JKW-KABAB-18-TSHA-048: Difference between revisions

From Khyentse Lineage - A Tsadra Foundation Project
No edit summary
m (Text replacement - "Khyentse Metadata" to "Text")
 
(5 intermediate revisions by one other user not shown)
Line 1: Line 1:
{{Khyentse Metadata
{{Text
|classification=Tibetan Publications
|classification=Tibetan Publications
|subclass=Tibetan Texts
|subclass=Tibetan Texts
|citation=[['jam dbyangs mkhyen brtse'i dbang po]]. '' ''. In ''Rdzong sar 'jam dbyangs mkhyen brtse'i dbang po'i bka' babs'', Vol. 18: 1-. Dkar mdzes bod rigs rang skyong khul sde dge rdzong: Rdzong sar khams bye'i slob gling, 2013.
|sectionheading=No
|fulltitletib=རྡོ་རྗེ་སེམས་དཔའ་ལ་བརྟེན་པའི་བླ་མ་མཆོད་པའི་ཆོ་ག་བདེ་ཆེན་ལམ་བཟང་གི་བསྙེན་སྒྲུབ་བྱ་ཚུལ་བདེ་ཆེན་ཤིང་རྟ།
|fulltitle=rdo rje sems dpa' la brten pa'i bla ma mchod pa'i cho ga bde chen lam bzang gi bsnyen sgrub bya tshul bde chen shing rta
|citation=[[Khyentse, Dilgo]]. ''rdo rje sems dpa' la brten pa'i bla ma mchod pa'i cho ga bde chen lam bzang gi bsnyen sgrub bya tshul bde chen shing rta''. In ''Rdzong sar 'jam dbyangs mkhyen brtse'i dbang po'i bka' babs'', Vol. 18: 437-457. Dkar mdzes bod rigs rang skyong khul sde dge rdzong: Rdzong sar khams bye'i slob gling, 2013.
|collectiontitletib=མཁྱེན་བརྩེའི་བཀའ་བབས་
|collectiontitle=mkhyen brtse'i bka' babs
|collectiontitle=mkhyen brtse'i bka' babs
|collectiontitletib=མཁྱེན་བརྩེའི་བཀའ་བབས་
|author=Khyentse, Dilgo
|sourcerevealer='jam dbyangs mkhyen brtse'i dbang po
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
|editor=rdzong sar blo gros phun tshogs
|sourcerevealer='jigs med gling pa
|sourcerevealertib=འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
|sourcerevealertib=འཇིགས་མེད་གླིང་པ་
|editortib=རྫོང་སར་བློ་གྲོས་ཕུན་ཚོགས་
|sourceauthor='jam dbyangs mkhyen brtse'i dbang po
|tibgenre=Revelations - gter ma
|sourceauthortib=འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
|tibgenre=Guru Offering Texts- bla ma mchod pa, Guru Yoga Texts - bla ma'i rnal 'byor, Recitation Manual - bsnyen yig
|terma=Yes
|terma=Yes
|transmissiontype=dag snang - Pure Vision
|deity=rdo rje sems dpa'
|cycle=klong chen snying gi thig le
|cycletib=ཀློང་ཆེན་སྙིང་གི་ཐིག་ལེ་
|language=Tibetan
|language=Tibetan
|volumenumber=TSHA
|volumenumber=018
|volnumtib=༡༨
|volyigtib=ཚ་
|totalvolumes=22
|totalvolumes=22
|textnuminvol=048
|textnuminvol=048
|pagenumbers=437-457
|totalpages=21
|beginfolioline=1a
|endfolioline=11a4
|totalfolios=11
|multivolumework=No
|multivolumework=No
|versonotes=mkhyen brtse'i bka' babs
|versonotes=mkhyen brtse'i bka' babs
|colophontib=།ཅེས་རང་ཉིད་ཀྱང་ལམ་འདིར་བསྙེན་སྒྲུབ་ཡང་ཡང་བགྱིས་པའི་དད་མོས་ཀྱི་འབྲི་བར་སེམས་པའི་སྟེང༌།  ལྷོ་འབྲུག་ཆོས་རྩེའི་བླ་མ་མཁྱེན་ཡོན་རྨད་བྱུང་ངག་དབང་ཡོན་ཏན་རྒྱ་མཚོ་དང༌།  བུམ་ཐང་ཉི་ལུང་བཤད་སྒྲུབ་དར་རྒྱས་ཆོས་གླིང་གི་བྱང་འདྲེན་འཇམ་དབྱངས་བརྩོན་འགྲུས་ཟུང་ནས་བསྙེན་སྒྲུབ་ཀྱི་ཆེད་བསྐུལ་བ་བཞིན།  འཇིགས་མེད་མཁྱེན་བརྩེ་འོད་ཟེར་རྡོ་རྗེ་ཐུགས་མཆོག་རྩལ་གྱིས་ལྷོ་འབྲུག་སྤ་གྲོ་སྐྱེར་ཆུ་དང་འདབས་འབྱོར་བའི་བསམ་གཏན་གྱི་སྤྱིལ་བུ་ཕུན་ཚོགས་བཀྲ་ཤིས་དགའ་འཁྱིལ་ནས་བྲིས་པ་འགྲོ་ཀུན་བླ་མ་རྡོ་རྗེ་སེམས་དཔའི་གསང་གསུམ་རྒྱན་གྱི་འཁོར་ལོར་ཅི་དགར་རྩེན་པའི་རྒྱུར་གྱུར་ཅིག  །སརྦ་དཱ་ལྱཱ་ཎཾ་བྷ་ཝ་ཏུ།།
|colophonwylie=ces rang nyid kyang lam 'dir bsnyen sgrub yang yang bgyis pa'i dad mos kyi 'bri bar sems pa'i steng/__lho 'brug chos rtse'i bla ma mkhyen yon rmad byung ngag dbang yon tan rgya mtsho dang/__bum thang nyi lung bshad sgrub dar rgyas chos gling gi byang 'dren 'jam dbyangs brtson 'grus zung nas bsnyen sgrub kyi ched bskul ba bzhin/__'jigs med mkhyen brtse 'od zer rdo rje thugs mchog rtsal gyis lho 'brug spa gro skyer chu dang 'dabs 'byor ba'i bsam gtan gyi spyil bu phun tshogs bkra shis dga' 'khyil nas bris pa 'gro kun bla ma rdo rje sems dpa'i gsang gsum rgyan gyi 'khor lor ci dgar rtsen pa'i rgyur gyur cig__/sarba dA l+yA NaM b+ha wa tu//
|recensionlink=DKR-KABUM-13-PA-020
|pdflink=File:JKW-KABAB-18-TSHA-048.pdf
|pdflink=File:JKW-KABAB-18-TSHA-048.pdf
}}
}}

Latest revision as of 15:47, 1 June 2024

Wylie title rdo rje sems dpa' la brten pa'i bla ma mchod pa'i cho ga bde chen lam bzang gi bsnyen sgrub bya tshul bde chen shing rta JKW-KABAB-18-TSHA-048.pdf
Location mkhyen brtse'i bka' babs
Volume 18, Text 48, Pages 437-457 (Folios 1a to 11a4)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Tertön འཇིགས་མེད་གླིང་པ་ ('jigs med gling pa)
Source Author(s) འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ ('jam dbyangs mkhyen brtse'i dbang po)
Citation Khyentse, Dilgo. rdo rje sems dpa' la brten pa'i bla ma mchod pa'i cho ga bde chen lam bzang gi bsnyen sgrub bya tshul bde chen shing rta. In Rdzong sar 'jam dbyangs mkhyen brtse'i dbang po'i bka' babs, Vol. 18: 437-457. Dkar mdzes bod rigs rang skyong khul sde dge rdzong: Rdzong sar khams bye'i slob gling, 2013.
Genre Guru Offering Texts- bla ma mchod pa  ·  Guru Yoga Texts - bla ma'i rnal 'byor  ·  Recitation Manual - bsnyen yig
Cycle ཀློང་ཆེན་སྙིང་གི་ཐིག་ལེ་ (klong chen snying gi thig le)
Deity rdo rje sems dpa'
Karchag page JKW-KABAB-Volume-18-TSHA-Karchag
Recension Link Other Versions on this site: རྡོ་རྗེ་སེམས་དཔའ་ལ་བརྟེན་པའི་བླ་མ་མཆོད་པའི་ཆོ་ག་བདེ་ཆེན་ལམ་བཟང་གི་བསྙེན་སྒྲུབ་བྱ་ཚུལ་བདེ་ཆེན་ཤིང་རྟ།
Colophon

།ཅེས་རང་ཉིད་ཀྱང་ལམ་འདིར་བསྙེན་སྒྲུབ་ཡང་ཡང་བགྱིས་པའི་དད་མོས་ཀྱི་འབྲི་བར་སེམས་པའི་སྟེང༌། ལྷོ་འབྲུག་ཆོས་རྩེའི་བླ་མ་མཁྱེན་ཡོན་རྨད་བྱུང་ངག་དབང་ཡོན་ཏན་རྒྱ་མཚོ་དང༌། བུམ་ཐང་ཉི་ལུང་བཤད་སྒྲུབ་དར་རྒྱས་ཆོས་གླིང་གི་བྱང་འདྲེན་འཇམ་དབྱངས་བརྩོན་འགྲུས་ཟུང་ནས་བསྙེན་སྒྲུབ་ཀྱི་ཆེད་བསྐུལ་བ་བཞིན། འཇིགས་མེད་མཁྱེན་བརྩེ་འོད་ཟེར་རྡོ་རྗེ་ཐུགས་མཆོག་རྩལ་གྱིས་ལྷོ་འབྲུག་སྤ་གྲོ་སྐྱེར་ཆུ་དང་འདབས་འབྱོར་བའི་བསམ་གཏན་གྱི་སྤྱིལ་བུ་ཕུན་ཚོགས་བཀྲ་ཤིས་དགའ་འཁྱིལ་ནས་བྲིས་པ་འགྲོ་ཀུན་བླ་མ་རྡོ་རྗེ་སེམས་དཔའི་གསང་གསུམ་རྒྱན་གྱི་འཁོར་ལོར་ཅི་དགར་རྩེན་པའི་རྒྱུར་གྱུར་ཅིག །སརྦ་དཱ་ལྱཱ་ཎཾ་བྷ་ཝ་ཏུ།།

ces rang nyid kyang lam 'dir bsnyen sgrub yang yang bgyis pa'i dad mos kyi 'bri bar sems pa'i steng/__lho 'brug chos rtse'i bla ma mkhyen yon rmad byung ngag dbang yon tan rgya mtsho dang/__bum thang nyi lung bshad sgrub dar rgyas chos gling gi byang 'dren 'jam dbyangs brtson 'grus zung nas bsnyen sgrub kyi ched bskul ba bzhin/__'jigs med mkhyen brtse 'od zer rdo rje thugs mchog rtsal gyis lho 'brug spa gro skyer chu dang 'dabs 'byor ba'i bsam gtan gyi spyil bu phun tshogs bkra shis dga' 'khyil nas bris pa 'gro kun bla ma rdo rje sems dpa'i gsang gsum rgyan gyi 'khor lor ci dgar rtsen pa'i rgyur gyur cig__/sarba dA l+yA NaM b+ha wa tu//

