rong mdun du bshos phran can gyi mdun nas brtsams 'khor dmar gtor dpung rong rang 'dra brgyad dang bar mtshams thebs kyus bskor ba dang*/_g.yas su pho rgyud spyi gtor gtso bo gza' bdud la dpung rong g.yas kyus mig gis mtshan pa dmar po la 'khor dpung rong bcu gcig gis bskor ba/_de'i g.yas su nor lha spyi gtor gtso bo rnam sras la las bzhi lhun grub kyi gtor ma tshogs gtor lta bu smad gru bzhi can 'khor nor bu'i 'brang rgyas ser po bcu gnyis kyis bskor ba/_legs ldan gyi g.yon du mo rgyud spyi gtor dud sol ma la dmar gtor gru gsum gri dras ma 'khor rang 'dra bcu gnyis kyis bskor ba/_de'i g.yon du srung ma spyi gtor gtor ma dpung rong la bshos phran lnga bcu las mi nyung bas bskor ba/_kun kyang bar rnams thebs kyus bskor zhing dar gdugs rgyan spros can bkod/_sha dar/_khrag thig_/sman sna/_'bru/_shing thog sogs rang rang la 'os pa'i mthun rdzas sna tshogs pa ci 'byor bstar legs par bkod/_stegs gsum par zhi drag gi mchod pa mjug sprod dang*/_gtor 'bul/_bskang gtor/_tshogs mchod/_gser skyems sogs bshams dgos gang yod dang*/_sgrub pa po rnams kyi mdun du nang mchod/_rdor dril/_g.yab dar/_DA ma ru/_'thor nas/_rnga dang*/_rkang gling*/_rol mo'i rigs byed sogs 'du bya'o/__/gnyis pa bdag bskyed ni/_thugs sgrub rgyun gyi bkol byang mdo sgyu dang bka' brgyad gang rung ngam/_gsang thig phur pa sogs gang 'os kyi brgyud 'debs nas brtsams skyabs sems bskyed bzlas bsdu ldang gi bar bya ba'am/_yang na chos skyong dgongs 'dus snying po ltar bdag bskyed mgon po he ru ka nyid 'brel che bas na/_bla ma dpal chen he ru ka:_mchog gsum dpa' bo mkha' 'gro dang:_ma hA kA la'i tshogs bcas la:_rnam pa kun tu skyabs su mchi:_lan gsum gyis skyabs 'gro dang*/_sems can ma lus kun don du:_sangs rgyas bstan pa bsrung nas kyang:_bdud dgra ma lus kun bsgral nas:_rjes su 'dzin par sems bskyed do:_lan gsum gyis sems bskyed/_dkon mchog rtsa gsum chos skyong gshegs:_nyi zla pad+ma'i gdan la bzhugs:_lus ngag yid gsum gus phyag 'tshal:_phyi nang gsang ba'i mchod pa 'bul:_nyams chag sdig sgrib mthol zhing bshags:_gsang sngags bsgrubs la rjes yi rang:_smin grol gsang sngags chos 'khor bskor:_mya ngan mi 'da' bzhugs su gsol:_snying po sems can don du bsngo:_yang dag rdo rje'i don rtogs shog:_lan gsum gyis bsags sbyang bya/_sgrub pa'i nyin dang po sogs la bgegs gtor dngos su bshams la chab kyis bran/_ra~M ya~M kha~M:_oM AHhU~M ha ho hrIHsa byin gyis brlabs/_nam mkha' mdzod kyi sngags rgyas bsngos la/_bka' bsgo dngos ni/_hU~M:_ye shes mgon po'i dkyil 'khor du:_bskal pa'i me phung 'bar ba la:_'byung po rdul gyis mi tshugs pas:_log par 'dren pa phyir dengs shig:_drag sngags thun dang rol mos bskrad/_hU~M:_steng 'og phyogs mtshams mtshon cha'i gur:_skar ltar 'khrugs shing ser ltar 'khrigs:_glog ltar 'khyug cing thog ltar 'bebs:_gtum drag rol pas mtshams bcad do:_hU~M:_ye shes me rlung chu 'phros pas:_dngos 'dzin dri ma thams cad gtor:_dur khrod rol pa'i gzhal yas dbus:_drag po b+hany+dza'i snod yangs su:_dgra bgegs bkug cing bsgral ba yi:_sha lnga bdud rtsi zhu ba'i bcud:_oM AHhU~M gi 'od zer gyis:_ye shes bdud rtsi spyan drangs bstim:_sha khrag rus pa'i bza' btung dang:_dur khrod rol pa'i bkod pa sogs:_mchod sprin spyan gzigs bsam mi khyab:_oM AHhU~M sarba pU dza me g+ha AHhU~M:_hU~M:_rnam dag chos dbyings khyab brdal chen po la:_snying rje'i rang mdangs hU~M yig 'bar ba las:_'od 'phros snod bcud sbyangs nas tshur 'dus pa:_'byung ba rim brtsegs dur khrod sa gzhi la:_mthing nag gru gsum gzhal yas khang gi dbus:_pad+ma nyi ma ro yi gdan steng du:_hU~M las gri gug hU~M mtshan 'phro 'du las:_bdag nyid ye shes mgon po he ru ka:_mthing nag dbu dgu phyag ni bco brgyad kyis:_'bar ba'i mtshon cha 'dzin nas zhabs brgyad bgrad:_dpal dang dur khrod chas kyis 'jigs par brgyan:_kro d+hI shwa ri gri thod 'dzin dang 'khril:_ye shes me 'bar rdo rje'i thog ser 'bebs:_thugs kar ye shes sems dpa' hU~M yig las:_'od 'phros snang srid 'khor lo rtsibs bcu 'bar:_hU~M bcu 'phros pas khro rgyal gri thod can:_phur pa'i dbal can gdon bgegs snying la zug:_ye shes me dang mtshon cha'i bu yug 'tshubs:_phra man mang pos bsad pa'i phrin las mdzad:_ces bdag nyid ye shes kyi mgon po che mchog he ru ka'i nga rgyal brtan pos/_rang gi thugs kar nyi ma la gnas pa'i rdo rje sngon po rtse lnga pa'i lte bar hU~M yig gi mthar sngags phreng beDUr+Ya'i phreng ba lta bur g.yas su 'khor bar bltas la spro bsdu'i dmigs pa sbyar te/_oM ma hA kA la hU~M hU~M phaT:_ces rtsa sngags 'bru brgyad pa brgya rtsa nyung mtha' byas pa dang*/_'khor gyi khro bcus srung ba'i las mdzad par bsam la/_ma ma kA wA tsi rak+Sha hU~M:_srung sngags sham sbyar ba nyer gcig tsam bzlas la/_hU~M hU~M hU~M gis lhar snang 'od gsal gyi ngang du bsdu/_phaTaphaT phaT kyis thun mtshams he ru ka'i skur ldang ngo*/_/gsum pa mchod rdzas byin gyis rlabs pa ni/_ra~M ya~M kha~M/_stong pa'i ngang las b+h+rU~M las yum gyi mkha' dbyings gzhal yas khang:_b+hany+dza 'bar ba'i snod du hU~M las bde ba chen po'i mchod sprin bsam gyis mi khyab pa spro bar gyur:_oM badz+ra ar+g+haM pad+yAM puSh+pe d+hU pe A lo ke gan+d+hai ne wi d+ya shab+da AHhU~M:gis byin gyis rlabs/_bdud rtsi/_ra~M ya~M kha~M:gis bsang sbyang*/_bdud rtsi stong gsal me rlung rnam thar gsum gyi thod sgyed kyi steng du b+h+rU~M las dbyings kyi b+hany+dza 'bar ba phyi dkar la nang dmar ba yangs shing rgya che ba'i nang du srid pa gsum gyi phung khams skye mched dag pa'i sha lnga:_bdud rtsi lnga'i bcud kyis gang ba:_rlung me sbyor bas byang chub sems su zhu nas ye shes lnga'i 'od zer gyis 'khor 'das kyi bcud thams cad bsdus nas mtsho la char bab pa bzhin:_dam tshig ye shes gnyis su med pa'i ye shes kyi bdud rtsi'i rgya mtsho chen por gyur:_oM AHhU~M sarba pany+tsa a mr-i ta hU~M hrIHThA:_zhes lan gsum bzlas/_rak+ta/_ra~M ya~M kha~M:gis bsang sbyang*/_rak+ta b+hany+dza 'bar ba yum gyi mkha' dbyings su ra las bde ba chen po'i 'od zer 'phros pas:_khams gsum gyi chags pa thams cad rak+ta la thim:_yab kyis rdo rjes gzir zhing dkrugs pas nyon mongs bag chags dang bcas pa sbyangs:_dmar chen gyi rgya mtsho chen por gyur:_oM AHhU~M ma hA rak+ta dz+wa la man d+ha la hU~M hrIHThA:_zhes lan gsum bzlas/_gtor ma/_ra~M ya~M kha~M:gis bsang sbyang*/_gtor ma phyi snod kyi 'jig rten thams cad b+hany+dza 'bar ba'i gzhal yas khang:_nang bcud kyi sems can thams cad sha lnga bdud rtsi lnga'i ngo bor zhu ba'i gtor ma bdud rtsi'i rgya mtsho chen po:_zegs ma las 'dod yon mchod pa'i lha mo dpag tu med pa 'phro bar bsam:_oM AHhU~M ma hA ba liM ta te dz+wa ba liM ta ba la ba te gu h+ya hri shwa sa ma ya hU~M hrIHThA:_zhes lan gsum gyis byin gyis brlab/_bzhi pa rtsa gsum spyi'i gtor 'bul ni/_rang gi thugs ka'i hU~M las 'od 'phros pas:_bla ma yi dam mkha' 'gro spyan drangs gyur:_hU~M/_dmigs med mkha' ltar khyab cing dag pa'i sku/_/spyan 'dren gshegs su gsol bar mi dmigs kyang*/_/thugs rje'i ngang nyid chos skur dag pa las/_/ye shes sgyu mar rol cing gshegs su gsol/_/oM e h+ya hi b+ha ga wAn ma hA ka ru Ni ka dr-i sh+ya hoH_sa ma ya hoH_sa ma ya s+t+waM:_dzaHhU~M ba~M hoH_zhes pas spyan drangs la mchod pa ni/_hU~M/_bla med mchog gi mchod pa dam pa ni/_/ye shes lnga yi 'od zer rnam par 'phro/_/'dod pa'i yon tan lnga yis rab brgyan te/_/dam tshig bzhin las ci bder bzhes su gsol/_/oM AHhU~M gu ru maN+Da la de ba ga Na sa pa ri wA re b+h+yaH_badz+ra ar+g+haM pra tIts+tsha swA hA nas shab+da'i bar gyis phyi mchod dang*/_badz+ra pany+tsa a mr-i ta kha raM khA hi/_ma hA rak+ta kha raM khA hi/_zhes sman raka stob/_mdun gyi nam mkhar bzhugs nas gtor ma'i bcud:_ye shes ljags kyi sbu gus gsol bar bsam:_gu ru de wa DA ki nI ma hA ba liM ta khA hi:_zhes lan gsum mam bdun gyis gtor ma phul/_hU~M:_chos kyi dbyings las thugs rje'i skur sprul pa:_dgongs brda snyan brgyud smon lam gter rgya dang:_shog ser tshig brgyud rig 'dzin bla ma'i tshogs:_sku gsung thugs dang yon tan phrin las kyi:_yi dam zhi ba khro bo'i lha tshogs dang:_phyi yi gnas yul nang gi rtsa rlung la:_gnas pa'i mkha' 'gro bsam mi khyab pa rnams:_dam rdzas bdud rtsi'i gtor ma 'di bzhes la:_phyi nang gsang ba'i bar chad zhi ba dang:_byin rlabs dngos grub ma lus bstsal du gsol:_zhes gtor ma 'bul zhing 'dod don gsol/_skabs 'dir rtsa gsum so so'i gtor 'bul dang*/_mkha' 'gro spyi gtor bcas 'bul bar 'dod na gzhung bzhin sbyar/_dkyus tsam du/_ra~M ya~M kha~M/_oM AHhU~M:_lan gsum/_hU~M/_bla ma yi dam mkha' 'gro chos srung rnams/_/'dir gshegs dgyes pa'i gdan la bzhugs su gsol/_/byin rlabs klong yangs rtsa brgyud bla ma dang*/_/dngos grub sprin 'khrigs yi dam zhi khro'i lha/_/dgos 'dod char 'bebs dpa' bo mkha' 'gro'i tshogs/_/mchod gtor 'di bzhes bcol ba'i phrin las mdzod/_/mkha' ltar khyab bdag legs ldan tshogs kyi bdag_/ye shes mgon po phyag bzhi phyag drug pa/_/zhal bzhi ma ning sku gsung thugs yon tan/_/phrin las mgon po yab yum 'khor dang bcas/_/mchod gtor 'di bzhes bcol ba'i phrin las mdzod/_/mthu stobs dus mtha'i rlung dang bskal pa'i me/_/rdo rje ber chen lha mo rang byung ma/_/'dod khams dbang phyug lha mo dud sol ma/_/sngags srung e dzA Ti srog sgrub ma/_/shan pa dmar nag las byed dregs pa'i tshogs/_/mchod gtor 'di bzhes bcol ba'i phrin las mdzod/_/srid pa'i rlung zhags dbang phyug lha chen yab/_/u ma de wI yum bcas mkha' 'gro'i tshogs/_/lha srin kun gyi dmag dpung sprin ltar sdud/_/drang srong chen po gza' mchog rA hu la/_/mchod gtor 'di bzhes bcol ba'i phrin las mdzod/_/gtum chen rngams pa'i nga ro 'brug ltar sgrogs/_/zhing skyong seng ge'i gdong can yab dang yum/_/rgyal chen rnam mang thos sras rta sngon can/_/dur khrod bdag po bdag mo ngas nus ma/_/las kyi gshin rje dam can rdo rje legs/_/mchod gtor 'di bzhes bcol ba'i phrin las mdzod/_/phrin las dngos grub thogs med glog ltar 'khyugs/_/tshe ring mched lnga a phyi g.yu sgron ma/_/kha rag khyung btsun ma sogs brtan ma'i tshogs/_/gnod sbyin zhang blon beg rtse tshogs kyi bdag_/dzam lha rigs lnga rta bdag ku bai ra/_/kun 'khyil mched gsum la sogs nor bdag rnams/_/mchod gtor 'di bzhes bcol ba'i phrin las mdzod/_/drag sngags mthu rtsal thog ser bzhin du 'bebs/_/rta nag dregs pa sha za kha mo che/_/sde dpon sum bcu sngags bdag bco brgyad dang*/_/shwa na sa bdag bdag nyid skyes bu sogs/_/gza' gdong ging lnga bdud shan rtsis kyi bdag_/mchod gtor 'di bzhes bcol ba'i phrin las mdzod/_/dgra bo'i steng du rlung ltar jag par rgyugs/_/spu gri mched gsum sngags bdag smyo kha dang*/_/jag pa me len klu btsan spun bdun dang*/_/dregs pa sde lnga pe har tsi ma ra/_/zab gter bka' yi srung ma thams cad kyis/_/mchod gtor 'di bzhes bcol ba'i phrin las mdzod/_/sgrub pa'i mthun rkyen dbyar gyi dpal ltar spel/_/thang lha sprag gi btsan rgod spom ra che/_/mgur lha bcu gsum dge bsnyen nyer gcig dang*/_/chos 'khor sgrub gnas dben gnas chos bzhin skyong*/_/gnyug mar gnas dang glo bur lhags pa yi/_/gzhi bdag pho mo 'khor dang bcas pa rnams/_/mchod gtor 'di bzhes bcol ba'i phrin las mdzod/_/sangs rgyas bstan srung dkon mchog dbu 'phang bstod/_/dge 'dun sde rgyas rnal 'byor tshe dpal spel/_/snyan pa'i dar phyor grags pa'i dung bus la/_/'khor dang longs spyod rgyas pa nyid du mdzod/_/zhi rgyas dbang drag las rnams ma lus pa/_/'bad med lhun gyis 'grub par mdzad du gsol/_/rten la bzhugs sam rang gnas ci bder gshegs/_/srid zhi'i dge legs rgyas pa'i bkra shis shog_/gnyis pa dngos gzhi la bzhi'i dang po dam can/_chos skyong dgongs 'dus rtsa ba'i phrin las ni/_a mr-i tas bsang*/_swa b+hA was sbyang*/_stong pa nyid kyi ngang las mdun gyi nam mkhar dur khrod kyi sa gzhi 'jigs su rung ba ro gsar rnying sna tshogs gcal du bkram zhing phung por spungs pa/_/khrag gis sbag pa'i ro langs rnams rgod cing gar rtse ba/_las kyi shan pa 'bum kun tu rgyu zhing nyams pa rnams 'gugs 'ching srog gcod kyi las byed pa/_ma rung pa'i srog chags gdug pa can ngu 'bod kyi sgra dang bcas pas sha za zhing lang long du 'phyo ba/_phyogs mtshams steng 'og thams cad du me rlung dmar nag 'bar zhing 'khrugs pas mkha' las thog ser mtshon cha'i char 'bebs shing drag po'i 'brug stong gi sgra glog dang bcas pas 'bebs pa/_sa gzhir mtshon cha'i ri klung dug shing gi nags tshal la nang rol gyi lhu dum dang dbang po'i me tog gis bkra ba/_khrag zhag gi rgya mtsho rba klong 'khrugs pa la tshil bu'i 'brum chags shing mi rta'i bam ro khyer ba/_/khrag dang sha chen rkang dang tshil bu klad pa dang lha ba rnag dang chu ser rnams kyis gang ba'i 'obs rim gyis yongs su bskor ba/_snang srid rab 'bar drag po'i zhing khams chen po lhun gyis rdzogs pa'i dbus su thugs ka'i hU~M las b+h+rU~M 'phros b+h+rU~M bi shwa bi shud+d+he badz+ra dz+nyA na maN+Da la b+h+rU~M/_de yongs su gyur pa las dur khrod 'bar ba'i gzhal yas khang chen po gru bzhi sgo bzhi pa/_rmang gzhi lcags las byas pa'i steng du shar du stag gi thod pa/_/lhor mi'i thod pa/_nub tu rta yi thod pa/_byang bya yi thod pas brtsigs pa/_srin po'i thod pa'i kha bad can/_nyi zla gza' skar gyi 'od 'phro ba/_rgyu ma'i dra phyed/_keng rus kyi ka gdung*/_rkang dang rtsib ma'i dral phyam/_zhing lpags kyi thog phub pa'i rtser rdo rje'i tog gis mtshan pa/_sgo bzhi lcags kyi sgo glegs dang rus pa'i rta bab kyis brgyan pa/_mi ro'i rgyal mtshan/_zhing chung gi 'phan gdugs/_ro skra'i rnga yab/_glo snying gi 'phyang 'phrul sogs 'jigs pa'i rgyan thams cad kyis brgyan pa'i dbus su gnam lcags 'bar ba'i 'khor lo nag po rtsibs brgyad pa'i lte bar srin yul lang+ka pu ri ma la ya