DKYD-DZINDROL-048: Difference between revisions

From Khyentse Lineage - A Tsadra Foundation Project
No edit summary
No edit summary
 
Line 2: Line 2:
|classification=Tibetan Publications
|classification=Tibetan Publications
|subclass=Tibetan Texts
|subclass=Tibetan Texts
|sectionheading=No
|fulltitletib=ཀློང་སྙིང་།་་་་རིག་འཛིན་ཡུམ་ཀའི་མེ་མཆོད་ལས་བཞིའི་བང་མཛོདཿ
|fulltitle=klong snying rig 'dzin yum ka'i me mchod las bzhi'i bang mdzod
|citation=[['jigs med gling pa]]. ''Klong snying rig 'dzin yum ka'i me mchod las bzhi'i bang mdzod''. In ''Mdo mkhyen brtse ye shes rdo rje'i dgongs gter gcod 'dzin pa rang grol gyi 'don chog gi skor'',  (''The Natural Liberation of Grasping, The Chod Teaching of Do Khyentse Yeshe Dorje''): 463-469. Delhi: Shechen Publications, 2020.
|collectiontitletib=མདོ་མཁྱེན་བརྩེ་འཛིན་གྲོལ།
|collectiontitle=mdo mkhyen brtse 'dzin grol
|collectiontitle=mdo mkhyen brtse 'dzin grol
|collectiontitletib=མདོ་མཁྱེན་བརྩེ་འཛིན་གྲོལ།
|totalvolumes=1
|citation=[['jigs med gling pa]]. ''''. In ''Mdo mkhyen brtse ye shes rdo rje'i dgongs gter gcod 'dzin pa rang grol gyi 'don chog gi skor'',  (''The Natural Liberation of Grasping, The Chod Teaching of Do Khyentse Yeshe Dorje''): . Delhi: Shechen Publications, 2020.
|language=Tibetan
|author='jigs med gling pa
|author='jigs med gling pa
|authortib=འཇིགས་མེད་གླིང་པ་
|sourcerevealer='jigs med gling pa
|sourcerevealer='jigs med gling pa
|authortib=འཇིགས་མེད་གླིང་པ་
|sourcerevealertib=འཇིགས་མེད་གླིང་པ་
|sourcerevealertib=འཇིགས་མེད་གླིང་པ་
|tibgenre=Fire Offerings - sbyin sreg
|terma=Yes
|terma=Yes
|cycle=klong chen snying gi thig le
|cycle=klong chen snying gi thig le
|cycletib=ཀློང་ཆེན་སྙིང་གི་ཐིག་ལེ་
|cycletib=ཀློང་ཆེན་སྙིང་གི་ཐིག་ལེ་
|versonotes=mdo mkhyen zab gter gcod 'dzin pa rang grol
|language=Tibetan
|volumenumber=1
|volumenumber=1
|volumeLetter=
|totalvolumes=1
|textnuminvol=048
|textnuminvol=048
|pagenumbers=463-469
|totalpages=7
|beginfolioline=1a1
|endfolioline=4a6
|totalfolios=4
|multivolumework=No
|rectonotes=yum ka'i me mchod
|versonotes=mdo mkhyen zab gter gcod 'dzin pa rang grol
|pdflink=File:DKYD-DZINDROL-048.pdf
|pdflink=File:DKYD-DZINDROL-048.pdf
|InitCategories=Khyentse Lineage Project; DKYD-DZINDROL
|InitCategories=Khyentse Lineage Project; DKYD-DZINDROL

Latest revision as of 14:06, 14 June 2024

Wylie title klong snying rig 'dzin yum ka'i me mchod las bzhi'i bang mdzod DKYD-DZINDROL-048.pdf
Location mdo mkhyen brtse 'dzin grol
Volume 1, Text 48, Pages 463-469 (Folios 1a1 to 4a6)
Author འཇིགས་མེད་གླིང་པ་
Less details More details
Tertön འཇིགས་མེད་གླིང་པ་ ('jigs med gling pa)
Citation 'jigs med gling pa. Klong snying rig 'dzin yum ka'i me mchod las bzhi'i bang mdzod. In Mdo mkhyen brtse ye shes rdo rje'i dgongs gter gcod 'dzin pa rang grol gyi 'don chog gi skor, (The Natural Liberation of Grasping, The Chod Teaching of Do Khyentse Yeshe Dorje): 463-469. Delhi: Shechen Publications, 2020.
