DKYD-KABUM-08-NYA-002: Difference between revisions

From Khyentse Lineage - A Tsadra Foundation Project
(Imported new text files with Wyckibaat for processing)
 
No edit summary
 
(2 intermediate revisions by 2 users not shown)
Line 1: Line 1:
༄༅། །ཐུགས་དམ་སྒོམ་ཕྱོགས་སྐོར། ཇི་སྐད་གསུངས་པ་བཞིན། རིག་པ་བཅོས་མེད་ལས་ལྷག་པ་མེད། ཤེས་པ་ལས་རླུང་གིས་བསྐྱོད་པ་ལས་རྣམ་རྟོག་ཤར་བ་ཡིན་ཚེ། ཤར་ཕྲལ་ཉིད་དུ་ངོས་གཟུང་མེད་པར་ཡལ་ན་དེ་ཀ་རང་གིས་ཆོག་པ་ཡིན། ལར་གནས་པ་ལ་དགའ་བ་དང་མ་གནས་པ་ལ་སྡུག་པ་བྱས་ན་ནོར་མི་བཏུབ། རིག་པ་རང་བབ་ཏུ་བཞག་པའི་ཐོག་ནས་གནས་འགྱུ་ཐམས་ཅད་འོག་འབྱམས་ལུང་མ་བསྟན་དུ་མ་སོང་བར་ཁོ་རང་གིས་ཁོ་རང་ངོ་ཤེས་པ་ལྟ་བུ་ཞིག་འདུག་ན་དེས་ཆོག་འདི་གནས་འགྱུ་ལ་དྲན་པ་གཞུང་པོས་བརྟག་དཔྱད་བྱེད་པ་དང་མ་ནོར་བ་ཞིག་དགོས། ཞེས་ལྗགས་རྩེ་མ་ཎི་བྷ་དྲ་ལའོ། ། ༈ ཨ་ད་ལྟའི་ཤེས་པ་བཟོ་མེད་འདི། །ངེས་པ་དོན་གྱི་ཀུན་ཏུ་བཟང༌། །སྒོམ་དུ་མེད་ལ་ཡེངས་སུ་ཕངས། །རང་སོར་ཞོག་ཅིག་སྙིང་གི་བུ། །ཉམས་དང་རིག་པ་ཤན་ཕྱེད་པའི། །དྭངས་གསལ་དྲན་པ་བརྗོད་མེད་འདི། །ཀ་དག་དོན་གྱི་གནས་ལུགས་ཡིན། །ཞེ་འདོད་སྤོངས་ཤིག་སྙིང་གི་བུ། །གཏམ་དང་སྙན་གྲགས་མཐུ་རྩལ་སོགས། །བྱང་ཆུབ་སྒྲུབ་པའི་བདུད་གཅོད་ཡིན། །རི་སུལ་མི་མེད་ལུང་སྟོངས་སུ། །འཇའ་ལུས་སྒྲུབས་ཤིག་སྙིང་གི་བུ། །སྙིང་གཏམ་ཚིག་གསུམ་པ་ཞེས་བྱ་བ་འདི་ཡང་རྡོ་བོད་མཚམས་མོག་པ་ལྷ་རྩེའི་ནགས་ཁྲོད་དུ་རྫོགས་ཆེན་པ་པདྨ་དབང་ཆེན་ཡེ་ཤེས་རོལ་བའི་རྡོ་རྗེས་སྨྲས་པའོ།། །།
{{Text
|classification=Tibetan Publications
|subclass=Tibetan Texts
|sectionheading=No
|fulltitletib=ཐུགས་དམ་སྒོམ་ཕྱོགས་སྐོར།
|fulltitle=thugs dam sgom phyogs skor
|fulltitlealttib=སྙིང་གཏམ་ཚིག་གསུམ་པ།
|fulltitlealt=snying gtam tshig gsum pa
|collectiontitletib=མདོ་མཁྱེན་བརྩེ་བཀའ་འབུམ།
|collectiontitle=mdo mkhyen brtse bka' 'bum
|author=Mdo mkhyen brtse
|authortib=མདོ་མཁྱེན་བརྩེ་
|tibgenre=Advice - zhal gdams, Spiritual Instructions - gdams ngag
|terma=No
|language=Tibetan
|volumenumber=08
|volnumtib=༨
|volyigtib=ཉ
|totalvolumes=8
|textnuminvol=002
|multivolumework=No
|colophontib=།སྙིང་གཏམ་ཚིག་གསུམ་པ་ཞེས་བྱ་བ་འདི་ཡང་རྡོ་བོད་མཚམས་མོག་པ་ལྷ་རྩེའི་ནགས་ཁྲོད་དུ་རྫོགས་ཆེན་པ་པདྨ་དབང་ཆེན་ཡེ་ཤེས་རོལ་བའི་རྡོ་རྗེས་སྨྲས་པའོ།། །།
