JKCL-KABUM-02-KHA-017: Difference between revisions
No edit summary |
No edit summary |
||
Line 32: | Line 32: | ||
<h1 style="font-size: 24px !important;">Tibetan Text</h1> | <h1 style="font-size: 24px !important;">Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP|རྗེ་བཙུན་འཇམ་དཔལ་དབྱངས་ལ་བསྟོད་པ་འཇམ་མགོན་དགྱེས་པའི་ཏམྦུ་ར་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་མཉྫུ་ཤྲཱི་ཡེ། གང་ཡང་ཕྱོགས་བཅུའི་འཇིག་རྟེན་ཁམས་ཀྱི་རྒྱལ་བ་རྒྱ་མཚོའི་ཚོགས་རྣམས་ཀྱི། །ཉིན་བཞིན་བསྔགས་པའི་པདྨ་དཀར་པོ་གང་གི་དབུ་ལ་རབ་མཛེས་པ། །འཇམ་པའི་དཔལ་ཞེས་རྒྱལ་སྲས་ཐུ་བོ་དེ་བཞིན་གཤེགས་པའི་མཁྱེན་རབ་བདག །དེ་ཡི་ཞབས་ཀྱི་པདྨའི་གདན་ལ་མགོ་བོས་རབ་ཏུ་བཏུད་བྱས་ནས། ༡། དད་གསུམ་གུས་པའི་ཡིད་ཀྱི་པདྨོ་མོས་གུས་བུང་བས་འབྱེད་པ་ལས། །སྙན་ངག་སྦྲང་རྩིའི་ཟེགས་མ་འདི་ཉིད་པདྨ་རཱ་གའི་མཆུ་སྒྲོས་ཀྱི། །རྩེ་མོར་བཟུང་ནས་མགོན་པོ་ལྷ་གཅིག་དེ་ཡི་སྤྱན་སྔར་གུས་པས་མཆོད། །དེ་ཡི་མཐུ་ལས་སླར་ཡང་བསྔགས་པའི་དྲི་བསུང་མངར་པོ་ཕྱོགས་བརྒྱར་སྤྲོ། ༢། རྒྱལ་བའི་ཡབ་གཅིག་བཟོད་ནས་རབ་ཞི་སྐྱེ་མེད་སྤྲོས་བྲལ་ཆོས་དབྱིངས་མཁར། །འགགས་མེད་སྙིང་རྗེའི་སྤྲིན་དཀར་འཛུམ་པས་མཁྱེན་དང་བརྩེ་བའི་གྲུ་ཆར་འབེབས། །གང་ཡང་མི་གནས་སྤྲུལ་པའི་རོལ་གར་སྨྲ་བའི་སེངྒེ་མཚུངས་པ་མེད། །འཁོར་བའི་རྒྱ་མཚོའི་ཕ་མཐར་རབ་སོན་ཡེ་ཤེས་ཆེན་པོའི་ཅོད་པཎ་འཆང་། ༣། སྔོན་ཚེ་ཐུགས་བསྐྱེད་དམ་བཅའ་རབ་བརླིང་འབྲུག་སྒྲའི་དབྱངས་སོགས་བདེ་བར་གཤེགས། །གངྒཱའི་བྱེ་སྙེད་མཉེས་པར་བྱས་ཤིང་རྫོགས་སྨིན་སྦྱངས་པ་མཐར་སོན་པས། །སྤངས་རྟོགས་མཐར་ཕྱིན་དོན་གཉིས་ལྷུན་གྲུབ་བཅོམ་ལྡན་འཇམ་པའི་རྡོ་རྗེ་ནི། །དེ་བཞིན་གཤེགས་དང་སྤྱོད་ཡུལ་རོ་མཉམ་དགོངས་ཟབ་རྒྱ་མཚོ་གཅིག་ཏུ་འདྲེས། ༤། ཀུན་ནས་མཛེས་པའི་གཙུག་ཏོར་རབ་མཛེས་གཟི་བརྗིད་ཕྲེང་བས་ཀུན་ནས་མཛེས། །ཤེས་རབ་རལ་གྲིའི་མཚོན་སྔོན་འབར་ལ་ཡེ་ཤེས་མེ་ཡི་ཞུགས་འཕྲོ་བས། །ཀུན་རྨོངས་གཉིས་འཐུང་མུན་པ་རབ་འཇོམས་བདག་ལྟའི་མགོ་བོ་དྲུངས་ནས་འབྱིན། །ངེས་དོན་གསུང་རབ་གླེག་བམ་རབ་མཛེས་ཆོས་ཀྱི་ཕུང་པོ་ཆེན་པོའོ། ༥། ཡན་ལག་དྲུག་ཅུའི་གསུང་དབྱངས་འབྲུག་སྒྲས་གཏི་མུག་གཉིད་ལས་སྐྲོག་པར་མཛད། །གང་གང་དེ་ལ་དེར་དེར་སྣང་བས་འགྲོ་དོན་མཐའ་ཡས་སྒྲུབ་པ་ལ། །མིག་འཛུམ་ཙམ་གྱི་ཡུན་དེ་ལའང་བསྐལ་མང་བྱེ་བ་རང་རྫོགས་པ། །ཁྱོད་འདྲའི་རྒྱལ་སྲས་ཕྲིན་ལས་བརླབ་ཆེན་སེམས་དཔའ་གཞན་མཆོག་སུ་ལའང་མེད། ༦། ཐབས་ལ་མཁས་པའི་ཐུགས་རྗེས་སྒོ་ལ་རབ་མཆོག་རྣམས་ཀྱང་ཁེངས་པ་བསྐྱུངས། །པད་དཀར་འཆང་དང་ལག་ན་རྡོ་རྗེ་ཐུགས་ནི་ཞུམ་པ་ལྟར་གྱུར་པས། །ཡོན་ཏན་དཔག་ཡས་གཞན་གྱི་ཟླ་མེད་ས་བཅུའི་དབང་ཕྱུག་མགོན་པོ་ཆེ། །དཔལ་གྱི་འབྱུང་གནས་འོད་བཟང་འབར་བ་རྒྱལ་ཀུན་མཁྱེན་རབ་དཔལ་བེའུར་འཁྱིལ། ༧། སྐྱེ་འཆིའི་འཇིག་བྲལ་བསྒྲེས་རྒུད་གཞོམ་མེད་བཅུ་དྲུག་རྒྱས་པའི་སྐུ་དཀྱིལ་ལ། །མཚན་དཔེས་རབ་བརྒྱན་ལོངས་སྤྱོད་ཡོངས་རྫོགས་དར་དང་རིན་ཆེན་རྒྱན་གྱིས་བརྒྱན། །གཞོན་ནུ་ཟུར་ཕུད་ཚོམ་བུ་ལྔ་ལྡན་ཆུ་སྐྱེས་ཟླ་བའི་དཀྱིལ་འཁོར་སྟེང་། །སྐུ་དང་ཕྱག་གི་རྣམ་འགྱུར་མཐའ་ཡས་གསེར་དང་ཟླ་བ་བཻཌཱུའི་མདོག༨། བུང་བ་ལྟར་གནག་ཁ་དོག་མ་ངེས་སྒྱུ་མའི་རོལ་པ་སྟོན་པ་ལ། །འདི་ཞེས་མི་མཚོན་གཏིང་དཔག་དཀའ་ཞིང་མཚན་མའི་རྟོག་པ་ཉེ་བར་དབེན། །གཉིས་ཆོས་མཚན་བྲལ་བཞིན་ལག་སྒྱུ་མའི་ངོ་མཚར་ཡིད་འོང་ལྟ་ན་སྡུག །དྲན་པའི་མཁའ་དབྱིངས་འཆར་ཙམ་མོད་ལ་ཡེ་ཤེས་ཉི་མའི་སྣང་བ་སྦྱིན། ༩། རེས་འགའ་སྣ་ཚོགས་པདྨའི་ལྟེ་བར་ཚ་ཟེར་རྒྱས་པའི་གདན་གྱི་སྟེང་། །ཕྱོགས་བདག་ཞིང་སྐྱོངས་ལྷ་ཀླུ་འབྱུང་པོ་གཅལ་དུ་བཀྲམ་པའི་དབུས་སུ་ནི། །དྲག་པོ་ཆེན་པོ་མི་བཟད་དྲག་ཆེན་དུག་ཆེན་ཧ་ལའི་མདོག་འདྲ་བའི། །གཤིན་རྗེ་གཤེད་པོ་དྲག་པོ་ཆེ་ཡང་རེས་འགའ་ཟངས་བསྲེག་འཕྲོ་བའི་འོད། །དེ་བཞིན་སེར་ལ་ནག་པོའི་མདོངས་ཀྱི་ཁྲོ་བོ་ཆེན་པོ་དེ་རྣམས་ཀྱང་། །བདུད་ཀྱི་སྙིང་ཁྲག་ཞལ་དུ་རྔུབ་ཅིང་གཤིན་རྗེ་ཀུན་གྱི་རྒྱལ་པོ་ཆེ། །ཧ་ལ་ཧ་ལའི་གད་མོ་སྒྲོགས་ཤིང་གདོང་བརྒྱ་པ་དང་ལག་བརྒྱར་སྟོན། །རྔམས་པའི་མཚོན་ཆ་སྣ་ཚོགས་ཕྱག་བསྣམས་དུས་ཀྱི་དགྲ་སྟེ་ཁྲོ་བོ་རྗེ། ༡༡། ཁམས་གསུམ་མ་ལུས་སྐྲག་པར་བྱེད་ཅིང་དངོས་གྲུབ་ཀུན་གྱི་བདག་པོ་ཆེ། །ཡོན་ཏན་ཀུན་འབྱུང་འཇིགས་བྱེད་ཆེན་པོ་དེ་ཡི་སྐུ་ནི་མཐོང་བའི་མོད། །ཁྲོ་ཆེན་གཞན་རྣམས་ལག་ཆ་ལྷུངས་ཤིང་སྤྱན་ནི་རིད་རིད་གྱུར་བྱེད་ན། །བགེགས་རྣམས་མ་ལུས་ལྟ་ཅི་སྨོས་ཏེ་མཐུ་སྟོབས་སྲིད་ཞིའི་དཔལ་ཆེན་པོ། ༡༢། དེ་ལྟར་འཇམ་དབྱངས་ཞི་ཁྲོའི་རོལ་གར་རྒྱ་མཚོའི་རྡུལ་གྱིས་བགྲངས་གྱུར་ན། །དེ་ཡང་ཉུང་ཞིང་ཟད་པར་གྱུར་པའི་གསང་གསུམ་ནམ་མཁའི་མཐའ་མཉམ་པ། །དེ་དག་མ་ལུས་རྒྱལ་བའི་ལྗགས་ཀྱིས་བརྗོད་པར་དཀའ་ན་བདག་འདྲའི་ངལ་བས་ཅི་ཞིག་བྱེད། །དེ་ལྟ་ན་ཡང་དད་པའི་སེམས་ཀྱིས་ཉེ་བར་བླངས་ནས་ཅུང་ཟད་བསྟོད། །འདི་ནས་སྐྱེ་དང་སྐྱེ་བ་ཀུན་ཏུ་འཇམ་དབྱངས་བླ་མ་མགོན་དེ་ལ། །དད་པས་བསྙེན་པའི་དྭངས་པའི་ཆུ་གཏེར་སྲིད་པའི་ཉི་མས་སྐེམ་མི་ནུས། །ཚེ་འདིར་ཡང་ནི་མགོན་དེའི་ཐུགས་རྗེའི་ཟླ་བ་བདུད་རྩིའི་བྲན་པའི་མོད། །ལྷག་པར་འཕྱུར་བས་མཆོག་ཏུ་བསྟོད་པའི་རབ་བསྔགས་ཏམྦུ་ར་འདི་སྒྲེངས། ༡༤། བསྟོད་པའི་དབྱངས་འདི་ལགས་པར་འབུལ་བས་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཡི། །ཟག་མེད་དབང་པོ་དགྱེས་པར་མཉེས་ལས་ཐུགས་རྗེའི་འོད་ཟེར་ལྕགས་ཀྱུ་ཡིས། །བདག་གི་སྙིང་གའི་དབུས་སུ་ཐེབས་ན་ཐུགས་གསང་མཁྱེན་པའི་སྒོ་ཆེན་དེར། །མྱུར་དུ་འཛུད་ནས་གསང་གསུམ་ཡོན་ཏན་ཕྲིན་ལས་དབྱེར་མེད་འགྱུར་བར་ཤོག །བྱང་ཆུབ་རྡོ་རྗེ་བདག་འདྲ་དེ་བཞིན་སྐྱེ་རྒུ་ཀུན་ཀྱང་འདྲོངས་བ་དང་། །ཐམས་ཅད་ཐམས་ཅད་འཇམ་དཔལ་རབ་བརྙེས་ཀུན་ཏུ་བཟང་པོའི་སྨོན་ལམ་རྫོགས། །རླབས་ཆེན་ཕྲིན་ལས་རོལ་མོ་འབུམ་བརྒྱས་ས་གསུམ་ཀུན་ན་ཡོངས་སུ་ཁྱབ། །གསང་བ་འདུས་པ་འཇམ་པའི་རྡོ་རྗེས་དཀྱིལ་འཁོར་ཆེན་པོར་བྱང་ཆུབ་ཤོག །དེ་ལྟར་བསྟོད་པའི་ཚིག་ཕྲེང་འདི། །དོན་ལྡན་བྱིན་རླབས་གཟུང་སྤོབས་དང་། །བློ་གྲོས་སྒོ་བརྒྱ་འབྱེད་ནུས་པའི། །བདེན་ཚིག་མཉྫུ་ཤྲཱི་དེས་མཛོད། {{ | {{TibP|རྗེ་བཙུན་འཇམ་དཔལ་དབྱངས་ལ་བསྟོད་པ་འཇམ་མགོན་དགྱེས་པའི་ཏམྦུ་ར་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་མཉྫུ་ཤྲཱི་ཡེ། གང་ཡང་ཕྱོགས་བཅུའི་འཇིག་རྟེན་ཁམས་ཀྱི་རྒྱལ་བ་རྒྱ་མཚོའི་ཚོགས་རྣམས་ཀྱི། །ཉིན་བཞིན་བསྔགས་པའི་པདྨ་དཀར་པོ་གང་གི་དབུ་ལ་རབ་མཛེས་པ། །འཇམ་པའི་དཔལ་ཞེས་རྒྱལ་སྲས་ཐུ་བོ་དེ་བཞིན་གཤེགས་པའི་མཁྱེན་རབ་བདག །དེ་ཡི་ཞབས་ཀྱི་པདྨའི་གདན་ལ་མགོ་བོས་རབ་ཏུ་བཏུད་བྱས་ནས། ༡། དད་གསུམ་གུས་པའི་ཡིད་ཀྱི་པདྨོ་མོས་གུས་བུང་བས་འབྱེད་པ་ལས། །སྙན་ངག་སྦྲང་རྩིའི་ཟེགས་མ་འདི་ཉིད་པདྨ་རཱ་གའི་མཆུ་སྒྲོས་ཀྱི། །རྩེ་མོར་བཟུང་ནས་མགོན་པོ་ལྷ་གཅིག་དེ་ཡི་སྤྱན་སྔར་གུས་པས་མཆོད། །དེ་ཡི་མཐུ་ལས་སླར་ཡང་བསྔགས་པའི་དྲི་བསུང་མངར་པོ་ཕྱོགས་བརྒྱར་སྤྲོ། ༢། རྒྱལ་བའི་ཡབ་གཅིག་བཟོད་ནས་རབ་ཞི་སྐྱེ་མེད་སྤྲོས་བྲལ་ཆོས་དབྱིངས་མཁར། །འགགས་མེད་སྙིང་རྗེའི་སྤྲིན་དཀར་འཛུམ་པས་མཁྱེན་དང་བརྩེ་བའི་གྲུ་ཆར་འབེབས། །གང་ཡང་མི་གནས་སྤྲུལ་པའི་རོལ་གར་སྨྲ་བའི་སེངྒེ་མཚུངས་པ་མེད། །འཁོར་བའི་རྒྱ་མཚོའི་ཕ་མཐར་རབ་སོན་ཡེ་ཤེས་ཆེན་པོའི་ཅོད་པཎ་འཆང་། ༣། སྔོན་ཚེ་ཐུགས་བསྐྱེད་དམ་བཅའ་རབ་བརླིང་འབྲུག་སྒྲའི་དབྱངས་སོགས་བདེ་བར་གཤེགས། །གངྒཱའི་བྱེ་སྙེད་མཉེས་