[edit]
རྡོ་རྗེ་སེམས་དཔའ་ལ་བརྟེན་པའི་བླ་མ་མཆོད་པའི་ཆོ་ག་བདེ་ཆེན་ལམ་བཟང་གི་བསྙེན་སྒྲུབ་བྱ་ཚུལ་བདེ་ཆེན་ཤིང་རྟ་བཞུགས།། བདེ་སྟོང་སྒྱུ་འཕྲུལ་དྲྭ་བའི་མཚན་དང་སྐུའི། །དཀྱིལ་འཁོར་རྒྱ་མཚོར་ཁྱབ་པས་རིགས་ཀུན་བདག །བླ་མ་མཆོག་དང་དབྱེར་མེད་དེར་བཏུད་ནས། །དེ་ཡི་ཆོ་གའི་བསྙེན་སྒྲུབ་བྱ་ཚུལ་འཆད། །དེ་ཡང་ལྷག་པའི་ལྷ་རབ་འབྱམས་ཀྱི་སྤྲོ་བསྡུའི་བྱེད་པོ་དཔལ་ལྡན་བླ་མ་རྡོ་རྗེ་སེམས་དཔའ་ལ། བསྒྲུབ་བྱའི་ལྷའི་རིགས་ཀྱི་སྒོ་ནས་དབྱེ་ན། གསང་ཆེན་རིགས་གཅིག །སྐུ་གསུང་ཐུགས་ཀྱི་རིགས་གསུམ། དེ་ཉིད་རིགས་ལྔ། ཞི་ཁྲོ་རིགས་བརྒྱ། བསམ་ཡས་སྒྱུ་འཕྲུལ་དྲྭ་བ་སོགས་དཀྱིལ་འཁོར་དང་ཚོམ་བུ་གཙོ་རྐྱང་གི་རྒྱས་བསྡུས་དང༌། སྒྲུབ་བྱེད་ཀྱི་ཕྲིན་ལས་ལ། རྒྱུད་སྡེ་ཆེན་པོ་བཞི་དང་འབྲེལ་བའི་བཀའ་གཏེར་དག་སྣང་གསར་རྙིང་རིང་ལུགས་དུ་མ་ཞིག་བཞུགས་པ་ལས། འདི་ནི་དཔལ་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་རྩ་བའི་རྒྱུད་ལས། མཁའ་དཀྱིལ་དྭངས་པའི་དབྱིངས་ཉི་ཟླ། །ཡེ་ཤེས་རྒྱལ་པོ་སྟངས་དཔྱལ་སྒོམ། །རྒྱལ་བའི་དཀྱིལ་འཁོར་རབ་འབྱམས་ནི། །མ་ལུས་པ་ནི་བསྒོམ་པར་འགྱུར། །ཞེས་གསུངས་པ་ལྟར། དེ་ཐམས་ཅད་ཀྱི་འཕྲོ་གཞི་གསང་ཆེན་རིགས་གཅིག་ཏུ་སྒྲུབ་པ་ཞེས་ལྷག་པའི་ལྷ་གཅིག་སྒྲུབ་པས་དཀྱིལ་འཁོར་རབ་འབྱམས་འགྲུབ་པར་འགྱུར་བའི་མན་ངག་ཁྱད་པར་ཅན་ཏེ། ཀུན་མཁྱེན་བླ་མ་འཇིགས་མེད་གླིང་པའི་དགོངས་གཏེར་རྩ་བ་ལ། ཐམས་ཅད་མཁྱེན་གཟིགས་མཉྫུ་གྷོ་ཥས་མན་ངག་གི་ལམ་སྲོལ་རྒྱས་པར་ཕྱེས་པའི་ཆོས་བཀའ་སྟེ། དེ་ཡང་རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག་གི་ཐུན་མོང་མ་ཡིན་པའི་དགོངས་པ་ལྟར་བླ་མ་དང་ཡི་དམ་དབྱེར་མེད་དུ་བསྒྲུབས་པས། ལྷན་སྐྱེས་ནམ་མཁའ་ལྟ་བུའི་མཆོག་གི་དངོས་གྲུབ་གཙོ་བོར་གྱུར་པའི་ལས་ཐམས་ཅད་ཐོགས་མེད་དུ་གྲུབ་ཚུལ་བླ་ན་མེད་པ་འདིའི་བསྙེན་སྒྲུབ་ཇི་ལྟར་བྱ་བའི་ཚུལ་འཆད་པ་ལ། བསྙེན་སྒྲུབ་གཉིས་ལས། དང་པོ་ལ་སྦྱོར་བ་སྔོན་འགྲོའི་ཆོས་དང༌། དངོས་གཞི་ཉམས་ལེན་གཉིས་ལས། དང་པོ་ནི། གནས་ཁང་བྱི་དོར་བྱས་པས་གུང་དུ་རྡོར་སེམས་ཀྱི་སྐུ་བྲིས་འབུར་གང་རིགས་བཀྲམ་པའི་སྤྱན་སྔར་ལས་བྱང་དཀྱུས་སུ་གསལ་བའི་དཀྱིལ་འཁོར་དུ་མཆོད་རྫས་ཡོ་བྱད་རིགས་ཚོགས་པར་བྱས་ལ། ཡར་ངོ་བརྒྱད་སོགས་ཚེས་གྲངས་གཟའ་སྐར་དགེ་བའི་ཉིན། ཕྱི་ཐུན་ལ་བསྙེན་པའི་དབུ་འཛུགས་པས་ཐོག་མར་གནས་གཞིའི་བདག་པོར་དཀར་གཏོར་དང༌། ནག་ཕྱོགས་ལ་བགེགས་གཏོར་བཏང་རྗེས། སྒོ་དྲུང་དུ་རྒྱལ་ཐོ་འཛུགས་ལ་རྒྱལ་ཆེན་བཞིར་མཆོད་གཏོར་འབུལ་ཞིང་བར་ཆད་སྲུང་བའི་ཕྲིན་ལས་བཅོལ། སྒྲུབ་ཁང་གི་ཕྱོགས་བཞིར་རྒྱལ་ཆེན་བཞི་དང་དཔལ་མགོན་བདུན་ཅུའི་དམག་གི་སྲུང་བར་མོས་ལ། སྲུང་འཁོར་འདོན་སྒོམ་བྱ། སྔོན་འགྲོའི་གཏོར་མ་གཉིས་མཚམས་ལ་འཇུག་གྲོལ་གྱི་ཐོག་མཐའ་གཉིས་ལས་ཐུན་གཞན་རྣམས་ལ་མི་དགོས་པས། སྐྱབས་ཡུལ་རང་ལ་བསྡུས་ཟིན་པའི་རྗེས། དབྱིངས་ཀྱི་ངང་ལས་སོགས་སྲུང་འཁོར་ལ་འཇུག །གཉིས་པ་ལ་སྐུ་གསུང་ཐུགས་ཀྱི་རྣལ་འབྱོར་གསུམ་ལས། ཐོག་མར་སྐུ་བསྐྱེད་པ་ཕྱག་རྒྱའི་རྣལ་འབྱོར་ནི། སྤྱིར་བླ་མའི་རྣལ་འབྱོར་ལྟར་ཉམས་ལེན་གྱི་གཙོ་བོ་ཡིན་པས། ཕྱི་སྒྲུབ་བླ་མའི་རྣལ་འབྱོར་ཡིད་བཞིན་ནོར་བུའི་གཏེར་གཞུང་ལས། རྟག་པར་གང་དུ་འདུག་པའི་གནས་ཟངས་མདོག་དཔལ་རི་དངོས་ཡིན་སྙམ་པ་ལས་ཐ་མལ་དུ་མི་ལྟ། དེས་ཞིང་ཁམས་སྦྱོང་བ་ཡིན་ནོ། །ཞེས་གསུངས་པ་དང་མཐུན་པར་འདིར་ཡང༌། ཤཱུ་ནྱ་ཏའི་སྔགས་ཀྱིས། གཟུང་འཛིན་གྱི་རྟོག་པ་འཁྲུལ་པའི་རྒྱུ། ཡུལ་ལྔ་དབང་ལྔ་ཡིད་ཤེས་དང་བཅས་པ་འཁྲུལ་པའི་འབྲས་བུར་སྣང་བའི་མ་དག་པའི་དངོས་ཞེན་གྱི་སྣོད་བཅུད་རྒྱུད་གསུམ་གྱི་འཁྲུལ་སྣང་ཐམས་ཅད་འཇའ་ཚོན་ལྟར་དབྱིངས་སུ་ཡལ་ཏེ་རིག་སྟོང་རྗེན་པ་ཉམས་སུ་མྱོང་བའི་ཆོས་ཉིད་ཀྱི་རང་རྩལ། སྣོད་བཅུད་རང་བཞིན་རྣམ་དག་སྤྲུལ་པའི་ཞིང་གི་བྱེ་བྲག་ཤར་ཕྱོགས་མངོན་པར་དགའ་བའི་བཀོད་པའི་གསལ་སྣང་སྒྲུབ་པ་གལ་ཆེ་སྟེ། ཞིང་ཁམས་དེའི་བཀོད་པ་ནི་རིག་པ་རང་ཤར་ཆེན་པོའི་རྒྱུད་ལས། འདི་ནས་ཤར་ཕྱོགས་འཇིག་རྟེན་ཁམས་ན། ཞིང་ཁམས་མངོན་པར་དགའ་བ་ཞེས་བྱ་བ་ཡོད་དེ། སྤྲུལ་པའི་སྐུའི་ཞིང་ཁམས་དེ་ན། སྤྲུལ་པའི་སྐུ་རྡོ་རྗེ་སེམས་དཔའ་ཞེས་བྱ་བ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་བསྐུར་བ་དམ་པ་ཐོབ་པའི་གནས་དེ་ན་གཞལ་ཡས་ཁང་གི་ཡོན་ཏན་དཔག་ཏུ་མེད་པ་ཡོད་དེ། དེ་ཡང་འདི་ལྟ་སྟེ། རིན་པོ་ཆེ་ཤེལ་ལས་གྲུབ་པའི་ཁང་པ་སྒོ་བཞི་དང་ལྡན་པ། རིན་པོ་ཆེའི་རྟ་བབས་དང་ལྡན་པ། ས་གཞི་ཐམས་ཅད་རིན་པོ་ཆེ་ཤེལ་ལས་གྲུབ་པ། ཤིན་ཏུ་ཡིད་དུ་འོང་བ། བལྟ་ན་སྡུག་པ། ཐེམ་སྐས་དང༌། སྐར་ཁུང་དང་ལྡན་པ། སྒོ་བཞི་ན་སེང་སྐར་ཆེན་པོ་བཞི་ཡོད་པ། སེང་སྐར་ནས་ཉི་མ་འཆར་བ་རིན་པོ་ཆེ་ཤེལ་ལས་གྲུབ་པ་ལ་ཕོག་ནས་ནང་དུ་ཉིན་མོ་འོད་ལྔའི་སྣང་བ་ལྷུག་པར་འཆར་བའོ། །གཞལ་ཡས་ཁང་དེའི་ཕྱི་རོལ་ན། ཡན་ལག་བརྒྱད་དང་ལྡན་པའི་ཆུའི་འོབས་ཡོད་པ། དེ་ལ་ནད་ཀྱི་བཏབ་པ་རྣམས་ཀྱིས་འཐུང་བ་ན་ནད་འཚོ་བར་འགྱུར་ལ། དེའི་ཕྱི་ན་མཚེའུ་བརྒྱད་ཡོད་དེ། དེ་རྣམས་ཀྱི་ནང་ནའང་བྱ་སྐད་སྙན་པ་སྣ་ཚོགས་ཏེ། དེའང་འདི་ལྟ་སྟེ། བྱའི་རྒྱལ་པོ་ངང་པ་གསེར་ལྡན་དང༌། མཐིང་རིལ་དང༌། བྱ་ཀ་ལི་དང༌། ནེ་ཙོ་མི་སྐད་ཤེས་པ་དང༌། ཁུ་བྱུག་དང༌། ཤང་ཤང་ཏེའུ་དང༌། རི་སྐེག་དང༌། དེ་ལ་སོགས་ཏེ་བྱ་སྐད་སྙན་པའི་བྱ་རིགས་སྟོག་ཕྲག་བརྒྱད་ཅུ་དང༌། ཡིད་དུ་འོང་བའི་བྱ་འདི་ལྟ་སྟེ། ཀང་ཀ་རི་དང༌། སྦབ་དང༌། ཟེར་མོ་དང༌། ལྷའི་བྱ་དྲིལ་བུའི་སྐད་ཅན་དང༌། བྱ་ཀྲི་ཏི་པ་གསེར་གྱི་རྡོ་རྗེའི་གཟུགས་ལ་སོགས་ཏེ། གཡུའི་མདོག་ལྟར་སྔོ་བ་དང༌། དུང་གི་མདོག་ལྟར་དཀར་བ་དང༌། བྱི་རུའི་མདོག་ལྟར་དམར་བ་དང༌། ཨིནྡྲ་ནཱི་ལ་ལྟར་ལྗང་བ་ལ་སོགས་ཏེ། ཡིད་དུ་འོང་བ་དང༌། སྐད་སྙན་བསམ་གྱིས་མི་ཁྱབ་པ་ཡོད་དོ། །དེའི་ཕྱི་རོལ་ན་རིན་པོ་ཆེ་སྣ་བདུན་གྱི་ལྕགས་རི་ཡོད་དོ། །དེ་རྣམས་ཀྱི་དབུས་ན་རིན་པོ་ཆེ་སྣ་བདུན་ལས་བྱས་པའི་ཁྲི་ཆོས་འཆད་པའི་སྟན་དང་ལྡན་པ་ཡོད་དོ། །དེར་སྤྲུལ་པའི་སྐུ་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་དེ། སྲོད་ལ་འཁོར་རྣམས་ལ་རྒྱུའི་ཆོས་འཆད་དོ། །ནམ་ཕྱེད་ན་གསང་སྔགས་ཕྱིའི་ཆོས་འཆད་དོ། །ཐོ་རངས་ནང་གི་ཆོས་འཆད་དོ། །ཉི་མ་ཕྱེད་ན་རྫོགས་པ་ཆེན་པོ་འབྲས་བུ་བླ་ན་མེད་པའི་ཆོས་འཆད་དོ། །དེ་ཡང་ཞག་རེ་ནའང་ཆོས་ཐུན་བཞི་བཞི་འབྱུང་ངོ༌། །དེ་ན་གནས་པའི་བྱང་ཆུབ་སེམས་དཔའ་དེ་དག་ཀྱང་སྐྱེ་བ་གཅིག་གིས་ཐོག་པ་ཤ་སྟག་གོ །ལོ་ཡང་ལྔ་བརྒྱ་ལྔ་བཅུ་ཐུབ་བོ། །ཞིང་ཁམས་དེ་ན་ཟས་དང་སྐོམ་ཡང་ཡིད་ལ་དྲན་པ་ཙམ་གྱིས་ཚིམ་པ་ཡོད་དོ། །དེ་ན་ནད་མེད་པས་མཆོག་ཏུ་བདེ་ལ། བྱུང་སྲིད་ནའང་ཆུ་ཡན་ལག་བརྒྱད་དང་ལྡན་པ་དེ་འཐུངས་པས་ནད་སེལ་ཏེ། མེ་ཏོག་སྣ་ཚོགས་ཀྱིས་སྤྲུལ་པའི་སྐུ་དེ་ལ་མཆོད་པ་ཆེར་བྱེད་པ་ཤ་སྟག་གོ །གཞལ་ཡས་ཁང་དེའི་ཟུར་བཞི་ན། མུ་ཏིག་ལས་བསྐྲུན་པའི་མཆོད་རྟེན་བཞི་ཡོད་དོ། །དེ་བཞིའི་བར་ན་དྲིལ་བུ་གཡེར་ཁའི་དྲྭ་བས་ཐག་པ་སྤྲེལ་ནས་ཡོད་དོ། །ཐག་པ་དེ་རླུང་གིས་བསྐྱོད་པ་དང་དྲིལ་བུའི་སྒྲ་ཡིད་དུ་འོང་བ་སྣ་ཚོགས་འབྱུང་ངོ༌། །ཕྱོགས་བཞིར་དར་སྣ་ཚོགས་ཀྱི་བ་དན་བཞི་ཡོད་དོ། །དེ་རླུང་གིས་བསྐྱོད་པ་ལས་དྲི་ཞིམ་པ་སྣ་ཚོགས་འབྱུང་ངོ༌། །གཞལ་ཡས་ཁང་དེ་ནི་ཤར་ཕྱོགས་ན་དཔག་ཚད་ལྔ་བརྒྱ་འདས་པའི་སྟེང་ན་ཡོད་དོ། །དེར་སྐྱེས་པའི་བྱང་ཆུབ་སེམས་དཔའ་དེ་དག་ཀྱང་སུམ་ཅུ་རྩ་གསུམ་གྱི་ལྷ་དང་ལོངས་སྤྱོད་མཉམ་པ་ཤ་སྟག་གོ །ཤར་ཕྱོགས་ཀྱི་སྤྲུལ་པའི་སྐུའི་ཞིང་ཁམས་ནི་དེ་བཞིན་དུ་ཡོད་དོ། །ཞེས་གསུངས་པ་ལྟར་ཞིང་ཁམས་ཀྱི་བཀོད་པ་ཡོངས་སུ་རྫོགས་པ་ལ་སེམས་བཟུང་སྟེ་གསལ་སྣང་ལེགས་པར་སྒྲུབ་ཅིང༌། ཞིང་དེའི་དབུས་སུ་རང་ཉིད་ཀྱང་ཐ་མལ་གྱི་སྣང་ཤེས་མི་རུང་བས་རྡོ་རྗེ་སེམས་དཔའ་ཡབ་རྐྱང་དཀར་པོ་ལོངས་སྐུའི་ཆས་ལྡན་ཞབས་གཡས་བརྐྱང་སེམས་དཔའི་སྐྱིལ་ཀྲུང་ཅན་དུ་བསྒོམས་པའི་མདུན་དུ་མཆོད་པའི་སྤྲིན་རྒྱ་མཚོའི་དབུས་ན་གླང་ཆེན་ཐལ་ཀར་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲི་དང་པད་ཟླའི་སྟེང་དུ་ངོ་བོ་རྩ་བའི་བླ་མ་ལ་རྣམ་པ་རིགས་ཐམས་ཅད་ཀྱི་ཁྱབ་བདག་རྡོ་རྗེ་མི་བསྐྱོད་པ་སྐུ་མདོག་དཀར་གསལ། ཡུམ་སྙེམས་མ་དཀར་མོ་གྲི་ཐོད་ཅན་དང་སྦྱོར་བ། མཉེན་ལྕུག་འཁྲིལ་ལྡེམ་གཞོན་ཚུལ་ཅན་གསལ་འཚེར་ལྷུན་སྡུག་གཟི་བྱིན་འབར་བ་སྟེ་ཞི་ཚུལ་དགུ་དང༌། དར་དཀར་པོ་གསེར་གྱི་ངང་རིས་ཅན་གྱི་སྟོད་གཡོགས། ཚི་གུའི་སྨད་དཀྲིས། ཅོད་པན། ཟི་ལྡིར། གར་གྱི་ཕུ་དུང་སྟེ་དར་གྱི་ཆས་གོས་ལྔ་དང༌། རིན་པོ་ཆེའི་དབུ་རྒྱན། སྙན་རྒྱན། མགུལ་རྒྱན། སེ་མོ་དོ། དོ་ཤལ་སྐ་རགས། ཕྱག་ཞབསཀྱི་གདུ་བུ་སྟེ་རིན་པོ་ཆེའི་རྒྱན་བརྒྱད་ཀྱིས་མཛེས་པ་སྣང་སྟོང་གཉིས་སུ་མེད་པ་དྭངས་གསལ་འཇའ་ཚོན་ལྟ་བུར་གསལ་བའི་ཐུགས་ཀར་དྭངས་མའི་ཐིག་ལེའི་དབུས་སུ་གཙོ་བོ་རིགས་ལྔ་ཡབ་ཡུམ་ཞལ་སྦྱོར། དེ་རེ་རེའི་གཡས་གཡོན་དུ་ཕྱི་ནང་གི་སེམས་དཔའ་ལྕམ་དྲལ་བརྒྱད། དེའི་ཕྱི་རོལ་གྱི་ཤར་དང་ནུབ་ཏུ་གཉིས་གཉིས། ལྷོ་དང་བྱང་དུ་རེ་རེ་སྟེ་ཐུབ་པ་དྲུག །ཕྱོགས་བཞིར་སྒོ་བ་ཡབ་ཡུམ་བརྒྱད་བཅས་ཞི་བ་ཞེ་གཉིས་ཐབས་བདེ་བ་ཆེན་པོའི་རང་བཞིན་རིག་པ་སྐུར་སྨིན་པ་ཞི་ཚུལ་དང༌། དབུའི་ནང་བདེ་ཆེན་འཁོར་ལོ་ཀླད་པ་དུང་ཁང་གི་གཞལ་ཡས་སུ་གཙོ་བོ་ཆེ་མཆོག །མདུན་དུ་བུདྡྷ་ཧེ་རུ་ཀ །ཕྱོགས་བཞིར་ཁྲག་འཐུང་རིགས་བཞི་ཡབ་ཡུམ། དེའི་ཕྱི་རོལ་དུ་གནས་ཡུལ་གྱི་མ་མོ་བཅུ་དྲུག །ཕྱོགས་བཞིར་དབང་ཕྱུག་བདུན་རེ། སྒོ་མ་བཞི་སྟེ་ཤེས་རབ་དབྱིངས་ཀྱི་རང་གདངས་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད། རྡོ་རྗེའི་ཕུང་ཁམས་སྐྱེ་མཆེད་ལ་གདོད་ནས་ལྷུན་རྫོགས་སུ་བཞུགས་པར་གསལ་ཞིང༌། ཀུན་མཁྱེན་བླ་མས་ཡུམ་བཀའི་བསྙེན་ཡིག་ལྷན་ཐབས་སུ། ཁྱད་པར་རང་གི་ཕུང་པོ་ཁམས་དང་སྐྱེ་མཆེད་དབང་ཡུལ་རྣམ་ཤེས་ཚོགས་བརྒྱད་དང་བཅས་པ་མ་དག་པ་སེམས་ཅན་གྱི་དུས་སུ་དེ་དང་དེར་སྣང་ཡང༌། བསྐྱེད་རིམ་ཟབ་མོའི་དག་བྱ་དག་འབྲས་ལྷའི་རང་བཞིན་དུ་རྣམ་པར་དག་པའི་ངོ་བོ་ཆོས་ཉིད་མ་འཁྲུལ་པ་ཤེས་ཤིང་ལམ་དུ་ལོངས་པའི་གསལ་སྣང་བརྟན་པ་ལ་ནི་རང་བཞིན་ཡོངས་གྲུབ་ཆེན་པོའི་བསྐྱེད་རྀམ་ཞེས་བྱའོ། །ཞེས་དང༌། རིགས་བརྒྱའི་སྐུ་མདོག་ཕྱག་མཚན་ཀུན་བཟང་ཡབ་ཡུམ་མཉམ་བཞག་དང་ཐལ་སྦྱར་ཆོས་འབྱུང་གི་རྒྱ། རིགས་ལྔ་གཡས་རང་རྟགས་གཡོན་དྲིལ་བུ། ཡུམ་རྣམས་གཡས་དྲིལ་བུ་གཡོན་རང་རྟགས་སོ་སོའི་སྐུ་མདོག་རིགས་ཀྱི་ངེས་པ་དང༌། གཞན་དག་གསང་འགྲེལ་ཕྱོགས་བཅུ་མུན་སེལ་ལྟར་ཤེས་དགོས་པར་གསུངས་ཤིང༌། ཁྱད་པར་བླ་མའི་རྣལ་འབྱོར་གྱི་དོན་པོ་མོས་གུས་ཏེ། དཔལ་སྤྲུལ་རིན་པོ་ཆེས། བླ་མ་བསྟེན་ཐབས་མོས་གུས་ཡིན་གྱི་ཞེ་ས་མིན། །བླ་མ་སྒྲུབ་ཐབས་མོས་གུས་ཡིན་ཏེ་གསོལ་འདེབས་མིན། །མོས་གུས་ཡོད་ན་ཇི་ལྟར་བྱས་ཀྱང་བྱིན་རླབས་འཇུག །མོས་གུས་མེད་ན་ཇི་ལྟར་བྱས་ཀྱང་ཕན་པ་མེད། །ཅེས་གསུངས་པས། ངའི་བླ་མ་དེ་བཟང་པོ་ཡིན། བདག་ལ་བཀའ་དྲིན་ཆེ་སྙམ་པ་ཙམ་མི་འོང༌། རང་ལ་དངོས་སུ་བླ་མ་མཚན་ལྡན་ཡོད་ན་དེ་དང༌། དམིགས་བསལ་མེད་ན་གུ་རུ་རིན་པོ་ཆེ་དང༌། ཀུན་མཁྱེན་ཀློང་ཆེན་ཡབ་སྲས་རྣམས་ངོ་བོ་རིགས་དང་དཀྱིལ་འཁོར་གྱི་ཁྱབ་བདག་རྡོ་རྗེ་སེམས་དཔའ་ཉིད་གདོད་ནས་ཡིན་པ་ལ་སངས་རྒྱས་ཀྱི་གཟུགས་སྐུ་དངོས་སུ་མཇལ་བའི་བློ་མིག་མེད་པ་ལ་ཐ་མལ་མིའི་གཟུགས་སུ་བྱོན་ནས་དབང་དང་གདམས་ངག་སྟོན་པ་རྒྱུད་སྡེ་རབ་འབྱམས་ལས་གསུངས་པའི་ངེས་ཤེས་ཀྱིས། གནས་ཚུལ་ཇི་ལྟ་བ་བཞིན་དུ་བདེ་བར་གཤེགས་པ་ཀུན་གྱི་ཡེ་ཤེས་སྒྱུ་མའི་སྐུ་རྡོ་རྗེ་སེམས་དཔར་དངོས་སུ་བསྒོམས་པས། སངས་རྒྱས་དངོས་ལས་དབང་དང་དངོས་གྲུབ་ལེན་ནུས་པའི་མཐུ་ཐོབ་པར་འགྱུར་བས་དེ་ལྟར་སྒོམ་པ་སྟེ། སྐུའི་བ་སྦུ་རེར་ཡང་སངས་རྒྱས་ཀྱི་ཞིང་དང་སྟོན་པ་རྡུལ་སྙེད་དུ་རྫོགས་པའི་དགེ་འདུན་གསུང་སྐད་ཅིག་རེར་ཡང་ཆོས་སྒོ་རབ་འབྱམས་སྟོན་པའི་དམ་ཆོས། ཐུགས་དེ་བཞིན་གཤེགས་པ་ཐམས་ཅད་དང་རོ་མཉམ་རྡོ་རྗེའི་སངས་རྒྱས། རང་ལ་གདམས་ངག་སྟོན་པའི་བླ་མ་དེ་རྣམས་ཞལ་མཐོང་བ་ཙམ་གྱིས་ཐ་མལ་རྣམ་རྟོག་འགག་པ། སྤྱན་གཟིགས་པ་ཙམ་གྱིས་བྱིན་རླབས་ཀྱི་ཟིལ་འབེབས་པ། ཐུགས་དགོངས་པ་གཏད་པའི་མོད་ལ་ཡེ་ཤེས་བཙན་ཐབས་སུ་འཆར་བའི་ཡོན་ཏན་ཕུན་སུམ་ཚོགས་པ་ཐམས་ཅད་སྩོལ་ནུས་པའི་དགོས་འདོད་འབྱུང་བའི་ནོར་ལྷ། གཅིག་ཆོག་རྒྱལ་པོ་སྐྱབས་གནས་ཀུན་འདུས་གནས་སྐབས་དང་མཐར་ཐུག་གི་འདོད་དོན་ཐམས་ཅད་གསོལ་བ་བཏབ་པ་ཙམ་གྱིས་བདེ་བླག་ཏུ་སྩོལ་ནུས་པ་སངས་རྒྱས་གཞན་ལས་ཐུགས་རྗེ་མྱུར་བའི་ཕྲིན་ལས་མཁའ་འགྲོ་ཆོས་སྐྱོང་དུ་སྟོན་པའི་བདག་ཉིད་དུ་གསལ། རྡོ་རྗེ་གསུམ་གྱི་ས་བོན་གྱིས་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་ནས་བསྟིམ། དབང་བསྐུར་རྒྱས་གདབ་བཅས་སྤྱི་ལྟར་བྱའོ། །གཉིས་པ་གསུང་བཟླས་པ་སྔགས་ལ། བཟླས་པ་དངོས་དང༌། ཚོགས་བསགས་སྒྲུབ་པའི་རྣལ་འབྱོར་གཉིས། དང་པོ་ལ་བསྙེན་པ་ཉེ་བསྙེན་གཉིས་ལས། དང་པོ་ནི། བསྙེན་པས་ཐུགས་དམ་བསྐུལ་ཕྱིར་མདོར་བསྡུས་པའི་ཡན་ལག་བདུན་པ་གསོལ་གདབ་ཐུགས་དམ་བསྐུལ་བ་ལ་ནན་ཏན་བྱས་ལ། གཉིས་པ་ཉེ་བསྙེན་དངོས་ནི། ཞི་ཁྲོ་སྤྲེལ་མའི་རྩ་སྔགས་གསོལ་འདེབས་ཀྱི་ཚུལ་དུ་བཟླས་ལ། རང་གི་སེམས་ཀྱི་གཤིས་བརྗོད་མེད། མདངས་འགག་མེད། རྩལ་མོས་གུས་སུ་དུང་ངེ་བའི་ངང་མ་ཤོར་བར་བྱས་ལ། སྣང་གྲགས་རིག་གསུམ་དེ་ཉིད། རང་སྣང་དཔལ་ལྡན་བླ་མའི་སྐུ་གསུང་ཐུགས་ཀྱི་རྣམ་རོལ་འབའ་ཞིག་བལྟ་བ་ལ་བསླབ། དེ་ནས་བླ་མའི་གནས་གསུམ་འོད་ཟེར་སྤྲོ་བསྡུའི་བརྡ་ཡི་དབང་ལེན་བློས་གང་འཆུན་ལ་འབད། དམིགས་པ་ལེགས་པར་གསལ་བ་ན་དབང་ལྷ་སྤྲུལ་པའི་དབང་ལེན་རྒྱས་པས་དབང་བཞི་རྫོགས་པར་ལེན། མདོར་ན་བྱ་རྒྱུ་དམ་ཆོས་དང༌། རེ་ས་བླ་མ་ལས་མེད་པར་ཁོ་ཐག་བཅད་ནས་འདུ་འཛི་ཅི་ཆོད་དང༌། གཡེང་བ་ཇི་ཞིག་བྱས་ནས། བླ་མའི་རྣམ་ཐར་མིན་པ་བསམ་རྒྱུ་མེད་པ། མོས་གུས་བསྒོམ་པ་མིན་པ་བྱ་རྒྱུ་མེད་པས་བཟླས་བརྗོད་བྱ། དེ་ཡང་སྔགས་དོན་ལ། ཨོཾ་ཨཱཿཧཱུྃ་རྡོ་རྗེ་གསུམ་གྱི་ས་བོན། གུ་རུ་བླ་མ། བཛྲ་ས་ཏྭ་ཡི་དམ་ཞི་བའི་ཁྱབ་བདག་རྡོ་རྗེ་སེམས་དཔའ། རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ཁྲོ་བོའི་སྤྱི་སྙིང་སྟེ། མདོར་ན་བླ་མ་ཡི་དམ་གཅིག་དྲིལ་དུ་བསྒྲུབས་པས། ལྷག་པའི་ལྷ་རབ་འབྱམས་འབད་མེད་དུ་འགྲུབ་པས་ཆེད་དུ་སྒྲུབ་མི་དགོས་ཏེ། ཞེས་ལྷ་དང༌། སྔགས་ཀྱང་རྟ་མཆོག་རོལ་པ་ལས། གསང་སྔགས་རྒྱལ་པོ་བླ་མེད་པ། །ལན་གཅིག་བརྗོད་པ་ཙམ་གྱིས་ཀྱང༌། །སྡིག་པ་མ་ལུས་ཟད་བྱེད་ཅིང༌། །ལས་རྣམས་ཐམས་ཅད་འགྲུབ་པར་གསུངས། །ཞེས་དང༌། རྡོ་རྗེ་སེམས་དཔའ་ཐུགས་ཀྱི་སྒྲུབ་པ་ལས། དེ་ལྟར་བཟླས་པའི་ཡོན་ཏན་གྱིས། མཚམས་མེད་ལྔ་ཡི་སྒྲིབ་སྦྱང་ཤིང་༔ སངས་རྒྱས་ཀུན་གྱི་སྲས་སུ་དགོངས༔ ཞེས་དང༌། དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱི་ངོ་བོ་དཔལ་ལྡན་རྡོ་རྗེ་སེམས་དཔའི་སྙིང་པོ་ཡི་གེ་དྲུག་པ། མཚན་འདི་གང་གིས་ཐོས་པ་དེས་སྔོན་སངས་རྒྱས་མང་པོ་ལ་བྱ་བ་བྱས་པ་ཡིན་ཏེ། རྡོ་རྗེ་སེམས་དཔའི་ཞིང་ཁམས་སུ་ངེས་པར་འབྱུང་བར་འགྱུར་བ་དང༌། རྒྱལ་བ་རྣམས་ཀྱི་བྱིན་གྱིས་བརླབ་པ་དང༌། ཐེག་པ་ཆེན་པོས་ངེས་པར་འབྱུང་བ་དང༌། མངོན་ཤེས་དང་ལྡན་ཞིང་ལྷག་མཐོང་གི་མིག་དང་ལྡན་པ། རྒྱལ་བའི་སྲས་སུ་ངེས་པ་ཡིན་ནོ། །ཞེས་སྤྱི་མདོ་དགོངས་པ་འདུས་པ་ལས་གསུངས། བཛྲ་ས་ཏྭ་འབུམ་ཕྲག་གཅིག་བརྗོད་ན་རྩ་བའི་དམ་ཚིག་ཉམས་པ་ཡང་ཞི་བར་འབྱང་ངོ༌། །ཞེས་དང༌། དེ་ཉིད་བསྡུས་པ་ལས། རྡོ་རྗེ་སེམས་དཔའི་མཚན་ཙམ་ཞིག །འདི་ནི་སྲུང་བ་རྟག་ཆེན་པོ། །སྐད་ཅིག་དངོས་གྲུབ་ཐོབ་པར་འགྱུར། །ཞེས་པས་མཚོན་རྒྱ་ཆེར་ཡོད་དོ། །གཉིས་པ་ལ་གཉིས་ལས། དང་པོ། ཐུགས་བསགས་སྦྱོང་སྒྲུབ་པའི་རྣལ་འབྱོར་ཡན་ལག་བདུན་ནི། ཐུན་རེ་རེ་བཞིན་གལ་ཆེ་སྟེ་ཡུལ་གཉན་པོར་ཞུ་བསྐུལ་འཕྲིན་དང་བཅས་ཏེ་བྱེད་དགོས་པ་བཞིན་ཡན་ལག་བདུན་པའི་བསགས་སྦྱོང་དང་སྦྲགས་ན་རང་རྒྱུད་དག་པ་དང༌། ཚོགས་གཉིས་བསགས་པ། མཆོད་ཡུལ་ཇི་ཙམ་མཉེས་བཞིན་དུ་བྱིན་རླབས་ཀྱི་སྣོད་དུ་འགྱུར་ཞིང༌། དངོས་གྲུབ་ལ་ཉེ་བའི་དགོས་པ་དང་བཅས་པའི་ཕྱིར་རོ། །དང་པོ་ཕྱག་འཚལ་བའི་ཡན་ལག་ནི། རང་ལུས་ཞིང་རྡུལ་དང་མཉམ་པར་སྤྲུལ་ནས། མཁའ་མཉམ་གྱི་འགྲོ་བ་རྣམས་དང་ལྷན་ཅིག་ལག་པའི་ཐལ་མོ་པདྨ་ཁ་འབུས་པ་ལྟར་སྦྱོར་ཞིང༌། ལུས་ཀྱི་གནས་ལྔ་ས་ལ་བཏུད་དེ། ངག་གི་ཕྱག་འཚལ་གྱི་ཚིག་བརྗོད་ལ། ཡིད་དད་གུས་ཀྱིས་ཤུགས་ཕྱུངས་ནས་ཕྱག་འཚལ་བ་སྟེ། འདོན་ཚིག་ཏུ་གསལ་བ་ལྟར། བླ་མ། ཡི་དམ་རྡོར་སེམས། ཞི་ཁྲོ་རིགས་བརྒྱ་སོགས་ཚིག་རྗེས་དོན་དྲན་གྱིས་ཕྱག་འཚལ་དེ་རྣམས་བླ་མའི་རྣམ་རོལ་དུ་ཐག་བཅད་པས་གྲུབ་ན་ལུས་ཕྱག་དངོས་སུ་འབུལ། གཉིས་པ་མཆོད་པ་འབུལ་བའི་ཡན་ལག་ནི། ངོ་བོ་དངོས་འབྱོར་ལུས་དང་ལོངས་སྤྱོད། རྣམ་པ་ཡིད་སྤྲུལ་ཀུན་བཟང་མཆོད་སྤྲིན་ཐོགས་པའི་རྡོ་རྗེའི་ལྷ་མོ་བཅུ་དྲུག །ཚད་བཟུང་དུ་མེད་པའི་མཆོད་པ་ཞེས་སྐུ་གསུམ་གྱི་ཞིང་གི་མཎྜལ་དང༌། བླ་མེད་ཀྱི་དམ་རྫས་སྨན་རཀ་གཏོར་མ། བདེ་སྟོང་དེ་ཁོ་ན་ཉིད་ཀྱི་མཆོད་པས་མཉེས་པར་བྱེད་པའོ། །གསུམ་པ་བཤགས་པའི་ཡན་ལག་ནི། ཚེ་རབས་ཀྱི་སྡིག་པ་སྤྱི་དང་ཁྱད་པར་བླ་མའི་སྤྱན་སྔར་སྡོམ་པ་གསུམ་གྱི་ཚུལ་ཁྲིམས་ཁས་མ་བླངས་པ་མེད་ཅིང་ལག་ལེན་བློ་གཏད་ཁེལ་བ་གཅིག་ཀྱང་མེད་པའི་སྡིག་ལྟུང་ལ་གནོང་འགྱོད་ཀྱིས་བཤགས་ཤིང༌། ཕྱིན་ཆད་མི་བགྱི་བའི་དམ་བཅའ་བཅས་རྒྱུད་ཀྱི་བཤགས་ཚིག་གིས་ཀུན་རྫོབ་དང༌། དོན་དམ་སྤྱིའི་བཤགས་པ་བྱས་ལ་ཡིག་བརྒྱ་བཟླ། བཞི་པ་རྒྱལ་བ་སྲས་བཅས་ཀྱི་ངོ་མཚར་བའི་རྣམ་ཐར། འཇིག་རྟེན་པས་མཆོད་སྦྱིན་བགྱིས་པ་སོགས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དགེ་རྩ་ཆེ་ཕྲ་དུས་གསུམ་དུ་བསགས་པ་ཀུན་ལ་དབུལ་པོས་ནོར་བུ་རྙེད་པ་ལྟར་དགའ་བ་སྒོམ་པ་དང༌། ལྔ་པ་ཆོས་འཁོར་བསྐོར་བར་བསྐུལ་བ་ནི། སྲིད་ཞིའི་ཡོན་ཏན་ཐམས་ཅད་ཆོས་ལས་འབྱུང་བ་དང༌། འགྲོ་བ་ཐམས་ཅད་བྱང་ཆུབ་མཆོག་གི་གོ་འཕང་ལ་འཁོད་ཀྱི་བར་ཕྱི་ཉན་རང་བྱང་སེམས། ནང་བྱ་སྤྱོད་རྣལ་འབྱོར་ཕྱི་རྒྱུད། གསང་བ་ནང་རྒྱུད་ཡོ་ག་གསུམ་གྱི་ཆོས་འཁོར་བསྐོར་བར་གསོལ་བ་གདབ་པ་དང༌། དྲུག་པ་མྱ་ངན་ལས་མི་འདའ་བར་གསོལ་བ་གདབ་པ་ནི། ཆོས་དེ་སྟོན་པ་ལ་བསྟེན་པས་སངས་རྒྱས་བྱང་སེམས་ཉན་རང་སོ་སྐྱེ་བསྟན་འགྲོ་ལ་ཕན་པ་ཐམས་ཅད་འགྲོ་བ་ཇི་སྲིད་བར་བཞུགས་པར་གསོལ་བ་གདབ། བདུན་པ་སྨོན་ལམ་དང་བསྔོ་བ་ནི། བསགས་སྦྱངས་དེ་དག་གིས་མཚོན་པའི་དུས་གསུམ་གྱི་དགེ་ཚོགས་རང་གཞན་ཡིད་ཅན་ཐམས་ཅད་བླ་མེད་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་རྒྱུར་སྨོན་ཞིང་བསྔོ་བ་རྣམས་རེ་རེ་བཞིན་གནད་ལ་ཐེབས་པར་བཏབ་པས་བླ་མ་བརྟེན་ཐབས་སུ་སྦྱོར་བ་རྙེད་བཀུར་རིམ་གྲོའི་བསྟེན་ཚུལ་དོན་ཡང་འདིར་ཚང་ངོ༌། །གཉིས་པ་བླ་མའི་རྡོ་རྗེ་གསུམ་གྱི་དཀྱིལ་འཁོར་ལ་བྱིན་རླབས་དབང་ཞུ་བའི་ཕྱིར་སྒྲུབ་པ་ཆེན་པོ་དབང་ལེན་ན། བླ་མ་སྲས་དང་བཅས་པའི་མཁྱེན་བརྩེ་ནུས་གསུམ་གྱི་ཡེ་ཤེས་བླ་མའི་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་གཅིག་ལ་རྫོགས་པས་དེའི་བྱིན་རླབས་ཞུ་བའི་ཕྱིར་མཎྜལ་ཕུལ་ཞིང་གསོལ་གདབ་སྔོན་དུ་འགྲོ་བས། སྡོམ་བཟུང་དང་བསགས་སྦྱང་གི་རྒྱུད་དག་པར་བྱེད་པ་དབང་གི་སྣོད་རུང་དུ་བྱས་ལ། བླ་མ་ཤིན་ཏུ་དགྱེས་པས་ཐུགས་རྗེ་ལྷག་པར་གཡོས་ཏེ། བླ་མའི་སྨིན་མཚམས་ཀྱི་མཛོད་སྤུ་ལས་གདན་གསུམ་ཚང་བའི་དབང་ལྷ་སྤྲོས་ཏེ་བུམ་དབང་བསྐུར། ཡབ་ཡུམ་གྱི་བྱང་སེམས་སངས་རྒྱས་འདུས་པའི་ངོ་བོ་མྱོང་བས་གསང་དབང༌། ཐུགས་ཀ་ནས་ཤེས་རབ་མ་སྤྲོས་པས་ཐར་པ་བསྟེན་པ་ཤེར་དབང༌། རྡོ་རྗེའི་ཚིག་གི་ངོ་སྤྲོད་པ་དབང་བཞི་པ་རྣམས་བསྐུར་བས། རང་ལུས་ལ་ངན་སོང་གསུམ་དང་བདེ་འགྲོའི་རྟེན་སྐྱེད་བྱེད་ཀྱི་རྩ་རླུང་ཐིག་ལེའི་ཆ་མང་པོ་ཡོད་པ་རྒྱུད་ཀློང་གསལ་དང༌། སྒྱུ་འཕྲུལ་གསང་སྙིང་སོགས་ལས་གསུངས་ཤིང༌། དེའི་དབལ་གཅོག་པ་དང་བདེ་ཆེན་དག་པའི་གནས་སུ་འགྲོ་བའི་ལམ་ཤུལ་པོ་ཆེ་བཞིན་དུ་དབྱེ་བ་ལ་རྟོགས་བྱེད་ཀྱི་ཐབས་མཁས་ཕུལ་དུུ་ཕྱིན་པ་ཡིན་པས་རིམ་བཞིན། ལུས་ཀྱི་ལས་དང་རྩ་ཡི་སྒྲིབ་པ་སོགས་བཞི་དག །དབང་བཞི་ཐོབ། ལམ་བསྐྱེད་རིམ་སོགས་བཞིའི་སྣོད་དུ་འགྱུར། རིག་འཛིན་བཞིའི་ས་བོན་ཐེབས། སྐུ་བཞིའི་གོ་འཕང་ཐོབ་པའི་སྐལ་པ་རྒྱུད་ལ་བཞག་པར་མོས་པ་ནི། རང་གི་སྒོ་གསུམ་དང་བླ་མའི་གསང་གསུམ་འདྲེས་ནས། བླ་མའི་འོད་གསལ་ཐུགས་ཀྱི་ཐིག་ལེར་མངོན་པར་བྱང་ཆུབ་པའི་ཉེ་རྒྱུ་ཐུན་མོང་མ་ཡིན་པ་སྟེ། འདི་ནི་བླ་མ་ལས་སྔར་ཐོབ་པའི་སྨིན་བྱེད་རྒྱུའི་དབང་དང་སྡོམ་པ་ཐོབ་པའི་ནུས་པ་གོང་འཕེལ་དུ་བྱེད་པའི་ལམ་དབང་ཞེས་བྱ། ཏིང་ངེ་འཛིན་གྱི་དབང་ཡང་ཡང་བླང་ན་ཉམས་ཆག་སྐོང་ཞིང་བྱིན་རླབས་འཇུག །ཏིང་ངེ་འཛིན་གྱི་དབང་ལེན་ཇི་ཙམ་དམིགས་པ་གསལ་བརྟན་དེ་ཙམ་དུ་ནུས་པ་ཆེ། དེ་ལྟར་ཡང་ཡང་འབད་པས་དབང་གི་ཡེ་ཤེས་དངོས་སམ་རྗེས་མཐུན་གྱི་ནུས་པ་ཅི་རིགས་སྐྱེས་པ་རྣམས་རྩལ་རྫོགས་བརྟན་པའི་ཆེད་ཤིན་ཏུ་གལ་ཆེའོ། །བསྙེན་པའི་སྐབས་བསྙེན་སྒྲུབ་ལ་འཇུག་པའི་ཐོག་མཐའ་དང༌། དུས་བཟང་ལས་རྒྱུན་དུ་ཚོགས་མཆོད་མ་གྲུབ་ཀྱང་རུང་ཞིང༌། གཏང་རག་གི་མཆོད་བསྟོད་ནོངས་བཤགས་ཉེར་བསྡུ་བསྔོ་སྨོན་ཤིས་བརྗོད་བཅས་བྱ། དེ་ལྟ་བུའི་ཐུན་བཞི་གསུམ་དུ་བྱས་ལ་རྩ་བསྙེན་འབུམ་བཞིའམ་དེ་བཞི་འགྱུར་དུ་བྱས་པ་བཅུ་དྲུག །ཡིག་བརྒྱ་འབུམ་གཅིག་གམ་བཞིའི་གྲངས་བསྙེན་ཐེམས་པས། ཆོ་གའི་གཞུང་སྔ་མ་ལྟར་ལ། དབང་ལེན་གྱི་སྐབས་བུམ་ཐོད་མེ་ལོང་ཤེལ་རྡོ་རྣམས་ཀྱིས་བདག་འཇུག་ལེན་པ་དང༌། ཚོགས་སྐོང་མཆོད་པ་རྒྱས་སྤྲོས་སུ་བྱས་ལ་ཞག་བདུན་ནམ་བདུན་གསུམ་ཙམ་དུ་འབད་པས་སྒྲུབ་པ་དང༌། དངོས་གྲུབ་ལེན་པ་ནི་དབང་བཞི་བླངས་པས་འཐུས་ལ་དམིགས་བསལ་མི་དགོས། གསུམ་པ་ཐུགས་འོད་གསལ་ལ་འཇུག་ལྡང་གི་རྣལ་འབྱོར་ནི། སྤྱིར་ངེས་དོན་ནང་གི་བླ་མ་རང་རིག་གཉུག་མའི་སྒོ་གསུམ་དུ་འདུ་འབྲལ་མེད་པར་བཞུགས་ཀྱང་དེ་ངོ་མ་ཤེས་པས་འཁྲུལ་པ་ལ་ཀུན་རྫོབ་ཐུགས་རྗེ་རིག་རྩལ་གྱི་བླ་མ་སངས་རྒྱས་ཀུན་གྱི་ཕྲིན་ལས་ཀྱི་བྱེད་པོར་དགེ་བའི་བཤེས་གཉེན་གྱི་རྣམ་པར་བསྟན་ནས་དོན་གྱི་ཡིན་ལུགས་ངོ་སྤྲོད་མཛད་པ་པོ་ཉིད། དཀྱིལ་འཁོར་ཐམས་ཅད་ཀྱི་ཁྱབ་བདག་རྡོ་རྗེ་སེམས་དཔའི་རྣམ་པ་མདུན་དུ་གསལ་བཏབ་པ་ཉིད། བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ཐིག་ལེར་ཞུ་ནས་སྙིང་དབུས་སུ་ཐིམ་སྟེ་རང་སེམས་དང་རོ་གཅིག་ཏུ་འདྲེས་པས་བརྗོད་བྲལ་སེམས་ཀྱི་རྡོ་རྗེ། ཚིག་དང་ཡིད་དཔྱོད་ཀྱི་མ་བསྒྲིབས་པ་རྗེན་ནེ་མཐོང་བྱུང་སྙམ་པའི་ངང་དུ་མ་བཅོས་པར་བཞག་ལ་ཐུགས་ཡིད་བསྲེ། སླར་རྟོག་པ་ཞིག་འཕྲོ་བར་རྩོམ་པ་དང་སྣོད་བཅུད་ལྷ་དང་ཞིང་ཁམས། སྣང་གྲགས་རིག་པ་བླ་མའི་སྐུ་གསུང་ཐུགས་སུ་ལམ་དུ་ཁྱེར་བའི་དག་སྣང་དང་མ་བྲལ་བར་མོས་གུས་དུང་ངེ་བས་རྒྱས་བཏབ་སྟེ། མཉམ་བཞག་ཅི་ནུས་བྱའོ། །དེ་ལྟར་བླ་མའི་རྣལ་འབྱོར་བསྙེན་སྒྲུབ་ཡན་ལག་བཞི་ལྡན་དུ་བསྒོམས་པས་མཚོན་དུས་གསུམ་གྱི་དགེ་བ་མཐའ་དག་རང་གཞན་སེམས་ཅན་ཐམས་ཅད་ཚེ་རབས་ཐམས་ཅད་དུ་ཆོས་རྗེ་བླ་མ་སངས་རྒྱས་རིན་པོ་ཆེ་ཡང་ཡང་མཇལ་བའི་རྟེན་ཐོབ་པ་དང༌། བླ་མ་སངས་རྒྱས་སུ་ངོ་ཤེས། སྨིན་གྲོལ་གྱི་སྣོད་ལྡན་དུ་གྱུར། ཇི་ལྟར་བསྙེན་པ་བཞིན་ཉམས་སུ་ལེན་ནུས་པའི་སྐལ་བཟང་གིས་ཚེ་འདིར་བླ་མའི་ཐུགས་ཆོས་སྐུའི་ཀློང་དུ་བཙན་ས་ཟིན་པ་དང༌། གལ་སྲིད་དེར་མ་གྲོལ་ན་རང་སེམས་བླ་མར་བསྲེ་བའི་ཏིང་འཛིན་གྱིས་འཆི་བའི་འོད་གསལ་ལ་བརྟན་པ་ཐོབ་ནས་གྲོལ་བ་དང༌། བར་དོར་བླ་མ་དྲན་པས་རིག་འཛིན་གྱི་ཞིང་དུ་བགྲོད་ནུས་པའི་བསྔོ་སྨོན་གྱི་རྒྱས་འདེབས་དང་ཤིས་བརྗོད་བཅས་བྱ་ཞིང་རྗེས་སྤྱོད་ཐམས་ཅད་ཀྱང་བླ་མའི་བཀའ་དྲིན་དང་ཡོན་ཏན་དྲན་པ་འབའ་ཞིག་ལ་བསླབ་པས་ཐུན་དང་ཐུན་མཚམས་ཀྱི་དགེ་སྦྱོར་ཐམས་ཅད་བླ་མའི་རྣལ་འབྱོར་འབའ་ཞིག་ཉམས་ལེན་གྱི་གྲོགས་སུ་འགྲོ་བ་ལ་བསླབ་པར་བྱའོ། །དེ་ལྟར་བསྙེན་སྒྲུབ་ལེགས་པར་གྲུབ་ནས་ཡར་ངོའི་གཟའ་ཚེས་ཤིས་པ་ཞིག་ལ་གཏང་རག་གི་ཚོགས་མཆོད་རྒྱས་པར་ཕུལ་ལ། རྒྱལ་ཐོ་ལ་གཏོར་མ་འབུལ་ཞིང་གཤེགས་གསོལ་བྱས་ལ་ཐོ་བསྡུ་བ་དང༌། མཚམས་ལས་གྲོལ་ཞིང་ཁ་སྐོང་ཞི་བའི་སྦྱིན་སྲེག་ནི་གཞུང་དུ་གསལ་བ་ལྟར་ལ། དམིགས་བསལ་བསྙེན་སྒྲུབ་ཀྱི་ཁ་སྐོང་ལ། རྩ་སྔགས་གུ་རུ་བཛྲ་ས་ཏྭའི་མཐར་སརྦ་པཱ་པྃ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ་ལ་གྲངས་བཟུང༌། འདོད་གསོལ། རྣལ་འབྱོར་པ་བདག་དང་ཡོན་གྱི་བདག་པོའི་ནད་གདོན་སྡིག་སྒྲིབ་འགལ་རྐྱེན་བར་གཅོད་མཆོད་སྦྱིན་གྱི་རྫས་དང་ཡོ་བྱད་མ་ཚོགས་པ་དང༌། ཏིང་ངེ་འཛིན་མ་གསལ་བ་དང༌། ཆོ་ག་ལྷག་པ་དང་ཉམས་པ་དང༌། ལྷ་གོང་འོག་ནོར་བ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་སྦྱར་ནས་བསྙེན་པའི་བཅུ་ཆ་འབུལ་ལོ། །དེ་ལྟར་བསྙེན་སྒྲུབ་ལེགས་པར་གྲུབ་པས་ཁྱད་པར་གྱི་ཕྲིན་ལས། སྡིག་སྦྱང་ཁྲུས། ཚེ་བསོད་རྒྱས་པ། བདུད་རྩི་མཆོག་སྒྲུབ། དབང་བསྐུར། གནས་ལུང༌། རབ་གནས། རིལ་སྒྲུབ་སོགས་སྐབས་སུ་གང་བབ་ཉམས་སུ་བླངས་པས་ཉམས་ཆག་སྐོང་ཞིང༌། ཡེ་ཤེས་རྒྱས་པ་སོགས་རང་གཞན་གྱི་དོན་གཉིས་སྒྲུབ་པའི་ཐབས་ལ་འབད་པར་བྱ་དགོས་སོ། །མཆོག་ཐུན་དངོས་གྲུབ་མཐའ་དག་འབྱུང་བའི་གཞི། །དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་རྡོ་རྗེ་སེམས། །སྒྲུབ་པའི་ཐབས་ཚུལ་ཉམས་སུ་ལེན་པའི་ཚུལ། །བྲིས་འདིས་འགྲོ་ཀུན་རྡོ་རྗེའི་སར་ཕྱིན་ཤོག །ཅེས་རང་ཉིད་ཀྱང་ལམ་འདིར་བསྙེན་སྒྲུབ་ཡང་ཡང་བགྱིས་པའི་དད་མོས་ཀྱི་འབྲི་བར་སེམས་པའི་སྟེང༌། ལྷོ་འབྲུག་ཆོས་རྩེའི་བླ་མ་མཁྱེན་ཡོན་རྨད་བྱུང་ངག་དབང་ཡོན་ཏན་རྒྱ་མཚོ་དང༌། བུམ་ཐང་ཉི་ལུང་བཤད་སྒྲུབ་དར་རྒྱས་ཆོས་གླིང་གི་བྱང་འདྲེན་འཇམ་དབྱངས་བརྩོན་འགྲུས་ཟུང་ནས་བསྙེན་སྒྲུབ་ཀྱི་ཆེད་བསྐུལ་བ་བཞིན། འཇིགས་མེད་མཁྱེན་བརྩེ་འོད་ཟེར་རྡོ་རྗེ་ཐུགས་མཆོག་རྩལ་གྱིས་ལྷོ་འབྲུག་སྤ་གྲོ་སྐྱེར་ཆུ་དང་འདབས་འབྱོར་བའི་བསམ་གཏན་གྱི་སྤྱིལ་བུ་ཕུན་ཚོགས་བཀྲ་ཤིས་དགའ་འཁྱིལ་ནས་བྲིས་པ་འགྲོ་ཀུན་བླ་མ་རྡོ་རྗེ་སེམས་དཔའི་གསང་གསུམ་རྒྱན་གྱི་འཁོར་ལོར་ཅི་དགར་རྩེན་པའི་རྒྱུར་གྱུར་ཅིག །སརྦ་དཱ་ལྱཱ་ཎཾ་བྷ་ཝ་ཏུ།།
[edit]

rdo rje sems dpa' la brten pa'i bla ma mchod pa'i cho ga bde chen lam bzang gi bsnyen sgrub bya tshul bde chen shing rta bzhugs//__bde stong sgyu 'phrul drwa ba'i mtshan dang sku'i/__/dkyil 'khor rgya mtshor khyab pas rigs kun bdag__/bla ma mchog dang dbyer med der btud nas/__/de yi cho ga'i bsnyen sgrub bya tshul 'chad/__/de yang lhag pa'i lha rab 'byams kyi spro bsdu'i byed po dpal ldan bla ma rdo rje sems dpa' la/__bsgrub bya'i lha'i rigs kyi sgo nas dbye na/__gsang chen rigs gcig__/sku gsung thugs kyi rigs gsum/__de nyid rigs lnga/__zhi khro rigs brgya/__bsam yas sgyu 'phrul drwa ba sogs dkyil 'khor dang tshom bu gtso rkyang gi rgyas bsdus dang*/__sgrub byed kyi phrin las la/__rgyud sde chen po bzhi dang 'brel ba'i bka' gter dag snang gsar rnying ring lugs du ma zhig bzhugs pa las/__'di ni dpal rdo rje sems dpa' sgyu 'phrul drwa ba rtsa ba'i rgyud las/__mkha' dkyil dwangs pa'i dbyings nyi zla/__/ye shes rgyal po stangs dpyal sgom/__/rgyal ba'i dkyil 'khor rab 'byams ni/__/ma lus pa ni bsgom par 'gyur/__/zhes gsungs pa ltar/__de thams cad kyi 'phro gzhi gsang chen rigs gcig tu sgrub pa zhes lhag pa'i lha gcig sgrub pas dkyil 'khor rab 'byams 'grub par 'gyur ba'i man ngag khyad par can te/__kun mkhyen bla ma 'jigs med gling pa'i dgongs gter rtsa ba la/__thams cad mkhyen gzigs many+dzu g+ho Shas man ngag gi lam srol rgyas par phyes pa'i chos bka' ste/__de yang rdzogs pa chen po klong chen snying thig gi thun mong ma yin pa'i dgongs pa ltar bla ma dang yi dam dbyer med du bsgrubs pas/__lhan skyes nam mkha' lta bu'i mchog gi dngos grub gtso bor gyur pa'i las thams cad thogs med du grub tshul bla na med pa 'di'i bsnyen sgrub ji ltar bya ba'i tshul 'chad pa la/__bsnyen sgrub gnyis las/__dang po la sbyor ba sngon 'gro'i chos dang*/__dngos gzhi nyams len gnyis las/__dang po ni/__gnas khang byi dor byas pas gung du rdor sems kyi sku bris 'bur gang rigs bkram pa'i spyan sngar las byang dkyus su gsal ba'i dkyil 'khor du mchod rdzas yo byad rigs tshogs par byas la/__yar ngo brgyad sogs tshes grangs gza' skar dge ba'i nyin/__phyi thun la bsnyen pa'i dbu 'dzugs pas thog mar gnas gzhi'i bdag por dkar gtor dang*/__nag phyogs la bgegs gtor btang rjes/__sgo drung du rgyal tho 'dzugs la rgyal chen bzhir mchod gtor 'bul zhing bar chad srung ba'i phrin las bcol/__sgrub khang gi phyogs bzhir rgyal chen bzhi dang dpal mgon bdun cu'i dmag gi srung bar mos la/__srung 'khor 'don sgom bya/__sngon 'gro'i gtor ma gnyis mtshams la 'jug grol gyi thog mtha' gnyis las thun gzhan rnams la mi dgos pas/__skyabs yul rang la bsdus zin pa'i rjes/__dbyings kyi ngang las sogs srung 'khor la 'jug__/gnyis pa la sku gsung thugs kyi rnal 'byor gsum las/__thog mar sku bskyed pa phyag rgya'i rnal 'byor ni/__spyir bla ma'i rnal 'byor ltar nyams len gyi gtso bo yin pas/__phyi sgrub bla ma'i rnal 'byor yid bzhin nor bu'i gter gzhung las/__rtag par gang du 'dug pa'i gnas zangs mdog dpal ri dngos yin snyam pa las tha mal du mi lta/__des zhing khams sbyong ba yin no/__/zhes gsungs pa dang mthun par 'dir yang*/__shU n+ya ta'i sngags kyis/__gzung 'dzin gyi rtog pa 'khrul pa'i rgyu/__yul lnga dbang lnga yid shes dang bcas pa 'khrul pa'i 'bras bur snang ba'i ma dag pa'i dngos zhen gyi snod bcud rgyud gsum gyi 'khrul snang thams cad 'ja' tshon ltar dbyings su yal te rig stong rjen pa nyams su myong ba'i chos nyid kyi rang rtsal/__snod bcud rang bzhin rnam dag sprul pa'i zhing gi bye brag shar phyogs mngon par dga' ba'i bkod pa'i gsal snang sgrub pa gal che ste/__zhing khams de'i bkod pa ni rig pa rang shar chen po'i rgyud las/__'di nas shar phyogs 'jig rten khams na/__zhing khams mngon par dga' ba zhes bya ba yod de/__sprul pa'i sku'i zhing khams de na/__sprul pa'i sku rdo rje sems dpa' zhes bya ba/__de bzhin gshegs pa thams cad kyi dbang bskur ba dam pa thob pa'i gnas de na gzhal yas khang gi yon tan dpag tu med pa yod de/__de yang 'di lta ste/__rin po che shel las grub pa'i khang pa sgo bzhi dang ldan pa/__rin po che'i rta babs dang ldan pa/__sa gzhi thams cad rin po che shel las grub pa/__shin tu yid du 'ong ba/__blta na sdug pa/__them skas dang*/__skar khung dang ldan pa/__sgo bzhi na seng skar chen po bzhi yod pa/__seng skar nas nyi ma 'char ba rin po che shel las grub pa la phog nas nang du nyin mo 'od lnga'i snang ba lhug par 'char ba'o/__/gzhal yas khang de'i phyi rol na/__yan lag brgyad dang ldan pa'i chu'i 'obs yod pa/__de la nad kyi btab pa rnams kyis 'thung ba na nad 'tsho bar 'gyur la/__de'i phyi na mtshe'u brgyad yod de/__de rnams kyi nang na'ang bya skad snyan pa sna tshogs te/__de'ang 'di lta ste/__bya'i rgyal po ngang pa gser ldan dang*/__mthing ril dang*/__bya ka li dang*/__ne tso mi skad shes pa dang*/__khu byug dang*/__shang shang te'u dang*/__ri skeg dang*/__de la sogs te