gnam lcags 'bar ba'i ri bo'i spor pad+ma dang nyi ma'i steng du mi ro dang rta ro la gnas pa'i hU~M las gri gug hU~M gis mtshan par gyur/_s+pha ra Na phaT/_de las 'od zer 'phros pas dgra bgegs gdug pa can thams cad tshar bcad/_saM ha ra Na hU~M/_tshur 'dus yongs su gyur pa las/_oM b+hurku ma hA kA la ya hU~M phaT/_dpal che mchog yon tan gyi mgon po legs ldan tshogs kyi bdag po nag po chen po rdo rje srin po'i gzugs can sku mdog mthing nag thung zhing sbom la yan lag rags pa nyi ma 'bum gyi gzi brjid can/_zhal gcig phyag gnyis spyan gsum pa/_phyag g.yas 'bar ba'i gri gug dang g.yon gdug pa can gyi khrag gis gang ba'i thod pa thugs kar steng 'og tu 'dzin pa/_mchan g.yas su tsan+dan gyi beng chen gzir ba'i stod smad nas lha bdud kyi dmag dpung 'gyed pa/_sku la dar nag gi 'jol ber brtsegs mar gsol zhing*/_gser sked nor bu'i mig tshang can bcing ba/_thod pa skam po rigs lnga'i rtse phran can gyi dbu rgyan dang*/_rlon pa khrag 'dzag pa lnga bcu'i do shal 'phyang ba/_yan lag sbrul gyis dkris shing mi lpags kyi stod g.yog sogs dur khrod 'jigs pa'i chas can/_swag ti'i l+h+wam yu ring gsol nas g.yon brkyang pa'i stabs kyis 'gying zhing brjid pas dgra bgegs rnams brdzis pa/_gtum zhing mi srun pa'i nyams can/_spyi bor bya khyung nag po 'phur zhing lding ba/_sta zur gnyis na seng ge ral pa sprugs pa/_rtsib logs la 'phar dred 'khyug pa/_zhabs las stag 'phro ba/_g.yon du yum kro d+hI shwa ri sngon po zhal gcig phyag gnyis spyan gsum ral pa thur du gtibs pa/_stag lpags dang re lde'i smad dkris can/_sbrul zhags dang thod skyogs rus bcud 'bru mar khrag chang gis gang ba stob pa dang bcas ye shes kyi me dpung 'bar ba'i klong du bzhugs pa'i g.yas su las mgon nag po/_shar du king ka ra/_lhor gnod sbyin dmar po/_nub tu gza' bdud smug nag_/byang du 'dod khams dbang phyug nag po dang bcas pa'i bka' 'khor gau rI ma sogs ma mo brgyad/_siM ha ma sogs phra man brgyad/_'bar ma brgyad sogs bdud rtsi yon tan gyi bka' srung rnams dang*/_dbang phyug nyi shu rtsa brgyad/_gru 'degs ma bzhi/_sgo srung bzhi/_slas dang byan mo bran mo ru 'dren/_gzhan yang dregs pa'i sde dpon sum cu/_sngags bdag dregs pa bco brgyad dang bcas te khams gsum dbang du sdud cing srid gsum zil gyis gnon pa'i bdag nyid can du bzhugs pa'o/__/gtso bo'i mdun shar gyi rtsibs drag po rang byung gi dur khrod bsil ba tshal chen por yang dag thugs kyi mgon po phyag bzhi pa mthing nag zhal gcig phyag bzhi'i dang po gnyis dgra snying gis mtshan pa'i gri gug dang thod khrag steng 'og tu 'dzin pas yum la 'khyud pa/_'og ma gnyis kyis ral gri me 'bar ba dang kha T+wA~M ga 'phyar ba/_zhabs gnyis rgyal po rol pa'i 'dug stangs kyis yum tsaN+Di ka nag mo gri thod can dang sbyor ba dang pad nyi dgra bgegs kyi gdan la rol stabs su bzhugs pas khrag 'thung dpa' bo'i cha byad yongs su rdzogs pa la/_shar du las mgon bya rog gdong*/_lhor 'bar ma nag mo/_nub tu sha za seng gdong*/_byang du gza' bdud smug nag_/shar lhor tshangs pa dkar po/_lho nub tu gshin rje dmar nag_/nub byang du rdo rje legs pa/_byang shar du gnod sbyin nag po rnams dang*/_phyi rol gyi khor yug la shar du nag po stong*/_lhor sha za 'bum/_nub tu ma mo bye ba/_byang du gnod sbyin khri sogs sprul pa'i pho nya bsam gyis mi khyab pa 'gyed pa/_gzhan yang gnas yul ma mo brgyad tshan gnyis/_dbang phyug ma nyi shu rtsa brgyad sprul pa phyag brnyan dang bcas pa sogs yang dag thugs kyi bka' srung ma lus pa'i tshogs dang bcas pas bskor ba/_lho'i rtsibs gtum chen u tsa la yi dur khrod chen po'i dbus su 'jam dpal sku'i mgon po stag zhon nag po sprin ltar gnag cing*/_khro bo rngam brjid rol pa/_phyag g.yas tsan+dan gyi beng chen nam mkhar phyar ba/_g.yon lcags par khrag gis gang ba thugs kar bzung nas gsol ba/_dar nag gi ber dgu brtsegs dang gser sked swag ti'i l+h+wam yu ring gsol ba/_dur khrod chas kyis brgyan pa dpa' gtum stag chen rngam pa la chibs cing seng ge rol du khrid pa/_lcags kyi bya khra lding zhing ce spyang dom dred phyi nas 'brang ba/_yum lha mo dmar nag sku gsung thugs kyi mon pa/_sha zan khrag 'thung srog gcod bla 'gugs snying 'byin gzer 'debs tshe 'phrog gi mon pa dang ma mo mkha' 'gro sha za grangs med pas bskor ba/_gzhan yang las kyi gshin rje 'chi bdag bcu gnyis dregs pa bcu drug_/ging bzhi bdud bzhi rtsis pa bzhi shan pa bzhi phyogs skyong bcu gnyis ma gshin sum brgya drug bcu sogs 'jam dpal gshin rje'i bka' srung dregs pa'i tshogs dang bcas pa/_nub kyi rtsibs 'bar ba'i dur khrod 'jigs su rung bar pad nyi tshogs kyi bdag po glang gdong la phug dang nor bu bsnams pa nyal stabs su mnan pa'i steng du pad+ma gsung gi mgon po myur mdzad ye shes kyi mgon po sku mdog smug nag phyag drug pa dang po gnyis gri thod/_bar pa gnyis pad+ma dang kha T+wA~M ga_/tha ma gnyis kyis thod rnga dang rgyu zhags bsnams pa/_stag lpags mgo phreng rus pa sbrul dang phyag zhabs dril bu g.yer kha'i phreng bas brgyan pa zhabs gar stabs kyis bzhengs stabs su bzhugs pas tsan+dan gyi sdong po la rgyab bsten pa/_g.yon du dpal ldan lha mo nag mo/_mdun du gnod sbyin k+She tra pA la/_g.yas su gshin rje Ta ki rA dza/_rgyab tu dbang phyug dzi na mi tra/_g.yon du bdud po trak+shad nag po rnab dang*/_gtsang ris kyi mgon po bdun cu rtsa lnga sogs dam can rgya mtsho'i dmag tshogs dang bcas pa la khams brgya/_dmus long*/_dpal gyi khyi spyang*/_'dab gshog 'brug bzhi gser gyi ma mo sogs pad+ma gsung gi bka' srung gis bskor ba/_byang rtsibs me ri 'bar ba'i dur khrod chen por phrin las phur pa'i mgon po dpal ldan ma ning nag po/_sbrul nag gi ral pa thur du 'phyang bas sa gzhir khyab pa/_zhal gcig phyag gnyis/_g.yas 'bar ba'i ru mtshon rnon po gnam du phyar zhing g.yon gdug pa can gyi snying dang sbrul zhags 'dzin pa/_tsan+dan gyi beng chen sked la btsugs pa'i sgo gsum nas dmag dpung 'gyed pa/_g.yon brkyang gi pad nyi ro gdan steng 'gying zhing yum dpal 'bar ma dkar mo dang bcas pa/_g.yas su las mgon srog bdud/_mdun nas g.yas skor gyis sku gsung thugs yon tan phrin las kyi mgon po/_'dod khams dbang phyug re ma ti nag mo dang bcas pa la ru 'dren bka' sdod myur mgyogs pho nya'i tshogs kyis bskor ba/_mtha' skor du shwa na ma bzhi bdag nyid ma bzhi sa bdag ma bzhi bse lcags dung gi skyes bu la sogs pa phur pa phrin las kyi bka' srung ma lus yongs su rdzogs pa'i tshogs dang bcas pa/_shar lho'i rtsibs snang srid chos dbyings yum gyi mkha' klong chos 'byung khrag mtsho keng rus kyi ri rab steng du thod mkhar 'bar ba'i klong du snang srid ma mo'i spyi dpal dbyings kyi rgyal mo e ka dzA Ti ma smug nag spyan gcig ral gcig mche gcig nu gcig dang ldan pa/_phyag g.yas zhing dbyug phyar zhing g.yon dgra snying dang lcags spyang khra thabs su 'gyed pa/_gcer bu dur khrod kyi chas dang bcas te zhabs gnyis dor stabs kyis pad nyi dgra bgegs kyi gdan la bzhengs te me rlung dmar nag drag tu 'khrugs pa'i dbus na rol pa/_'khor du rtag pa'i rgyal mo lnga/_e ka dzA Ti spun drug_/de'i bran mo bcu bzhi/_sman mo lnga bcu rtsa brgyad/_yang g.yog 'bum stong*/_dbang phyug nyi shu rtsa brgyad/_mkha' 'gro sum cu rtsa gnyis/_ging chen bco brgyad/_lang ka bcu drug_/pho nya drug cu rtsa bzhi/_'bar ma brgyad/_ma mo bdun/_sring mo bzhi/_sa bdag so gnyis/_phyogs skyong ba'i bu mo 'bum phrag bcu/_sman phran sha za bdud mo 'bum phrag gsum/_dkar ser dmar sngo nag smug 'bum phrag drug dang*/_shwa na sa bdag bdag nyid ma bzhi lcam dral la sogs ye shes las dang 'jig rten gyi ma mo 'bum phrag yangs pa'i tshogs kyis bskor ba/_lho nub kyi rtsibs dur khrod drag po'i bkod pa lhun gyis rdzogs par gru gsum e yi gzhal med khang gi nang du pad nyi dregs pa'i gdan la rig 'dzin gyi mgon po dpal mgon mthu stobs dbang phyug zhal bzhi pa dbus mthing g.yas dkar g.yon dmar steng zhal ljang gu phyag bzhis g.yas gnyis gri gug dang ral gri/_g.yon gnyis thod khrag dang rdo rje'i dbyug tho/_yum re ti sngo skya kha T+wA~M dang nad rkyal 'dzin pa dang sbyor te zhabs dor stabs kyis bzhengs pa dpal dang dur khrod kyi chas can klu gshin gza' srin gyis 'khor dang bcas pa/_zhing skyong sum cu rtsa gnyis/_rdo rje'i pho nya drug cu rtsa bzhi/_ging chen bcu drug la sogs pa rdo rje rin chen pad+ma las kyi rigs kyi ye shes las dang 'jig rten gyi dpa' bo ging chen DA ki shugs 'gro sogs rig 'dzin bla ma'i bka' sdod rgya mtshos bskor ba/_nub byang dur khrod chen po'i dbus su sna tshogs rdo rje'i lte bar chos 'byung pad zla nyi ma dgra bgegs kyi steng du 'jig rten mchod bstod kyi mgon po rdo rje nag po chen po sku mdog mthing nag zhal gcig phyag gnyis spyan gsum pa/_dri gug dang thod khrag thugs kar steng 'og tu 'dzin pa/_smar smin dbu skra gyen du brdzes shing rdo rje'i gshog pa 'bar ba rdebs pa/_dur khrod 'jigs pa'i chas can zhabs phur bu 'bar ba'i rnam pa dgra bgegs kyi snying gar gzir ba ye shes kyi me 'bar ba'i dbus na bzhugs pa/_yum chen e ka dzA Ti/_lha mo 'dod khams dbang phyug_/las mgon pu tra ming sring*/_mthu stobs kyi dbang phyug ging bdud gza' btsan klu srin gnod sbyin ma mo ste dregs pa chen po'i sde dpon sum cu lcam dral bka' sdod pho nya'i tshogs rnam 'gyur mi bzad pa'i cho 'phrul dang bcas pas bskor ba/_byang shar rdo rje'i brag chen gyi steng du pad nyi bdud rta nag po rlung gshog gi steng na dmod pa drag sngags kyi mgon po las byed sras mchog nag po mi sdug srin po ltar khros pa'i zhal can/_g.yas gri gug phyar zhing g.yon thod khrag 'dzin pa dar nag gi ber sogs drag po'i rgyan chas rdzogs pa/_zhabs phyed skyil du bzhugs pa'i pang du re ma ti me long dang phur pa 'dzin pa dang 'khril sbyor du bzhugs pa'i mtha' skor du nag po chen po yab yum bcu drug_/phyogs bcu'i mgon po chen po bcu/_dregs pa bdun cu rtsa gnyis/_ma mo bdun tshan bzhi/_sring mo chen mo bzhi/_'bar ma brgyad/_dus bzhi'i rgyal mo bzhi/_dmag gi rgyal mo bzhi sogs srid gsum dregs pa'i dmag tshogs rgya mtshos yongs su bskor pa/_gzhan yang steng 'og bar gyi sde brgyad dregs pa drag sngags kyi bdag po'i tshogs bsam gyis mi khyab pa dang bcas pa ste/_de ltar srid gsum gdug pa'i tshogs kun mthar byed drag po chos skyong dgongs pa 'dus pa'i gtso 'khor bka' sdod sprul pa'i sde thams cad gtum rngam mi bzad pa'i nyams 'gyur sna tshogs pa'i cho 'phrul gyis phrin las 'dod rgur rang dbang bsgyur zhing sgrub pa po'i re ba skong bas nam mkha' bar snang sa gzhi thams cad yongs su gang bar gyur/_gtso 'khor thams cad kyi dpral bar oM dkar po/_mgrin par AHdmar po/_thugs kar hU~M sngon po/_hU~M las 'od zer lcags kyu lta bu 'phros pas rang bzhin lhun gyis grub pa'i gnas mchog ma la ya gnam lcags 'bar ba'i ri bo dur khrod chen po brgyad la sogs pa rang bzhin gyi gnas nas drag po chos skyong dgongs 'dus kyi lha tshogs 'khor dang bcas pa mdun gyi nam mkhar sprin phung gtib pa bzhin byon par bsam la lcags kyu'i phyag rgya bcing ste/_oM ru lu ru lu hU~M b+h+yo hU~M phaT:_oM b+hurku ma hA kA la sa ma ya hrIM hrIM aM ku sha dzaHdzaHzhes dang*/_hU~M:_chos dbyings dur khrod me ri 'bar:_gnas yul chos 'khor thams cad nas:_ye shes mgon po lcam dral dang:_las kyi mgon po 'khor dang bcas:_dregs pa'i mgon po ma mo'i tshogs:_bstan srung thams cad spyan 'dren na:_myur ba nyid du gshegs su gsol:_hU~M:_chos dbyings rnam dag ngang las ma g.yos kyang:_gdug pa 'dul phyir khro bo'i skur ston pa:_srin po'i gzugs can gdug pa spyan 'dren na:_thugs rje'i dbang gis gnas 'dir gshegs su gsol:_'jigs rung lang ka'i grong khyer chen po'i dbus/_/rgyud sde rgya mtsho'i 'byung gnas ma la ya/_/drag shul tan gan spyod pa'i tshogs khang nas/_/legs ldan rdo rje srin po gshegs su gsol/_/rdo rje gdan dang shrI na len+d+rar/_/yang dag thugs kyi mgon po phyag bzhi pa/_/yum chen tsaN+Di las mgon sprul 'khor brgyad/_/pho nya bya gcan tshogs bcas gshegs su gsol/_/don la 'og min rnam pa u tsa la/_/snang mdzad rdo rje'i rigs kyi khrag 'thung che/_/sku yi mgon po gtum chen stag zhon nag_/ma gshin mon pa'i tshogs bcas gshegs su gsol/_/lho phyogs rab 'jigs dur khrod bsil ba'i tshal/_/pad+ma gsung gi mgon po phyag drug pa/_/'dod khams dbang phyug gnod sbyin gshin rje'i dbang*/_/trak+shad dpal mgon sde bcas gshegs su gsol/_/'og min gnas dang sa gsum 'jig rten nas/_/phur pa phrin las mgon po ma ning nag_/yum chen sku gsung thugs yon phrin las mgon/_/re ti pho nya bcas kun gshegs su gsol/_/chos dbyings rnam thar gsum rdzogs mkha' dbyings nas/_/snang srid ma mo'i spyi dpal e ka tsa/_/ye shes 'jig rten las kyi ma mo 'bum/_/lcam dral bka' sdod 'khor bcas gshegs su gsol/_/lho phyogs dpal gyi ri dang ti se nas/_/rig 'dzin mgon po zhing skyong zhal bzhi pa/_/yum chen re ti klu gshin gza' srin po/_/'khor gyi sde brgyad dpung bcas gshegs su gsol/_/'og min gnas dang rdo rje gdan sogs nas/_/'jig rten mchod bstod mgon po rdo rje gur/_/ma gshin sde dpon sum cu la sogs pa/_/dregs pa'i 'khor dang bcas kun gshegs su gsol/_/gsang chen lhun grub gtsug lag khang chen nas/_/dmod pa drag sngags sras mchog mgon po ber/_/nag po bcu drug phyogs skyong ma sring 'bar/_/dus bzhi'i dmag rgyal tshogs bcas gshegs su gsol/_/stobs bcu mthar phyin ye shes rdo rje'i mtshon/_/rnam 'gyur 'bar ba'i zhe sdang srin po'i gzugs/_/bde chen thabs mchog ma hA kA la che/_/srid gsum zil gnon 'bar ba'i gar gyis gshegs/_/ngo bo chos nyid gcig gi rol pa las/_/rnam pa gsang ba mi zad rgyan gyi 'phrul/_/bde gshegs sgrub sde brgyad kyi bka' sdod tshul/_/'bar ba'i sprul 'khor bcas te gshegs su gsol/_/oM e h+ya hi shrI ma hA kA la dz+nyAn nA tha d+harma pA la ga Na maN+Da la sa pa ri wA ra ma hA ka