པར་བྱས་ཤིང་རྫོགས་སྨིན་སྦྱངས་པ་མཐར་སོན་པས། །སྤངས་རྟོགས་མཐར་ཕྱིན་དོན་གཉིས་ལྷུན་གྲུབ་བཅོམ་ལྡན་འཇམ་པའི་རྡོ་རྗེ་ནི། །དེ་བཞིན་གཤེགས་དང་སྤྱོད་ཡུལ་རོ་མཉམ་དགོངས་ཟབ་རྒྱ་མཚོ་གཅིག་ཏུ་འདྲེས། ༤། ཀུན་ནས་མཛེས་པའི་གཙུག་ཏོར་རབ་མཛེས་གཟི་བརྗིད་ཕྲེང་བས་ཀུན་ནས་མཛེས། །ཤེས་རབ་རལ་གྲིའི་མཚོན་སྔོན་འབར་ལ་ཡེ་ཤེས་མེ་ཡི་ཞུགས་འཕྲོ་བས། །ཀུན་རྨོངས་གཉིས་འཐུང་མུན་པ་རབ་འཇོམས་བདག་ལྟའི་མགོ་བོ་དྲུངས་ནས་འབྱིན། །ངེས་དོན་གསུང་རབ་གླེག་བམ་རབ་མཛེས་ཆོས་ཀྱི་ཕུང་པོ་ཆེན་པོའོ། ༥། ཡན་ལག་དྲུག་ཅུའི་གསུང་དབྱངས་འབྲུག་སྒྲས་གཏི་མུག་གཉིད་ལས་སྐྲོག་པར་མཛད། །གང་གང་དེ་ལ་དེར་དེར་སྣང་བས་འགྲོ་དོན་མཐའ་ཡས་སྒྲུབ་པ་ལ། །མིག་འཛུམ་ཙམ་གྱི་ཡུན་དེ་ལའང་བསྐལ་མང་བྱེ་བ་རང་རྫོགས་པ། །ཁྱོད་འདྲའི་རྒྱལ་སྲས་ཕྲིན་ལས་བརླབ་ཆེན་སེམས་དཔའ་གཞན་མཆོག་སུ་ལའང་མེད། ༦། ཐབས་ལ་མཁས་པའི་ཐུགས་རྗེས་སྒོ་ལ་རབ་མཆོག་རྣམས་ཀྱང་ཁེངས་པ་བསྐྱུངས། །པད་དཀར་འཆང་དང་ལག་ན་རྡོ་རྗེ་ཐུགས་ནི་ཞུམ་པ་ལྟར་གྱུར་པས། །ཡོན་ཏན་དཔག་ཡས་གཞན་གྱི་ཟླ་མེད་ས་བཅུའི་དབང་ཕྱུག་མགོན་པོ་ཆེ། །དཔལ་གྱི་འབྱུང་གནས་འོད་བཟང་འབར་བ་རྒྱལ་ཀུན་མཁྱེན་རབ་དཔལ་བེའུར་འཁྱིལ། ༧། སྐྱེ་འཆིའི་འཇིག་བྲལ་བསྒྲེས་རྒུད་གཞོམ་མེད་བཅུ་དྲུག་རྒྱས་པའི་སྐུ་དཀྱིལ་ལ། །མཚན་དཔེས་རབ་བརྒྱན་ལོངས་སྤྱོད་ཡོངས་རྫོགས་དར་དང་རིན་ཆེན་རྒྱན་གྱིས་བརྒྱན། །གཞོན་ནུ་ཟུར་ཕུད་ཚོམ་བུ་ལྔ་ལྡན་ཆུ་སྐྱེས་ཟླ་བའི་དཀྱིལ་འཁོར་སྟེང་། །སྐུ་དང་ཕྱག་གི་རྣམ་འགྱུར་མཐའ་ཡས་གསེར་དང་ཟླ་བ་བཻཌཱུའི་མདོག༨། བུང་བ་ལྟར་གནག་ཁ་དོག་མ་ངེས་སྒྱུ་མའི་རོལ་པ་སྟོན་པ་ལ། །འདི་ཞེས་མི་མཚོན་གཏིང་དཔག་དཀའ་ཞིང་མཚན་མའི་རྟོག་པ་ཉེ་བར་དབེན། །གཉིས་ཆོས་མཚན་བྲལ་བཞིན་ལག་སྒྱུ་མའི་ངོ་མཚར་ཡིད་འོང་ལྟ་ན་སྡུག །དྲན་པའི་མཁའ་དབྱིངས་འཆར་ཙམ་མོད་ལ་ཡེ་ཤེས་ཉི་མའི་སྣང་བ་སྦྱིན། ༩། རེས་འགའ་སྣ་ཚོགས་པདྨའི་ལྟེ་བར་ཚ་ཟེར་རྒྱས་པའི་གདན་གྱི་སྟེང་། །ཕྱོགས་བདག་ཞིང་སྐྱོངས་ལྷ་ཀླུ་འབྱུང་པོ་གཅལ་དུ་བཀྲམ་པའི་དབུས་སུ་ནི། །དྲག་པོ་ཆེན་པོ་མི་བཟད་དྲག་ཆེན་དུག་ཆེན་ཧ་ལའི་མདོག་འདྲ་བའི། །གཤིན་རྗེ་གཤེད་པོ་དྲག་པོ་ཆེ་ཡང་རེས་འགའ་ཟངས་བསྲེག་འཕྲོ་བའི་འོད། །དེ་བཞིན་སེར་ལ་ནག་པོའི་མདོངས་ཀྱི་ཁྲོ་བོ་ཆེན་པོ་དེ་རྣམས་ཀྱང་། །བདུད་ཀྱི་སྙིང་ཁྲག་ཞལ་དུ་རྔུབ་ཅིང་གཤིན་རྗེ་ཀུན་གྱི་རྒྱལ་པོ་ཆེ། །ཧ་ལ་ཧ་ལའི་གད་མོ་སྒྲོགས་ཤིང་གདོང་བརྒྱ་པ་དང་ལག་བརྒྱར་སྟོན། །རྔམས་པའི་མཚོན་ཆ་སྣ་ཚོགས་ཕྱག་བསྣམས་དུས་ཀྱི་དགྲ་སྟེ་ཁྲོ་བོ་རྗེ། ༡༡། ཁམས་གསུམ་མ་ལུས་སྐྲག་པར་བྱེད་ཅིང་དངོས་གྲུབ་ཀུན་གྱི་བདག་པོ་ཆེ། །ཡོན་ཏན་ཀུན་འབྱུང་འཇིགས་བྱེད་ཆེན་པོ་དེ་ཡི་སྐུ་ནི་མཐོང་བའི་མོད། །ཁྲོ་ཆེན་གཞན་རྣམས་ལག་ཆ་ལྷུངས་ཤིང་སྤྱན་ནི་རིད་རིད་གྱུར་བྱེད་ན། །བགེགས་རྣམས་མ་ལུས་ལྟ་ཅི་སྨོས་ཏེ་མཐུ་སྟོབས་སྲིད་ཞིའི་དཔལ་ཆེན་པོ། ༡༢། དེ་ལྟར་འཇམ་དབྱངས་ཞི་ཁྲོའི་རོལ་གར་རྒྱ་མཚོའི་རྡུལ་གྱིས་བགྲངས་གྱུར་ན། །དེ་ཡང་ཉུང་ཞིང་ཟད་པར་གྱུར་པའི་གསང་གསུམ་ནམ་མཁའི་མཐའ་མཉམ་པ། །དེ་དག་མ་ལུས་རྒྱལ་བའི་ལྗགས་ཀྱིས་བརྗོད་པར་དཀའ་ན་བདག་འདྲའི་ངལ་བས་ཅི་ཞིག་བྱེད། །དེ་ལྟ་ན་ཡང་དད་པའི་སེམས་ཀྱིས་ཉེ་བར་བླངས་ནས་ཅུང་ཟད་བསྟོད། །འདི་ནས་སྐྱེ་དང་སྐྱེ་བ་ཀུན་ཏུ་འཇམ་དབྱངས་བླ་མ་མགོན་དེ་ལ། །དད་པས་བསྙེན་པའི་དྭངས་པའི་ཆུ་གཏེར་སྲིད་པའི་ཉི་མས་སྐེམ་མི་ནུས། །ཚེ་འདིར་ཡང་ནི་མགོན་དེའི་ཐུགས་རྗེའི་ཟླ་བ་བདུད་རྩིའི་བྲན་པའི་མོད། །ལྷག་པར་འཕྱུར་བས་མཆོག་ཏུ་བསྟོད་པའི་རབ་བསྔགས་ཏམྦུ་ར་འདི་སྒྲེངས། ༡༤། བསྟོད་པའི་དབྱངས་འདི་ལགས་པར་འབུལ་བས་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཡི། །ཟག་མེད་དབང་པོ་དགྱེས་པར་མཉེས་ལས་ཐུགས་རྗེའི་འོད་ཟེར་ལྕགས་ཀྱུ་ཡིས། །བདག་གི་སྙིང་གའི་དབུས་སུ་ཐེབས་ན་ཐུགས་གསང་མཁྱེན་པའི་སྒོ་ཆེན་དེར། །མྱུར་དུ་འཛུད་ནས་གསང་གསུམ་ཡོན་ཏན་ཕྲིན་ལས་དབྱེར་མེད་འགྱུར་བར་ཤོག །བྱང་ཆུབ་རྡོ་རྗེ་བདག་འདྲ་དེ་བཞིན་སྐྱེ་རྒུ་ཀུན་ཀྱང་འདྲོངས་བ་དང་། །ཐམས་ཅད་ཐམས་ཅད་འཇམ་དཔལ་རབ་བརྙེས་ཀུན་ཏུ་བཟང་པོའི་སྨོན་ལམ་རྫོགས། །རླབས་ཆེན་ཕྲིན་ལས་རོལ་མོ་འབུམ་བརྒྱས་ས་གསུམ་ཀུན་ན་ཡོངས་སུ་ཁྱབ། །གསང་བ་འདུས་པ་འཇམ་པའི་རྡོ་རྗེས་དཀྱིལ་འཁོར་ཆེན་པོར་བྱང་ཆུབ་ཤོག །དེ་ལྟར་བསྟོད་པའི་ཚིག་ཕྲེང་འདི། །དོན་ལྡན་བྱིན་རླབས་གཟུང་སྤོབས་དང་། །བློ་གྲོས་སྒོ་བརྒྱ་འབྱེད་ནུས་པའི། །བདེན་ཚིག་མཉྫུ་ཤྲཱི་དེས་མཛོད། {{TibChung|།ཅེས་མགོན་པོ་འཇམ་དཔལ་ལ་བསྟོད་པ་འདི་ཡང་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་ཆུ་བྱ་ཟླ་༧ཚེས་༥ལ་རྨི་ལམ་དུ་འཇམ་དཔལ་ལ་བསྟོད་པ་ཚིག་རིང་ཞིག་དྲུམ་གདན་སེར་ཁྲའི་ངོས་ལ་འབྲི་བ་ཞིག་བྱུང་བས་ཀཿཐོག་རྡོ་རྗེ་གདན་གྱི་རྒྱུད་སྡེ་ལྷ་ཁང་གི་གཟིམ་སྐྱིལ་མི་ཕམ་འཇམ་དབྱངས་ངོ་མཚར་རྒྱན་གྱིས་བཀོད་པའི་དགའ་ཚལ་དུ་གསོལ་བ་བཏབ་པ་འཇམ་དབྱངས་བླ་མས་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒ་ལཾ། ། །།}} }} | ||
</onlyinclude> | </onlyinclude> | ||
{{TsagliCall}} | {{TsagliCall}} |
Revision as of 13:22, 31 January 2022
Wylie title | rje btsun 'jam dpal dbyangs la bstod pa 'jam mgon dgyes pa'i tam+bu ra | |
---|---|---|
Location | chos kyi blo gros bka' 'bum Volume 2, Text 17, Pages 377-381 (Folios 1a1 to 3a5) | |
Author | འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ | |
Less details More details | ||