bya skad snyan pa'i bya rigs stog phrag brgyad cu dang*/__yid du 'ong ba'i bya 'di lta ste/__kang ka ri dang*/__sbab dang*/__zer mo dang*/__lha'i bya dril bu'i skad can dang*/__bya kri ti pa gser gyi rdo rje'i gzugs la sogs te/__g.yu'i mdog ltar sngo ba dang*/__dung gi mdog ltar dkar ba dang*/__byi ru'i mdog ltar dmar ba dang*/__in+d+ra nI la ltar ljang ba la sogs te/__yid du 'ong ba dang*/__skad snyan bsam gyis mi khyab pa yod do/__/de'i phyi rol na rin po che sna bdun gyi lcags ri yod do/__/de rnams kyi dbus na rin po che sna bdun las byas pa'i khri chos 'chad pa'i stan dang ldan pa yod do/__/der sprul pa'i sku rdo rje sems dpa' zhes bya ba de/__srod la 'khor rnams la rgyu'i chos 'chad do/__/nam phyed na gsang sngags phyi'i chos 'chad do/__/tho rangs nang gi chos 'chad do/__/nyi ma phyed na rdzogs pa chen po 'bras bu bla na med pa'i chos 'chad do/__/de yang zhag re na'ang chos thun bzhi bzhi 'byung ngo*/__/de na gnas pa'i byang chub sems dpa' de dag kyang skye ba gcig gis thog pa sha stag go__/lo yang lnga brgya lnga bcu thub bo/__/zhing khams de na zas dang skom yang yid la dran pa tsam gyis tshim pa yod do/__/de na nad med pas mchog tu bde la/__byung srid na'ang chu yan lag brgyad dang ldan pa de 'thungs pas nad sel te/__me tog sna tshogs kyis sprul pa'i sku de la mchod pa cher byed pa sha stag go__/gzhal yas khang de'i zur bzhi na/__mu tig las bskrun pa'i mchod rten bzhi yod do/__/de bzhi'i bar na dril bu g.yer kha'i drwa bas thag pa sprel nas yod do/__/thag pa de rlung gis bskyod pa dang dril bu'i sgra yid du 'ong ba sna tshogs 'byung ngo*/__/phyogs bzhir dar sna tshogs kyi ba dan bzhi yod do/__/de rlung gis bskyod pa las dri zhim pa sna tshogs 'byung ngo*/__/gzhal yas khang de ni shar phyogs na dpag tshad lnga brgya 'das pa'i steng na yod do/__/der skyes pa'i byang chub sems dpa' de dag kyang sum cu rtsa gsum gyi lha dang longs spyod mnyam pa sha stag go__/shar phyogs kyi sprul pa'i sku'i zhing khams ni de bzhin du yod do/__/zhes gsungs pa ltar zhing khams kyi bkod pa yongs su rdzogs pa la sems bzung ste gsal snang legs par sgrub cing*/__zhing de'i dbus su rang nyid kyang tha mal gyi snang shes mi rung bas rdo rje sems dpa' yab rkyang dkar po longs sku'i chas ldan zhabs g.yas brkyang sems dpa'i skyil krung can du bsgoms pa'i mdun du mchod pa'i sprin rgya mtsho'i dbus na glang chen thal kar brgyad kyis btegs pa'i rin po che'i khri dang pad zla'i steng du ngo bo rtsa ba'i bla ma la rnam pa rigs thams cad kyi khyab bdag rdo rje mi bskyod pa sku mdog dkar gsal/__yum snyems ma dkar mo gri thod can dang sbyor ba/__mnyen lcug 'khril ldem gzhon tshul can gsal 'tsher lhun sdug gzi byin 'bar ba ste zhi tshul dgu dang*/__dar dkar po gser gyi ngang ris can gyi stod g.yogs/__tshi gu'i smad dkris/__cod pan/__zi ldir/__gar gyi phu dung ste dar gyi chas gos lnga dang*/__rin po che'i dbu rgyan/__snyan rgyan/__mgul rgyan/__se mo do/__do shal ska rags/__phyag zhabasakyi gdu bu ste rin po che'i rgyan brgyad kyis mdzes pa snang stong gnyis su med pa dwangs gsal 'ja' tshon lta bur gsal ba'i thugs kar dwangs ma'i thig le'i dbus su gtso bo rigs lnga yab yum zhal sbyor/__de re re'i g.yas g.yon du phyi nang gi sems dpa' lcam dral brgyad/__de'i phyi rol gyi shar dang nub tu gnyis gnyis/__lho dang byang du re re ste thub pa drug__/phyogs bzhir sgo ba yab yum brgyad bcas zhi ba zhe gnyis thabs bde ba chen po'i rang bzhin rig pa skur smin pa zhi tshul dang*/__dbu'i nang bde chen 'khor lo klad pa dung khang gi gzhal yas su gtso bo che mchog__/mdun du bud+d+ha he ru ka__/phyogs bzhir khrag 'thung rigs bzhi yab yum/__de'i phyi rol du gnas yul gyi ma mo bcu drug__/phyogs bzhir dbang phyug bdun re/__sgo ma bzhi ste shes rab dbyings kyi rang gdangs khrag 'thung lnga bcu rtsa brgyad/__rdo rje'i phung khams skye mched la gdod nas lhun rdzogs su bzhugs par gsal zhing*/__kun mkhyen bla mas yum bka'i bsnyen yig lhan thabs su/__khyad par rang gi phung po khams dang skye mched dbang yul rnam shes tshogs brgyad dang bcas pa ma dag pa sems can gyi dus su de dang der snang yang*/__bskyed rim zab mo'i dag bya dag 'bras lha'i rang bzhin du rnam par dag pa'i ngo bo chos nyid ma 'khrul pa shes shing lam du longs pa'i gsal snang brtan pa la ni rang bzhin yongs grub chen po'i bskyed r-im zhes bya'o/__/zhes dang*/__rigs brgya'i sku mdog phyag mtshan kun bzang yab yum mnyam bzhag dang thal sbyar chos 'byung gi rgya/__rigs lnga g.yas rang rtags g.yon dril bu/__yum rnams g.yas dril bu g.yon rang rtags so so'i sku mdog rigs kyi nges pa dang*/__gzhan dag gsang 'grel phyogs bcu mun sel ltar shes dgos par gsungs shing*/__khyad par bla ma'i rnal 'byor gyi don po mos gus te/__dpal sprul rin po ches/__bla ma bsten thabs mos gus yin gyi zhe sa min/__/bla ma sgrub thabs mos gus yin te gsol 'debs min/__/mos gus yod na ji ltar byas kyang byin rlabs 'jug__/mos gus med na ji ltar byas kyang phan pa med/__/ces gsungs pas/__nga'i bla ma de bzang po yin/__bdag la bka' drin che snyam pa tsam mi 'ong*/__rang la dngos su bla ma mtshan ldan yod na de dang*/__dmigs bsal med na gu ru rin po che dang*/__kun mkhyen klong chen yab sras rnams ngo bo rigs dang dkyil 'khor gyi khyab bdag rdo rje sems dpa' nyid gdod nas yin pa la sangs rgyas kyi gzugs sku dngos su mjal ba'i blo mig med pa la tha mal mi'i gzugs su byon nas dbang dang gdams ngag ston pa rgyud sde rab 'byams las gsungs pa'i nges shes kyis/__gnas tshul ji lta ba bzhin du bde bar gshegs pa kun gyi ye shes sgyu ma'i sku rdo rje sems dpar dngos su bsgoms pas/__sangs rgyas dngos las dbang dang dngos grub len nus pa'i mthu thob par 'gyur bas de ltar sgom pa ste/__sku'i ba sbu rer yang sangs rgyas kyi zhing dang ston pa rdul snyed du rdzogs pa'i dge 'dun gsung skad cig rer yang chos sgo rab 'byams ston pa'i dam chos/__thugs de bzhin gshegs pa thams cad dang ro mnyam rdo rje'i sangs rgyas/__rang la gdams ngag ston pa'i bla ma de rnams zhal mthong ba tsam gyis tha mal rnam rtog 'gag pa/__spyan gzigs pa tsam gyis byin rlabs kyi zil 'bebs pa/__thugs dgongs pa gtad pa'i mod la ye shes btsan thabs su 'char ba'i yon tan phun sum tshogs pa thams cad stsol nus pa'i dgos 'dod 'byung ba'i nor lha/__gcig chog rgyal po skyabs gnas kun 'dus gnas skabs dang mthar thug gi 'dod don thams cad gsol ba btab pa tsam gyis bde blag tu stsol nus pa sangs rgyas gzhan las thugs rje myur ba'i phrin las mkha' 'gro chos skyong du ston pa'i bdag nyid du gsal/__rdo rje gsum gyi sa bon gyis ye shes kyi 'khor lo spyan drangs nas bstim/__dbang bskur rgyas gdab bcas spyi ltar bya'o/__/gnyis pa gsung bzlas pa sngags la/__bzlas pa dngos dang*/__tshogs bsags sgrub pa'i rnal 'byor gnyis/__dang po la bsnyen pa nye bsnyen gnyis las/__dang po ni/__bsnyen pas thugs dam bskul phyir mdor bsdus pa'i yan lag bdun pa gsol gdab thugs dam bskul ba la nan tan byas la/__gnyis pa nye bsnyen dngos ni/__zhi khro sprel ma'i rtsa sngags gsol 'debs kyi tshul du bzlas la/__rang gi sems kyi gshis brjod med/__mdangs 'gag med/__rtsal mos gus su dung nge ba'i ngang ma shor bar byas la/__snang grags rig gsum de nyid/__rang snang dpal ldan bla ma'i sku gsung thugs kyi rnam rol 'ba' zhig blta ba la bslab/__de nas bla ma'i gnas gsum 'od zer spro bsdu'i brda yi dbang len blos gang 'chun la 'bad/__dmigs pa legs par gsal ba na dbang lha sprul pa'i dbang len rgyas pas dbang bzhi rdzogs par len/__mdor na bya rgyu dam chos dang*/__re sa bla ma las med par kho thag bcad nas 'du 'dzi ci chod dang*/__g.yeng ba ji zhig byas nas/__bla ma'i rnam thar min pa bsam rgyu med pa/__mos gus bsgom pa min pa bya rgyu med pas bzlas brjod bya/__de yang sngags don la/__oM AHhU~M rdo rje gsum gyi sa bon/__gu ru bla ma/__badz+ra sa twa yi dam zhi ba'i khyab bdag rdo rje sems dpa'/__ru lu ru lu hU~M b+h+yo hU~M:khro bo'i spyi snying ste/__mdor na bla ma yi dam gcig dril du bsgrubs pas/__lhag pa'i lha rab 'byams 'bad med du 'grub pas ched du sgrub mi dgos te/__zhes lha dang*/__sngags kyang rta mchog rol pa las/__gsang sngags rgyal po bla med pa/__/lan gcig brjod pa tsam gyis kyang*/__/sdig pa ma lus zad byed cing*/__/las rnams thams cad 'grub par gsungs/__/zhes dang*/__rdo rje sems dpa' thugs kyi sgrub pa las/__de ltar bzlas pa'i yon tan gyis/__mtshams med lnga yi sgrib sbyang shing :__sangs rgyas kun gyi sras su dgongs:__zhes dang*/__dus gsum gyi rgyal ba thams cad kyi ngo bo dpal ldan rdo rje sems dpa'i snying po yi ge drug pa/__mtshan 'di gang gis thos pa des sngon sangs rgyas mang po la bya ba byas pa yin te/__rdo rje sems dpa'i zhing khams su nges par 'byung bar 'gyur ba dang*/__rgyal ba rnams kyi byin gyis brlab pa dang*/__theg pa chen pos nges par 'byung ba dang*/__mngon shes dang ldan zhing lhag mthong gi mig dang ldan pa/__rgyal ba'i sras su nges pa yin no/__/zhes spyi mdo dgongs pa 'dus pa las gsungs/__badz+ra sa twa 'bum phrag gcig brjod na rtsa ba'i dam tshig nyams pa yang zhi bar 'byang ngo*/__/zhes dang*/__de nyid bsdus pa las/__rdo rje sems dpa'i mtshan tsam zhig__/'di ni srung ba rtag chen po/__/skad cig dngos grub thob par 'gyur/__/zhes pas mtshon rgya cher yod do/__/gnyis pa la gnyis las/__dang po/__thugs bsags sbyong sgrub pa'i rnal 'byor yan lag bdun ni/__thun re re bzhin gal che ste yul gnyan por zhu bskul 'phrin dang bcas te byed dgos pa bzhin yan lag bdun pa'i bsags sbyong dang sbrags na rang rgyud dag pa dang*/__tshogs gnyis bsags pa/__mchod yul ji tsam mnyes bzhin du byin rlabs kyi snod du 'gyur zhing*/__dngos grub la nye ba'i dgos pa dang bcas pa'i phyir ro/__/dang po phyag 'tshal ba'i yan lag ni/__rang lus zhing rdul dang mnyam par sprul nas/__mkha' mnyam gyi 'gro ba rnams dang lhan cig lag pa'i thal mo pad+ma kha 'bus pa ltar sbyor zhing*/__lus kyi gnas lnga sa la btud de/__ngag gi phyag 'tshal gyi tshig brjod la/__yid dad gus kyis shugs phyungs nas phyag 'tshal ba ste/__'don tshig tu gsal ba ltar/__bla ma/__yi dam rdor sems/__zhi khro rigs brgya sogs tshig rjes don dran gyis phyag 'tshal de rnams bla ma'i rnam rol du thag bcad pas grub na lus phyag dngos su 'bul/__gnyis pa mchod pa 'bul ba'i yan lag ni/__ngo bo dngos 'byor lus dang longs spyod/__rnam pa yid sprul kun bzang mchod sprin thogs pa'i rdo rje'i lha mo bcu drug__/tshad bzung du med pa'i mchod pa zhes sku gsum gyi zhing gi maN+Dal dang*/__bla med kyi dam rdzas sman raka gtor ma/__bde stong de kho na nyid kyi mchod pas mnyes par byed pa'o/__/gsum pa bshags pa'i yan lag ni/__tshe rabs kyi sdig pa spyi dang khyad par bla ma'i spyan sngar sdom pa gsum gyi tshul khrims khas ma blangs pa med cing lag len blo gtad khel ba gcig kyang med pa'i sdig ltung la gnong 'gyod kyis bshags shing*/__phyin chad mi bgyi ba'i dam bca' bcas rgyud kyi bshags tshig gis kun rdzob dang*/__don dam spyi'i bshags pa byas la yig brgya bzla/__bzhi pa rgyal ba sras bcas kyi ngo mtshar ba'i rnam thar/__'jig rten pas mchod sbyin bgyis pa sogs 'jig rten dang 'jig rten las 'das pa'i dge rtsa che phra dus gsum du bsags pa kun la dbul pos nor bu rnyed pa ltar dga' ba sgom pa dang*/__lnga pa chos 'khor bskor bar bskul ba ni/__srid zhi'i yon tan thams cad chos las 'byung ba dang*/__'gro ba thams cad byang chub mchog gi go 'phang la 'khod kyi bar phyi nyan rang byang sems/__nang bya spyod rnal 'byor phyi rgyud/__gsang ba nang rgyud yo ga gsum gyi chos 'khor bskor bar gsol ba gdab pa dang*/__drug pa mya ngan las mi 'da' bar gsol ba gdab pa ni/__chos de ston pa la bsten pas sangs rgyas byang sems nyan rang so skye bstan 'gro la phan pa thams cad 'gro ba ji srid bar bzhugs par gsol ba gdab/__bdun pa smon lam dang bsngo ba ni/__bsags sbyangs de dag gis mtshon pa'i dus gsum gyi dge tshogs rang gzhan yid can thams cad bla med rdzogs pa'i sangs rgyas kyi go 'phang thob pa'i rgyur smon zhing bsngo ba rnams re re bzhin gnad la thebs par btab pas bla ma brten thabs su sbyor ba rnyed bkur rim gro'i bsten tshul don yang 'dir tshang ngo*/__/gnyis pa bla ma'i rdo rje gsum gyi dkyil 'khor la byin rlabs dbang zhu ba'i phyir sgrub pa chen po dbang len na/__bla ma sras dang bcas pa'i mkhyen brtse nus gsum gyi ye shes bla ma'i sku gsung thugs kyi dkyil 'khor gcig la rdzogs pas de'i byin rlabs zhu ba'i phyir maN+Dal phul zhing gsol gdab sngon du 'gro bas/__sdom bzung dang bsags sbyang gi rgyud