DKYD-KABUM-03-GA-052: Difference between revisions
(Imported new text files with Wyckibaat for processing) |
No edit summary |
||
(5 intermediate revisions by 2 users not shown) | |||
Line 1: | Line 1: | ||
ཡང་གསང་ཌཱཀིའི་ཐུགས་ཐིག་ལས༔ པདྨ་དྲག་པོ་འཇིགས་བྱེད་མེ་འབར་ཀྱི་སྒྲུབ་པ་རྒྱལ་བསེན་གདུག་པ་ཀུན་འདུལ་བཞུགས༔ ྅྅྅ ན་མོ་མ་ཧཱ་གུ་རུ་སརྦ་སིདྡྷི་ཡེ༔ འཇིགས་རུང་དྲག་ཤུལ་གར་དགུས་ཉམས༔ བཟོད་དཀའ་བསྐལ་མེའི་འཐོར་རླུང་གིས༔ ས་གསུམ་འབྱུང་པོ་བསྲེག་མཛད་པ༔ མཐུ་སྟོབས་དྲག་པོ་རྩལ་ལ་འདུད༔ སྙིང་དུས་རྒྱལ་བསེན་འགོང་པོ་ཡི༔ གློ་བུར་ཧུར་ཐུམ་སྨྱོ་འབོག་དང༔ མི་ནད་ཕྱུགས་ཡམས་དུས་འཁྲུགས་སློང༔ སྐྱེ་འགྲོའི་ལུས་སེམས་སྡུག་ལ་སྦྱོར༔ ཁྱི་སྤྱང་བན་བོན་སྤྲང་པོ་དང་ཿ བླ་དཔོན་རྒྱལ་བློན་སྔགས་པ་སོགས༔ ལྷ་འདྲེ་མི་གསུམ་གཟུགས་སུ་བརྫུ༔ བསྟན་དང་འགྲོ་བའི་བདེ་སྐྱིད་འཇོམས༔ ཡུལ་ཁམས་འཚུབས་མའི་རྩུབ་སྦྱོར་དུས༔ དཔའ་བོ་གཅིག་ཆོག་སྒྲུབ་པ་འདི༔ རྒྱལ་བསེན་འབྱུང་པོའི་གཤེད་དུ་དཔའ༔ ཟབ་པའི་མན་ངག་མཐར་ཐུག་ཡིན༔ བླ་མེད་དོན་གྱི་སྒྲུབ་པ་མཆོག༔ ཡང་གསང་པདྨའི་ཐུགས་ཐིག་གཏེར༔ ཟབ་མོའི་ནང་ནས་ཡང་ཟབ་ཆོས༔ སྙིང་གི་དྭངས་མ་ལྟ་བུའོ༔ བློ་དམན་ཕལ་བའི་སྤྱོད་ཡུལ་མིན༔ བློ་སེམས་ལས་སུ་མ་རུང་པ༔ སྣོད་མིན་རྣམས་ལ་གསང་བའི་རྒྱ༔ ལས་སྐལ་ལྡན་པའི་རྣལ་འབྱོར་ལ༔ གསང་ཆེན་སྔགས་ཀྱི་མཚོན་ཆར་གཏད༔ རྣོ་ནུས་བྱིན་རླབས་གློག་ལྟར་མྱུར༔ དེ་ཕྱིར་སྙིང་སྒྲོམ་སྨུག་པོར་སྦོས༔ སྤྲོས་མེད་ལྟ་བ་བརྒྱད་ཀྱི་ལྷ༔ ཉམས་ལེན་ཟབ་མོ་རྒྱུན་སྤྱོད་བྱ༔ ས་མ་ཡཱ༔ སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་པ་ནི༔ ཧཱུྃ་ཧཱུྃ༔ རང་བྱུང་ཆོས་དབྱིངས་དོན་གྱི་ལྷ༔ སྐུ་གསུམ་རིག་པར་སྐྱབས་སུ་མཆིཿ བདག་རྟོག་འཁྲུལ་བའི་དགྲ་བགེགས་རྣམསཿ རིག་རྩལ་ཀློང་དུ་སྒྲོལ་བར་བྱ༔ རིག་པ་ལྷ་སྐུར་བསྐྱེད་པ་ནི༔ ཧཱུྃ་ཧཱུྃ༔ སྣང་སྲིད་ཡེ་ནས་མཉམ་པར་བརྡལ༔ དོན་དམ་ཆོས་སྐུའི་རོལ་པ་ལས༔ རང་ལུས་རང་བྱུང་གཞལ་ཡས་ཁང༔ དྲག་པོའི་དཀྱིལ་འཁོར་ལྷུན་གྱིས་གྲུབ༔ དེ་དབུས་རིག་པའི་རང་རྩལ་ལས༔ པད་ཉི་རྒྱལ་བསེན་རོ་ཡི་ཁར༔ རྩལ་ལྡན་རྒྱ་སྟག་དྲུས་མའི་སྟེང༔ རིག་པའི་ངོ་བོ་ཧཱུྃ༔དམར་ནག༔ འཕྲོ་འདུས་ཡོངས་གྱུར་བདག་ཉིད་ནི༔ པདྨ་དྲག་པོ་ཁྲོས་པའི་སྐུ༔ དམར་ནག་ཞལ་གཅིག་ཕྱག་གཉིས་པ༔ ཁྲོ་གཏུམ་བཟོད་དཀའི་གཟི་བྱིན་འབར༔ ཞལ་གདེངས་ལྗགས་འདྲིལ་མཆེ་གཙིག་རྔམཿ དམར་སེར་རལ་བ་མེ་ལྟར་འབརཿ ཕྱག་གཡས་གནམ་ལྕགས་ངར་མ་ལས༔ གྲུབ་པའི་རྡོ་རྗེ་རྭ་དགུ་པ༔ མཁའ་ལ་ཕྱར་ཞིང་མེ་དཔུང་འབར༔ རྒྱལ་བསེན་འབྱུང་པོའི་ཀླད་པ་འགེམས༔ གཡོན་པས་ལྕགས་སྡིག་མགོ་དགུ་བའི༔ སྐེ་ནས་བསྡམ་ཞིང་ཁོངས་ཁྲག་སྐྱུགས༔ སྐུ་སྟོད་ཞིང་གླང་ལྤགས་པ་གསོལ༔ རིགས་ལྔའི་དབུ་རྒྱན་ཐོད་སྐམ་ལྔ༔ སྐུ་སྨད་སྟག་ཤམས་མགོ་ཕྲེང་སྦྲུལ༔ ཞབས་གཉིས་བརྐྱང་བསྐུམ་རོལ་བའི་སྟབས༔ སྐུ་ཡི་བ་སྤུའི་བུ་ག་ནས༔ ཁྲོ་ཆུང་ལྕགས་སྡིག་ཐོག་སེར་དང༔ མེ་དུད་མཚོན་ཆ་སྐར་ལྟར་འཁྲུགས༔ སྲིད་གསུམ་གནས་པའི་རྒྱལ་འགོང་དང༔ བར་ཆད་འབྱུང་པོ་བསྔངས་ཞིང་བརྒྱལ༔ དྲེགས་བྱེད་སྡེ་བརྒྱད་བྲན་དུ་བཀོལ༔ དཔའ་བོ་མཁའ་འགྲོ་ལས་ལ་འགྱེད༔ ཞི་དང་ཁྲོ་བོ་སྐུ་ལ་རྫོགས༔ འཁོར་འདས་ཡོངས་ཀྱི་སྤྱི་དཔལ་ཆེ༔ རྒྱལ་ཀུན་འདུས་པའི་ཕྲིན་ལས་བདག༔ དྲག་ཏུ་ཁྲོས་པ་གདུག་པའི་གཤེད༔ ཆོས་དབྱིངས་སྙིང་རྗེའི་རང་གདངས་ལས༔ འགགས་མེད་དྲེགས་པོའི་སྐུར་སྣང་པ༔ པདྨ་དྲག་པོ་ཐོད་ཕྲེང་རྩལ༔ ཀ་དག་ཆོས་སྐུའི་ཀློང་ནས་གཤེགས༔ དབྱིངས་རིག་འདུ་འབྲལ་མེད་པར་བཞུགས༔ མ་བཅོས་ལྟ་བ་མཇལ་ཕྱག་འཚལ༔ ཤར་གྲོལ་མཉམ་བརྡལ་མཆོད་པ་འབུལ༔ ཆེ་བའི་ཆེ་མཆོག་དྲེགས་པའི་རྗེ༔ མ་རུང་གདུག་པའི་རྒྱལ་འགོང་གཤེད༔ དྲག་ཏུ་ཁྲོས་པའི་རྣམ་འགྱུར་ཅན༔ ཁྲོ་རྒྱལ་ཀུན་འདུས་ཕྱག་འཚལ་བསྟོད༔ ཐུགས་ཀར་ཉི་མའི་དཀྱིལ་འཁོར་དབུས༔ གསེར་གྱི་རྡོ་རྗེ་རྩེ་ལྔའི་དཀྱིལ༔ ཧཱུྃ་དམར་མེ་ཡི་ཚྭ་ཚྭ་འཁྲུགས༔ ཧཱུྃ་ལས་ཧཱུྃ་འཕྲོས་འཇིག་རྟེན་གང༔ སྲིད་གསུམ་གནས་པའི་དགྲ་བགེག་བརླག༔ སྣང་སྲིད་ཧཱུྃ་གི་རོལ་པ་ལས༔ སྒོ་གསུམ་ལྷ་སྔགས་ཆོས་སྐུར་གསལ༔ གཏད་མེད་རིག་པ་རྒྱ་ཡན་ཀློང༔ ཧཱུྃ༔ཧཱུྃ༔ ཞེས་བཟླ༔ དྲག་ཏུ་བཟླ་ཞིང་གནད་ལ་སྐྱོལ༔ སྣང་སྲིད་དབང་དུ་འདུ་བར་འགྱུར༔ ས་མ་ཡཱ༔ སླར་ཡང་ཐུགས་སྲོག་ཧཱུྃ་གི་མཐར༔ སྔགས་ཕྲེང་འཁོར་བས་དོན་གཉིས་བྱས༔ སྣང་བ་ལྷ་ལ་གྲགས་པ་སྔགས༔ དྲན་རྟོག་ཆོས་སྐུའི་རོལ་པར་དམིགས༔ ཧཱུྃ་ཧཱུྃ༔ མ་ཧཱ་གུ་རུ་ཨརྩིག་ནིརྩིག་བྷིག་ནན་རཱ་ཛ་མ་རཱ་ཡ་ཕཊ༔ སྣང་གྲགས་རིག་གསུམ་ལྷ་སྔགས་དངཿ ཆོས་སྐུའི་རོལ་པར་བཟླས་པ་གནད༔ གྲངས་ནི་དམིགས་པའི་རྟག་དང་བསྟུན༔ འདི་ནི་ཡང་ཟབ་དོན་གྱིས་ཆོས༔ མྱུར་ལམ་བྱིན་རླབས་གཞན་ལས་འཕགས༔ པདྨའི་ཐུགས་བཅུད་ཡང་སྙིང་གི༔ བཅུད་དྲིལ་གཅིག་ཆོག་སྒྲུབ་པ་མཆོག༔ གསང་བའི་ངང་ནས་ཉམས་བླང་ན༔ མཆོག་དང་ཐུན་མོང་དངོས་གྲུབ་ཐོབ༔ དྲེགས་བྱེད་སྡེ་བརྒྱད་བྲན་དུ་ཁོལ༔ ལྷ་འདྲེ་མི་གསུམ་དབང་དུ་འདུ༔ རྒྱལ་འགོང་དམ་སྲི་རྨིངས་མེད་བརླག༔ བར་ཆད་བདུད་ཀྱི་གཡུལ་ལས་རྒྱལ༔ དཔའ་འོ་མཁའ་འགྲོ་དམ་ཅན་འདུ༔ ཆོས་སྐྱོང་སྲུངས་མས་བུ་བཞིན་སྐྱོང༔ ཐུན་མོང་གྲུབ་པ་ཡ་བརྒྱད་ཐོབ༔ སྒྲུབ་པའི་རྟགས་དང་མཚན་མ་མཐོང༔ མཆོག་གི་ས་ལ་རེག་པར་འགྱུར༔ ས་མ་ཡཱ༔ གུ་ཧྱ༔ ཧཱུྃ་ཧཱུྃ༔ རིག་རྩལ་ཀློང་ལས་ཤར་བའི་ལྷ༔ སྐྱེ་མེད་གདོད་མའི་དབྱིངས་སུ་ཨཱ༔ རྗེས་ཐོབ་རིག་པ་མཉམ་པར་བཞག༔ དགེ་དང་མེ་དགེ་འཁྲུལ་གྲོལ་ཆོས༔ རེ་དོགས་འཛིན་པ་མེད་པར་བསྔོ༔ རིག་པ་སྐུ་གསུམ་ལྷུན་གྱིས་གྲུབ༔ རྫོགས་པ་ཆེན་པོའི་བཀྲ་ཤིས་ཤོག༔ ཌཱཀྐི་རྒྱ་མཚོའི་བརྡ་རིས་ལས༔ ཤར་བཞིན་ཐོགས་མེད་ཡི་གེར་ཕབ༔ སྲོག་གཅོད་བདུད་དང་མི་སྲུན་བཙན༔ གདུག་པ་ཀླུ་བདུད་ནག་པོ་ལ༔ གཉེར་དུ་གཏད་དོ་བཀའ་དམ་རྒྱ༔ ས་མ་ཡཱ༔ ཁྲག་འཐུང་ལས་ཀྱི་དཔའ་བོའི་བརྡའ་རིས་ལས་ཕབ་པའོཿ དགེའོཿ ཡི་གེ་འདི་བྱེད་དཔལ་གྱི་སེང་གེ་འོཿ | {{Text | ||
|classification=Tibetan Publications | |||
|subclass=Tibetan Texts | |||
|sectionheading=No | |||
|fulltitletib=ཡང་གསང་ཌཱཀིའི་ཐུགས་ཐིག་ལས༔ པདྨ་དྲག་པོ་འཇིགས་བྱེད་མེ་འབར་ཀྱི་སྒྲུབ་པ་རྒྱལ་བསེན་གདུག་པ་ཀུན་འདུལཿ | |||
|fulltitle=yang gsang DAki'i thugs thig las pad+ma drag po 'jigs byed me 'bar kyi sgrub pa rgyal bsen gdug pa kun 'dul | |||
|collectiontitletib=མདོ་མཁྱེན་བརྩེ་བཀའ་འབུམ། | |||
|collectiontitle=mdo mkhyen brtse bka' 'bum | |||
|author=Mdo mkhyen brtse | |||
|authortib=མདོ་མཁྱེན་བརྩེ་ | |||
|sourcerevealer=Mdo mkhyen brtse | |||
|sourcerevealertib=མདོ་མཁྱེན་བརྩེ་ | |||
|tibgenre=Sadhanas - Evocation Ritual - sgrub thabs | |||
|terma=Yes | |||
|deity=pad+ma drag po | |||
|cycle=yang gsang mkha' 'gro'i thugs thig | |||
|cycletib=ཡང་གསང་མཁའ་འགྲོའི་ཐུགས་ཐིག་ | |||
|language=Tibetan | |||
|volumenumber=03 | |||
|volnumtib=༣ | |||
|volyigtib=ག | |||
|totalvolumes=8 | |||
|textnuminvol=052 | |||
|multivolumework=No | |||