Citation | 'jam dbyangs mkhyen brtse chos kyi blo gros. rje btsun 'jam dpal dbyangs la bstod pa 'jam mgon dgyes pa'i tam+bu ra. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 2: 377-381. Bir, H.P.: Khyentse Labrang, 2012. | |
Genre | Verses of Praise - bstod pa | |
Deity | 'jam dpal dbyangs | |
Colophon |
།ཅེས་མགོན་པོ་འཇམ་དཔལ་ལ་བསྟོད་པ་འདི་ཡང་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་ཆུ་བྱ་ཟླ་༧ཚེས་༥ལ་རྨི་ལམ་དུ་འཇམ་དཔལ་ལ་བསྟོད་པ་ཚིག་རིང་ཞིག་དྲུམ་གདན་སེར་ཁྲའི་ངོས་ལ་འབྲི་བ་ཞིག་བྱུང་བས་ཀཿཐོག་རྡོ་རྗེ་གདན་གྱི་རྒྱུད་སྡེ་ལྷ་ཁང་གི་གཟིམ་སྐྱིལ་མི་ཕམ་འཇམ་དབྱངས་ངོ་མཚར་རྒྱན་གྱིས་བཀོད་པའི་དགའ་ཚལ་དུ་གསོལ་བ་བཏབ་པ་འཇམ་དབྱངས་བླ་མས་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒ་ལཾ། ། | |
ces mgon po 'jam dpal la bstod pa 'di yang 'jam dbyangs chos kyi blo gros pas chu bya zla 7tshes 5la rmi lam du 'jam dpal la bstod pa tshig ring zhig drum gdan ser khra'i ngos la 'bri ba zhig byung bas kaHthog rdo rje gdan gyi rgyud sde lha khang gi gzim skyil mi pham 'jam dbyangs ngo mtshar rgyan gyis bkod pa'i dga' tshal du gsol ba btab pa 'jam dbyangs bla mas rjes su 'dzin pa'i rgyur gyur cig__/sarba dA mang+ga laM/ |
1 Texts in this Section (sde tshan or chos tshan)
377-381
|
རྗེ་བཙུན་འཇམ་དཔལ་དབྱངས་ལ་བསྟོད་པ་འཇམ་མགོན་དགྱེས་པའི་ཏམྦུ་ར། rje btsun 'jam dpal dbyangs la bstod pa 'jam mgon dgyes pa'i tam+bu ra
|
Text page View PDF |
[[|འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ()]] |