ruNi ka dr-i sh+ya ho sa ma ya s+t+wa~M A kar+Sha ya hU~M dzaH_e A ral+li hrIM hrIM dzaHdzaHsa spyan drangs/_hU~M/_sangs rgyas bstan pa srung ba'i mthu rtsal can/_/ma hA kA la yab yum 'khor dang bcas/_/drag po'i gzhal yas dkyil 'khor chen po 'dir/_/gnyis med brtan par bzhugs la phrin las mdzod/_/oM shrI ma hA kA la ga Na maN+Da la sa pa ri wA ra sa ma ya tiSh+Than+tu/_dam la bzhag ni/_yi dam gyi nga rgyal brtan po'i rdo rje rtse lnga pa'i phyag rgya mgon po 'khor bcas kyi spyi bor bzhag par mos te/_oM ru lu ru lu hU~M b+h+yo hU~M:_oM badz+ra sa ma ya ha na ha na hU~M phaT:_dpal rdo rje srin po khrag 'thung nag po chen po drag po chos skyong dgongs pa 'dus pa'i lha tshogs 'khor dang bcas pa rnams kyis zhi ba rdo rje dbyings/_khrag 'thung khro bo'i rgyal po bde gshegs sgrub pa bka' brgyad/_slob dpon sangs rgyas gnyis pa/_rje 'bangs snying gi bu dgu/_lha sras chos kyi blo gros/_gter chen mchog gyur gling pa/_kun mkhyen rdo rje gzi brjid/_'jam mgon pad+ma gar dbang*/_gter sras dbang mchog rdo rje/_rig 'dzin tshe dbang nor bu/_mkhan chen rin chen dar rgyas/_pad+ma theg mchog bstan 'dzin/_khyab bdag dpal mgon bla ma pad+ma ye shes rdo rje'i bar du byon pa'i rtsa ba dang brgyud par bcas pa'i bla ma dam pa rnams kyi bka' dang dam las ma 'da' bar sangs rgyas kyi bstan pa srungs/_dkon mchog gi dbu 'phang bstod/_dge 'dun dang chos kyi rgyal srid skyongs/_'jig rten gyi rgud pa sol/_sems can gyi phan bde spel/_rnal 'byor pa rnams kyi sdong grogs mdzod/_sngags 'chang rnams kyi phrin las sgrubs/_sdang ba'i dgra thul/_gnod pa'i bgegs choms/_khyad par dam tshig 'dir 'dus pa rnams kyi phyi nang gsang ba'i 'gal rkyen zhi ba dang*/_mthun rkyen smon pa'i legs tshogs thams cad 'phel zhing rgyas pa dang mchog dang thun mong gi dngos grub ma lus pa myur du 'grub pa'i phrin las mdzod cig_/ces dam tshig gi gnyer gtad do/_hU~M/_chos sku 'gyur med dpal ldan nag po che/_/phrin las lhun grub ye shes mgon po'i tshogs/_/dgra bgegs kun 'dul chos skyong yongs kyi rje/_/mgon po 'khor dang bcas la phyag 'tshal lo/_/a ti pU ho/_pra tIts+tsha hoH_zhes pas phyag bya/_hU~M/_he ru ka dpal gtum chen rngams pa'i gzugs/_/ye shes klong dgu'i mgon po 'khor bcas la/_/dri bzang sbyar ba'i chab kyis zhabs bsil zhing:_yan lag brgyad ldan bdud rtsis sku khrus gsol:_me tog rin chen rgyan phreng rnam par bkra:_sbyar spos bsang dud sna tshogs sprin phung g.yo:_gzugs mdzes snang gsal tshogs ni nyi ltar gsal:_thugs la bde ba skyed pa byugs pa'i bcud:_ro brgya'i zhal zas shing tog la du dang:_'bras chan khur ba dkar gsum mngar gsum tshogs:_gdug pa bsgral ba'i sha khrag don snying rnams:_rnam pa so so'i dgyes bskyed mchod pa'i sprin:_ngo bo ye shes sgyu ma'i rnam rol du:_nam mkha' gang bar mos blos sprul nas su:_snyan pa'i dbyangs dang ngo mtshar rol mo'i tshogs:_spyan gzigs zlos gar bsam mi khyab pa bcas:_'bul lo dgyes par bzhes la phrin las mdzod:_oM shrI ma hA kA la sa pa ri wA ra ar+g+ha~M nas/_shab+ta pany+tsa kA ma gu Na pra tIts+tsha hoH_hU~M:_drag por gshegs pa'i khrag gi mchod yon 'bul:_dug chus zhabs bsil dgra bgegs gdan la bzhugs:_mgo phreng dbang po'i me tog sku la brgyan:_'dre 'jigs tshil chen bsregs pa'i dud sprin gtibs:_zhun chen ro ras bskal pa'i me chen sbar:_khrag zhag mkhris pa'i dri chab rgya mtshor bskyil:_sha dang rus pa'i lhun po cher spungs te:_bdud rtsi rtsa brgyad stong sbyar dpa' bo'i phud:_'bru sna shing tog bza' dang btung ba'i tshogs:_phyi nang gsang mchod 'bul lo bzhes su gsol:_sngon gyi khas blangs dam las ma g.yel bar:_bstan pa srung ba'i phrin las mdzad du gsol:_oM shrI ma hA kA la sa pa ri wA ra sh+ma shA na pU dza ar+g+haM nas/_shab+da pra tIts+tsha hoH_hU~M:_nyon mongs kun 'joms byang sems bdud rtsi'i sprin:_chags med rak+ta dmar chen rba rlabs g.yo:_'dod yon gtor ma kun bzang mchod sprin gtibs:_dga' bzhi skyed pa'i lha mo bsam mi khyab:_gdug pa'i tshogs bsgral dpa' gtum rngams brjid shugs:_phyogs las rnam rgyal rgyal mtshan sgreng ba'i dpal:_dgyes pa skyed phyir khrag 'thung 'khor bcas la:_ye shes klong du ro gcig mchod pa 'bul:_oM shrI ma hA kA la sa pa ri wA ra ma hA pany+tsa a mr-i ta rak+ta ba liM ta ma hA su kha dgra bgegs mA ra ya phaT pU dza hoHzhes phyi nang gsang ba bla na med pa'i mchod pas mnyes par bsam mo/__/gnyis pa pho rgyud dregs pa kun 'dus kyi phrin las ni/_oM ma hA shU n+ya ta sogs/_stong pa'i ngang las drag po chos skyong dgongs 'dus rtsa ba'i dkyil 'khor chen po'i g.yas dur khrod kyi sa gzhi la thod pa'i gzhal yas khang gi dbus su khrag mtsho 'khrugs pa'i klong du/_bdag gi thugs ka nas hU~M 'phros pas:_de las gza' bdud nag po mgo bo dgu pa bya rog gi zhal dang bcu:_zhal gdangs shing nga ro sgrogs pa:_spyan bgrad cing phyag dang po gnyis kyis sbrul zhags dang chu srin gyi rgyal mtshan 'dzin pa:_'og ma gnyis kyis rwa'i mda' gzhu 'gengs pa:_sku smad sbrul du 'khyil ba:_lus kun mig gis gang ba me rlung 'tshubs pa'i dbus su bzhugs pa:_de'i 'khor du biSh+Nu ra tsa la sogs rA hu la brgyad:_nyi ma la sogs pa'i gza' chen brgyad:_rgyu skar nyi shu rtsa brgyad:_gdong mo mched bzhi rnams gsal bar gyur:_de'i phyi rol du mdun nas g.yas skor gyis bdud mgon seng ge'i gdong can ral pa'i gseb nas seng chung spro ba/_g.yas rtse gsum pa'i dar nag gi ba dan phyar zhing g.yon thod par dmar gtor khyer ba/_dar nag gi ber dang 'khor gsum sked la bskor nas bdud rta nag po rting dkar la zhon pa/_yum seng gdong dmar mo rta dmar la zhon pa/_g.yas rtse gsum phyar zhing g.yon dgra snying yab la stob pa/_mdun du bam ro pho mo spre'u spyi tshugs su lag gnyis lcags kyi sder mo bgrad pa sa la btsugs nas rgyug pa/_rkang pas dmar gtor dgra la 'phen pa/_las byed sha za sde brgyad snang srid lha ma srin dregs pa can thams cad kyis bskor ba/_las mgon srog bdud trak+shad nag po ru mtshon dang mdung zhags thogs nas khram shing sked la btsugs shing mda' gzhu gru la bkal ba/_'chi bdag las kyi gshin rje ma he khros pa'i gdong can rwa rtse las me 'bar ba/_thod dbyug dang thod khrag thogs pa/_chu glang gi steng na 'gying pa'i gcer bu rgyan med rang rtags bsgrengs pa las me 'bar ba/_zhabs dor stabs can g.yon du tsa mun+t+ri ma he'i gdong can lcags kyu dang thod pa 'dzin pas yab la gdong phyogs pas brtse ba/_'khor du las kyi gshin rje ya ma daN+Di sogs brgyad dang*/_lo zla zhag gi gshin rje sde brgyad dregs pa ma gshin bdun brgya nyi shu tshogs dang bcas pa/_gnod sbyin bek+tse dmar po bswe rmog bswe khrab gsol zhing zangs gri mda' gzhu dang bcas pa'i dgra snying 'dzin cing mchan du bswe mdung 'chang ba/_skyes mchog badz+ra sA d+hu dmar po rdo rje dang dgra snying 'dzin pa/_dbu la thang zhu dmar po rdo rje'i tog can gsol zhing seng ge la la chibs pa/_yum rdo rje g.yu sgron ma mda' dar dang me long 'dzin pa sman btsun gyi chas can sha ba yu mo chibs pa/_mched zla sum brgya drug cu/_dgyes sde brtan ma bcu gnyis za byed mche ba can sogs kyis bskor ba/_klu btsan 'bar ba spun bdun bswe rmog bswe khrab can mdung dang nor bu'i mtshan pa'i zhags pa bsnams nas rta rgod bra bo mi zan la chibs pa/_rgyal chen pe ha ra dar nag gi ber dang dom slog dbu la thibs zhu gsol ba/_bdud zhags dang pu gri thogs nas ba glang sna ring la chibs nas rol du glog dmar khrid pa/_btsan rgyal shu ba srog zan mdung dmar dang zhags pa can/_lha'i dge bsnyen dpal ldan shes rab lha'i chas can shel mdog rgyal mtshan dkar po dang glegs bam thogs pa/_bdud rgyal skos rje drang dkar nag po bdud kyi chas can mdung zhags 'phen pa/_klu bdud sog ma med klu'i chas can mdung dang sbrul zhags thogs pa/_rdo rje gnod sbyin nor bdag ser po gnod sbyin gyi chas can rgyal mtshan dang ne'u le 'dzin pa rang mdog gi ber gsol zhing*/_gter srung dregs pa sde lnga rang mdog gi rta la zhon pa/_rang rang gi bka' 'khor las byed sprul pa'i dmag tshogs bye ba 'bum gyis bskor ba/_gzhan yang de dag gi phyi rol du steng gi lha brgyad/_'og gi klu brgyad/_bar snang gi gza' brgyad/_'jigs byed chen po dgu dang*/_phyogs skyong chen po bcu/_rgyu skar nyi shu rtsa brgyad/_rgyal po chen po bzhi la sogs pa gtsang ris kyi mgon bdun cu rtsa lnga la sogs srid gsum 'byung po'i tshogs thams cad rnam 'gyur dang cha lugs ma nges pa'i tshogs du ma char sprin 'khrigs pa lta bus bskor zhing bzhugs par gyur/_de ltar gsal ba'i dpral bar oM/_mgrin par AH_thugs kar hU~M hU~M las 'od zer 'phros pas phyogs bcu nam mkha'i e klong*/_gnas yul dur khrod rab 'byams nas pho rgyud dregs pa'i dmag dpung bka' gter srung ma gnyan po 'khor dang bcas pa skad cig gis rdzu 'phrul dgyes dgu'i rol pas spyan drangs par gyur/_spos rol g.yab dar rkang gis bskul te/_hU~M:_nam mkha' yangs pa'i dkyil 'khor nas:_gza' bdud 'khor dang bcas pa rnams:_dpal gyi spyan sngar dam bcas bzhin:_bstan pa srung phyir gshegs su gsol:_hU~M:_'og min chos dbyings pho brang dang:_rdo rje gdan dang na len+d+ra:_gnas yul dur khrod brgyad la sogs:_rang bzhin gar bzhugs gnas mchog nas/_/snang srid dregs pa'i tshogs rje rnams/_/gar dgu'i gzi brjid dpal du 'bar/_/dgyes bzhad rngams sgra di ri ri/_/sgrub mchog rnal 'byor bdag cag la/_/dam tshig gdung shugs rjes dgongs te/_/da lta nyid du gshegs su gsol/_/dar nag zhing gi g.yab mo dang*/_/rkang gling thod pa'i rngas bskul zhing*/_/dud pa'i spos sprin thibs se thib/_/spyan 'dren gnas 'dir da tshur byon/_/oM shrI he ru ka sarba nA tha badz+ra tsaN+Da sa pa ri wA ra badz+ra sa ma ya dzaHdzaH_zhes pas spyan drangs/_dzaHhU~M ba~M hoH_oM badz+ra sa ma ya:_sa ma ya sma ra:_sa ma ya ma ti kra ma:_sa ma ya shrI badz+ra d+harma pA la king ka ra aHyaHmaHduHruHtsaHshaHnaHbadz+ra sa ma ya rak+Shan+tu pany+tsa a mr-i to da ka Tha Tha Tha hU~M:_zhes bdud rtsi 'thor la/_hU~M:_lha rdzas las grub mchod yon zhabs bsil dang:_me tog bdug spos mar me dri bzang chab:_zhal zas rol mo gzugs sgra dri ro reg:_rgyal srid bkra shis rdzas rtags phyi mchod 'bul:_dbang po'i phreng ba tshil chen dud pa'i sprin:_zhun chen mar me myos byed khrag mkhris dug:_sha rus zhal zas rkang gling thod rnga'i sgra:_sha lnga bdud rtsi lnga yi a mr-i ta:_pad+ma rak+ta bsad pa'i dmar chen po:_'bru bcud dkar mngar shing thog la du'i zas:_dam rdzas gtor chen nang gi mchod pa 'bul:_thabs shes dga' bzhi byang sems sbyor mchod dang:_zhing bcu dgra bgegs ma lus bsgral bas mchod:_mchod bya mchod byed gnyis med de kho na:_gsang ba'i mchod sprin chen po 'bul gyis bzhes:_oM shrI ma hA kA la sa pa ri wA ra ar+g+haM nas/_shab+da pany+tsa kA ma gu Na pU dza hoH_pany+tsa a mr-i ta rak+ta ba liM ta ta na ga Na d+harma d+hA tu pU dza hoHsa dgyes pa bskyed do/_gsum pa snang srid mo rgyud kun 'dus kyi phrin las ni/_oM ma hA shU n+ya ta sogs/_stong pa'i ngang las drag po chos skyong dgongs 'dus kyi g.yon du/_snang srid ma mo mkha' 'gro yongs su 'du ba'i sa gzhi gdug pa can bsgral ba'i longs spyod kyis brgyan pas 'jigs shing skyi g.ya' ba/_mi bzad pa'i sha za dang gcan spyang keng rus kyis yongs su bskor ba'i dbus su khrag gi rba klong drag tu 'khrugs pa'i klong na dpal ldan dud sol ma sku mdog char sprin ltar gnag pa/_sku shin tu rid cing keng rus 'jigs pa'i lus can/_zhal gcig phyag bzhi zhabs gnyis ma zhal du mi ro rangs pa bcug nas mche ba bzhi gtsigs pa spyan gsum dmar zlum bgrad pa/_ral pa dmar ser gyen du brdzes shing dbu la sbrul dang thod pa zla tshes kyis brgyan pa/_phyag g.yas kyi dang po na ral gri 'phyar ba'i tshul gyis 'dzin cing*/_gnyis pa b+hany+dza dmar skyil thugs kar 'dzin pa/_g.yon dang pos shak+ti brkyangs pa'i tshul gyis 'dzin cing*/_gnyis pas tri shu la'i mgul nas dar dpyangs 'phyang ba cung zad 'gyings ba'i tshul gyis 'dzin pa/_snyan g.yas pa la dug sbrul gyis brgyan pa'i mgul nas dril bu bsil ba/_g.yon du seng ge ral pa dmar pos brgyan pa/_snyan gong gnyis na me tog dang dar nag gi cod pan 'phur ba/_lha ma yin gyi mgo bo rlon pa'i do shal byas pa/_glang po che'i pags pa'i stod g.yogs dang*/_ba glang gi ko bas smad g.yogs shing re lde ser pos sku smad dril ba/_thal chen gyi rgya dang khrag zhag gi thig les tshom bur bris pa klu'i dbang po ska rags byas pa/_zhabs gnyis lcags sgrog gis brgyan pa/_bong bu gwa dmar gyi steng na btsan skyil du bzhugs shing zhal g.yon phyogs su gzigs pa dur khrod kyi dbus na skad 'brug gi sgra ltar sgrogs shing*/_ma mo mkha' 'gro sha za 'bum sde'i dbus na bzhugs pa/_zhing skyong dur khrod kyi ma mo mi sdug srin mo'i chas can ral gri dang thod khrag bsnams nas bong bu la zhon pa 'khor gyi DA ki bzhi/_lcam dral ming sring brgyad sprul pa'i shwa na wa spyang dred dang bcas pa/_shan pa srog sgrub nag mo rngams shing khros pa g.yas chu gri/_g.yon glo snying za ba/_mi lpags kyi gos dang thod rus sbrul gyis brgyan cing rlung nag la zhon pa/_pho nya gdong can gsum sogs sha za ma mo 'bum gyis bskor ba/_mtha' skor phyogs mtshams rnams su gangs ri mthon mthing rgyal mo'i mgul/_chos bzang lha'i 'dun sa lta bu'i skyed mo'i tshal blta na sdug pa'i dbus su lha'i gos bzang dar dkar gyi gur khyim rgyan bkod phun sum tshogs pa'i dbus su pad zla seng ge dkar mo'i steng du sman btsun bkra shis tshe yi dbang phyug ma chu shel gyi lhun po la nyin byed 'od kyis 'khyud pa lta bu'i lang tsho'i me tog blta na sdug pa 'chi med rnam sad kyi bu mo'i cha byad can/_sgeg 'dzum lang tsho rgyas pa'i phyag g.yas gser gyi rdo rje rtse lnga dang bcas te mda' dar g.yab pa/_g.yon 'chi med tshe yi bum pa 'dzin pa/_zhabs rol stabs kyis 'ja' sprin zer phreng 'khrugs pa'i dbus na bzhugs pa'i 'khor du/_mthing