|colophonwylie=/snying gtam tshig gsum pa zhes bya ba 'di yang rdo bod mtshams mog pa lha rtse'i nags khrod du rdzogs chen pa pad+ma dbang chen ye shes rol ba'i rdo rjes smras pa'o//_//
|pdflink=File:DKYD-KABUM-08-NYA-002.pdf
|volumeLetter=NYA
|InitCategories=Khyentse Lineage Project; DKYD-KABUM-Volume-08-NYA
}}
<h1>Tibetan Text</h1>
<onlyinclude>
{{TibP|༄༅། །ཐུགས་དམ་སྒོམ་ཕྱོགས་སྐོར། ཇི་སྐད་གསུངས་པ་བཞིན། རིག་པ་བཅོས་མེད་ལས་ལྷག་པ་མེད། ཤེས་པ་ལས་རླུང་གིས་བསྐྱོད་པ་ལས་རྣམ་རྟོག་ཤར་བ་ཡིན་ཚེ། ཤར་ཕྲལ་ཉིད་དུ་ངོས་གཟུང་མེད་པར་ཡལ་ན་དེ་ཀ་རང་གིས་ཆོག་པ་ཡིན། ལར་གནས་པ་ལ་དགའ་བ་དང་མ་གནས་པ་ལ་སྡུག་པ་བྱས་ན་ནོར་མི་བཏུབ། རིག་པ་རང་བབ་ཏུ་བཞག་པའི་ཐོག་ནས་གནས་འགྱུ་ཐམས་ཅད་འོག་འབྱམས་ལུང་མ་བསྟན་དུ་མ་སོང་བར་ཁོ་རང་གིས་ཁོ་རང་ངོ་ཤེས་པ་ལྟ་བུ་ཞིག་འདུག་ན་དེས་ཆོག་འདི་གནས་འགྱུ་ལ་དྲན་པ་གཞུང་པོས་བརྟག་དཔྱད་བྱེད་པ་དང་མ་ནོར་བ་ཞིག་དགོས། ཞེས་ལྗགས་རྩེ་མ་ཎི་བྷ་དྲ་ལའོ། ། ༈ ཨ་ད་ལྟའི་ཤེས་པ་བཟོ་མེད་འདི། །ངེས་པ་དོན་གྱི་ཀུན་ཏུ་བཟང༌། །སྒོམ་དུ་མེད་ལ་ཡེངས་སུ་ཕངས། །རང་སོར་ཞོག་ཅིག་སྙིང་གི་བུ། །ཉམས་དང་རིག་པ་ཤན་ཕྱེད་པའི། །དྭངས་གསལ་དྲན་པ་བརྗོད་མེད་འདི། །ཀ་དག་དོན་གྱི་གནས་ལུགས་ཡིན། །ཞེ་འདོད་སྤོངས་ཤིག་སྙིང་གི་བུ། །གཏམ་དང་སྙན་གྲགས་མཐུ་རྩལ་སོགས། །བྱང་ཆུབ་སྒྲུབ་པའི་བདུད་གཅོད་ཡིན། །རི་སུལ་མི་མེད་ལུང་སྟོངས་སུ། །འཇའ་ལུས་སྒྲུབས་ཤིག་སྙིང་གི་བུ། །སྙིང་གཏམ་ཚིག་གསུམ་པ་ཞེས་བྱ་བ་འདི་ཡང་རྡོ་བོད་མཚམས་མོག་པ་ལྷ་རྩེའི་ནགས་ཁྲོད་དུ་རྫོགས་ཆེན་པ་པདྨ་དབང་ཆེན་ཡེ་ཤེས་རོལ་བའི་རྡོ་རྗེས་སྨྲས་པའོ།། །།

[[Category:Wyckibaat]]
}}
</onlyinclude>
{{TsagliCall}}
<headertabs/>

Latest revision as of 11:10, 20 June 2024

Wylie title thugs dam sgom phyogs skor
Location mdo mkhyen brtse bka' 'bum
Volume 8, Text 2, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Citation
Genre Advice - zhal gdams  ·  Spiritual Instructions - gdams ngag
Colophon

།སྙིང་གཏམ་ཚིག་གསུམ་པ་ཞེས་བྱ་བ་འདི་ཡང་རྡོ་བོད་མཚམས་མོག་པ་ལྷ་རྩེའི་ནགས་ཁྲོད་དུ་རྫོགས་ཆེན་པ་པདྨ་དབང་ཆེན་ཡེ་ཤེས་རོལ་བའི་རྡོ་རྗེས་སྨྲས་པའོ།། །།

/snying gtam tshig gsum pa zhes bya ba 'di yang rdo bod mtshams mog pa lha rtse'i nags khrod du rdzogs chen pa pad+ma dbang chen ye shes rol ba'i rdo rjes smras pa'o//_//

[edit]