dag par byed pa dbang gi snod rung du byas la/__bla ma shin tu dgyes pas thugs rje lhag par g.yos te/__bla ma'i smin mtshams kyi mdzod spu las gdan gsum tshang ba'i dbang lha spros te bum dbang bskur/__yab yum gyi byang sems sangs rgyas 'dus pa'i ngo bo myong bas gsang dbang*/__thugs ka nas shes rab ma spros pas thar pa bsten pa sher dbang*/__rdo rje'i tshig gi ngo sprod pa dbang bzhi pa rnams bskur bas/__rang lus la ngan song gsum dang bde 'gro'i rten skyed byed kyi rtsa rlung thig le'i cha mang po yod pa rgyud klong gsal dang*/__sgyu 'phrul gsang snying sogs las gsungs shing*/__de'i dbal gcog pa dang bde chen dag pa'i gnas su 'gro ba'i lam shul po che bzhin du dbye ba la rtogs byed kyi thabs mkhas phul du+u phyin pa yin pas rim bzhin/__lus kyi las dang rtsa yi sgrib pa sogs bzhi dag__/dbang bzhi thob/__lam bskyed rim sogs bzhi'i snod du 'gyur/__rig 'dzin bzhi'i sa bon thebs/__sku bzhi'i go 'phang thob pa'i skal pa rgyud la bzhag par mos pa ni/__rang gi sgo gsum dang bla ma'i gsang gsum 'dres nas/__bla ma'i 'od gsal thugs kyi thig ler mngon par byang chub pa'i nye rgyu thun mong ma yin pa ste/__'di ni bla ma las sngar thob pa'i smin byed rgyu'i dbang dang sdom pa thob pa'i nus pa gong 'phel du byed pa'i lam dbang zhes bya/__ting nge 'dzin gyi dbang yang yang blang na nyams chag skong zhing byin rlabs 'jug__/ting nge 'dzin gyi dbang len ji tsam dmigs pa gsal brtan de tsam du nus pa che/__de ltar yang yang 'bad pas dbang gi ye shes dngos sam rjes mthun gyi nus pa ci rigs skyes pa rnams rtsal rdzogs brtan pa'i ched shin tu gal che'o/__/bsnyen pa'i skabs bsnyen sgrub la 'jug pa'i thog mtha' dang*/__dus bzang las rgyun du tshogs mchod ma grub kyang rung zhing*/__gtang rag gi mchod bstod nongs bshags nyer bsdu bsngo smon shis brjod bcas bya/__de lta bu'i thun bzhi gsum du byas la rtsa bsnyen 'bum bzhi'am de bzhi 'gyur du byas pa bcu drug__/yig brgya 'bum gcig gam bzhi'i grangs bsnyen thems pas/__cho ga'i gzhung snga ma ltar la/__dbang len gyi skabs bum thod me long shel rdo rnams kyis bdag 'jug len pa dang*/__tshogs skong mchod pa rgyas spros su byas la zhag bdun nam bdun gsum tsam du 'bad pas sgrub pa dang*/__dngos grub len pa ni dbang bzhi blangs pas 'thus la dmigs bsal mi dgos/__gsum pa thugs 'od gsal la 'jug ldang gi rnal 'byor ni/__spyir nges don nang gi bla ma rang rig gnyug ma'i sgo gsum du 'du 'bral med par bzhugs kyang de ngo ma shes pas 'khrul pa la kun rdzob thugs rje rig rtsal gyi bla ma sangs rgyas kun gyi phrin las kyi byed por dge ba'i bshes gnyen gyi rnam par bstan nas don gyi yin lugs ngo sprod mdzad pa po nyid/__dkyil 'khor thams cad kyi khyab bdag rdo rje sems dpa'i rnam pa mdun du gsal btab pa nyid/__bde stong gnyis su med pa'i ye shes kyi thig ler zhu nas snying dbus su thim ste rang sems dang ro gcig tu 'dres pas brjod bral sems kyi rdo rje/__tshig dang yid dpyod kyi ma bsgribs pa rjen ne mthong byung snyam pa'i ngang du ma bcos par bzhag la thugs yid bsre/__slar rtog pa zhig 'phro bar rtsom pa dang snod bcud lha dang zhing khams/__snang grags rig pa bla ma'i sku gsung thugs su lam du khyer ba'i dag snang dang ma bral bar mos gus dung nge bas rgyas btab ste/__mnyam bzhag ci nus bya'o/__/de ltar bla ma'i rnal 'byor bsnyen sgrub yan lag bzhi ldan du bsgoms pas mtshon dus gsum gyi dge ba mtha' dag rang gzhan sems can thams cad tshe rabs thams cad du chos rje bla ma sangs rgyas rin po che yang yang mjal ba'i rten thob pa dang*/__bla ma sangs rgyas su ngo shes/__smin grol gyi snod ldan du gyur/__ji ltar bsnyen pa bzhin nyams su len nus pa'i skal bzang gis tshe 'dir bla ma'i thugs chos sku'i klong du btsan sa zin pa dang*/__gal srid der ma grol na rang sems bla mar bsre ba'i ting 'dzin gyis 'chi ba'i 'od gsal la brtan pa thob nas grol ba dang*/__bar dor bla ma dran pas rig 'dzin gyi zhing du bgrod nus pa'i bsngo smon gyi rgyas 'debs dang shis brjod bcas bya zhing rjes spyod thams cad kyang bla ma'i bka' drin dang yon tan dran pa 'ba' zhig la bslab pas thun dang thun mtshams kyi dge sbyor thams cad bla ma'i rnal 'byor 'ba' zhig nyams len gyi grogs su 'gro ba la bslab par bya'o/__/de ltar bsnyen sgrub legs par grub nas yar ngo'i gza' tshes shis pa zhig la gtang rag gi tshogs mchod rgyas par phul la/__rgyal tho la gtor ma 'bul zhing gshegs gsol byas la tho bsdu ba dang*/__mtshams las grol zhing kha skong zhi ba'i sbyin sreg ni gzhung du gsal ba ltar la/__dmigs bsal bsnyen sgrub kyi kha skong la/__rtsa sngags gu ru badz+ra sa twa'i mthar sarba pA pa~M shAn+tiM ku ru swA hA la grangs bzung*/__'dod gsol/__rnal 'byor pa bdag dang yon gyi bdag po'i nad gdon sdig sgrib 'gal rkyen bar gcod mchod sbyin gyi rdzas dang yo byad ma tshogs pa dang*/__ting nge 'dzin ma gsal ba dang*/__cho ga lhag pa dang nyams pa dang*/__lha gong 'og nor ba thams cad shAn+tiM ku ru swA hA/__zhes sbyar nas bsnyen pa'i bcu cha 'bul lo/__/de ltar bsnyen sgrub legs par grub pas khyad par gyi phrin las/__sdig sbyang khrus/__tshe bsod rgyas pa/__bdud rtsi mchog sgrub/__dbang bskur/__gnas lung*/__rab gnas/__ril sgrub sogs skabs su gang bab nyams su blangs pas nyams chag skong zhing*/__ye shes rgyas pa sogs rang gzhan gyi don gnyis sgrub pa'i thabs la 'bad par bya dgos so/__/mchog thun dngos grub mtha' dag 'byung ba'i gzhi/__/dkyil 'khor rgya mtsho'i khyab bdag rdo rje sems/__/sgrub pa'i thabs tshul nyams su len pa'i tshul/__/bris 'dis 'gro kun rdo rje'i sar phyin shog__/ces rang nyid kyang lam 'dir bsnyen sgrub yang yang bgyis pa'i dad mos kyi 'bri bar sems pa'i steng*/__lho 'brug chos rtse'i bla ma mkhyen yon rmad byung ngag dbang yon tan rgya mtsho dang*/__bum thang nyi lung bshad sgrub dar rgyas chos gling gi byang 'dren 'jam dbyangs brtson 'grus zung nas bsnyen sgrub kyi ched bskul ba bzhin/__'jigs med mkhyen brtse 'od zer rdo rje thugs mchog rtsal gyis lho 'brug spa gro skyer chu dang 'dabs 'byor ba'i bsam gtan gyi spyil bu phun tshogs bkra shis dga' 'khyil nas bris pa 'gro kun bla ma rdo rje sems dpa'i gsang gsum rgyan gyi 'khor lor ci dgar rtsen pa'i rgyur gyur cig__/sarba dA l+yA NaM b+ha wa tu//

Footnotes

Other Information