gi zhal bzang*/_mi g.yo glang bzang*/_cod pan mgrin bzang*/_tal dkar 'gro bzang dang*/_sbas pa'i yab tshogs bdag glang gdong*/_brtan skyong ya ma lha klu gnod sbyin drang srong rig 'dzin mi'am ci dang dri za sman gyi bu mo du mas bskor ba/_zhing skyong lhan skyes DA ki'i rgyal mo sman btsun rdo rje g.yu yi sgron ma dkar gsal zla ba'i phung po lta bu zhal gcig mdzes 'dzum chags pa'i nyams can/_phyag g.yas mda' dar dang g.yon snang srid gsal ba'i me long 'dzin pa/_zhabs rol stabs kyis rin po che'i khri la bzhugs pa'i 'khor rigs bzhi'i DA ki_/brtan skyong sman btsun gnas yul DA ki 'bum gyis bskor ba/_zab chos rdzogs chen sde gsum gyi bka' srung gtum chen khros ma me gdong d+hA ki drag mo gri thod bsnams pa/_'khor chu srin dang seng ge'i gdong pa can/_dbyings kyi ma mo gri thod dang gshog pa can rigs bzhi'i pho nyas skor ba/_dam can rdo rje legs pa mched zla sum brgya drug cu dgyes sde brtan ma'i tshogs dang bcas pa/_lha rgyal gsal ba'i 'od ldan dkar po 'khor lo dang dang nor bu/_btsan rgyal bskal pa'i me 'bar dmar nag mdung dang zhags pa/_klu rgyal nor 'dzin gzhon nu dmar sngon nor bu dang gter bum bsnams shing rang mdog gi rta la zhon pa/_dbyings phyug chos kyi sgron ma dkar gsal lha'i chas can DA ru dang thod pa nor bu'i gang ba bsnams nas rta sngon la chibs/_zin gyi rdo rje kun bzang rdo rje dang tshe bum 'dzin pa seng ge la chibs pa gnam mtsho rdo rje kun grags chu srin rgyal mtshan dang me long 'dzin pa g.yu 'brug la chibs pa/_mgo yul ha ri rdo rje ya ma sha lang dang zhags pa bsnams nas rkyang bu kha dkar la chibs pa/_yar 'brog rdo rje bgegs gtso ru mtshon rtse lnga dang zhags pa bsnams nas drel sngon la chabs pa ste nag mo bzhin mi sdug pa'i bdud kyi bu mo bzhi/_lha bu sha med rdo rje g.yu bun gser zor gter bum bsnams nas sha ba yu mo la chibs pa/_kha rag rdo rje khyung btsun DA ru me long bsnams nas khyung la chibs pa/_byang stod mkha' lding klu mo sbrul zhags phur pa bsnams nas rta ser la chibs pa/_rma ri rab 'byams be con zas gzhong bsnams nas 'phar ba la chibs pa ste dmar mo gnod sbyin gyi bu mo bzhi/_kong btsun rdo rje de mo mda' dar dang sgrom bu bsnams nas rta sngon g.yu rngog la chibs pa/_e gnyal rdo rje sman gcig dar dkar 'brang rgyas bsnams nas mdzo mo la chibs pa/_gtsang gi rdo rje g.yar mo phyag gnyis ting shag bsnams nas rus sbal mgo dgu la chibs pa/_phud kyi g.yu dril gzugs legs pad+ma dang dril bu bsnams nas stag mo la chibs pa dkar sham bzhin bzang sman gyi bu mo bzhi ste bod khams skyong ba'i brtan ma chen mo bcu gnyis la sprul pa skyong ma ya ma 'bum phrag yangs pa'i DA ki'i tshogs kyis bskor pa/_gter srung rdo rje khyung btsun ma dmar gsal DA ru dang me long thogs shing lha'i bu mo'i chas can khyung la chibs pa/_shwa na mu kha mthing nag lcags spyang mgo dgu la zhon pa yab srin po'i skyes bu/_shi ka mu kha ljang nag g.yu yi khyi mo la zhon pa yab gshin rje'i skyes bu/_tri ta mu kha ser nag gser 'phar lce brgyad la zhon pa yab bdud kyi skyes bu/_sri la mu kha dmar nag zangs kyi wa mo rkang gsum la zhon pa yab gnod sbyin gyi skyes bu dang bcas rang mdog gi phur pa 'dril ba ste shwa na ma bzhi/_re ma ti nag mo drel rta rkang gsum la chibs pa shar bdud dkar po can/_re ma tri ser nag sha ba yu mo la chibs pa lho bdud sngon po can/_re ma dza dmar nag chu glang sngon po la chibs pa nub bdud dmar po can/_re ma dzu ljang nag rnga mong la chibs pa byang bdud ljang nag can bzhi ka'ang mchog phur 'dril ba ste bdag nyid ma bzhi/_ya byin mthing nag bdud rta chibs shing srin po'i ging dkar po dang bcas pa/_de byin ser nag gza' rta chibs shing gshin rje'i ging sngon po dang bcas pa/_bse byin dmar nag btsan rta chibs shing bdud ging dmar po dang bcas pa/_phag byin ljang nag klu rta chibs shing gnod sbyin ging ser po dang bcas pa kun kyang rang mdog gi phur pa thogs pa'i sa bdag ma bzhi/_gzhan yang bswe lcags dung gi skyes bu tA ki nag po ste ging chen bzhi/_'byung po ser po/_dkar mo nyi zla thod phreng*/_srin po sha za ro langs khyung chen wa spyang sogs sprul pa'i pho nya dang*/_bka' sdod lha btsan bdud kyi dge bsnyen nyer gcig_/tsha ba'i brtan ma bcu gnyis rnams dang*/_zhi rgyas dbang drag sgrub pa'i pho nya dbang phyug nyi shu rtsa brgyad sogs snang srid mo rgyud kyi tshogs 'bum phrag yangs pa chen po'i tshogs dang bcas pa ma lus pa'i rnam 'gyur cha byad rdzogs pa'i gzugs 'chang zhing phrin las 'dod rgu'i rtsal 'chang bas sgrub pa po'i re 'dod yid bzhin skong ba'i tshul gyis gnas pa'o/__/de rnams kyi dpral bar oM/_mgrin par AH_thugs kar hU~M/_hU~M las 'od zer 'phros pas chos dbyings yum gyi mkha'/_gnas yul dur khrod chos 'khor gtsug lag gnyan po gar bzhugs nas spyan drangs par gyur par bsam la/_bshugs glu rkang gling hasti'i g.yab mo spos rol dang bcas te/_hU~M b+h+yoH_dad pa dang ni dam tshig gis:_tshur gshegs tshur gshegs 'dod khams dbang:_gshin rje'i lcam mo bdud kyi yum:_he ru ka dpal dgyes sde mo:_bde chen dud pa'i sol ba can:_gtso 'khor bran dang yang g.yog bcas:_snang srid ma gshin bye ba'i tshogs:_sangs rgyas bstan pa bsrung ba dang:_nyams pa'i dgra bgegs bsgral ba'i phyir:_gnas 'dir gdung bas spyan 'dren na:_las la ma g.yel da tshur byon:_b+h+yoH_chos dbyings yum gyi mkha' klong nas/_/e ka tsA ti gshegs su gsol/_/gshin rje'i lcam mo bdud kyi yum/_/dud pa'i sol ma gshegs su gsol/_/gnas yul dur khrod dkor gyi bdag_/zhing skyong ma mo gshegs su gsol/_/dur khrod gnas nas mkha' 'gro'i gtso/_/mi srun shan pa gshegs su gsol/_/lhan cig skyes ma zhing skyong rgyal/_/tshe ring mched lnga gshegs su gsol/_/rig 'dzin yongs kyi bka' nyan gtso/_/rdo rje g.yu sgron gshegs su gsol/_/dbyings phyug bde chen DA ki'i gtso/_/chos kyi sgron ma gshegs su gsol/_/bod yul mtha' dbus gnas gter bdag_/brtan ma bcu gnyis gshegs su gsol/_/zab gsang sde gsum bka' gter srung*/_/ma mo lcam dral gshegs su gsol/_/rdo rje phur pa'i bka' srung che/_/shwa na lcam dral gshegs su gsol/_/chos kun bde chen mkha' klong du/_/thabs shes sdom pa'i pho nya ba/_/dngos grub rgya mtsho phrin las gter/_/ma mo 'khor bcas gshegs su gsol/_/oM shrI di wI kA li kA li ma hA kA li hU~M b+h+yoHma ma ya ma sa pa ri wA ra e A ral+li hrIM hrIM dzaHdzaH_dzaHhU~M ba~M hoH_sa ma ya hoH_sa ma ya s+t+wa~M:_hU~M:_dur khrod gnas mchog pho brang 'dir:_dgra bgegs bsnol ba'i gdan steng du:_ma sring mkha' 'gro dam can rnams:_phrin las sgrub phyir bzhugs su gsol:_dzaHhU~M ba~M hoH_sa ma ya tiSh+Tha lhan:_zhes bzhugs su gsol/_hU~M b+h+yoH_rdo rje 'chang dbang spyi dpal che:_rtsa brgyud bla mas gnyer gtad ltar:_khrag 'thung chen mo 'khor bcas kyis:_dam tshig bdud rtsi 'di gsol la:_dgyes pa'i zhal ston gzi byin skyed:_gsal ba'i lung stsol nus pa spor:_thugs kyis dgongs la bde chen sgrubs:_bcol ba'i las kun myur du mdzod:_badz+ra a mr-i ta sa ma ya rak+Shan+tus dam la bzhag cing bka' bsgo/_hU~M:_he ru ka yi dbyings nyid las:_ye shes rol pa'i dam can tshogs:_thabs kyi skur bstan rdzu 'phrul can:_srung ma rnams la phyag 'tshal lo:_na mo na ma ye zhes phyag gis btud/_hU~M b+h+yoH_stong nyid dbyings las bde ba'i rtsal:_rnam pa du mar 'char ba yi:_phyi nang nyer spyod 'dod yon dang:_sman raka gtor tshogs rgya mtshos mchod:_mthun rdzas rten rdzas sgrub rdzas kyis:_thugs dam bskang zhing nyams chags bshags:_gnas skabs mthar thug dngos grub kyi:_'dod pa'i 'bras bu mchis par mdzod:_oM badz+ra ar+g+haM nas/_shab+da sarba pU dza ho:_ma hA pany+tsa a mr-i ta khA hi:_ma hA rak+ta khA hi:_ma hA mA~M sa rak+ta go ro tsa na ba su ta ba liM ta kha kha khA hi khA hi:_zhes mchod pa 'bul/_bzhi pa nor lha gter bdag kun 'dus kyi phrin las ni/_oM ma hA shU n+ya ta sogs/_stong pa nyid kyi ngang las rtsa ba'i dkyil 'khor chen po'i mdun du 'dod rgu lhun grub gter gyi dga' tshal rin chen gter 'chang rgya mtsho yongs su 'du ba'i gzhal med khang lcang lo can dga' ba'i tshal chen po rin po che'i pho brang dbyibs legs shing blta na sdug pa rgyan gyis spras pa sum brtsegs sa 'og tu gter gyi khang pa bco lnga dang bcas shing*/_khor sa rim pa gsum gyis bskor ba'i 'og khang gi lte bar pad nyi dgra bgegs kyi steng du hU~M las gsang ba'i bdag po gos sngon can mthing nag rdo rje dang dril bu 'dzin pa dar dang rin chen dur khrod kyi chas gos yongs su rdzogs pa'i mdun bka' sdod kyi tshul du sku'i gnod sbyin dbang po rnam thos sras sku mdog ser gsal brjid cing dpa' ba/_gser gyi go khrab dang lha rdzas kyi na bzas bklubs pa/_phyag gnyis rgyal mtshan dang ne'u le 'dzin pas seng ge'i gdan la 'gying stabs su bzhugs pa la yum dpal lha mo dang*/_'khor du tshangs pa ser po/_brgya byin dkar po/_dzam lha dmar po/_tshogs bdag dmar po dang*/_sgo ma mkha' 'gro bzhis bskor ba/_bar khang du gsung gi rnam sras mdung dmar can brjid chags sgeg pa'i tshul la bswe yi rmog dar dmar gyi 'phru dang na bza' nor bu ut+pal dmar po'i brgyan cing*/_g.yas mdung dmar dang nor rkyal/_g.yon lcags kyu dang rgyal mtshan 'dzin pas 'gying stabs su bzhugs pa'i 'khor du gza' bdud 'bar ba gnam thel sgrol ging*/_d+hA na ka la shan pa klu bdud sgo ba bzhis bskor ba/_steng khang du pad nyi dgra bgegs kyi gdan la thugs kyi rnam sras drag po rta sngon can mthing nag lcags kyi bya khra dang seng ge g.yu 'brug stag gzig khyi spyang rnams rol du khrid pa/_'khor du bdud mo mched bzhi dang*/_sgo srung rgyal chen sde bzhi gzhon pa dang bcas pa sogs sprul pa dmag dpung bsam gyis mi khyab pas bskor ba'i gzhal med khang gi phyi rol khor sa dang po la khang brtsegs brgyad kyi nang du rta bdag chen po brgyad/_khor sa bar mar klu chen brgyad/_khor sa tha ma na gnod sbyin gyi dmag dpung dang bcas te bzhugs pa'i phyogs bzhir pad zla'i steng du rdo rje rin chen pad+ma las kyi dzam b+ha la rigs bzhi dkar ser dmar ljang g.yas rdo rje'i be con rin po che pad+ma'i lcags kyu thod khrag dang g.yon ne'u le 'dzin pa dar dang nor bu pad+ma'i phreng bas brgyan pa gnod gnas dbang po'i ngang tshul can/_shar lhor lha'i nor bdag tshogs bdag glang gdong dkar po la phug dang nor bu bsnams pa/_lho nub tu mi'i ner bdag nor gyi rgyun ma gser mdog mchog sbyin dang 'bras kyi snye ma can/_nub byang du klu'i nor bdag rig byed ma dmar gsal pad+ma'i lcags kyu dang zhags pa can/_byang shar du gnod sbyin nor bdag rnam thos sras rin po che'i rgyal mtshan dang ne'u le bsnams pa/_de'i phyi rol gyi gra bzhir rin po che dbyig gi nor bdag nor bu bzang po dkar ser nor bu dang ne'u le bsnams pa/_cang shes rta'i nor bdag re man+ta gser mdog shel gri dang ne'u le 'dzin pa/_'dod rgu zas nor gyi nor bdag gnod sbyin dmar po dbang mdog mdung dar dang rin chen bsnams pa/_rkang bzhi phyugs kyi nor bdag ku be ra mthing nag ral gri dang ne'u le 'dzin pa go khrab can rang mdog gi rta la chibs pa rnams dang*/_de dag gi g.yas su nyams dga' ba'i skyed tshal gyi dbus su rin po che'i ljon shing me 'bras dmar po bkra ba'i rtser ut+pal dang nyi ma'i gdan la/_nor gyi lha mo mthing ga_/gos kyi lha mo ljang gu/_zas kyi lha mo dmar po ste d+hA ki kun 'khyil mched gsum gnod sbyin gyi bu mo sgeg tshul can dar dang rin chen rus pas brgyan pa thams cad g.yas gser gyi dgra s+t+wa dang g.yon thod pa nor bu'i gang ba bsnams te bzhengs stabs su bzhugs pa/_g.yon phyogs su dur khrod kyi sa gzhir pad nyi dung dang mgron bu'i steng du dpal dur khrod kyi bdag po yab yum keng rus kyi gzugs can khro la sgeg pa bshugs glu'i gnas yul gyi dpa' bo mkha' 'gro dbang du sdud pa/_thod skam gyi dpung rgyan sna tshogs dar gyi stod g.yogs dang cod pan rin po che'i do shal can/_stag gzig gi sham thabs gsol ba/_zhabs gar stabs kyis sbrel te me dpung gi dbus na bzhugs pa rang 'dra'i sprul pas kun tu khyab par spro ba'o/__/rgyab tu pad+ma rA ga las grub pa'i gzhal yas khang dmar po zla gam sgo gcig pa'i dbus su pad nyi la lha chen dbang phyug chen po sku mdog dmar po zhal gcig phyag gnyis chags pa dang sgeg pa'i nyams can spyan gsum dang ldan pa/_g.yas lcags kyu dang g.yon zhags pa 'dzin pa/_dbu skra ral pa'i thor tshugs zur phud zla tshes kyis brgyan pa/_yum u ma de wi dmar gsal gzhon nu lang tsho rgyas pa g.yas me long dang g.yon bum pa 'dzin pa bde ba'i nyams kyi yab dang 'khril pa/_dbang mdog gi dar dang rin po ut+pal dmar po'i phreng bas brgyan pa/_phyogs bzhir gsang ba'i DA ki rigs bzhi sogs khams gsum gyi dregs pa can gyis bskor ba/_mdun phyogs su rigs gsum kun 'dus pad+ma'i zlos gar skyes bu chen po 'khor lo'i bsgyur ba'i chas can/_gser 'khor dang nor bu 'dzin pa la zhabs rgyal po rol stabs kyis seng ge'i khri la bzhugs pa/_'khor du dkar phyogs kyi chos skyong gtsang ris kyi dpal mgon/_dgra lha wer ma/_thugs kar cang se'i dmag tshogs/_rdzu 'phrul rlung rta lha bzhi/_'brog g.yag dar ma bcu gsum/_dgra bla'i dra ma mched dgu/_mgon po dgra bla bcu gsum sogs ma tshang ba med pas bskor te gnam sa bar snang gi khyon du rgyu ba/_gzhan yang spar sme gza' skar lo zla zhag dus rten 'brel tshes lha gnas gzhi yul gyi bdag po 'jig rten skyong ba'i lha chen po gnyan chen sde bzhi/_sgang drug gzhi bdag bcu gnyis/_chu bzhi'i dge bsnyen chen po bzhi la sogs pa mdo khams gnas chen nyer lnga'i yul skyong zo dor sde dpung dang bcas pa rang rang gi las dang rnam 'gyur gyi bkod pa ma 'dres pas bzhugs pa'o/__/de rnams kyi dpral bar oM/_mgrin par AH_thugs kar hU~M/_hU~M las 'od zer 'phros pas lcang lo can dga' ba'i tshal/_tshangs pa'i gnas so sa gling dang ha har dgod pa'i dur khrod/_mkha' spyod mthong ba kun smon sogs gnas yul sprul pa'i pho brang rnams nas spyan drangs par gyur/_sbyar spos dang dar sna'i g.yab mo snyan 'gyur gyi rol mo dang bcas te/_bai:_chos sku'i dbyings las longs spyod rdzogs pa'i ngang:_ma g.yos bzhin du sprul pa'i zhing khams snang:_de las mi mjed 'jig rten byang gi phyogs:_lcang lo can nas bcom ldan gsang ba'i bdag:_'khor dang bcas pa gnas 'dir spyan 'dren gyi:_da lta nyid du dgyes pas gshegs su gsol:_bsod nams ye shes tshogs gnyis rdzogs pa las:_byang chub sems dpa' lag na rdo rje dngos:_sa brgyad sems dpa' dpal ldan ngal bsos po:_ngo bo gcig la sku gsum rnam 'phrul tshul:_rab 'byams nor lha gter bdag dkar phyogs skyong:_btsun mo sras blon 'khor dang bcas pa rnams:_dam tshig dbang gis gnas 'dir spyan 'dren na:_thugs dam dbang gis myur du gshegs su gsol:_badz+ra sa ma dzaHsa spyan drangs/_sa ma ya tiSh+Tha lhan gyis bzhugs su gsol/_badz+ra sa ma ya hU~M gis dam la bzhag_/a ti pU hoH_pra tits+tsha hoHsa phyag bya/_hU~M:_bcom ldan gsang bdag gos sngon rdo rje 'dzin:_rgyal chen sras blon 'khor tshogs bcas rnams la:_phyi nang gsang mchod srid zhi'i dpal 'byor sogs:_mi zad nam mkha' mdzod kyi 'khor los mchod:_oM ba su de wa ga Na maN+Da la badz+ra ar+g+haM sogs/_shab+da pany+tsa kA ma gu Na a mr-i ta rak+ta ba liM ta dgra bgegs mA ra ya phaT pU dza hoH_gnyis pa gtor ma 'bul ba ni/_lha rnams kyi ljags hU~M las byung ba'i rdo rje'i sbu gu can gyi 'od zer gyis gtor ma'i bcud drangs te gsol bas bde ba chen po'i rang bzhin du tshim par bsam zhing*/_rdo rje'i thal mo gyen du phye ba bstan la/_oM b+hu ru ku ru i tsa ki byi u tsuSh+ma ma hA kro d+ha hU~M phaT:_sa pa ri wA ra i daM ba liM ta kha kha khA hi khA hi/_oM ma hA kA la e ka dza Ti gu Na hrI da hU~M phaT:_oM badz+ra ma hA kA la tri ya~M dzaHdzaH_dgra bo mA ra ya hU~M phaT:_oM badz+ra ma hA kA la k+SheM k+She tra big+h+nAn bi na ya ka hU~M hU~M phaT:_oM shrI ma hA kA la gu h+ya pa ti du b+h+yo pany+tsa nA tha hU~M phaT:_oM ro ru e ka dza Ti snying kha rak+mo ru lu ru lu hU~M b+h+yo dzaH_oM ma hA kA la bi kA la tri ya~M dzaH_oM ma hA kA la hU~M phaT:_oM shrI ma hA kA la yak+Sha bai tA li hU~M:_zhes chos skyong dgongs 'dus rtsa ba'i lha tshogs rnams dang*/_hri shag ru rag raM na ge tsit+ta trA~M ma ma yo za 'gram ha ha ga sha la dzaH_oM ma hA kA la siM ha mu kha hU~M phaT:_tri hriM dzaH_DA ki ni si na ra ma tri hriM dzaH_a ya ma du ru tsa sha na tsit+ta hriM hriM dzaH_oM ma hA kA la trak+shad duHdzaH_oM kA la rU pa ya ma rA dza hU~M phaT:_oM rak+mo prA Na Arma k+She ru su ru Sha lo hi ta sarba sha trUn mA ra ya hU~M phaT:_oM badz+ra sA d+hu sa ma ya bAka traM traM shi ni kra ma ni sa ma ya sA d+hu tri dzaHdzaHhU~M ba~M hoH_badz+ra DAki ni ma nu rak+to hU~M:_oM nA ga tsaN+Da tsa ra ra tri ging+ka ra yak+Sha yak+Sha sa ma ya tsit+ta hri hriM dzaHdzaH_oM rA dza sid+d+hi sa ma ya thim dzaH_oM shu la tri de wa a d+ha sha g+hr-i wa duHnA ga rA dza naM d+h+wa ti ku ma ra bai dzaH_dregs pa pho rgyud kun 'dus dang*/_oM ro ru ro ru bi d+hiSh+Thi ba d+hot+si ka ma la rak+Sha sI hU~M b+h+yo hU~M:_oM ma ma ra li pra ma ya kA li ye dzaHdzaH_oM khyi kha le nag mo hU~M phaT:_oM badz+ra d+hA ki ni a yu She shA ri mA~M lA~M A~M tA~M tsit+ta hriM hriM dzaHdzaH_oM badz+ra pra mo ha ba~M ha ri ni sa hriM hriM sarba sid+d+hi swA hA:_oM g+hA mu Ta dzi te d+harma dI pe sarba sid+d+hi hU~M:_oM ma mo dz+wa li dz+wa la ni tsaN+Di hU~M phaT:_ma ma traka rak+sha ga ru Ta hU~M phaT:_oM tri shu la badz+ra sA d+hu sid+d+hi hU~M:_a tsa naM dzaH_oM la la:_le le:_ta~M ta~M:_te te kha rak+ma:_ma ma sring 'gro ma hU~M b+h+yo hU~M hU~M:_oM badz+ra ma ti hU~M:_oM badz+ra kI li kI la ya mo ha g+ha ta ya ma ma shrI g+h+raM karma kA ra ye:_mo rgyud ma mo kun 'dus dang*/_oM ni laM ba ra d+ha ra badz+ra pA Ni hU~M hU~M phaT:_oM bai shra ba NA ya swA hA:_oM ma hA rA dza yak+Sha sa ma ya bai shra ma Na tsit+ta hriM hriM dzaHdzaH_oM bai traka rak+Sha b+h+yo hU~M phaT:_oM bud+d+ha badz+ra rat+na pad+ma karma dzam b+ha la hU~M dzaH_oM ga Na pa ti ba su d+hA ri Ni ku ru kul+le bai shra ba Na hU~M dzaH_oM ma Ni b+ha dra re man+ta ma hA rA dza yak+Sha ku be ra hU~M dzaH_oM i ling ki:_si ling ki:_ki ling ki swA hA:_oM na mo shu tra mu tri ma hA pi shA tsi na ye swA hA:_oM a na le:_kun+d+ha le:_g+hr-i h+na:_pi Na d+ha:_pi shA tsi na ye swA hA:_oM ku ma ku ma khus this swA hA:_oM ma ma ra li pra ma ya dzaHdzaH_oM ma hA de wa dzaH u ma de wI hriM ha ri ni sa pA shaM ku ru hoH_oM ma hA sing ha ma Ni rA dza hU~M phaT:_oM lo ka pA la ni d+hi pa ti b+hU mi pa ti sa pa ri wA ra i daM ba liM ta kha kha khA hi khA hi/_zhes nor lha gter bdag 'jig rten skyong ba'i lha thams cad kyi snying po'i mthar sa pa ri wA ra btags pa lan gsum mam bdun gyis gtor ma phul la/_dpal ma hA kA la khrag 'thung gi rgyal po/_gtsug lag khang dang dkyil 'khor gyi srung ma/_dug gsum nad kyi sman pa/_rnal 'byor yongs kyi dgra bla/_bdud dpung sgrol ba'i dpa' bo/_bstan pa'i bka' srung chen po/_che mchog yon tan gyi mgon po legs ldan rdo rje srin po tshogs kyi bdag po/_yang dag thugs kyi mgon po phyag bzhi pa/_'jam dpal sku'i mgon po stag zhon/_pad+magasung gi mgon po myur mdzad phyag drug pa/_phur pa phrin las kyi mgon po ma ning*/_ma mo rbod gtong gi rje btsan e ka tsA ti/_rig 'dzin slob dpon gyi mgon po zhal bzhi/_'jig rten mchod bstod kyi mgon po rdo rje gur/_dmod pa drag sngags kyi mgon po sras mchog ber nag po sogs drag po chos skyong dgongs 'dus/_khyab 'jug dug gi spu gri/_bdud mgon seng ge'i gdong can/_srog bdud trak+shad nag po/_las gshin 'chi bdag nag po/_gnod sbyin bek+tse lcam sring*/_dam can skyes bu chen po/_klu btsan 'bar ba spun bdun/_chos skyong rgyal chen pe ha ra/_gter srung dregs pa sde lnga sogs mgon po pho rgyud dpa' bo'i sde tshogs/_lha mo dud sol ma/_zhing skyong dur khrod ma mo/_shan pa srog sgrub nag mo/_bkra shis tshe ring mched lnga/_sman btsun rdo rje g.yu sgron/_a phyi chos kyi sgron ma/_bod skyong brtan ma bcu gnyis sogs snang srid ma mo mkha' 'gro'i lha tshogs/_rgyal chen rnam sras rigs gsum/_nor bdag dzam lha rigs bzhi/_sa gsum nor gyi bdag po/_zas gos nor phyugs gter bdag_/kun 'khyil lha mo mched gsum/_mgon dkar dur khrod bdag po/_dbang mdzad lha chen lcam dral/_seng chen dgra bla'i rgyal po sogs nor bdag 'jig rten skyong ba sde dpung dang bcas pas mchod sbyin gyi gtor ma rgya chen po 'di bzhes la/_sangs rgyas kyi bstan pa srungs zhes pa nas/_phrin las mdzod cig_/ces pa'i bar gyis 'dod pa'i phrin las gsol/_gsum pa bstod pa la bzhi las/_dang po ni/_hU~M/_bde chen bdud rtsis srid zhi'i chos ma lus/_/ye shes rdo rje'i srog gi bcud chen por/_/zag med yon tan lang tsho rdzogs pa'i dpal/_/che ba'i che mchog legs ldan nag por bstod/_/rnam bcas chos kun gdod nas bde ba cher/_rnam rol 'bar ba'i he ru ka dgyes pas/_/rnam med stong drug dbyings sbyor rdo rje sems/_/dpal ldan nag po chen por bzhengs la bstod/_/mkha' khyab rgyal ba rtag pa'i ye shes sku/_/snang srid chos kun rnam dag phyag rgya'i klong*/_/zil gnon bde gshegs rigs kyi dpa' bo'i rje/_gtum chen stag la zhon pa'i mgon por bstod/_/srog rtsol 'du byed nA da'i dbyings dag pas/_/gzhom med rdo rje gsang ba'i gsung gi dbyangs/_/rdo rje rta gdong rngams bzhad bstan srung tshul/_/myur mdzad ye shes mgon po mchog la bstod/_/khyab brdal ye shes srog tu snying rje'i mtshon/_/rab 'bar chig shur las kyi spu gri'i dbal/_/nyams pa'i bdud dgra'i srog gzan khro bo 'chol/_/dpal mgon ma ning nag po mched gsum bstod/_/rdo rje d+hU ti'i srog tu dga' bzhi'i 'gros/_/ye shes rlung gi pho nyas drangs pa las/_/bde chen rdo rje btsun mo bstan srung tshul/_/dbyings kyi rgyal mo e ka tsA Tir bstod/_/phyi yi gnas yul nang du sa bcu'i lam/_/don gyi spang rtogs rdzogs pa'i las mkhan che/_/tshad med zhal gyis mdzes pa'i bstan srung gtso/_/zhing skyong gzi ldan stobs 'phrog dbang por bstod/_/'khor 'das srog 'phrog bdag 'dzin ru tra bsgral/_/'phags lam rdzong zin bstan skyong bdud sde 'dul/_/chags sdang 'phrang sgrol tan gaN spyod la dgyes/_/khrag 'thung dpa' bo ma hA kA lar bstod/_/shugs sgrol thugs rje'i thog char drag shul 'bebs/_/mthu stobs drag po sngags kyi dmod pa btsan/_/rgyud gsum dregs pa yongs kyi sde dpon che/_/sras mchog ma hA kA la lcam dral bstod/_/don dam bde gshegs yongs rdzogs sgrub sde brgyad/_/rnam rol ye shes mgon po sde dgu'i dal/_/rgyal ba'i bstan srung srid gsum dregs pa 'dul/_/mgon po 'khor dang bcas la gus pas bstod/_/ces drag po chos skyong dgongs 'dus kyi mgon chen sde dgu la spyir bstod pa'o/__/sgrub pa dang las sbyor gyi skabs su spros pa dang 'brel na mgon chen so so'i rtags kyi bstod pa dang rkang brgyad kyi bstod pa sogs skabs su gang bab bka' gter gyi gzhung bstod 'bum nas 'byung ba bzhin sbyar kyang legs pa'i yan lag tu 'gyur ro/__/gnyis pa ni/_hU~M b+h+yoH_bde stong zung 'jug rnam kun mchog ldan las/_/gang 'dul sgyu 'phrul dra ba'i rol mo can/_/rgyud gsum dregs pa'i sde dpon rgya mtsho'i tshogs/_/longs spyod yongs rdzogs 'khor lor 'char la bstod/_/shin tu phra ba gnyug ma'i mtshan dpe ni/_/drag shul rdo rje srin po'i snang tshul gyis/_/sder bcas bdud sde'i dpung tshogs pham bgyid pa'i/_/kha sbyor rdo rje'i sku ru bzhengs la bstod/_/'jug dang ldang ba'i srog rtsol rgyu ba kun/_/'od gsal dbu ma'i dbyings su bsad byas pas/_/'pho med rdo rje'i sngags rigs sgrub pa po/_/bde chen nA da'i gsung du 'char la bstod/_/snang stong zung 'jug ye shes chen po dang*/_/mi phyed mnyam par sbyor ba'i chos nyid ni/_/'pho chags spros pa'i pha rol las brgal ba/_/rang bzhin med pa'i thugs kyi dbyings la bstod/_/rtse gcig sgrub pa'i tshogs la thugs brtse bas/_/sgrub gnyis 'dod pa lhug par 'jo ba'i dpyid/_/yon tan yid bzhin nor bus mtshon min phyir/_/snying rjes yongs gang chen po'i bdag nyid bstod/_/rmad byung thabs la mkhas pa'i 'jug pa ni/_/zhi chags khro bo'i rnam 'gyur mtha' klas kyis/_/theg mchog snying po'i bstan pa bsrung ba la/_/phrin las rgyun mi chad par snang la bstod/_/mdor na dus gsum kun tu khyed bsten cing*/_/dus med rig pa'i ngang du ro gcig na/_/thugs rje'i sgyu 'phrul 'gog pa med pa yis/_/bdag gzhan phan bde'i dpal gyis skyong bar mdzod/_/ces dregs pa pho rgyud kun 'dus kyi bstod pa'o/__/gsum pa ni/_b+h+yoH_srid zhi dbyings su dag pa'i chos dbyings mkhar/_/sku lnga'i yon tan rdzogs pa'i klong chen po/_/sgyu 'phrul dra bar brtson kyang 'pho med gzhir/_/'du 'bral med pa'i 'khor lor 'char la 'dud/_/dus mtha'i sprin mtshungs mi sdug rngams pa'i gzugs/_/snying rje'i glog gi sdang mig tsam gyis kyang*/_/srid gsum 'jig rten brlag pa'i rdo rje'i sku/_/gtum drag nyams brgyas sgeg cing dpal la bstod/_/khrag 'khrugs zhal gyi rba klong las byung ba'i/_/rdo rje'i 'thor rlung nad mtshon dug zer can/_/'bar ba'i gad rgyang bdud sde gshe bas rgod/_/nyams pa rtsad nas gcod pa'i gsung la bstod/_/kun tu rab zhi'i dbyings las mi g.yo bzhin/_/gsang chen bstan dang de 'dzin rjes brtse bas/_/rngams brjid 'bar ba gtum chen srin mo'i tshul/_/bde chen byang chub sems kyi thugs la bstod/_/ye shes las dang 'jig rten sna tshogs pa'i/_/sgyu 'phrul dra ba'i gar gyis rtag rol kyang*/_/nges pa'i gsang ba 'phags bzhi'i yum chen mo'i/_/zag med 'bras bu'i yon tan rdzogs la bstod/_/tshar gcod rjes 'dzin phrin las rgya mtsho las/_/phan bde'i nor bu dga' ston mi zad pas/_/sgrub mchog rjes skyong nyams pa'i gshed ma che/_/khrag 'thung las kyi dbang mor phyag 'tshal bstod/_/ye shes ma mos 'khor 'das bde chen brdal/_/'jig rten ma mos legs nyes stangs kun 'dzin/_/las kyi ma mos phrin las rab 'byams sgo/_/sgrub pa'i dkyil 'khor lha tshogs kun la bstod/_/ces mo rgyud ma mo kun 'dus la bstod pa'o/__/bzhi pa ni/_hU~M:_rgyal ba kun gyi thugs kyi ye shes las:_gsang ba'i bdag po lag na rdo rje 'chang:_snang srid zil gnon gdug pa thabs kyis 'dul:_rdo rje be con can la phyag 'tshal bstod:_rgyal kun mi 'gyur sku yi rnam 'phrul las:_bsod nams yongs rdzogs rgyal chen rnam thos sras:_snod bcud snang srid nor rnams kun gyi bdag:_dbul ba'i gdung sel khyod la phyag 'tshal bstod:_rgyal kun longs spyod gsung gi rnam 'phrul las:_khams gsum dbang sdud rgyal chen mdung dmar can:_ma dad bsdu ba rnam bzhis sdud mdzad pa'i:_srid gsum 'gugs byed lcags kyu khyod la bstod:_rgyal kun bde chen thugs kyi rol pa las:_drag gtum khros rngams gnod sbyin dmag gi dpung:_srid gsum dgra bgegs skad cig nyid la sgrol:_bstan dgra 'dul ba'i dmag dpon khyod la bstod:_rigs bzhi'i nor bdag Ar+Ya dzam b+ha la:_lha mi klu dang gnod sbyin dbang sdud pa'i:_tshogs bdag nor sbyin ku ru kul+le dang:_rgyal chen rnam thos sras la phyag 'tshal bstod:_rin chen cang shes zas nor phyugs kyi bdag:_kun 'khyil mched gsum mgon dkar dur khrod bdag:_dbang phyug lha chen seng chen dgra lha'i rgyal:_dkar phyogs gter gzhi'i bdag po kun la bstod:_de ltar mchod cing gsol ba btab pa'i mthus:_bdag sogs 'gro kun ser sna'i sgrib pa zhi:_longs spyod rgyas shing khams gsum dbang du sdus:_bar chad kun sol mchog thun dngos grub stsol:_gnod sbyin nor lha gter bdag 'jig rten skyong ba rnams kyi bstod pa'o/__/bzhi pa rjes 'brang ni/_dam can gter srung gzhan dag gi phrin las bye brag pa rnams skabs 'dir sbyar zhing*/_de dag gi mthar gter gzhi spyi'i gtor 'bul ni/_trA~M las gtor ma ye shes 'dod rgu'i sprin:_rdul phran re re bzhin du yul dang mkhar:_so so'i 'dod pa'i yon tan bsam mi khyab:_'dzad med nam mkha' mdzod kyi rang bzhin gyur:_oM AHhU~M hoH_lan gsum/_ni d+hI pa ti b+hU mi pa ti sa pA ri wa ra badz+ra sa ma dzaHsa spyan drangs/_ni d+hI pa ti b+hU mi pa ti sa pA ri wa ra oM a ka ro sogs lan gsum gyis dbul/_oM badz+ra ar+g+haM nas/shab+da pra tIts+tsha swA hA'i bar dang*/_ma hA pany+tsa a mr-i ta khA hi/_ma hA rak+ta khA hi/_sman raka gtor ma rnams phul/_zab gter srung ma'i dbang po dang gzhi bdag gnyug mar gnas pa 'khor dang bcas pa rnams kyis mchod pa dam pa 'di bzhes la/_sangs rgyas kyi bstan pa srungs sogs dkyus bzhin bya/_hU~M/_kun bzang pad 'byung thugs kyi thig le yi/_/bla rdzogs thugs gsum zab bdun sgrub sde brgyad/_/rgyud lung man ngag rtsa ba yan lag gi_/zab gter srung ma 'khor dang bcas la bstod/_/dkar phyogs skyong ba lha yi dge bsnyen tshogs:_nag phyogs skyong ba bdud dang btsan gyi rigs:_klu rigs pho mo bsam gyis mi khyab pa:_sde brgyad pho mo gzhi bdag 'jig rten skyong:_gnyug mar gnas dang glo bur lhags pa rnams:_'dod yon gtor ma'i mchod pa 'di bzhes la:_chos dang mthun pa'i 'dod don bsgrub tu gsol:_gzhi bdag chen po khyed rnams kyis/_/mchod sbyin gtor ma 'di bzhes la/_/rnal 'byor bdag cag 'khor bcas la/_/nad med tshe dang dbang phyug dang*/_/dpal dang grags dang skal pa bzang*/_/longs spyod rgya chen kun thob cing*/_/zhi dang rgyas la sogs pa yi/_/las kyi dngos grub bdag la stsol/_/dam tshig can gyis bdag la srungs/_/dngos grub kun gyi sdong grogs mdzod/_/dus min 'chi ba'i nad rnams dang*/_/gdon dang bgegs rnams med par mdzod/_/rmi lam ngan dang mtshan ma ngan/_/bya byed ngan pa med par mdzod/_/'jig rten bde zhing lo legs dang*/_/'bru rnams 'phel zhing phyugs 'phel ba/_/dge legs thams cad 'byung ba'i gnas/_/yid la 'dod pa kun 'grub mdzod/_/ces 'dod pa'i phrin las gsol/_lnga pa bzlas pa chos skyong dgongs 'dus snying po ltar bya ba bzhi las/_dang po rigs bdag bla ma la bsten nas nyams chags 'khon grib zhi ba'i bzlas pa ni/_ye shes mgon po'i rigs kyi bdag:_bla ma'i sku yi 'od zer gyis:_bdag gi dam tshig nyams chags sbyangs:_dam can khros pa zhi bar mdzod:_oM ma hA gu ru oM shIn+taM ku ru swA hA:_brgya rtsa bzlas/_gnyis pa yi dam zhi bas dam can mthu rtsal dpung bskyed pa'i bzlas pa ni/_ye shes mgon po'i dbu rgyan gyi:_bde gshegs sku la 'od 'phros pas:_dam can rnams kyi mthu rtsal skyed:_gzi brjid 'od du 'bar bar bsam:_oM hU~M trA~M hrIHaHb+hU~M puSh+TiM ku ru swA hA:_brgya rtsa bzla/_gsum pa khro mo zil gyi gnon bzlas pas dam can dbang du bya ba ni/_ye shes mgon po'i sku yi dbyings:_yi dam rnams kyi sku las 'od:_'phros pas dam can dbang du byas:_ci bcol bka' bzhin las sgrub bsam:_oM shrI he ru ka hri wA shaM ku ru hoH_brgya rtsa bzla/_bzhi pa chos skyong drag po'i phrin las bskul ba'i dmigs bzlas ni/_mdun bskyed dam can thugs ka ru:_nyi steng srog sngags kyis bskor bar:_bdag thugs 'od kyis bskul ba las:_ye shes las byed ma mgon gyi:_sku las 'od 'phros phrin las sgrub:_oM badz+ra he ru ka sa ma ya/_ma nu pA ya/_badz+ra he ru ka twe no pa tiSh+Tha dr-i D+ho me b+ha wa/_su toSh+yo me b+ha wa/_su poSh+yo me b+ha wa/_a nu rak+to me b+ha wa/_sarba sid+d+hi m+me pra yats+tsha/_sarba karma su tsa me/_tsit+taM shrI yaHku ru hU~M/_ha ha ha ha hoH_b+ha ga wAn sarba ta thA ga ta/_he ru ka mA me ma[⁽12df⁾]ny+tsa he ru ko b+ha wa ma hA sa ma ya satwa AHhU~M phaT/_ces he ru ka'i yig brgya dang*/_gong gnon gyi bzlas pa sngon du 'gro bas bzla bya'i sngags ni/_oM b+hu ru ku ru i tsi ki byi u tsuSh+ma ma hA kro d+ha hU~M phaT:_che mchog yon tan gyi mgon po legs ldan tshogs bdag go_/oM ma hA kA la gu Na hr-i dA hU~M phaT:_yang dag thugs kyi mgon po phyag bzhi pa yab dang*/_oM e ka dzA Ti b+h+yo dzaH_yum sngags so/_/oM badz+ra ma hA kA la tri yaM dzaHdzaH_dgra bo mA ra ya hU~M phaT:_'jam dpal sku'i mgon po stag zhon gyi sngags so/_/oM badz+ra ma hA kA la k+SheM k+She tra big+h+nAn bi na ya ka hU~M hU~M phaT:_pad+ma gsung gi mgon po myur mdzad phyag drug pa'i sngags so/_/oM shrI ma hA kA la gu h+ya pa ti du b+h+yo pany+tsa nA tha hU~M phaT:_phur pa phrin las kyi mgon po ma ning gi sngags so/_/oM ro ru e ka dza Ti snying kha rak+mo ru lu ru lu hU~M b+h+yo dzaH_ma mo rbod gtong gi rje btsan e ka tsa ti'i sngags so/_/oM ma hA kA la bi ka la tri yaM dzaH_rig 'dzin slob dpon gyi mgon po zhal bzhi pa'i sngags so/_/oM ma hA kA la hU~M phaT:_'jig rten mchod bstod kyi mgon po rdo rje gur gyi sngags so/_/oM shrI ma hA kA la yak+Sha bai ta li hU~M:_dmod pa drag sngags kyi mgon po sras mchog gi sngags te drag po chos skyong dgongs 'dus mgon chen sde dgu'i bsnyen pa'o/_/hri shag ru rag raM nA ge tsit+ta tra~M ma ma yo za 'gram ha ha ga sha la dzaH_pho rgyud kyi gtso bo zab bdun gshin rje'i bka' srung khyab 'jug dug gi spu gri'i sngags so/_/oM ma hA kA la siM ha mu kha hU~M phaT:_tri hriM dzaH_DA ki ni si na ra ma tri hriM dzaH_a ya ma du ru tsa sha na tsit+ta hriM hriM dzaH_bstan srung chos bzhi'i mgon po zhing skyong yab yum gyi sngags so/_/oM ma hA kA la trak+shad duHdzaH_dngos grub rgya mtsho las dmigs gsal du gsung pa'i srog bdud trak+shad nag po'i sngags so/_/oM kA la rU pa ya ma rA dza hU~M phaT:_zab bdun gshin rje'i bka' srung las gshin 'chi bdag nag po'i sngags so/_/oM rak+mo prA na At+ma k+She ru su ru Sha lo ha ta sarba sha trU~M mA ra ya hU~M phaT:_chos skyong dgongs 'dus bka' rgya can las gsung gi mgon po'i skor las 'byung ba'i gnod sbyin bek+tse'i sngags so/_/oM badz+ra sa ma ya b+haka traM tra~M shi ni kra ma ni sa ma ya sA d+hu tri dzaHdzaHhU~M ba~M hoH_oM badz+ra DA ki ni ma nu rak+to sa ma ya dzaHhU~M ba~M hoH_thugs rje chen po pad+ma sgyu 'phrul dra ba'i bka' srung dam can lcam dral gyi sngags so/_/oM nA ga tsaN+Da tsa ra ra tri ging+ka ra yak+sha yak+sha sa ma ya tsit+ta rat+na hriM hriM dzaHdzaH_thugs sgrub yid bzhin nor bu'i gter srung klu btsan 'bar ba spun bdun gyi sngags so/_/oM rA dza sid+d+hi sa ma ya thim dzaH_thugs sgrub yid bzhin nor bu'i bka' srung rgyal chen pe ha ra'i sngags so/_/oM shu la tri de wa a d+ha sha g+hr-i wa duHnA ga rA dza naM d+h+wa ti ku ma ra bai dzaH_zab bdun spyi'i gter srung dregs pa sde lnga'i sngags so/_/oM ro ru ro ru bi d+hiSh+Tha bad+hot+si ka ma la rak+Sha sI hU~M b+h+yo hU~M:_mo rgyud kyi gtso mo rigs gsum snying thig gi bka' srung lha mo dud sol ma'i sngags so/_/oM ma ma ra li pra ma ya kA li ye dzaHdzaH_las kyi mkha' 'gro rdo rje sder mo'i bka' srung zhing skyong dur khrod ma mo'i sngags so/_/oM khyi kha le nag mo hU~M phaT:_spyi 'gro'i dbang gis lha mo srog sgrub ma'i sngags so/_/oM badz+ra d+hA ki ni A yu She shwa ri sa ma ya dzaHa yur puN+ye puSh+TiM ku ru swA hA:_oM dz+nyA na d+hA ki ni mA~M lA~M A~M tA~M sarba sid+d+hi hU~M hU~M:_thugs sgrub bar chad kun sel bka' srung bkra shis tshe ring mched lnga'i sngags so/_/oM badz+ra pra mo ha ba~M ha ri ni sa hriM hriM sarba sid+d+hi swA hA:_dgongs gter sgrol ma'i zab tig gi bka' srung sman btsun rdo rje g.yu sgron ma'i sngags so/_/oM g+hA mu A dzi te d+harma dI pe sarba sid+d+hi hU~M:_zhes gter chen rin po che'i dmigs gsal bka' srung dbyings phyug a phyi ma'i sngags so/_/oM ma mo dz+wa li dz+wa la ni tsaN+Di hU~M phaT:_ma ma trag rak+Sha ga ru Ta hU~M phaT:_oM tri shu la badz+ra sA d+hu sid+d+hi hU~M:_a tsa naM dzaH_zab chos rdzogs chen sde gsum gyi bka' gter srung ma'i sngags so/_/oM la laH_le le:_ta~M ta~M:_te te kha rak+ma:_ma ma sring 'gro ma hU~M b+h+yo hU~M hU~M:_thugs sgrub bar chad kun sel gyi bka' srung bod skyong brtan ma bcu gnyis kyi sngags so/_/oM badz+ra ma ti hU~M:_thugs sgrub bar chad kun sel gyi gter srung kha rag khyung btsun ma'i sngags so/_/oM badz+ra kI li kI la ya mo g+ha ta ya ma ma shrI g+h+raM karma kA ra ye hU~M phaT:_zab bdun phur pa'i bka' srung phur srung dam can gyi sngags so/_/oM ni laM ba ra d+hA ra badz+ra pa Ni hU~M hU~M phaT:_thugs sgrub yid bzhin nor bu'i bka' srung rnam sras ltar nor lha gter bdag gtso bo gong gnon gsang bdag gi sngags so/_/oM bai shra ma Na ya swA hA:_bka' sdod rnam sras ser chen gyi sngags so/_/oM ma hA rA dza yak+Sha sa ma ya bai shra ma Na tsit+ta hriM hriM dzaHdzaH_dbang gi gnod sbyin mdung dmar can gyi sngags so/_/oM bai traka trak+Sha b+h+yo hU~M phaT:_drag po rta sngon can gyi sngags so/_/oM bud+d+ha badz+ra rat+na pad+ma karma dzam b+ha la hU~M dzaH_thugs sgrub bar chad kun sel gu ru skyes mchog tshul bzang gi sgrub thabs las 'byung ba ltar dzam lha rigs bzhi spyi dril gyi sngags so/_/oM ga Na pa ti ba su d+hA ri Ni ku ru kul+le bai shrA ba Na hU~M dzaH_lha klu mi dang gnod sbyin nor bdag gi sngags so/_/oM mA Ni b+ha dra re man+ta ma hA rA dza yak+Sha ku bai ra hU~M dzaH_zas nor rta phyugs nor bdag gi sngags so/_/oM i ling ki:_pi ling ki:_ki ling ki swA hA:_nor dang*/_oM na mo shu tra mu tri ma hA pi shA tsi na ye swA hA:_gos dang*/_oM a na le:_kun d+ha le:_g+hr-i h+na:_pi Na d+ha:_pi shA tsi na ye swA hA:_zas kyi lha mo ste zab bdun dang bar chad kun sel gnyis ka las 'byung ba'i kun 'khyil mched gsum gyi sngags so/_/oM ku ma ku ma khus this swA hA:_oM ma ma ra li pra ma ya dzaHdzaH_bar chad kun sel mi g.yo ba'i bka' srung dur bdag yab yum gyi sngags so/_/oM ma hA de ba dzaHu ma de bI hriM ha ri ni sa pA shaM ku ru hoH_thugs chen pad+ma sgyu 'phrul dra ba dang zab bdun pad+ma mkha' 'gro'i bka' srung lha chen lcam dral gyi sngags so/_/oM ma hA siM ha ma Ni rA dza hU~M phaT:_seng chen dgra bla'i rgyal po'i sngags so/__/bzlas pa 'di dag bsdu na spyir btang byed na rtsa ba chos skyong dgongs 'dus mgon chen lcam dral sde dgu so so dang*/_/dregs pa pho rgyud mo rgyud nor lha rnams spyi dril gyi sngags/_oM badz+ra sarba duSh+Tan ma ma ru lu ba su d+hA ri e dzaHb+h+yoH_zhes chos skyong dgongs 'dus snying po las 'byung ba tsam bzlas kyang rgyas bsdus mtshams par 'gyur zhing dmigs gsal so so'i las sbyor gyi skabs bsnyen bzlas bye brag tu sbyar ba skabs phyed par bya dgos la/_oM ma hA kA la ya/_shA sa na u pa ha ri ni/_e Sha a pany+tsi ma kA lo a yi daM rat+na tra yA ya/_a pa kA ri NAM ya di pra ti dz+nyA sma ra si ta dA/_i daM duSh+Tan kha kha khA hi khA hi/_mA ra mAr/_gr-ih+Na gr-ih+Na/_ban+d+ha ban+d+ha/_ha na ha na/_da ha da ha/_pa tsa pa tsa di na mai ki na hU~M phaT hU~M/_zhes gtso 'khor thun mong ste/_'di rnams ji tsam nus pa bzlas pa'i mthar/_thun mtshams su ba liM zas sna phud skyems sogs gso bran gyis/_ra~M ya~M kha~M/_oM A:hU~M/_lan gsum gyis byin rlabs te/_oM badz+ra tsaN+Da sarba duSh+Tan ma ma ru lu e dzaHb+h+yoH_sa pA ri wa ra i daM ba liM ta khA hi/_lan gsum gyis gtor ma phul la/_hU~M:_bla ma mgon po dbyer med pa:_thugs rje brtse bas dgongs su gsol:_nyams chags 'gal 'khrul ci mchis pa:_'gyod pas bshags so dag par mdzod:_ces yig brgya bzla/_drug pa tshogs kyi mchod pa la bzhi las dang po thabs shes kyi rdzas rnams bsang chus bran la byin gyis brlab pa ni/_ra~M ya~M kha~M/_ye shes me rlung chu yis dngos 'dzin sbyangs:_b+h+rU~M las b+hany+dza 'bar ba'i snod rnams su:_oM hU~M trA~M hriHAHlas bdud rtsi lnga:_mU~M lA~M mA~M pA~M tA~M las sha lnga gsal:_rlung me sbyor bas 'od zhu bdud rtsir 'khyil:_rlangs pa ye shes bcud bsdus de la thim:_dam ye gnyis med kha dog dri ror ldan:_'dod yon lnga yi mchod sprin spro bar gyur:_gnyis pa ni/_hU~M/_'og min chos dbyings pho brang nas:_rtsa brgyud bla ma gshegs su gsol:_rang bzhin gnas mchog dam pa nas:_yi dam lha tshogs gshegs su gsol:_dur khrod brgyad dang nyer bzhi'i gnas:_dpa' bo mkha' 'gro gshegs su gsol:_rang rang gar bzhugs gnas mchog nas:_ma mgon lcam dral dam can rnams:_tshogs la spyan 'dren gshegs su gsol:_badz+ra sa ma dzaH_gsum pa ni/_hU~M:_'dod yon lnga yi mchod sprin ni:_bla ma yi dam mkha' 'gro dang:_ma mgon lcam dral la sogs pa'i:_dam can rgya mtsho rnams la 'bul:_ga Na tsakra pU dza khA hi:_bzhi pa ni/_hU~M:_thog med dus nas bsags pa yi:_ma rig nyams chags 'gal 'khrul rnams:_tshogs kyi mchod pas bskang zhing bshags:_thams cad byang zhing dag gyur cig:_yig brgya brjod/_bdun pa thugs dam skong ba'i rim pa la/_dam can so so'i skong ba/_bshags pa/_phrin bcol dang gsum las/_dang po ni/_skong rdzas rnams a mr-i tas bsang*/_swa b+hA was sbyang*/_stong pa'i ngang las b+h+rU~M las gnas khang dur khrod drag po'i zhing khams/_bsam gyis mi khyab par phyi nang gsang ba'i mchod pa spyan gzigs mthun rdzas rten rdzas skong rdzas la sogs pa thams cad srid zhi'i 'dod yon gyi rnam pa mkho rgu tshang ba/_bzang rgus 'byor ba/_mdzes rgus brgyan pa/_ngo bo ye shes sgyu ma'i rang bzhin bde ba'i rnam pa thams cad par 'char bas nam mkha'i khams gang bar gyur/_na maHsarba ta thA ga ta sogs lan gsum/_badz+ra s+pha ra Na kha~M zhes pas byin gyis brlab cing zad mi shes par spel la/_dang po drag po chos skyong dgongs 'dus mgon chen sde dgu spyi dril gyi bskang ba ni/_hU~M/_chos dbyings rang byung rdo rje'i mtshon chen po'i/_/bdag rtog ru tra bsgral ba'i drag po'i zhing*/_/khrag 'thung dgyes dgu'i longs spyod mi zad gter/_/'dod rgu yid bzhin 'char bas thugs dam bskang*/_/khrag mkhris dug chu'i rgya mtsho rba klong 'khrugs/_/don snying dbang po'i me tog 'dar zhing 'phrigs/_/tshil gsur dud sprin me rlung phyogs kun 'tshubs/_/rkang gling sha za'i bshugs lu'i thugs dam bskang*/_/bcud ldan bdud rtsi'i rdzing bu rak+ta'i mtsho/_/'dod 'byung gtor ma'i lhun po rgyan gyis bkra/_/nyer spyod kun bzang mchod sprin 'dod rgu'i gter/_/bde stong ye shes rol pas thugs dam bskang*/_/bcu drug rig mas 'dod pa'i sgyu rtsal rtse/_/mngon spyod las kyis dug gsum ru dra bsgral/_/gnyis med ye shes sgyu 'phrul dra ba'i gar/_/chos kyi dbyings dang mnyam pas thugs=_mthun pa'i dam rdzas bzhed rgu mi zad gter/_/rten pa'i dam rdzas bla rten srog 'khor 'dzug_/skong ba'i dam rdzas srid zhi'i dpal 'byor kun/_/yid bzhin lhun gyis grub pa'i mchod pa 'dis/_/che mchog yon tan mgon po spyi dpal che/_/legs ldan rdo rje srin po'i thugs=_thugs kyi mgon po phyag bzhi'i thugs=_sku yi mgon po stag zhon thugs=_gsung gi mgon po phyag drug thugs=_phrin las mgon po ma ning thugs=_mngon rdzogs ma mo sngags srung thugs=_rig 'dzin mgon po zhal bzhi'i thugs=_drag sngags mgon po gur gyi thugs=_mchod bstod mgon po sras mchog thugs=_tshogs kyi bdag po beng dbang a g+ho ra/_/zhing skyong seng gdong bdud mgon trak+shad nag_/dpal mgon bdun cu dgyes sde bka' 'khor bcas/_/drag po chos skyong dgongs 'dus thugs dam bskang*/_/thugs dam dgyes bskang nyams pa sor chud nas/_/sku gsung thugs kyi phrin las rmad po che'i/_/dgyes rgu'i gar gyis bstan dang der 'dzin spel/_/'dod rgu'i phrin las yid bzhin 'grub par mdzod/_/ces dkyus su 'jug bde'i dbang du byas la rgyas par spro na mgon chen sde dgu so so'i bskang ba skabs dang gang 'brel sbyar na legs pa'i yan lag tu 'gyur ro/__/gnyis pa pho rgyud dregs pa kun 'dus kyi spyi bskang ni/_hU~M/_'gyur med chos sku'i klong las ma g.yos kyang*/_/gsang chen bstan pa gnyan po mel tshe'i phyir/_/'bar ba'i lang tsho bskal pa'i me rlung shugs/_/bdud sde'i g.yul ngor bzhengs kun gnas 'dir byon/_/chos nyid bde chen gcig gi cho 'phrul las/_/chos can ma 'gag rten 'byung grub pa'i rdzas/_/rgyud gsum dregs pa yongs la mnyes pa'i rdzas/_/ngo mtshar dgyes rgu'i rol pas thugs dam bskang*/_/phyi yi mchod sprin nyer spyod 'dod yon lnga/_/nang gi dam rdzas sman gtor rak+ta'i bcud/_/gsang rten bla rdo srog 'khor mthun pa'i rdzas/_/yid bzhin lhun gyis grub pas thugs=_bskyed rdzogs bsgoms pas srid zhi'i stong srog 'phrog_/bsnyen sgrub las kyis dregs pa gnad la gcun/_/'bod rbad bsad pas bstan 'gro'i phan bde'i dpal/_/yar zla'i dpal bzhin spel bas thugs=_sde brgyad dregs pa'i gtso bo gza' bdud che/_/bdud mgon seng gdong trak+shad ya ma rA/_/gnod sbyin bek+tse dam can klu btsan rgyal/_/pho rgyud chos srung rgya mtsho'i thugs dam bskang*/_/dgyes rgu'i dam tshig gnyan po ma bral bar/_/lung rtogs bstan pa'i chab srid rtag tu spel/_/skye rgu'i yid snang dkar po'i lam bsgyur zhing*/_/'jig rten phan bde'i 'tsho ba'i phrin las mdzod/_/rig 'dzin grub pas phyogs dus kun khyab cing*/_/'chad rtsod rtsom las bshad sgrub las gsum rgyas/_/nad mug mtshon 'khrugs snyigs ma'i bskal ngan bzlog_/dkon mchog dbu rmog btsan zhing dar bar mdzod/_/nyams chags nyes pa'i dri ma dbyings su zhi/_/bstan srung dbang po dgyes pa'i 'dzum dkar bzhad/_/srid zhi'i legs tshogs dbang sdud bdud dgra'i dpung*/_/tshar gcod phyogs las rnam rgyal phrin las mdzod/_/gsum pa mo rgyud ma mo kun 'dus kyi spyi bskang ni/_b+h+yoH_bde chen kun tu bzang mo'i mkha'/_/klong yangs brdal ba chen po'i sprin/_/snang srid ma lus mchog bde'i dpyid/_/dgyes dgu'i sprin gyis thugs dam bskang*/_/'gag med srid zhi'i chos rnams kun/_/skye med rdo rje'i e dbyings su/_/'pho med bde chen sdom pa'i gar/_/'du 'bral med pas thugs dam bskang*/_/sgyu ma rdo rje btsan po'i gzugs/_/gzhom med gsang ba dgyes pa'i sgra/_/zhu bde'i dri dang dga' bzhi'i ro/_/reg 'jam gtum mo'i thugs dam bskang*/_/zla ba'i bdud rtsi zhu ba'i sku/_/rdo rje nyi ma'i bde chen gsung*/_/mi rtog mnyam pa'i ba liM ta/_/rang byung rdzas kyis thugs dam bskang*/_/rgyud drug dga' ba'i rol rtsed kyis/_/ye shes mtshon chen 'bar ba yis/_/ka dag chen por thugs dam bskang*/_/ngo bo zhi ba rdo rje'i dbyings/_/rnam pa snang srid yum gyi gar/_/bde chen dgyes ma khrag 'thung gtso/_/e ka tsa ti'i thugs dam=_dud sol lha mo'i thugs dam=_dur khrod lha mo'i thugs dam=_srog sgrub nag mo'i thugs=_tshe ring mched lnga'i thugs=_rdo rje g.yu sgron thugs=_dbyings phyug chos sgron thugs=_brtan ma bcu gnyis thugs dam bskang*/_/thugs dam gnyan po dgyes bskang bas/_/phyi ru ma mo'i g.yo 'khrugs zhi/_/snod bcud bde legs dpal gyis 'byor/_/nang du rtsa rlung thig nyams gsos/_/tshe bsod dbang thang nyams rtogs spel/_/gzhan du gzung 'dzin 'khrul rtog bcom/_/rlung sems d+hU tir dbang du 'dus/_/de nyid rnam thar gsum gyi klong*/_/'phrul rtog bdud dgra tshar bcad nas/_/don gnyis lhun grab phrin las sgo/_/rtsol med sgyu 'phrul dra ba yis/_/'gro kun rjes su 'dzin nus shing*/_/zab cing gsang ba rdo rje'i lam/_/kun tu rgyas shing 'phel bar mdzod/_/bzhi pa nor lha gter bdag kun 'dus kyi skong ba ni/_hrIH_chos dbyings kun tu khyab pa yi/_/bsod nams ye shes sgyu 'phrul gar/_/kun bzang dgyes rgu'i mchod pa'i sprin/_/dngos yid ting 'dzin nus pa'i sgo/_/rang shar phun tshogs srid zhi'i dpal/_/lhun grub rin chen dbyig gi gzhir/_/nor bu gzhal med rgyan phreng brgyan/_/gzi brjid 'od 'bar rgya phibs brtsegs/_/bkra shis rtags rdzas rgyal srid bdun/_/nye ba'i rin chen 'dod yon lnga/_/grub pa'i rdzas kyi gter brdol zhing*/_/'dod 'byung bum bzang ma rmos snye/_/dpag bsam shing dang rta mchog ba/_/rin chen ri gling nags tshal mdzes/_/bdud rtsi'i chu klung klu dbang rtsen/_/ri dwags gnag phyugs gcan gzan khyu/_/bag phebs rtse dga'i zlos gar can/_/lha mi'i dbang po'i stobs dpal dang*/_/gzi byin 'gran la ches dpa' zhing*/_/mdzes sdug mig yangs kun dga' brtse/_/nor bu'i sprin las bdud rtsi'i char/_/'bebs dang snyan brjid lha'i rol mo/_/phun phyogs 'dod dgu'i longs spyod kyis/_/gsang ba'i bdag pos thugs dam bskang*/_/bgegs zhi gnod sbyin bran du bkol/_/rin chen gter 'chang rgya mtsho'i gtso/_/ngal gsos bu yi thugs dam bskang*/_/tshogs gnyis rin chen dpal 'byor spel/_/mdung dmar can gyi thugs dam bskang*/_/khams gsum dbang sdud dngos grub stsol/_/rta sngon can gyi thugs dam bskang*/_/gdug pa kun 'dul mthu stobs stsol/_/'khor gyi gnod sbyin thugs dam bskang*/_/'dod dgu'i phrin las yid bzhin stsol/_/gzhan yang rigs bzhi'i nor bdag dang*/_/zas gos rta nor dbyig gi bdag_/lha chen dur bdag yab yum sogs/_/nor lha rgya mtsho'i thugs dam bskang*/_/rigs gsum sgyu 'phrul seng chen rje/_/'jig rten skyong ba'i lha chen gsum/_/gnas yul gter gzhi'i bdag po sogs/_/dkar phyogs skyong kun thugs dam bskang*/_/grib mthol mi gtsang dbyings su dag_/dgyes pa'i lha zhal zla ltar dkar/_/bsod nams dbang thang snyan grags dar/_/phyogs las rnam par rgyal ba yi/_/bstan dang der 'dzin sbyin bdag gi_/tshe bsod dbang thang rlung rta btsan/_/mi mthun rgud pa kun zhi ba'i/_/legs tshogs 'phel rgyas brtan par mdzod/_/ces skong ba'i phrin las rnams so so dang*/_bsdu na/_hU~M hrIH_sangs rgyas bstan pa srung ba'i mthu rtsal can:_sogs bla ma dgongs 'dus kyi bskang bshags rin chen phreng ba las 'byung ba ltar sbyar kyang rung la skabs de nyid du dbyangs kyi 'gyur ba rol mo'i sbyor ba lhan cig pas gyer zhing sbyar ba'i spos kyi rgyun btul ba sogs bya'o/__/gnyis pa bshags pa la spyi dang*/_bye brag gnyis las/_/dang po ni/_hoH_rang bzhin chos kyi dbyings las ma g.yos kyang*/_/thugs rje'i dbang gis 'bar ba'i skur bzhengs pa/_/rgyal ba'i bstan srung dam can rgya mtsho'i tshogs/_/'khor bcas bdag la gsan cing dgongs su gsol/_/bdag cag blun rmongs ma rig 'khrul pa'i yid/_/las dang nyon mongs bag chags kyis dkrugs pas/_/lha khyod bsnyen cing bsgrub par dam bcas kyang*/_/sku yi phyag rgya ma gsal don ma rtogs/_/sngags kyi bzlas brjod ma dag lhag chad 'khrugs/_/yid kyi ting 'dzin bying rgod rtog pas bslad/_/dam rdzas ma tshang rten rdzas ma tshogs dang*/_/rgyu chung phud nyams 'bags btsog dri mas gos/_/dus kyi mchod gtor 'gyangs shing chag pa dang*/_/bsnyen sgrub g.yel zhing las sbyor log pa sogs/_/rtsa ba yan lag dam tshig nyams pa kun/_/rab gnong 'gyod pa'i sems kyi mthol lo bshags/_/mthol bshags bzod pa dang du bzhes nas kyang*/_/nyams chag sgrib pa'i tshogs rnams kun byang ste/_/'gyur med tshangs pa mchog gi dngos grub stsol/_zhes dang*/_yi ge brgya pa bzhi gsum sogs kyis thugs dam ma bskang pa rnams bshags par bya'o/__/gnyis pa bye brag ma mo'i 'khrugs skong ni/_rgyas par spro na tshe ring ma'i gzhung nas 'byung ba ltar khyad par gyi rdzas dang ldan pa'i b+hany+dza la brten nas bya/_spyir btang tsam du/_b+h+yoH_snang srid gdod nas yum lnga'i klong:_ma mo mkha' 'gro'i dkyil 'khor la:_'pho 'gyur mtshan ma las 'das shing:_zhi ba chen por rtag gnas kyang:_lhan skyes kun brtag ma rig gi:_rgyu 'bras rten 'brel la brten nas:_rang rgyud dug lnga 'khrugs pa las:_ma mo 'khrugs pa'i cho 'phrul ston:_snod kyi 'byung ba rgud par byed:_bcud kyi sems can rnam rtog sgul:_mi phyugs nad yams sprin ltar 'khrigs:_lo nyes sad ser 'thab rtsod ldang:_de dag thams cad 'byung ba'i rgyu:_bcas dang rang bzhin sdig pa'i las:_bag med 'chol bar spyod pa yi:_dam grib mi gtsang phog las byung:_sdig pa'i las rnams 'gyod pas bshags:_dam tshig nyams na tshogs kyis bskang:_nyams grib bdud rtsis nus pas sbyangs:_thugs dang 'gal ba dbyings su mthol:_'khor 'das gdod nas bdud rtsi lnga:_ma bcos ma bslad de bzhin gshegs:_ye shes rigs lnga rnam dag pa'i:_dag mnyam chen po'i phud kyis mchod:_bdud rtsi'i zer las byung ba yi:_snod bcud gzhir bzhengs 'dod yon sprin:_nam mkha' mdzod kyi longs spyod kyis:_rtag pa rgyun tu thugs dam bskang:_ye shes dbyings kyi ma mo la:_khro dang 'khrugs pa mi mnga' yang:_rnam 'gyur 'jig rten ma mo'i tshogs:_khros shing 'khrugs pa zhi ba dang:_dgyes pa chen po'i phrin las kyi:_nad dang gnod pa dbyings su sbyongs:_tshe dang bsod nams snyan grags spel:_bkra shis bde legs phun tshogs mdzod:_yi ge brgya pa bzlas pas dag tshangs du gyur par bsam mo/__/gsum pa la/_bsgral bstab/_phrin bcol dngos/_lhag ma gtong ba'o/__/dang po ni/_na moH_dkon mchog rtsa gsum bden pa dang:_chos skyong srung ma'i drag rtsal gyis:_dregs pa'i mgon po jag par chos:_yid la brnag pa'i dgra bgegs rnams:_lcags kyus zungs la zhags pas chings:_gzugs byang 'di la dbyer med khug:_oM ma hA kA la ya hU~M phaT:_gnod byed dgra bgegs dam sri pho mo dzaHhU~M ba~M hoHsa dgug cing bstim/_hU~M b+h+yoH_chos kyi dbyings nas rang byung grub pa'i lha/_/bka' sdod rol pa'i dur khrod chen po nas/_/shin tu mi bzad rab 'jigs skur ston pa/_/lcam dral yongs rdzogs drag po'i phrin las mdzod/_/ces bskul/_hU~M:_dug gsum gdug pa'i dgra dang bgegs:_ye shes mtshon gyis bsgral nas su:_sha khrag rus pa nang khrol bcas:_dam can srung ma'i zhal du bstab:_mA~M sa rak+ta kiM ni ri ti khA hi:_zhes zhal du bstab nas bzlog pa'i phrin las bcol ba ni/_hU~M/_bde chen thabs mchog mgon po he ru ka_/shes rab dbyings kyi thig le ral gcig ma/_/zung 'jug dbu mar shar ba'i ma ning nag_/rgyud gsum dam can dregs pa'i sde tshogs kun/_/dgra bgegs sha khrag gtor ma 'di rol la:_rnal 'byor bdag cag yon mchod 'khor bcas kyi:_sems dang sems byung rgyu 'bras 'chol ba las:_byung ba'i nad gdon chag che nyam nga dang:_phyi nang 'byung ba dgra gshed 'khrugs pa'i rkyen:_'jigs pa chen po brgyad dang bcu drug dang:_byad phur rbod gtong than ltas ngan pa kun:_bzlog cing bsgyur ba'i phrin las mdzad du gsol:_khyad par gsang chen snga 'gyur bstan pa la:_bsam pa ngan pa sbyor ba rtsub pa yi/_/smon lam log pa'i mi dang mi min tshogs/_/ye shes dbyings su sgrol ba'i phrin las mdzod/_/'dir dgos pa dang 'brel na mgon po'i bzlog byang dang*/_dgra chings dgra bzlog sogs sbyor rung ngo*/_/gnyis pa 'dod pa'i phrin las kyi gnyer gtad pa la/_rnam sras nor lha'i dkyil 'khor la bsten pa'i 'dod dgu'i phya g.yang spel ba dang*/_lha chen lcam dral la bsten pa'i dbang gi phrin las bye brag tu gsol ba sogs dgos na gter gzhung so so las 'byung ba ltar skabs 'dir sbyar/_spyi la phrin las bcol ba ni/_hU~M/_rab 'byams rgyal ba'i mkhyen brtse nus pa'i mdzod/_/rigs gsum dpa' bo mkhan slob chos gsum gyi/_/zhal skyin rig 'dzin rtsal 'chang rnam gsum gyi/_/tha tshig phog pa'i dam can rgya mtsho dgongs/_/rdo rje'i gdung 'dzin rnal 'byor bdag cag gis/_/bsnyen pas gzhung bsrang sgrub cing rtse gcig bskul/_/phyi nang gsang ba'i mchod pas dgyes bskyed de/_/'dod pa'i phrin las gnyan po gsol 'di dgongs/_/bden gsung bka' yi snying po rgyud sde'i srog_/shing rta brgyad dang zab bdun chos gter snying*/_/bla rdzogs thugs gsum sgrub sde brgyad la sogs/_/bka' bab rin chen bdun gyi bstan mchog spel/_/ris su ma chad thub bstan yongs kyi snying*/_/phyogs su ma lhung bshad sgrub las gsum rdzogs/_/ming tsam ma yin don gyi lung rtogs can/_/cha tsam ma yin kun nas rgyas par mdzod/_/de 'dzin bka' bab 'jam mgon rnam gsum gyi/_/bstan pa skyong dang 'dzin pa'i skyes chen spel/_/ngo mtshar thugs bskyed rnam thar phrin las kyi/_/snang ba rdzogs ldan gsar ba'i sgo 'phar phyes/_/khrims gtsang sdom gsum dag pas rang rgyud grol/_/mang thos chos rab rnam 'gyed spobs pa mtho/_/bsam dang sgom pa'i goms stabs ches brling bzhin/_/'chad rtsod rtsom nus dge 'dun 'du ba spel/_/dbang gis rgyud smin dam tshig lang tsho dar/_/bskyed rdzogs rin chen rgyan gyis blta na sdug_/rnam bzhi'i rig 'dzin las rdzogs skyes bu che'i/_/don gnyis 'bad med lhun gyis grub par mdzod/_/mtha' dag yid can rnam dkar lam bzang 'jug_/skyes bu gsum gyi lam nas mngon mtho dang*/_/nges legs dpal la sbyor bas 'jig rten kun/_/bde skyid dga' ba brgya phrag mi nyams 'phel/_/sgrub pa'i rnal 'byor bdag cag yon mchod kun/_/rang don bsnyen sgrub las kyi sbyor ba dang*/_/gzhan phan bstan 'gro'i phan bde spel ba la/_/dus kun g.yel med srung skyobs dbugs 'byin mdzod/_/zhi byed zla ba bdud rtsis yid rab sim/_/tshe dpal lung rtogs dar rgyas thub bstan dar/_/khams gsum rlung sems dbang byed 'dod dgu'i 'byor/_/mi srun bdud bgegs nyams pa'i dgra sde sgrol/_/mdor na