|colophontib=ཁྲག་འཐུང་ལས་ཀྱི་དཔའ་བོའི་བརྡའ་རིས་ལས་ཕབ་པའོཿ དགེའོཿ ཡི་གེ་འདི་བྱེད་དཔལ་གྱི་སེང་གེ་འོཿ | |||
|colophonwylie=khrag 'thung las kyi dpa' bo'i brda' ris las phab pa'o:_dge'o:_yi ge 'di byed dpal gyi seng ge 'o: | |||
|pdflink=File:DKYD-KABUM-03-GA-052.pdf | |||
|volumeLetter=GA | |||
|InitCategories=Khyentse Lineage Project; DKYD-KABUM-Volume-03-GA | |||
}} | |||
<h1>Tibetan Text</h1> | |||
<onlyinclude> | |||
{{TibP|ཡང་གསང་ཌཱཀིའི་ཐུགས་ཐིག་ལས༔ པདྨ་དྲག་པོ་འཇིགས་བྱེད་མེ་འབར་ཀྱི་སྒྲུབ་པ་རྒྱལ་བསེན་གདུག་པ་ཀུན་འདུལ་བཞུགས༔ ྅྅྅ ན་མོ་མ་ཧཱ་གུ་རུ་སརྦ་སིདྡྷི་ཡེ༔ འཇིགས་རུང་དྲག་ཤུལ་གར་དགུས་ཉམས༔ བཟོད་དཀའ་བསྐལ་མེའི་འཐོར་རླུང་གིས༔ ས་གསུམ་འབྱུང་པོ་བསྲེག་མཛད་པ༔ མཐུ་སྟོབས་དྲག་པོ་རྩལ་ལ་འདུད༔ སྙིང་དུས་རྒྱལ་བསེན་འགོང་པོ་ཡི༔ གློ་བུར་ཧུར་ཐུམ་སྨྱོ་འབོག་དང༔ མི་ནད་ཕྱུགས་ཡམས་དུས་འཁྲུགས་སློང༔ སྐྱེ་འགྲོའི་ལུས་སེམས་སྡུག་ལ་སྦྱོར༔ ཁྱི་སྤྱང་བན་བོན་སྤྲང་པོ་དང་ཿ བླ་དཔོན་རྒྱལ་བློན་སྔགས་པ་སོགས༔ ལྷ་འདྲེ་མི་གསུམ་གཟུགས་སུ་བརྫུ༔ བསྟན་དང་འགྲོ་བའི་བདེ་སྐྱིད་འཇོམས༔ ཡུལ་ཁམས་འཚུབས་མའི་རྩུབ་སྦྱོར་དུས༔ དཔའ་བོ་གཅིག་ཆོག་སྒྲུབ་པ་འདི༔ རྒྱལ་བསེན་འབྱུང་པོའི་གཤེད་དུ་དཔའ༔ ཟབ་པའི་མན་ངག་མཐར་ཐུག་ཡིན༔ བླ་མེད་དོན་གྱི་སྒྲུབ་པ་མཆོག༔ ཡང་གསང་པདྨའི་ཐུགས་ཐིག་གཏེར༔ ཟབ་མོའི་ནང་ནས་ཡང་ཟབ་ཆོས༔ སྙིང་གི་དྭངས་མ་ལྟ་བུའོ༔ བློ་དམན་ཕལ་བའི་སྤྱོད་ཡུལ་མིན༔ བློ་སེམས་ལས་སུ་མ་རུང་པ༔ སྣོད་མིན་རྣམས་ལ་གསང་བའི་རྒྱ༔ ལས་སྐལ་ལྡན་པའི་རྣལ་འབྱོར་ལ༔ གསང་ཆེན་སྔགས་ཀྱི་མཚོན་ཆར་གཏད༔ རྣོ་ནུས་བྱིན་རླབས་གློག་ལྟར་མྱུར༔ དེ་ཕྱིར་སྙིང་སྒྲོམ་སྨུག་པོར་སྦོས༔ སྤྲོས་མེད་ལྟ་བ་བརྒྱད་ཀྱི་ལྷ༔ ཉམས་ལེན་ཟབ་མོ་རྒྱུན་སྤྱོད་བྱ༔ ས་མ་ཡཱ༔ སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་པ་ནི༔ ཧཱུྃ་ཧཱུྃ༔ རང་བྱུང་ཆོས་དབྱིངས་དོན་གྱི་ལྷ༔ སྐུ་གསུམ་རིག་པར་སྐྱབས་སུ་མཆིཿ བདག་རྟོག་འཁྲུལ་བའི་དགྲ་བགེགས་རྣམསཿ རིག་རྩལ་ཀློང་དུ་སྒྲོལ་བར་བྱ༔ རིག་པ་ལྷ་སྐུར་བསྐྱེད་པ་ནི༔ ཧཱུྃ་ཧཱུྃ༔ སྣང་སྲིད་ཡེ་ནས་མཉམ་པར་བརྡལ༔ དོན་དམ་ཆོས་སྐུའི་རོལ་པ་ལས༔ རང་ལུས་རང་བྱུང་གཞལ་ཡས་ཁང༔ དྲག་པོའི་དཀྱིལ་འཁོར་ལྷུན་གྱིས་གྲུབ༔ དེ་དབུས་རིག་པའི་རང་རྩལ་ལས༔ པད་ཉི་རྒྱལ་བསེན་རོ་ཡི་ཁར༔ རྩལ་ལྡན་རྒྱ་སྟག་དྲུས་མའི་སྟེང༔ རིག་པའི་ངོ་བོ་ཧཱུྃ༔དམར་ནག༔ འཕྲོ་འདུས་ཡོངས་གྱུར་བདག་ཉིད་ནི༔ པདྨ་དྲག་པོ་ཁྲོས་པའི་སྐུ༔ དམར་ནག་ཞལ་གཅིག་ཕྱག་གཉིས་པ༔ ཁྲོ་གཏུམ་བཟོད་དཀའི་གཟི་བྱིན་འབར༔ ཞལ་གདེངས་ལྗགས་འདྲིལ་མཆེ་གཙིག་རྔམཿ དམར་སེར་རལ་བ་མེ་ལྟར་འབརཿ ཕྱག་གཡས་གནམ་ལྕགས་ངར་མ་ལས༔ གྲུབ་པའི་རྡོ་རྗེ་རྭ་དགུ་པ༔ མཁའ་ལ་ཕྱར་ཞིང་མེ་དཔུང་འབར༔ རྒྱལ་བསེན་འབྱུང་པོའི་ཀླད་པ་འགེམས༔ གཡོན་པས་ལྕགས་སྡིག་མགོ་དགུ་བའི༔ སྐེ་ནས་བསྡམ་ཞིང་ཁོངས་ཁྲག་སྐྱུགས༔ སྐུ་སྟོད་ཞིང་གླང་ལྤགས་པ་གསོལ༔ རིགས་ལྔའི་དབུ་རྒྱན་ཐོད་སྐམ་ལྔ༔ སྐུ་སྨད་སྟག་ཤམས་མགོ་ཕྲེང་སྦྲུལ༔ ཞབས་གཉིས་བརྐྱང་བསྐུམ་རོལ་བའི་སྟབས༔ སྐུ་ཡི་བ་སྤུའི་བུ་ག་ནས༔ ཁྲོ་ཆུང་ལྕགས་སྡིག་ཐོག་སེར་དང༔ མེ་དུད་མཚོན་ཆ་སྐར་ལྟར་འཁྲུགས༔ སྲིད་གསུམ་གནས་པའི་རྒྱལ་འགོང་དང༔ བར་ཆད་འབྱུང་པོ་བསྔངས་ཞིང་བརྒྱལ༔ དྲེགས་བྱེད་སྡེ་བརྒྱད་བྲན་དུ་བཀོལ༔ དཔའ་བོ་མཁའ་འགྲོ་ལས་ལ་འགྱེད༔ ཞི་དང་ཁྲོ་བོ་སྐུ་ལ་རྫོགས༔ འཁོར་འདས་ཡོངས་ཀྱི་སྤྱི་དཔལ་ཆེ༔ རྒྱལ་ཀུན་འདུས་པའི་ཕྲིན་ལས་བདག༔ དྲག་ཏུ་ཁྲོས་པ་གདུག་པའི་གཤེད༔ ཆོས་དབྱིངས་སྙིང་རྗེའི་རང་གདངས་ལས༔ འགགས་མེད་དྲེགས་པོའི་སྐུར་སྣང་པ༔ པདྨ་དྲག་པོ་ཐོད་ཕྲེང་རྩལ༔ ཀ་དག་ཆོས་སྐུའི་ཀློང་ནས་གཤེགས༔ དབྱིངས་རིག་འདུ་འབྲལ་མེད་པར་བཞུགས༔ མ་བཅོས་ལྟ་བ་མཇལ་ཕྱག་འཚལ༔ ཤར་གྲོལ་མཉམ་བརྡལ་མཆོད་པ་འབུལ༔ ཆེ་བའི་ཆེ་མཆོག་དྲེགས་པའི་རྗེ༔ མ་རུང་གདུག་པའི་རྒྱལ་འགོང་གཤེད༔ དྲག་ཏུ་ཁྲོས་པའི་རྣམ་འགྱུར་ཅན༔ ཁྲོ་རྒྱལ་ཀུན་འདུས་ཕྱག་འཚལ་བསྟོད༔ ཐུགས་ཀར་ཉི་མའི་དཀྱིལ་འཁོར་དབུས༔ གསེར་གྱི་རྡོ་རྗེ་རྩེ་ལྔའི་དཀྱིལ༔ ཧཱུྃ་དམར་མེ་ཡི་ཚྭ་ཚྭ་འཁྲུགས༔ ཧཱུྃ་ལས་ཧཱུྃ་འཕྲོས་འཇིག་རྟེན་གང༔ སྲིད་གསུམ་གནས་པའི་དགྲ་བགེག་བརླག༔ སྣང་སྲིད་ཧཱུྃ་གི་རོལ་པ་ལས༔ སྒོ་གསུམ་ལྷ་སྔགས་ཆོས་སྐུར་གསལ༔ གཏད་མེད་རིག་པ་རྒྱ་ཡན་ཀློང༔ ཧཱུྃ༔ཧཱུྃ༔ ཞེས་བཟླ༔ དྲག་ཏུ་བཟླ་ཞིང་གནད་ལ་སྐྱོལ༔ སྣང་སྲིད་དབང་དུ་འདུ་བར་འགྱུར༔ ས་མ་ཡཱ༔ སླར་ཡང་ཐུགས་སྲོག་ཧཱུྃ་གི་མཐར༔ སྔགས་ཕྲེང་འཁོར་བས་དོན་གཉིས་བྱས༔ སྣང་བ་ལྷ་ལ་གྲགས་པ་སྔགས༔ དྲན་རྟོག་ཆོས་སྐུའི་རོལ་པར་དམིགས༔ ཧཱུྃ་ཧཱུྃ༔ མ་ཧཱ་གུ་རུ་ཨརྩིག་ནིརྩིག་བྷིག་ནན་རཱ་ཛ་མ་རཱ་ཡ་ཕཊ༔ སྣང་གྲགས་རིག་གསུམ་ལྷ་སྔགས་དངཿ ཆོས་སྐུའི་རོལ་པར་བཟླས་པ་གནད༔ གྲངས་ནི་དམིགས་པའི་རྟག་དང་བསྟུན༔ འདི་ནི་ཡང་ཟབ་དོན་གྱིས་ཆོས༔ མྱུར་ལམ་བྱིན་རླབས་གཞན་ལས་འཕགས༔ པདྨའི་ཐུགས་བཅུད་ཡང་སྙིང་གི༔ བཅུད་དྲིལ་གཅིག་ཆོག་སྒྲུབ་པ་མཆོག༔ གསང་བའི་ངང་ནས་ཉམས་བླང་ན༔ མཆོག་དང་ཐུན་མོང་དངོས་གྲུབ་ཐོབ༔ དྲེགས་བྱེད་སྡེ་བརྒྱད་བྲན་དུ་ཁོལ༔ ལྷ་འདྲེ་མི་གསུམ་དབང་དུ་འདུ༔ རྒྱལ་འགོང་དམ་སྲི་རྨིངས་མེད་བརླག༔ བར་ཆད་བདུད་ཀྱི་གཡུལ་ལས་རྒྱལ༔ དཔའ་འོ་མཁའ་འགྲོ་དམ་ཅན་འདུ༔ ཆོས་སྐྱོང་སྲུངས་མས་བུ་བཞིན་སྐྱོང༔ ཐུན་མོང་གྲུབ་པ་ཡ་བརྒྱད་ཐོབ༔ སྒྲུབ་པའི་རྟགས་དང་མཚན་མ་མཐོང༔ མཆོག་གི་ས་ལ་རེག་པར་འགྱུར༔ ས་མ་ཡཱ༔ གུ་ཧྱ༔ ཧཱུྃ་ཧཱུྃ༔ རིག་རྩལ་ཀློང་ལས་ཤར་བའི་ལྷ༔ སྐྱེ་མེད་གདོད་མའི་དབྱིངས་སུ་ཨཱ༔ རྗེས་ཐོབ་རིག་པ་མཉམ་པར་བཞག༔ དགེ་དང་མེ་དགེ་འཁྲུལ་གྲོལ་ཆོས༔ རེ་དོགས་འཛིན་པ་མེད་པར་བསྔོ༔ རིག་པ་སྐུ་གསུམ་ལྷུན་གྱིས་གྲུབ༔ རྫོགས་པ་ཆེན་པོའི་བཀྲ་ཤིས་ཤོག༔ ཌཱཀྐི་རྒྱ་མཚོའི་བརྡ་རིས་ལས༔ ཤར་བཞིན་ཐོགས་མེད་ཡི་གེར་ཕབ༔ སྲོག་གཅོད་བདུད་དང་མི་སྲུན་བཙན༔ གདུག་པ་ཀླུ་བདུད་ནག་པོ་ལ༔ གཉེར་དུ་གཏད་དོ་བཀའ་དམ་རྒྱ༔ ས་མ་ཡཱ༔ ཁྲག་འཐུང་ལས་ཀྱི་དཔའ་བོའི་བརྡའ་རིས་ལས་ཕབ་པའོཿ དགེའོཿ ཡི་གེ་འདི་བྱེད་དཔལ་གྱི་སེང་གེ་འོཿ | |||
}} | |||
</onlyinclude> | |||
{{TsagliCall}} | |||
<headertabs/> |
Latest revision as of 14:51, 21 June 2024
Wylie title | yang gsang DAki'i thugs thig las pad+ma drag po 'jigs byed me 'bar kyi sgrub pa rgyal bsen gdug pa kun 'dul | |
---|---|---|
Location | mdo mkhyen brtse bka' 'bum Volume 3, Text 52, Pages (Folios to ) | |
Author | མདོ་མཁྱེན་བརྩེ་ | |
Less details More details | ||
Tertön | མདོ་མཁྱེན་བརྩེ་ (Mdo mkhyen brtse) | |
Citation | ||
Genre | Sadhanas - Evocation Ritual - sgrub thabs | |
Cycle | ཡང་གསང་མཁའ་འགྲོའི་ཐུགས་ཐིག་ (yang gsang mkha' 'gro'i thugs thig) | |
Deity | pad+ma drag po | |
Colophon |
ཁྲག་འཐུང་ལས་ཀྱི་དཔའ་བོའི་བརྡའ་རིས་ལས་ཕབ་པའོཿ དགེའོཿ ཡི་གེ་འདི་བྱེད་དཔལ་གྱི་སེང་གེ་འོཿ | |
khrag 'thung las kyi dpa' bo'i brda' ris las phab pa'o:_dge'o:_yi ge 'di byed dpal gyi seng ge 'o: |