Genre Fire Offerings - sbyin sreg
Cycle ཀློང་ཆེན་སྙིང་གི་ཐིག་ལེ་ (klong chen snying gi thig le)
Karchag page DKYD-DZINDROL-Karchag
[edit]
ཀློང་སྙིང་།་་་་རིག་འཛིན་ཡུམ་ཀའི་མེ་མཆོད་ལས་བཞིའི་བང་མཛོད་བཞུགསཿ རྡོ་རྗེ་དབྱིངས་ཀྱི་མཁའ་འགྲོ་ལ་ཕྱག་འཚལ་ལོཿ འདིར་ཚོགས་གཉིས་སྤེལ་བ་དང་ཉམས་ཆག་དག་པར་བྱ་བ་གཙོར་གྱུར་ལ་ཕྲིན་ལས་གཞན་པའི་ཁ་སྒྱུར་ཀྱང་བགྱི་བར་རུང་བའི་མཁའ་འགྲོའི་མེ་མཆོད་བྱ་བར་འདོད་ནཿ དང་པོ་རྫས་གསག་པ་ནིཿ མར་ཁུཿ ཡམ་ཤིངཿ ཏིལ་དཀར་ནགཿ དཀར་གསུམ་མངར་གསུམ་དང་དྲི་བཟང་གིས་སྦགས་པའི་ཞོ་ཟནཿ སོ་བཿ འབྲསཿ ནསཿ གྲོཿ སྲན་མཿ ཡུངས་དཀརཿ ཀུ་ཤཿ དཱུརྦཿ ཤིང་ཏོགཿ དར་སྣཿ སྨན་སྣཿ རིན་པོ་ཆེའི་རིགས་དངཿ ཁྱད་པར་གྱི་རྫས་བ་དམར་ཟལ་རྙེད་ན་རབཿ མ་རྙེད་ན་བ་གླང་གཞོན་ནུའི་ཤཿ་་་་་ཨ་མྲྀ་ཏས་སྦགས་པ། ལས་མདོག་དང་མཐུན་པའི་མེ་དར་རྣམས་ཀྱང་གསོགཿ གཉིས་པ་ཐབ་བཅའ་བ་ནིཿ བདག་གི་རྣལ་འབྱོར་དང་ལྡན་པས་འཁྱིལ་པའི་སྔགས་ཀྱིས་བསང་ཆུ་བསྒྲུབཿ གང་དུ་བྱ་བའི་གཞི་མ་དུལ་བ་ཡིན་ན་ས་ཆོག་བྱཿ དེ་ནས་རླན་ཅན་གྱི་ས་སྟེགས་འཇམ་པོ་ལཿ རྡུལ་ཚོན་གྱི་རེ་ཁཱ་རིམ་པ་གསུམ་དུ་བསྐོར་བའི་དབུས་མ་མཐིང་ཁར་བཾཿ དེའི་ཕྱི་པད་འདབ་བཞི་ཕྱོགས་མདོག་ལ་འབུམ་ཕྲག་ཡངས་པའི་མཁའ་འགྲོའི་སྲོག་སྙིང་ཧ་རི་ནི་ས་བཀོདཿ ཕྱི་མ་རྡོར་ར་དང་འོད་ཕྲེང་ངོཿ དེའི་སྟེང་ལྷ་རྫས་ལ་རུང་བའི་བུད་ཤིང་བཟང་པོ་རན་པར་བརྩིགསཿ ཉེ་ལོགས་ཅི་བདེ་བར་མཆོད་གཏོར་བཟང་པོ་དང་ཚོགས་འཁོརཿ སྲེག་རྫས་རྣམས་ཀྱང་འདུ་བྱའོཿ གསུམ་པ་དངོས་གཞིའི་རིམ་པ་ནིཿ བསང་ཆུ་འཐོར་ཞིངཿ ཨ་མྲྀཏས་བསངཿ སྟོང་པའི་ངང་ལས་མཆོད་རྫས་དང་བསྲེག་རྫས་རྣམས་རང་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ལས་བྱུང་བའི་བདུད་རྩིའི་དངོས་པོ་ལས་ཐམས་ཅད་ལ་ཐོགས་པ་མེད་པར་བསྐུལ་ཞིང་ལྷ་ཚོགས་རྣམས་དགྱེས་པ་སྐོང་བའི་ནུས་ལྡན་དུ་གྱུརཿ ནང་མཆོད་འཐོར་ཞིངཿ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ལན་བདུན་བརྗོདཿ ལས་མཐུན་གྱི་མེ་སྦར་ལཿ ཨཿ ཆོས་རྣམས་རང་བཞིན་སྐྱེ་བ་མེདཿ ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་མའིཿ ཀློང་ན་ལས་བཞི་རྫོགས་པའི་ཐབཿ སྤྱན་དང་མཱ་ཀཱིའི་མཁའ་དབྱིངས་སུཿ ཞལ་ཕྱག་སྤངས་པའི་མེ་ལྷ་ནིཿ ཡུམ་ཆེན་ན་བཟའ་དཀར་མོ་ཉིདཿ དམ་ཚིག་སྒྲོལ་མའི་བརྟུལ་ཞུགས་དངཿ མཉམ་སྦྱོར་བྱིན་ཟ་འབར་བའི་ཀློངཿ རྒྱུ་རྐྱེན་ལས་འདས་གཞལ་ཡས་ཁངཿསོགས། སྐུ་ལ་རྒྱུད་སྡེའི་དཀྱིལ་འཁོར་རྫོགསཿ འབུམ་ཕྲག་ཡངས་པའི་མཁའ་འགྲོས་བསྐོར༔སོགས་ནས། ཀུན་ཏུ་བཟང་མོའི་ཀློང་དུ་དག་གྱུར་ཅིགཿ་་་་བར དགང་བླུག་བཟུང་ལཿ ཧཱུྃཿ དགང་བླུག་དཀྱིལ་འཁོར་མ་ལུས་པའིཿ ཞལ་གྱི་ངོ་བོ་རྣམ་དག་ཅིངཿ རྡོ་རྗེའི་ལྗགས་སྟེང་ཧཱུྃ་ཡིག་གིསཿ སྲེག་རྫས་བདུད་རྩིའི་རྒྱུན་དྲངས་ནསཿ ཐུགས་ཀའི་རྡོ་རྗེ་ཕག་མོ་མཉེསཿ ལས་མཐུན་འོད་ཟེར་འཕྲོས་པ་ཡིསཿ མཆོག་ཐུན་དངོས་གྲུབ་ཐོབ་པར་གྱུརཿ ཅེས་བརྗོད་ཅིང་བསམ་ལཿ ཨོཾ་པདྨོ་ཡོ་གི་ནི་ཛྙཱ་ན་བྷ་རཱ་ཧཱི་སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་སྭཱ་ཧཱཿ ཞེས་བདུན་གྱིས་ཕུལ་ལཿ རྣལ་འབྱོར་པ་བདག་དང་ཡོན་གྱི་བདག་པོའི་ནད་གདོན་སྡིག་སྒྲིབ་འགལ་རྐྱེན་བར་གཅོད་གསང་སྔགས་ཀྱི་ཆོ་གའི་ལྷག་ཆད་དམ་ཚིག་ཉམས་ཆག་ཉེས་ལྟུང་མ་དང་མཁའ་འགྲོའི་བཀའ་ཆད་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱཿ ཞེས་འདོད་དོན་གསོལཿ རྫས་གཞན་རྣམས་ཀྱང་གཅིག་ཏུ་སྦམས་ཏེ་འབུལ་ཚུལ་དེ་དང་འདྲཿ ཞི་བྱེད་དམིགས་བསལ་ཡོད་ན་རྩ་སྔགས་ཤམ་བུ་སརྦ་པཱ་པཾ་གྱི་མལ་དུཿ དམ་ཚིག་ཉམས་ཆག་ཤཱནྟིཾ་ཀུ་རུ་སྭཱ་ཧཱཿ ཞེས་པ་ལྟ་བུའི་འབྱིན་འཇུག་བྱཿ དེ་བཞིན་དུ་རྒྱས་པ་ལཿ ཚེ་དང་བསོད་ནམས་པུཥྚིཾ་ཀུ་རུ་ཧོཿ དབང་ལཿ ཁམས་གསུམ་སྐྱེ་དགུའི་བླ་ཡིད་ཝཱ་ཤཾ་ཀུ་རུ་ཧོཿ མངོན་སྤྱོད་ལཿ དགྲ་བགེགས་འབྱུང་པོ་མཱ་ར་ཡ་ཕཊཿ ཅེས་བསྒྱུརཿ རྫས་ལ་མཚོན་ནཿ ཞི་བར་མར་ཁུ་དངཿ ཏིལ་དཀར་ནགཿ པད་ཁ་རྣམས་བུངས་བསྐྱེདཿ རྒྱས་པ་ལ་ཞོ་ཟན་དང་དཱུརྦཿ རིན་པོ་ཆེ་དང་ཤིང་ཏོག་རྣམསཿ དབང་ལ་རོ་མངར་ཞིང་སྣུམ་པའི་བཟའ་བཅའ་དངཿ མེ་ཏོག་དང་འབྲས་བུ་དམར་པོའི་རིགསཿ དགྲ་བགེགས་ཞི་བ་ལ་ཡུངས་དཀར་དང་གུ་གུལ་ཚ་བ་གསུམ་དང་ལན་ཚྭའི་ཁུ་བས་ཅུང་ཟད་སྦགས་པ་ཞི་བའི་མཐུ་དང་ལྡན་པའི་མངོན་སྤྱོད་དོཿ ཚུལ་དེ་བཞིན་དུ་མཆོད་རྫས་དང་སྲེག་རྫས་ཐབ་དཀྱིལ་ལ་སོགས་པའི་ཁ་དོག་ལས་མཐུན་དངཿ གཙོ་བོར་ཏིང་ངེ་འཛིན་གྱི་ལྡེ་ཁ་ནི་རྣོ་ལ་ངར་གྱིས་གདགས་པ་བཞིན་ནོཿ རྫས་རྣམས་རྫོགས་པ་དངཿ ཨོཾ་བཛྲ་ཝསྟྲ་ཡེ་སྭཱ་ཧཱཿ གོས་ཟུང་དངཿ བཛྲ་ཏཾ་བུ་ལ་ཡ་སྭཱ་ཧཱཿ ཞེས་སོ་རྩི་དབུལཿ ཚོགས་ཀྱི་འཁོར་ལོས་ཀྱང་མཆོད་ཅིངཿ དངོས་གྲུབ་བླང་བའི་རྗེས་ཐོག་ཏུ་བྱོན་སྐྱེམས་ཕུལ་ལཿ ཨོཾཿ ཁྱོད་ཀྱིས་སེམས་ཅན་དོན་ཀུན་མཛདཿ རྗེས་སུ་མཐུན་པའི་དངོས་གྲུབ་སྩོལཿ སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱངཿ སླར་ཡང་འབྱོན་པར་མཛད་དུ་གསོལཿ བཛྲ་མུཿས་ཡེ་ཤེས་པ་གཤེགསཿ དམ་ཚིག་པ་རང་ལ་འདྲེས་པར་བསམཿ དེ་ནས་བསྔོ་བ་ནིཿ མཁའ་འགྲོ་མ་ཡི་དཀྱིལ་འཁོར་དུཿ སྦྱིན་སྲེག་མཆོད་པ་འདི་ཕུལ་པའིཿ དགེ་བའི་རྩ་བ་གང་ལགས་པཿ འགྲོ་ཀུན་སངས་རྒྱས་འཐོབ་ཕྱིར་བསྔོཿ ཞེས་ལན་གསུམ་དངཿ སྨོན་ལམ་ནིཿ ཧོཿ སྣང་སྲིད་ཐམས་ཅད་དག་པ་མཁའ་སྤྱོད་ཞིངཿ བདེ་ཆེན་འགྱུར་མེད་རྡོ་རྗེ་རྣལ་འབྱོར་མཿ རྣམ་ཀུན་མཆོག་ལྡན་དོན་གྱི་ཕག་མོ་དངཿ རང་ཞལ་མཇལ་ཏེ་མངོན་པར་བྱང་ཆུབ་ཤོགཿ ཤིས་པ་བརྗོད་པ་སྤྱི་དང་མཐུན་པར་བྱའོཿ མེ་ནི་དཀྱིལ་འཁོར་ལྷ་ཡི་ཞལཿ མངོན་སུམ་ཉིད་དུ་ལོངས་སྤྱོད་པསཿ བསོད་ནམས་ནང་ནས་སྦྱིན་སྲེག་མཆོགཿ རྣོ་ལ་མྱུར་བའི་ལས་རྩོམ་ནཿ རྣལ་འབྱོར་ལྡན་པས་འདི་ལ་འབདཿ སམ་ཡཿ རྒྱ་རྒྱ་རྒྱཿ རྗེ་བཙུན་དཔལ་སྡིངས་པས་གསོལ་བ་ནན་གྱིས་བཏབ་པས་ལོ་ཕྱི་མ་ལ་རྒྱ་ཁྲོལ།། ༄༅། །ཨོཾ་སྭསྟི། ཡུམ་ཀའི་མེ་མཆོད་གཞིར་བཞག་ནས། རིག་འཛིན་དང་། ཐུགས་རྗེ་ཆེན་པོ་ལ་ཁ་སྒྱུར་བའི་ཚུལ་ནི། སྦྱོར་བའི་སྐབས། རྫས་བ་གླང་གཞོན་ནུའི་ཤ་མཁའ་གྲོའི་དམ་རྫས་དམིག་བསལ་ཡིན་པས་འདིར་མི་དགོས། ཐབ་འོད་ཕྲེང་དང་རྡོར་ར་ཟླུམ་པོར་བསྐོར་བའི་དབུས་སུ་གདན་དང་ལྷ་མཚན་གང་ཡིན་སོ་སོའི་མངོན་རྟོག་ལྟར་བཀོད། དེའང་རིག་འཛིན་ལ་མུ་ཁྱུད་རིམ་པ་གཉིས་ཀྱིས་བསྐོར་བའི་དབུས་སུ་ཉི་ཟླའི་གདན་ལ་ཐིག་ལེ་དམར་སྐྱ་དང་དཀར་པོ་མཐིང་ག་རྣམས་བརྩེགས་མ། མུ་ཁྱུད་དང་པོར་སྣ་ཚོགས་པདྨ་འདབ་མ་བརྒྱད་ལ་ཟླ་གདན་གྱི་སྟེང་དུ་ཕྱོགས་བཞིར་ཕྱོགས་མདོག་དང་། མཚམས་བཞིར་ཐིག་ལེ་མཐིང་ག །གཉིས་པར་པད་འདབ་བཞི་ལ་ཟླ་གདན་གྱི་སྟེང་དུ་ཐིག་ལེ་ཕྱོགས་མདོག་རེ་བྲི། ཐུགས་རྗེ་ཆེན་པོར་མུ་ཁྱུད་ཉིས་རིམ་གྱི་དབུས་ཉི་ཟླའི་གདན་ལ་ཐིག་ལེ་དམར་སྐྱ་དང་དམར་པོ་བརྩེགས་མ། མུ་ཁྱུད་དང་པོར་འདབ་བཞིར་ཟླ་གདན་དང་། གཉིས་པར་ཉི་གདན་ལ་ཐིག་ལེ་ཕྱོགས་མདོག་རེ་བྲིའོ། །ངག་འདོན་གཞན་འདྲ་བ་ལ། མཉམ་སྦྱོར་བྱིན་ཟ་འབར་བའི་ཀློངཿ ཞེས་པའི་མཚམས། རིག་འཛིན་འདུས་པར། ཕོ་བྲང་གཞལ་མེད་ཉམས་དགའ་བཿ གྲུ་བཞི་སྒོ་བཞི་མཚན་ཉིད་ལྡནཿ བརྡ་དོན་རྟགས་གསུམ་ཡོངས་རྫོགས་པའིཿ ཕྱི་ནང་ཟང་ཐལ་ཆེན་པོའི་དབུསཿ སྣ་ཚོགས་པདྨ་ཉི་ཟླའི་སྟེངཿ ཧཱུྃ་ལས་སྐད་ཅིག་དྲན་རྫོགས་སུཿ དུས་གསུམ་སངས་རྒྱས་ཀུན་གྱི་དངོསཿ སྣང་སྲིད་ཟིལ་གནོན་པདྨ་བྱུངཿ སོགས་ནས། དཀྱིལ་འཁོར་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོདཿ བར་ལས་བྱང་ལྟར་བྱ། དགང་བླུག་བཟུང་ལ། ཧཱུྃཿ དགང་བླུག་དཀྱིལ་འཁོར་མ་ལུས་པའིཿ ཞལ་གྱི་ངོ་བོ་རྣམ་དག་ཅིངཿ རྡོ་རྗེའི་ལྗགས་སྟེང་ཧཱུྃ་ཡིག་གིསཿ བསྲེག་རྫས་བདུད་རྩིའི་རྒྱུན་དྲངས་ནསཿ ཟག་མེད་བདེ་བས་རབ་ཏུ་མཉེས། །ལས་མཐུན་འོད་ཟེར་འཕྲོས་པ་ཡིསཿ མཆོག་ཐུན་དངོས་གྲུབ་ཐོབ་པར་གྱུརཿ ཅེས་བརྗོད་ཅིང་བསམ་ལ། ཨོཾ་ཨཱཿཧཱུྃ་བཛྲ་ནས་སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་སྭཱ་ཧཱཿ ཞེས་བདུན་གྱིས་མར་ཁུ་ཕུལ། རྣལ་འབྱོར་པ་བདག་དང་ཡོན་གྱི་བདག་པོའི་ནད་གདོན་སྡིག་སྒྲིབ་འགལ་རྐྱེན་བར་གཅོད་གསང་སྔགས་ཀྱི་ཆོ་གའི་ལྷག་ཆད་དམ་ཚིག་ཉམས་ཆག་ཉེས་ལྟུང་མ་དང་མཁའ་འགྲོའི་བཀའ་ཆད་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱཿ ཞེས་འདོད་དོན་གསོལཿ དེ་ནས་ཡམ་ཤིང་འབུལ། དེ་རྗེས་རྫས་གཞན་རྣམས་ཀྱང་གཅིག་ཏུ་སྦམས་ཏེ་འབུལ་ཚུལ་འདྲ། རྒྱས་པ་སོགས་ཀྱི་ཁ་སྒྱུར་ཀྱང་གཞུང་ལྟར། ཚོགས་མཆོད་དང་དངོས་གྲུབ་བླང་བ་སོགས་དམིགས་བསལ་རྣམས་རིག་འཛིན་གྱི་ལས་བྱང་ལྟར་བྱ་བ་མ་གཏོགས་གཞན་འདྲའོ།། ༈ ཐུགས་རྗེ་ཆེན་པོ་ལ། མཉམ་སྦྱོར་བྱིན་ཟ་འབར་བའི་ཀློངཿ ཞེས་པའི་མཚམས། རང་སྣང་ལྷུན་གྲུབ་རི་བོ་པོ་ཏཱ་ལཿ བརྡ་རྟགས་མཚན་ཉིད་རྫོགས་པའི་དཀྱིལ་འཁོར་དབུསཿ སྣ་ཚོགས་པདྨ་སྟོང་ལྡན་ཉི་ཟླའི་སྟེངཿ ཧྲཱིཿཡིག་ཡོངས་གྱུར་འཕགས་མཆོག་སྙིང་རྗེའི་ལྷཿ སོགས་ནས། དཀྱིལ་འཁོར་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོདཿ བར་ལས་བྱང་ལྟར་དང་། དགང་བླུག་བཟུང་ལ། ཧཱུྃཿ དགང་བླུག་དཀྱིལ་འཁོར་མ་ལུས་པའིཿ སོགས་གོང་ལྟར། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་སྭཱ་ཧཱཿ སོགས་སྦྱར་བ་དང་ཚོགས་མཆོད་སོགས་རང་གཞུང་ཆོག་བསྒྲིགས་ལྟར་བྱ་བ་མ་གཏོགས་གཞན་འདྲའོ། །མཁྱེན་བརྩེ་གཉིས་པས་སོ།། །།འཛིན་གྲོལ་སྐབས་ཀྱི་དམིགས་བསལ་བསྒྱུར་སོ་རྣམས་ཡི་གེ་འབྲིང་པོར་ཙམ་བཅོས་ཡོད་པའང་མཁྱེན་འཚལ།།