ji ltar 'dod pa'i phrin las sgo/_/rtse gcig blo yis gnyer du gtad lags na/_/bum bzang gter dang dpag bsam shing bzhin du/_/'bad med lhun gyis grub pas dbugs 'byin mdzod/_/ces mngon par 'dod pa'i phrin las thogs med du sgrub par rtse gcig tu gsol ba gdab par bya'o/__/de nas brda dang brda'i lan bcas tshogs la rol/_gsum pa ni/_oM AHhU~M ha ho hrIH_lhag ma'i dam rdzas 'dod yon gyi phung po zad mi shes pas nam mkha' gang bar gyur/_e A ral+li hrIM hrIM dzaHsa rkang gling bshugs pa rol mo'i sgra dang bcas/_b+h+yoH_lhag la dbang ba'i dregs pa ni:_ma mo las byed tshogs dang bcas:_mthu dang rdzu 'phrul bsam mi khyab:_dur khrod kun nyul sha chen za:_zhing lpags gyon nas b+hany+dza thogs:_ral pa gtibs shing bshugs glu len:_legs nyes stangs 'dzin phrin las ni:_thogs med sgrub pa'i dam can rnams:_tshogs lhag bdud rtsi 'di gsol la:_phyi nang gsang ba'i bar chad sol:_sgrub pa'i sdong grogs mdzad pa dang:_phrin las rnam bzhi myur du sgrub:_uts+tshiSh+Ta ba liM khA hi:_ces bsngo/__brgyad pa khyad par mngon spyod kyi g.yul la rbad cing bskul ba ni man ngag gi yi ge gud du bkod pa las shes par bya'o/__/dgu pa gtor ma stob pa la bzhi/_chos srung spyi'i gtor ma 'bul ba/_chad tho/_brtan ma/_rta bro'o/_dang po ni/_'bul gtor rnams la dbal 'bar btsugs/_spos dang rol mo gser skyems kyis mtshon par sgrub khang gi yang thog sogs gang du gtong ba'i sar khyer la dmigs bya dgug pa ni/_na mo/_rig 'dzin rtsa brgyud kyi dpal ldan bla ma dam pa rnams kyi bka' bden pa dang*/_sangs rgyas kyi bka' bden pa dang*/_chos kyi bka' bden pa dang*/_dge 'dun gyi bka' bden pa dang*/_gsang sngags dang rig sngags dang*/_gzungs sngags dang snying po dang phyag rgya dang ting nge 'dzin gyi bden pa dang*/_chos nyid gdod nas stong kyang chos can rgyu 'bras bslu ba med pa'i bden pa dang*/_khyad par rdo rje'i chos skyong ba'i srung ma bka' sdod pho nya'i dmag tshogs 'khor dang bcas pa rnams kyi bka' bden pa dang*/_bden pa chen po'i mthu la brten nas bstan dang 'gro ba'i spyi dgra_/khyad par rig pa 'dzin pa bdag cag yon mchod 'khor dang bcas pa rnams la snga dgra lag gis brdar ba/_phyi dgra yid la sems pa/_da dgra thad du 'dzug pa'i gzugs can sdang ba'i dgra dang*/_gzugs med gnod byed bgegs kyi tshogs dang bcas pa thams cad srid pa gsum gyi khongs gar gnas gar bros kyang skad cig yud tsam la dmigs pa'i rten 'di la khug cig_/rtsa sngags shA sa na'i mthar/_nr-i tri badz+ra aM ku sha dzaHdzaHhU~M ba~M hoH_zhes bstim/_bdag gi thugs ka nas yi ge dzaHdmar nag gnyis 'phros pa mdun gyi dgra bgegs rnams kyi sna bug dang*/_gshang las las zhugs pa snying gar phyin pas zangs lcags kyi 'khor lo gnyis su gyur te g.yas g.yon du shugs drag por 'khor bas sha khrag rus gsum dum bur gtubs te phung por spungs/_dgra bo'i rnam shes yi ge a yig dkar gsal gyi rnam par 'og min rdo rje sems dpa'i thugs kar spar/_tshe bsod dbang thang gi dpal yon thams cad nr-i dmar ljang gi rnam par bdag la thim pas gzi byin bkrag mdangs rgyas/_mdun gyi sha khrag rus pa'i phung por/_oM AHhU~M hoH_lan gsum gyis 'dod yon mi zad pa'i rnam pa can gyi ye shes kyi bdud rtsi'i rgya mtshor gyur pa chos srung rnams kyi zhal du bstab pas mchog tu dgyes pa phrin las gang bcol thogs med du sgrub par bsam/_oM ma hA kA la ya/_shA sa na u pa ha ri Ni/_e Sha a pany+tsi ma ka lo a ya~M/_i daM rat+na tra yA ya/_a pa kA ri NaM ya di pra ti dz+nyA sma ra si ta dA i daM duSh+Tan kha kha khA hi khA hi/_ma ra ma ra/_gr-ih+Na gr-ih+Na/_b+han+d+ha b+han+d+ha/_ha na ha na/_da ha da ha/_pa tsa pa tsa/_di na me ke Na hU~M phaT hU~M/_sa pA ri wa ra sogs lan gsum gyis phul la/_hU~M/_gzhi grol gdod ma'i he ru ka chen pos/_/rig rtsal rgyud gsum dregs tshogs dbang bsdus te/_/khyad chos drug gi rdo rje'i rgyud gsung tshe/_/khas blangs dam can rgya mtsho skur bzhengs shig_/bod khams gdul bya'i lhag ma rjes skyong phyir/_/sangs rgyas gnyis pa pad+ma'i rgyal tshab che/_/sprul pa'i gter 'byin rgya mtsho'i 'khor lo'i bsgyur/_/o rgyan mchog gyur bde chen gling pa cher/_/rab 'byams dkyil 'khor rgya mtsho'i dbang bskur zhing*/_/mdo sgyu sems dang rtsa gsum sgrub sde brgyad/_/zab mo'i rgyud dang man ngag bsam yas kyi/_/dbang gi chu bo bzhi yi bka' bab tshe/_/bka' gter srung ma rgya mtsho'i gzugs bstan cing*/_/dregs tshogs dbang bsdus bka' rtags phyag rgyas gzir/_/smon lam gtad rgyas zab gsang gter sgo phyes/_/phrin las mtha' dag sgrub par khas blangs ba'i/_/sngon gyi g.yar dam gnyan po rjes bskul phyir/_/rmad byung gtor ma'i lhun po 'dod yon gter/_/sman raka bde chen bdud rtsi'i zegs ma 'phro/_/thugs la bzhed dgu der 'char mchod pa'i sprin/_/mi zad kun bzang sgyu 'phrul drwa ba 'di/_/sngar mdzad legs pa'i las kyi gtang rag dang*/_/slad nas mi g.yel ji ltar 'dod pa yi/_/phrin las lhun gyis grub phyir gus 'bul na/_/dgyes dgu'i gar gyi rol pas bzhes nas kyang*/_/bstan 'gro'i dge mtshan yid bzhin lhun gyis grub/_/sgrub pa'i rnal 'byor bdag cag sde dang bcas/_/srung skyob mel tshe lus dang grib bzhin 'grogs/_/nad gdon mi mthun rgud pa mtha' dag zhi/_/bshad sgrub phrin las nyams rtog yon tan rgyas/_/sa gsum dbang byed mi srun log par 'dren/_/bdud bgegs bar chad bsgral zhing brlag par mdzod/_/legs nyes stangs 'dzin 'khor 'das sna tshogs pa'i/_/dam can rgya mtsho rig stong gdod ma'i klong*/_/gnyis med 'jug par phrin las dpag yas kyis/_/rtag skyong phyogs las rnam par rgyal bar mdzod/_gtor ma stob cing 'dod don gsol/_gnyis pa chad tho bsgrag pa ni/_hU~M:_'og min chos dbyings pho brang du:_dpal chen yang dag he ru kas:_mgon po nag po 'khor bcas la:_dbang bskur gsang ba'i mtshan btags tshe:_ji ltar zhal bzhes ma g.yel bar:_dam rdzas gtor ma 'di bzhes la:_bcol ba'i phrin las 'grub par mdzod:_legs ldan nag po'i grong khyer du:_bcom ldan shAkya thub pa dang:_rdo rje gtsug tor rigs lnga yis:_dbang bskur dam la bzhag pa bzhin:_ji ltar zhal bzhes ma g.yel bar:_dam rdzas gtor ma 'di bzhes la:_bcol ba'i phrin las 'grub par mdzod:_rgya gar rdo rje gdan drung du:_rig 'dzin slob dpon rnam brgyad kyis:_bstan pa srung bar bka' bsgos bzhin:_ji ltar zhal bzhes ma g.yel bar:_dam rdzas gtor ma 'di bzhes la:_bcol ba'i phrin las 'grub par mdzod:_dpal gyi bsam yas gtsug lag tu:_slob dpon pad+ma thod phreng dang:_dge slong nam mkha'i snying po yis:_bka' yi srung mar bskos pa bzhin:_ji ltar zhal bzhes ma g.yel bar:_dam rdzas gtor ma 'di bzhes la:_bcol ba'i phrin las 'grub par mdzod:_da lta sgrub pa'i gnas mchog 'dir:_ma mgon lcam dral khyed rnams la:_bsnyen sgrub mchod cing bstod dus su:_sngon gyi dam bca' ma g.yel bar:_bcol ba'i phrin las 'grub par mdzod:_gsum pa brtan ma ni/_b+h+yoH_bod khams skyong ba brtan ma'i tshogs:_a su ra yi brag phug tu:_slob dpon pad+ma'i spyan snga ru:_khas blangs bzhin du mchod gtor bzhes:_bod khams chos bzhin skyong ba dang:_rnal 'byor grogs mdzod bstan pa spel:_ma ma hrIM hrIM ba liM ta khA hi:_ces gtor ma 'bul lo/__/bzhi pa rta bro ni/_hU~M:_dur khrod chen po'i dkyil 'khor 'dir:_ma hA kA las bro brdung bas:_lha mo'i tshogs kyang dbyings su rol:_dregs pa sde brgyad las la 'gyed:_bya nag khyi nag sprin ltar gtibs:_dug lngas gzir ba'i dgra dang bgegs:_ye shes lnga yi rmang du mnan:_sku ni gar dgu'i bro chen brdung:_gsung ni hU~M phaT nga ro'i glu:_thugs ni sgrol mdzad ye shes thugs:_sku gsung thugs kyi bro brdung bas:_dug gsum dgra bgegs rdul du brlag:_oM la~M hU~M la~M s+t+wa~M b+ha ya nan:_gsum pa rjes kyi cho ga la drug las/_dang po gtang rag gi mchod pa ni/_oM shrI badz+ra d+harma pA la sa pA ri wa ra ar+g+haM sogs/_shab+da pra tIts+tsha swA hA/_bstod pa ni/_hU~M:_dbyings las rol pa ye shes mgon po'i tshogs:_thugs rje'i sku sprul las mgon lcam dral dang:_bstan srung dregs pa'i mgon po mthu stobs can:_dam can rgya mtsho'i tshogs la phyag 'tshal bstod:_ces dang*/_gnyis pa nongs pa bshags pa ni/_hU~M:_bla ma mgon po dbyer med pa:_dam can rgya mtsho dgongs su gsol:_nyams chag 'gal 'khrul ci mchis pa:_'gyod pas bshags so dag par mdzod:_gang yang bdag cag las dang po pa'i rten gyi gang zag bying ba dang rgod pa'i dbang du gyur pas ting nge 'dzin ma gsal ba dang*/_tshogs ma dag pa dang dzapa? bzlas nyung zhing cho ga lhag chad du gyur pa mchod pa'i yo byad dman pa la sogs pa srung ma'i dbang po khyed rnams kyi thugs dang 'gal ba'i rkyen du gyur pa gang lags pa de dag thams cad bzod par mdzad de chos dbyings ka dag chen po'i klong du lhag chad kha bskang bar mdzad du gsol/_zhes dang*/_yi ge brgya pas nongs pa bshags/_gsum pa brtan bzhugs ni/_rten yod pa rnams la/_phyogs bcu na bzhugs pa'i sangs rgyas dang byang chub sems dpa' thams cad bdag la dgongs su gsol/_ji srid nam mkha'i mtha' dang mnyam pa'i sems can thams cad mi gnas pa'i mya ngan las 'das pa'i sa la ma bzhag gi bar du rgyal ba rnams mya ngan las mi 'da' bar brtan par bzhugs su gsol/_khyad par du yang sku gzugs kyi rten 'di rnams la bskyed cing spyan drangs pa'i lha tshogs rnams ji srid 'byung ba bzhi'i gnod pas ma zhig gi bar du brtan par bzhugs su gsol/_brtan par bzhugs nas kyang bdag dang sems can thams cad la mchog dang thun mong gi dngos grub ma lus pa bstsal du gsol/_oM su pra tiSh+Tha badz+ra ye swA hA/_zhes brjod cing me tog 'thor/_bzhi pa gshegs gsol ni/_oM/_khyed kyi sems can sogs nas/_badz+ra muHsa se gol gyi sgra dang bcas pas/_ye shes pa rnams chos kyi dbyings su gshegs/_dam tshig pa bdag nyid dang gnyis su med par gyur/_'jig rten pa'i 'khor rnams/_gats+tsha gats+tsha swa b+hA wa naM gyis rang gnas su btang*/_lnga pa smon lam ni/_dge ba 'di yis myur du bdag_/he ru ka dpal 'grub gyur nas/_'gro ba gcig kyang ma lus pa/_/de yi sa la 'god par shog_/ces dge ba'i rtsa ba byang chub mchog gi rgyur bsngo/__/drug pa shis brjod ni/_hU~M/_kun kyang 'gyur med don dam bde ba che/_/mtha' klas sgyu 'phrul drwa ba'i rol mo las/_/don gnyis 'dod rgu yid bzhin stsol mdzad pa/_/rtsa gsum dam can rgya mtsho'i bkra shis shog_/gtum drag rdo rje'i lang tsho'i sprin rum du/_/mi bzad 'bar ba'i snying rje'i rngams pa'i char/_/log 'dren mgo bo 'gems pa'i gnam lcags lce/_/dpal ldan nag po chen po'i bkra shis shog_/bde chen zla ba bdud rtsi'i 'jo sgeg gi_/rnam thar sgo gsum pad+ma'i 'thung ba las/_/legs 'khrungs srid zhi mi phyed sgyu 'phrul gar/_/dbyings phyug ma sring rgya mtsho'i bkra shis shog_/ye shes dbyings khyab bsod nams nor bu'i rgyal/_/dran pas 'dod dgu'i char 'bebs gnod gnas dbang*/_/gnas gzhi gter skyong dkar po'i tshogs kun gyis/_/phyogs las rnam par rgyal ba'i bkra shis shog_/mkhas grub rig 'dzin 'dus pas sa steng khyab/_/bshad sgrub las kyi 'khor los rgyal bstan spel/_/nges gsang rdo rje snying po'i shing rta'i srol/_/rtag khyab lhun gyis grub pa'i bkra shis shog_/ces brjod pas phyogs dus kun tu dge legs kyi snang bas rtag khyab lhun gyis grub par bya'o/__/de ltar dkyus gcig tu bkod pa'i phrin las 'di dag mtha' gcig tu tshang bar btang dgos pa'i nges pa med pas skabs su gang bab de'i phrin las nas brtsams bskang bshags rnams sbyar bas don grub pa'ang shes par bya dgos so/__/bka' gter srung ma rgya mtsho sgrub pa'i thabs/_/rdo rje'i gsung gi phreng ba dpag yas na/_/col chung byis pa'i ngag gi tshig phreng tshogs/_/ngal nas dang du len la dgos pa ci/_/'on kyang grub pa chen po'i zab gter gyi/_/cha shas re yang ngo mtshar rmad byung zhing*/_/snyigs dus bstan 'gro'i btsas su che snyam nas/_/rdo rje'i rig 'dzin mched kyi bka' bzhin sgrub/_/de las byung ba'i rnam dkar legs byas sprin/_/yongs bsngos mkha' la bris pas dus mthar yang*/_/rig 'dzin rtsal 'chang gsum gyi ring lugs kyis/_/bstan dang 'gro phan dbugs 'byin rgyur gyur cig_/ces zab gsang 'di nyid kyi bdag por gdod nas grub pa o rgyan sangs rgyas gnyis pa'i rdo rje'i lung gis che thang du bsngags pa nges gsang bstan pa'i shing rta rgyal dbang karma pa chen po rang byung khyab bdag rig pa'i rdo rje'i chos skyong dgongs 'dus bka' rgya can gyi dpe lung gi rgyun mi nyams pa'i rten 'brel dang dgos pa yod pas 'di lta bu zhig khyod kyi bri bar 'os zhes ched du rdo rje'i bka'i bskul ma gnang ba bzhin chos skyong dgongs 'dus rtsa ba'i phrin las tsam bris zin skabs/_gter chen mchog sprul 'jam dbyangs smra ba'i zla bas bkra shis pa'i rdzas rten dang bcas pas mchog gter srung ma'i gsol mchod dngos grub rgya mtsho nyid ha cang rgyas che bas dus dang rgyun par lcogs dka' bar 'dug pas mchog gter srung ma'i gsol bskang don bsdus gnad tshang zhig bris zhes bka' nan yang yang bstsal ba rjes su sgrub slad pho rgyud/_mo rgyud/_nor lha gter bdag gi gsol phrin gsum bsnan te/_'phags yul dbus 'gyur badz+ra A sa na'i ke'u tshang nas dbu brtsams te/_rdo rje gling gsang sngags 'byung ba'i gnas kyi mtshan nyid yongs su rdzogs pa'i gnam lcags ri bo'i rtser dkyus gcig tu spel ba po zab gsang shing rta'i srol 'byed rnams kyis rjes su bzung zhing byin gyis brlabs pas tshul 'di smra ba'i skal bzang gi spobs pa cung zad dge ba pad+ma gar dbang bde chen 'od gsal mdo sngags gling pa'am 'jigs med mkhyen brtse'i 'od zer phrin las drag po rol pa rtsal du 'bod pa'i rgyal khams pas bris pa'i yi ge gnyis par spel ba po reb kong phur thogs stong dang dgu brgya'i sngags gral dad mos rnal 'byor spyod pa skal bzang nus ldan rdo rje rtsal gyis bgyis pa 'dis kyang nges gsang bstan pa'i snying po gter chen chos kyi rgyal po rnam gsum gyi ring lugs dri ma med pa phyogs dus gnas skabs kun tu dar zhing rgyas la yun ring du gnas pa'i rgyur gyur cig_/shrI bi dza yan+tu//_//

Footnotes

Other Information